མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

བོད་ཀྱི་དུས་བབ།
༢༠༢༦/༠༥/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཟླ་ ༥ ཚེས་ ༡༨ ཉིན་གྱི་སྔ་དྲོར་སྐབས་བཅུ་བདུན་པའི་བོད་མི་མང་ཡུ་རོབ་སྤྱི་འཐུས་བཀྲ་ཤིས་བདེ་ལེགས་ལགས་ནས་ལས་ཁུར་དམ་བཅའ་ཕུལ་ཡོད་པ་རེད།

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ། ཚོགས་དྲུང་ལས་ཁུངས་ཀྱི་པར།  ༢༠༢༦།༥།༡༨

ཡུ་རོབ་དང་ཨ་ཧྥེ་རི་ཁའི་སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་ཡོད་སྟབས། དེ་རིང་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོར་ཡུ་རོབ་སྤྱི་འཐུས་ཀྱི་སྒུག་ཐོ་དང་པོ་བཀྲ་ཤིས་བདེ་ལེགས་ལགས་ཀྱིས། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་དྲུང་ནས། སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུས་སོང་ལ། ལས་ཡུན་རྫོགས་རྒྱུར་ཉིན་གྲངས་བཅུ་གསུམ་ལས་མེད་པ་རེད། 

གནད་དོན་དེ་དང་འབྲེལ་ནས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ལས་ཐོག་བཀྲ་ཤིས་བདེ་ལེགས་ལགས་ཀྱིས། ང་ལ་ཕྱི་ཟླ་ ༥ ཚེས་ ༥ ལ་དབུས་འོས་བསྡུ་ལས་ཁང་གིས་འབྲེལ་བ་བྱས་སོང་། དངོས་གནས་བྱས་ན་ཉི་མ་བཅུ་གསུམ་ཙམ་མ་གཏོགས་ཡོད་མ་རེད། ངའི་སེམས་ནང་ཉིན་བཅུ་གསུམ་ལས་མེད་པས། ཐག་རིང་པོ་ཡིན་སྟབས་ཡོང་ནའང་འགྲོ་སོང་དང་ལས་ཀ་མེད་ལ། སྤྱི་འཐུས་གྲོས་ཚོགས་ཀྱང་འཚོག་རྒྱུ་མེད་པ་དྲན་སོང་ནའང་། དབུས་འོས་བསྡུ་ལས་ཁུངས་ཀྱི་གསུང་འཕྲིན་ནང་ལ་ཚེས་པ་ ༡༨ ཉིན་ལ་ངེས་པར་དུ་དམ་འབུལ་བྱེད་དུ་བཅར་དགོས་རྒྱུ། ཞེས་གསུངས་འདུག་པས། དེར་གདམ་ག་འདྲ་ཡོད་མ་རེད། དྲང་མོ་བཤད་ན་ང་ཚོའི་གཞུང་དེ་ཉམ་ཆུང་ཡིན་པས། སོ་སོའི་འདོད་པ་བཞིན་ཡོང་སྙིང་མ་བྲོ་ན་མ་ཡོང་ནའང་དམིགས་བསལ་ལབ་མཁན་ཅང་ཡོད་མ་རེད། ཡིན་ཡང་། ང་ཚོས་གཞུང་ལ་མ་བརྩིས་ན་ཁག་པོ་ཆགས་འགྲོ་ཡི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།  

ཡང་ཁོང་གིས། དབུས་འོས་བསྡུ་ལས་ཁང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་སོགས་པ་ལུང་དྲངས་ནས་ངེས་པར་བཅར་དགོས་སྐོར་སོགས་གསུངས་འདུག ང་ཚོས་ངེས་པར་དུ་ཁྲིམས་དང་སྒྲིག་གཞི་བརྩི་སྲུང་བྱ་དགོས་རྒྱུ་དེ་གལ་ཆེན་པོ་རེད། ང་རང་སྔོན་མ་དང་པོ་སྤྱི་འཐུས་ཀྱི་འོས་མིར་ལངས་པའི་སྐབས་ལའང་། ངས་གཞུང་གི་འགྲོ་ལུགས་འགྲོ་སྟངས་ལ་བརྩི་སྲུང་བྱ་རྒྱུ་ཡིན་བསམས་ཡོད། ད་ལྟ་གཞུང་གིས་ཡི་གེ་འདི་འདྲ་བསླེབས་དུས་ངེས་པར་དུ་བཅར་དགོས་པ་ལས་མ་བཅར་ན། དེ་སོ་སོས་འགན་མ་ཁུར་བ་རེད་བསམས་སོང་། བྱས་ཙང་ད་ལན་བཅར་བ་ཡིན། ཞེས་དང་། མགྱོགས་པོར་ཕར་ཕྱིན་ནས་དོན་གཅོད་ལ་མཛད་རིམ་མང་པོ་ཞིག་ཡོད་སྟབས། ཉིན་གྲངས་བཅུ་གསུམ་ནང་ཆ་ཤས་ག་རེ་བླང་དགོས་འདུག་བལྟ་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱ་ལྟར་ན། ཡུ་རོབ་སྤྱི་འཐུས་ལས་ཐོག་བཀྲ་ཤིས་བདེ་ལེགས་ལགས་ནི། ཕྱི་ལོ་ ༡༩༨༠ ལོར་བོད་མི་ཉག་ཏུ་སྐྱེས་ཤིང་། ཕྱི་ལོ་ ༢༠༠༢ ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་བསླེབས་ནས་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་གཉེར་གནང་། ཞོར་དུ་སློབ་མ་གསར་པ་ཚོར་བོད་ཡིག་དགེ་རྒན་ཡང་གནང་། ཕྱི་ལོ་ ༢༠༠༧ ལོ་མཇུག་ནས་བོད་ཀྱི་བང་ཆེན་གསར་ཁང་དང་། ཨ་རིའི་བོད་སྐད་རླུང་འཕྲིན་ཁང་གི་གསར་འགོད་པ་གནང་། བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་སྔ་ཕྱི་ཐེངས་གཉིས་ལ་མཉམ་ཞུགས་བྱས་ནས་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པ་བྱས། ཕྱི་ལོ་ ༢༠༡༣ ལོའི་ལོ་མཇུག་ཏུ་སྦེལ་ཇམ་དུ་ཕྱིན་ནས། སྦེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་དྲུང་ཆེ་དང་ཤེས་ཡོན་འགན་འཛིན་གནང་། དེ་བཞིན་སྔར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་ས་གནས་ཆུ་བཞི་སྒང་དྲུག་གི་ནང་ལ་ཕྱག་ལས་གནང་ཡོད་པ་དང་། ཁམས་པའི་སྨྱུག་ཚོགས་ཀྱི་སྐབས་དང་པོའི་དྲུང་ཆེའང་གནང་བ་སོགས་ཚོགས་པ་སྡེ་ཚན་མང་པོའི་ནང་ཕྱག་ལས་གནང་ཡོད་འདུག ཕྱི་ལོ་ ༢༠༢༠ དང་། ༢༠༢༥ ལོར་ཡུ་རོབ་དང་ཨ་ཧྥེ་རི་ཀའི་སྤྱི་འཐུས་སུ་ལངས་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

ཆུ་ཚོད་ ༢༤ སྔོན་ལ།
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

༢༠༢༦/༠༩/༠༧
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

༢༠༢༦/༠༩/༠༥
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

༢༠༢༦/༠༩/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese