མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp

ལས་ཤོག་རྫུན་བཟོ་དང་འགྲེམས་སྤེལ་བྱས་པའི་རིགས་ལ་བོད་མི་རྣམས་ཀྱིས་ཡིད་གཟབ་ཀྱི་ཐོག་ནས་དྲ་རྒྱ་བེད་སྤྱོད་གཏོང་གལ་ཆེན་པོ་ཡིན་པའི་ལམ་སྟོན་གནང་། 

བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༡༨

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་གསུམ་པའི་སྟེང་བདེ་སྲུང་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་དང་འབྲེལ་ནས། ཉེ་ལམ་ནས་དབུས་བོད་མིའི་སྒྲིག་འཛུགས་དང་དགོན་སྡེ་ཁག་གི་ལས་ཤོག་རྫུན་བཟོ་བྱས་ཏེ། གསུམ་བཅུའི་དུས་དྲན་གཞུང་འབྲེལ་གྱི་ཐོག་ནས་སྲུང་གཙི་ཞུ་རྒྱུ་མིན་ལུགས་སོགས་ཀྱི་གནས་ཚུལ་རྫུན་མའི་རིགས་སྤྱི་ཚོགས་དྲ་ལམ་ཁག་ཏུ་སྤེལ་ནས། བཙན་བྱོལ་བོད་མིའི་སྤྱི་ཚོགས་དཀྲུག་ཐབས་དང་ནང་ཁུལ་རྙོག་གླེང་བསྐྲུན་ཐབས་སྤེལ་མུས་ཡིན་པའི་གནད་དོན་ཐད་སྤྱི་འཐུས་ཁག་ཅིག་གིས་དོགས་འདྲི་གནང་བར། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་གནང་བའི་ཁྲོད། བོད་མི་རྣམས་ཀྱིས་དྲ་ལམ་འཇབ་རྒོལ་གྱི་གཡོ་ཇུས་འོག་མ་ཚུད་པ་གནང་དགོས་པའི་ལམ་སྟོན་གནང་སོང་། 

སྐབས་དེར་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། སྤྱི་ཚོགས་དང་དུས་ཀྱི་འགྱུར་བར་གདོང་ལེན་བྱེད་སྟངས་ཀྱི་གནས་བབ་ལ་བལྟས་ཚེ། སྔར་དང་མི་འདྲ་བ་ཞིག་ཆགས་ཡོད་ཅིང་། བདེ་སྲུང་ལས་ཁུངས་ཀྱིས་འགན་འཁུར་ཆེན་པོའི་ཐོག་ནས་སྤྱི་ཚོགས་དྲ་རྒྱ་དང་འབྲེལ་བའི་ཐོག་དོ་སྣང་བྱས་དང་བྱེད་མུས་ཡིན་ལ། ལྷག་པར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་སྤྱིའི་རྩ་དོན་ལ་གནོད་གཞི་བྱེད་མཁན་རྣམས་དོ་སྣང་བྱས་ཡོད། དེ་བཞིན་ཡུ་ཊོབ་ (Youtube ) སྤྱི་ཚོགས་དྲ་ལམ་སོགས་ཀྱི་ཐོག་ནས་སྒེར་གྱི་སྐད་ཆ་ཤོད་མཁན་རིགས་གཅིག་ཀྱང་ཡོང་གི་འདུག དེ་ནི་དམངས་གཙོའི་འགྲོ་ལུགས་ཤིག་ཡིན་པས་དོ་སྣང་བྱེད་བཞིན་ཡོད་པ་མ་གཏོགས་གདོང་ལེན་བྱེད་ཀྱི་མེད། དེ་དག་གིས་སྲིད་སྐྱོང་ལ་ཅིག་བཤད་ནས་ནག་པོ་མཐོང་དགོས་པ་དང་། བཀའ་ཤག་ལ་བསྟོད་ར་བྱས་ཏེ་རང་ཉིད་ཀྱི་མི་ཡིན་མདོག་སོགས་རྩ་བ་ཉིད་ནས་བྱས་མེད། ང་ཚོས་ལྟ་སྟངས་དང་ངོས་འཛིན་བྱེད་སྟངས་དེ་འདྲ་ཞིག་གི་ཐོག་ནས་ལས་ཀ་བྱེད་བཞིན་ཡོད། ཅེས་གསུངས་སོང་།

 ཡང་བདེ་སྲུང་བཀའ་བློན་མཆོག་གིས། དེང་སང་དགའ་ལྡན་ཕོ་བྲང་དང་། བཀའ་ཤག དེ་བཞིན་དགོན་པ་ཁག་གི་ལས་ཤོག་རྫུན་མ་བཟོས་ཡོད། ད་ལྟའི་ཆར་དེའི་རིགས་ལ་ང་ཚོས་དྲ་རྒྱའི་བརྒྱུད་ལམ་བེད་སྤྱོད་གཏོང་བར་ཐུགས་སྣང་གནང་དགོས་པ་གཅིག་ནི། ང་ཚོར་ཁ་གཏད་གཅོག་མཁན་དང་། བོད་ཀྱི་ཆིག་སྒྲིལ་ལ་གནོད་གཞི་བྱེད་པ། བོད་ཀྱི་རྩ་དོན་བསྒྲུབ་མ་ཐུབ་པ་བྱེད་པ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་ལའང་གཞི་རྩ་མེད་པའི་ནག་ཉེས་གཡོག་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཕར་ཕྱོགས་ལ་ཡོད་པ་རེད། བོད་མི་དྲ་རྒྱ་བེད་སྤྱོད་གཏོང་མཁན་ཚང་མས་ཡིད་གཟབ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་འདུག ང་ཚོའི་ནང་ཁུལ་གྱི་སྐད་ཆ་རེད་བསམས་ནས་དྲ་རྒྱ་བེད་སྤྱོད་གཏོང་སྐབས་སུའི་བེད་སྤྱོད་དུ་འགྲོ་བཞིན་ཡོད་མེད་ཧ་ཅང་གཟབ་གཟབ་བྱས་ན་མ་གཏོགས།  དེང་སང་འཛམ་གླིང་གང་སར་བལྟས་ཀྱང་དམག་འཁྲུག་གསར་པ་ཞིག་ཆགས་ཡོད་པ་རེད། དྲ་རྒྱའི་བརྒྱུད་ལམ་བེད་སྤྱོད་བཏང་ནས་སྤྱི་ཚོགས་དཀྲུག་པ་དང་། རྒྱལ་ཁབ་སྟོབས་ལྡན་གྱི་འོས་བསྡུ་གྲུབ་འབྲས་ལའང་ཐེ་ཇུས་བྱེད་པ་སོགས་ཀྱི་དམག་འཁྲུག་ཅིག་འགྲོ་བཞིན་ཡོད་པ་རེད། ཅེས་གསུངས་སོང་།

བཀའ་བློན་མཆོག་གིས། ལས་ཤོག་རྫུན་མ་བཟོ་མཁན་མི་གཅིག་ཡིན་ཡང་འགྲེམ་མཁན་ང་ཚོའི་སྤྱི་ཚོགས་ཆགས་ཀྱི་འདུག དེའི་ཆེད་དུ་ཛ་དྲག་དཀའ་ངལ་གདོང་ལེན་ཚོགས་པ་ཞེས་པ་ཞིག་བཙུགས་ཡོད། དེ་ཡང་གནས་སྟངས་མི་འདྲ་བར་གདོང་ལེན་བྱེད་ཕྱོགས་དེ་ལྷན་ཁང་གཅིག་གི་ཆེད་དུ་བཙུགས་པ་མ་ཡིན་པར། སྒྲིག་འཛུགས་ཡོངས་ཀྱི་ཆེད་དུ་ཛ་དྲག་དང་དཀའ་ངལ་ལ་གདོང་ལེན་བཞིན་ཡོད། བདེ་སྲུང་ལས་ཁུངས་ཀྱི་ལས་འགན་གཙོ་བོ་དེ་གནས་ཚུལ་གང་བྱུང་ཡང་དུས་ཐོག་དོ་སྣང་བྱས་ཏེ་ཡར་ཕུལ་ཐུབ་པ་དགོས། གྲོས་ཚོགས་ནང་དེ་དག་མིང་འདོན་བྱེད་པར་སྤྱི་ཚོགས་ཡོངས་སུ་ཕན་ཐོགས་ཡོད་པ་མཐོང་གི་མི་འདུག ཡིན་ནའང་། དཔལ་ལྡན་བཀའ་ཤག་གཙོས་འབྲེལ་ཡོད་ཁག་ལ་གནས་ཚུལ་དང་པོ་ཐོན་སྐབས་མི་དེའི་ངོ་དེབ་སོགས་སྤྱི་ཚོགས་དྲ་ལམ་དུ་སྤེལ་བའི་གནས་ཚུལ་དུས་ཐོག་ཏུ་ཕུལ་ཡོད། དུས་ཀྱི་དགོས་མཁོ་དང་བསྟུན་ནས་བོད་མིའི་སྒྲིག་འཛུགས་ཀྱི་གློག་ཀླད་ཚན་པ་དང་མཉམ་དུ་ཤུགས་རྒྱག་བཞིན་ཡོད། ཅེས་གསུངས་སོང་། 

གསར་འགོད་པ། བྱམས་པ་ཚེ་རིང་། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༥ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༩ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༢༠ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese