མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

བོད་ཀྱི་དུས་བབ།
༢༠༢༦/༠༦/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་བོད་བླ་བྲང་བཀྲིས་འཁྱིལ་དུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པའི་བརྒྱུད་རིམ་དང་རྒྱབ་ལྗོངས། རྒྱ་ནག་གཞུང་གིས་དགོན་པར་སྔོག་བཤེར། གྲྭ་དམངས་འཛིན་བཟུང་བྱས་པའི་གནས་ཚུལ་གསལ་བའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢

དེ་རིང་ཕྱི་ཚེས་ ༡༢ ཉིན་དྷ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་མྱོང་བྱང་། ཚེ་སྲོག་གཏའ་མར་བཞག་པའི་བདེན་པའི་ང་རོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་། སྐབས་དེར་དྲ་ཐོག་ནས་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་ནང་དངོས་སུ་མཉམ་ཞུགས་བྱེད་མཁན་རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་དང་། འཇམ་དབྱངས་སྦྱིན་པ་ལགས། འཇིགས་མེད་རྒྱ་མཚོ་ལགས་ཀྱིས་ཞི་བའི་ལས་འགུལ་སྐབས་དངོས་སུ་མཉམ་ཞུགས་གནང་བའི་སྐབས་ཀྱི་མྱོང་ཚོར་སྐོར་གཏམ་བཤད་གནང་སོང་།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཟླ་བ་ལགས་ཀྱིས། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་ནི་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ཀྱི་ཀྱོག་མཚམས་ཤིག་ཡིན་པ་དང་། དེ་ནི་རྒྱ་ནག་གཞུང་གིས་བཤད་པ་ལྟར་དར་དམར་འོག་འཚར་ལོངས་བྱུང་བའི་བོད་ཀྱི་མི་རབས་གསར་པས་སྣེ་ཁྲིད་བྱས་པ་ཞིག་ཆགས་ཡོད་ཅིང་། ངོ་རྒོལ་གྱི་གྱེན་ལངས་དེ་ནི་ ༡༩༥༩ ཡི་གྱེན་ལངས་ཆེན་མོའི་རྗེས་ཀྱི་གཞི་ཁྱོན་ཆེ་ཤོས་དང་དུས་ཡུན་རིང་ཤོས་ཤིག་ཀྱང་ཆགས་ཡོད་ཅིང་། གྱེན་ལངས་དེ་དང་འབྲེལ་བའི་གནས་ཚུལ་མཁོ་སྒྲུབ་དང་ཕྱོགས་བསྒྲིགས་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེན་ཡིན་པར་བརྟེན། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་ཀྱང་བོད་ནང་གི་ཞི་རྒོལ་གྱེན་ལངས་དང་འབྲེལ་བའི་གནས་ཚུལ་མཁོ་སྒྲུབ་དང་ཕྱོགས་བསྒྲིགས་བྱ་རྒྱུ་དེ་གལ་ཆེར་ངོས་འཛིན་བྱས་ཏེ་ད་ལམ་གྱི་དེབ་འདི་པར་སྐྲུན་བྱས་པ་ཡིན། ཞེས་བརྗོད་སོང་།

བསྟན་འཛིན་ཟླ་བ་ལགས་ཀྱིས་མུ་མཐུད་དུ། དེབ་འདིའི་རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས། ཕྱི་ལོ་ ༢༠༠༨ ལོར་མདོ་སྨད་བླ་བྲང་བཀྲིས་འཁྱིལ་དུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གྱི་སྣེ་ཁྲིད་བྱས་པའི་བརྒྱུད་རིམ་དང་རྒྱབ་ལྗོངས། རྒྱ་དམག་གིས་དགོན་པར་སྔོག་བཤེར་དང་། གྲྭ་དམངས་འཛིན་བཟུང་བྱས་པའི་གནས་ཚུལ་དེ་དག་སྐབས་དེའི་དངོས་ཡོད་ཀྱི་གནས་ཚུལ་གཞི་རྩར་བཟུང་ནས་ལོ་རྒྱུས་ཀྱི་དེབ་ཐེར་ནང་འགོད་ཡོད་པ་མ་ཟད། རང་ལུས་མེ་སྲེག་གཏོང་མཁན་གྱི་དཔའ་བོ་དཔའ་མོ་མང་པོ་ཞིག་གི་མཚན་གཞུང་དང་ས་གནས། དུས་ཚོད་སོགས་གསལ་པོར་འགོད་བསྔགས་བརྗོད་ཞུ་བཞིན་ཡོད། ཅེས་དང་།  དེབ་འདི་ནི་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་སྤྱི་དང་། ལྷག་པར་དུ་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་མདོ་སྨད་བླ་བྲང་བཀྲིས་འཁྱིལ་དུ་བྱུང་བའི་ཞི་རྒོལ་འཐབ་རྩོད་ལ་ཞིབ་འཇུག་བྱེད་པའི་ལོ་རྒྱུས་ཀྱི་དཔྱད་གཞི་གལ་ཆེན་ཞིག་ཆགས་ཀྱི་ཡོད་སྟབས། བོད་མི་ཚང་མས་འདི་དང་འདི་ལྟ་བུའི་དཔེ་དེབ་ཀྱི་རིགས་ལ་ངེས་པར་དུ་བལྟ་ཀློག་བྱ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་བརྗོད་བྱུང་།

རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས།  ཕྱི་ལོ་ ༡༩༤༩ ལོ་ནས་རྒྱ་ནག་དམར་པོའི་བཙན་འཛུལ་གྱི་འོག་ནས། བོད་ཀྱི་སྣོད་བཅུད་ཡོངས་སུ་རྫོགས་པར་ཆག་འཇིག་རབ་དང་རིམ་པ་བྱུང་བ་རེད། དེ་བཞིན་ཕྱི་ལོ་ ༡༩༥༨ དང་ ༡༩༥༩ ལྷག་པར་ཕྱི་ལོ་ ༡༩༦༦ བཅས་སུ་བོད་ཀྱི་ཆོས་དང་རིག་གཞུང་གི་ལྟེ་གནས་སུ་གྱུར་བའི་དགོན་པ་དྲུག་སྟོང་ལྷག་ཅིག་རྩ་མེད་དུ་བཏང་བ་དང་། བོད་ཁམས་འདི་དམྱལ་བ་མི་ཡུལ་དུ་བསླེབས་པ་ལྟ་བུའི་དཀའ་སྡུག་མང་པོ་ཞིག་བྱུང་བ་རེད་ལ། བོད་ཀྱི་མི་རབས་སྔ་མ་རྣམས་ཀྱིས་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་མུ་གེ་ཡི་དུས་སྐབས་ཤིག་བྱུང་སྟེ་མུན་ནག་གི་ལོ་ཟླ་རིང་པོ་ཞིག་བསྐྱལ་དགོས་བྱུང་བའི་ལོ་རྒྱུས་ཤིག་བྱུང་བ་རེད། ཕྱི་ལོ་ ༡༩༨༠ ཙམ་ནས་སྲིད་ཇུས་གུ་ཡངས་ཅུང་ཙམ་ཞིག་བྱུང་ནའང་། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ཟེར་བ་སོགས་ཡོད་པ་དག་ཁ་ནས་བཤད་པ་ཙམ་ལས་ལག་ལེན་དངོས་ཀྱི་ཐོག་ནས། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་སྒང་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཁོར་ཡུག་སོགས་གང་དང་གང་གི་ཐད་ན་ཡིན་ནའང་དམ་དྲག་བྱས་ཡོད་ལ། བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པའི་གནས་སྟངས་དེའི་ཐོག་ནས། ཕྱི་ལོ་ ༢༠༠༨ ལོར་བོད་ཁམས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་པོ་ཞིག་བྱུང་བ་རེད། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༤ དང་ ༡༥ ཉིན་བོད་བླ་བྲང་ཁུལ་དུ་ངོ་རྒོལ་སྐད་འབོད་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་བརྩམས་པར་བརྟེན། རྒྱ་ནག་གཞུང་གི་དྲག་དམག་དང་ཉེན་རྟོག་པ་མང་པོ་ཞིག་གིས་དྲག་པོའི་བཙན་གནོན་བྱས་ཏེ། མི་མང་དག་ཅིག་འཛིན་བཟུང་བྱས་པ་མ་ཟད། སྙིང་རྗེ་སྤུ་ཙམ་མེད་པའི་ཐོག་ནས་མནར་གཅོད་ཚད་མེད་ཅིག་བཏང་བས། མི་མང་པོ་ཞིག་ལ་རྨས་སྐྱོན་དང་གཅོང་ནད་ཅན་དུ་གྱུར་ནས་ཚེ་སྲོག་ཤོར་བའི་གནས་ཚུལ་བྱུང་ཡང་། བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་དེ་རྒྱལ་སྤྱིའི་ནང་ཁྱབ་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད་རེད། ཅེས་བརྗོད་སོང་།

ཡང་ཁོང་གིས། ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་མྱོང་བྱང་། ཚེ་སྲོག་གི་གཏའ་མར་བཞག་པའི་རེ་འབོད་ཀྱི་ང་རོ་ཞེས་པའི་དཔེ་དེབ་དེ་ཕྱི་ལོ ༢༠༢༣ ལོར་ལོ་རྒྱུས་ཀྱི་གལ་གནད་ཅིག་ཏུ་མཐོང་ནས་འབྲི་མགོ་བཙུགས་ཡོད་ཀྱང་། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་དག་ཅིག་གི་དངོས་ཡོད་ཀྱི་གནས་བབ་མང་པོ་ཞིག་རྒྱ་ནག་གཞུང་གི་དམ་དྲག་དང་བཙན་གནོན་གྱི་དབང་གིས་ཁ་གསལ་བྲིས་ཐུབ་མེད་ཀྱང་། ང་རང་གི་ཕྱི་ལོ་ ༢༠༠༨ ལོར་བླ་བྲང་ཁུལ་དུ་ངོ་རྒོལ་འབྱུང་སྐབས་ཀྱི་མཐོང་ཐོས་མྱོང་གསུམ་བཅས་བྲིས་ཡོད། ཅེས་བརྗོད་སོང་།

རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢

དགེ་འདུན་པ་འཇམ་དབྱངས་སྦྱིན་པ་ལགས་ཀྱིས། བླ་བྲང་བཀྲ་ཤིས་འཁྱིལ་ལྟ་བུར་མཚོན་ན། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༤ དང་ ༡༥ ཉིན་གཉིས་རིང་མི་མང་སྟོང་ཕྲག་མང་པོ་འཛོམས་ཏེ་ཞི་བའི་ལས་འགུལ་རྒྱ་ཆེན་པོ་སྤེལ་ཡོད་རེད། རྩ་བའི་ཆ་ནས་རྒྱ་ནག་གིས་བོད་ནང་གི་དངོས་ཡོད་གནས་སྟངས་རྣམས་གསང་བ་བྱས་ཏེ་ཡོངས་བསྒྲགས་བྱེད་ཀྱི་མེད་པ་རེད། ལོ་དེའི་ཕྱི་ཟླ་ ༤ ཚེས་ ༩ ཉིན་རྒྱལ་སྤྱིའི་གསར་འགོད་སྡེ་ཚན་ཡོང་གི་ཡོད་པར་བརྟེན་སྔ་ས་ནས་རྒྱལ་དར་ཆེན་པོ་བཟོས་ཏེ་གྲ་སྒྲིག་བྱས་ཡོད་པ་མ་ཟད། སྐབས་དེ་དུས་ཚོགས་པ་དེའི་བརྒྱུད་ཡོངས་བསྒྲགས་བྱ་རྒྱུའི་གོ་སྐབས་བྱུང་བ་རེད། ཞི་བའི་ལས་འགུལ་སྤེལ་རྒྱུའི་གོ་སྐབས་བྱུང་བ་དེ་སོ་སོའི་མི་ཚེ་ནང་གི་དོན་སྙིང་ལྡན་པའི་བྱ་བ་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ལས་འགུལ་ནང་དངོས་སུ་མཉམ་ཞུགས་བྱེད་མཁན་མི་ཁག་ཅིག་གི་ཚེ་སྲོག་ཤོར་སོང་བ་དང་། བཙོན་ཁང་ནང་དུས་ཡུན་རིང་པོའི་རིང་སྡུག་སྦྱོང་མནར་གཅོད་གཏོང་བ་ལ་སོགས་པའི་གནས་ཚུལ་མང་པོ་ཡོད་པ་རེད། རྩ་བའི་ཆ་ནས་ལས་འགུལ་ནང་མཉམ་ཞུགས་ཀྱིས་བློས་གཏོང་ཆེན་པོ་བྱས་པར་བརྟེན། ང་ཚོ་ཚང་མ་ལ་དཀའ་ངལ་རབ་དང་རིམ་པ་ཡོད་བསྡད་པ་དེ་ཤོད་མི་དགོས་པ་ཞིག་རེད། ཅེས་དང་། བོད་ནང་ལས་འགུལ་གང་འདྲ་ཞིག་སྤེལ་རུང་ལག་ཏུ་གོ་མཚོན་གང་ཡང་མེད་པར་རྒྱ་མི་ལ་རེ་འདུན་ཞུས་པ་དང་འབོད་སྒྲ་སྒྲོག་པའི་སྐབས། རྒྱ་ནག་གིས་ཚུར་ལ་རྨས་སྐྱོན་གཏོང་བ་དང་དྲག་གནོན་བྱས་ཏེ་ཁ་གཏད་གཅོག་སྐབས། ང་ཚོས་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་དེ་རྗེས་དྲན་བྱ་དགོས་པ་དང་། རྒྱལ་སྤྱིའི་སྟེང་ལ་སྤོབས་པ་བྱས་ནས་སྐད་ཆ་བཤད་དགོས་པ་ཞིག་རེད། ཅེས་བརྗོད་སོང་།

ཡང་ཁོང་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ནམ་ཞག་རྒྱུན་དུ་ནས་ང་ཚོའི་ཆབ་སྲིད་དེ་ནང་པ་སངས་རྒྱས་པའི་ཆོས་དང་འབྲེལ་བ་ཡོད་པ་གསུངས་པ་བཞིན།  འཛམ་གླིང་སྒང་ལ་རིག་གཞུང་རྩ་ཆེན་པོ་ཞིག་དང་འབྲེལ་ནས་འཛམ་གླིང་ལ་ཞབས་འདེགས་ཞུ་རྒྱུའི་ལག་ཆ་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་སྟབས། ད་ལྟ་ང་ཚོས་བློས་གཏོང་བྱས་པ་དང་ལས་འགུལ་སྤེལ་མུས་ཡིན་པ་དེའང་ཆབ་སྲིད་ཀྱི་ལས་འགུལ་རྐྱང་པ་ཞིག་མིན་པར། ང་ཚོའི་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱ་རྒྱུ་དང་། རྒྱ་ཆེ་ས་ནས་འཛམ་གླིང་འདིའི་སྒང་ལ་ལེགས་སྐྱེས་ཕུལ་དུ་བྱུང་བ་དབུལ་རྒྱུའི་ནུས་པ་དེ་སྲུང་སྐྱོབ་དང་མཐུན་འགྱུར་བྱ་རྒྱུ་ཞིག་ཆགས་ཀྱི་ཡོད་རེད། ཅེས་བརྗོད་སོང་།

འཇིགས་མེད་རྒྱ་མཚོ་ལགས་ཀྱིས། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ཞི་བའི་ལས་འགུལ་སྤེལ་བར་རིགས་གཉིས་ཡོད་པ་རེད། ཁག་ཅིག་གིས་སོ་སོའི་ངོས་ནས་དམ་བཅའ་བཞག་སྟེ་ངོ་རྒོལ་བྱེད་ཀྱི་ཡིན་ཞེས་བརྗོད་དེ་སྔ་ས་ནས་གྲ་སྒྲིག་ཡོད་པ་རེད། ཡང་ཁག་ཅིག་གིས་ང་ཚོས་སྐད་འབོད་བྱེད་སྐབས་སོ་སོ་ལ་སྐབས་དེ་དུས་ཚོར་བ་བསླེབས་ནས་སྐད་འབོད་ནང་མཉམ་ཞུགས་བྱེད་མཁན་ཡང་ཡོད་རེད། ང་ཚོས་སོ་སོའི་ངོས་ནས་སྔ་ས་ནས་གྲ་སྒྲིག་བྱས་ཏེ། བོད་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་ངོ་རྒོལ་བྱེད་དགོས་པའི་སེམས་ཤུགས་སྤར་ནས་ཞི་བའི་ལས་འགུལ་དེ་སྤེལ་བ་རེད། སོ་སོའི་ངོས་ནས་བོད་ནང་བྱུང་དང་འབྱུང་བཞིན་པའི་གནས་སྟངས་དང་། རྒྱ་ནག་གིས་བོད་མིར་དྲག་གནོན་ཤུགས་ཆེན་བྱེད་བཞིན་པའི་དཀའ་ངལ་དེ་དག་འཛམ་གླིང་སྟེང་གོ་རྟོགས་སྤེལ་རྒྱུ་དང་ཁྱབ་བསྒྲགས་ཀྱི་ནུས་པའི་ཐོག་ནས་འཛམ་གླིང་གི་མི་རྣམས་ཀྱིས་བོད་ནང་གི་དངོས་ཡོད་གནས་སྟངས་དེ་ཧ་གོ་ན་བསམ་པའི་ཀུན་སློང་དེ་འཁུར་བའི་ཐོག་ནས་ལས་འགུལ་སྤེལ་བ་རེད། ང་རང་གི་མཐོང་ཚུལ་ལ་ང་ཚོས་བོད་ཕྱི་ནང་གཉིས་སུ་ལས་འགུལ་གང་འདྲ་ཞིག་སྤེལ་རུང་། སྐབས་ཐོག་སྐབས་ཐོག་གི་བོད་ནང་གི་གནས་སྟངས་དེ་འཛམ་གླིང་ལ་གོ་རྟོགས་སྤེལ་རྒྱུ་དང་། བོད་དོན་དྲིལ་བསྒྲགས། ཁྱབ་སྤེལ་བྱ་རྒྱུ་གལ་ཆེན་པོ་རེད་འདུག ཅེས་སོགས་བརྗོད་སོང་།

ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་མྱོང་བྱང་། ཚེ་སྲོག་གི་གཏའ་མར་བཞག་པའི་རེ་འབོད་ཀྱི་ང་རོ་ཞེས་པའི་དཔེ་དེབ་དེའི་ནང་ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་མྱོང་བྱང་དང་། རྒྱལ་གཅེས་དཔའ་བོའི་རྗེས་དྲན་གསེར་གྱི་རྡོ་རིང་། དུས་རབས་ཀྱི་ཅོང་བརྡ། མི་རབས་སྔ་མའི་ལོ་རྒྱུས། མི་སྒེར་གྱི་མྱོང་བྱང་ཞེས་ལེའུ་ལྔ་ཡོད་པའི་ཁྲོད། བོད་ནང་གི་ས་བྱི་ཞི་རྒོལ་ལང་དོན་དང་། རྒྱ་ནག་གཞུང་གིས་བླ་བྲང་ཁུལ་དུ་དམ་དྲག་དང་འཛིན་བཟུང་བྱས་པའི་གོ་རིམ། བོད་ནང་གི་ས་གནས་མང་དག་ཅིག་ཏུ་ངོ་རྒོལ་བྱས་པའི་བརྒྱུད་རིམ། མི་རབས་སྔ་མ་རྣམས་ཀྱིས་རྒྱ་ནག་གཞུང་གི་དྲག་གནོན་གྱི་འོག་ནས་དཀའ་སྡུག་མྱངས་པའི་བརྒྱུད་རིམ་སོགས་གསལ་སྟོན་གནང་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

ཆུ་ཚོད་ ༣ སྔོན་ལ།
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

ཆུ་ཚོད་ ༤ སྔོན་ལ།
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་བའི་གསལ་བསྒྲགས། ༢༠༢༦།༦།༡༢ བོད་ཀྱི་དུས་བབ་གསར་ཁང་གིས་སྐུ་པར་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

༧སྐུའི་ཞབས་པུས་གཤག་བཅོས་ལེགས་གྲུབ་དང་སྐུ་གཟུགས་གསལ་ཐང་ཡིན་འདུག

ཆུ་ཚོད་ ༥ སྔོན་ལ།
Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

༢༠༢༦/༠༦/༡༡
བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༡༡
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་།

༢༠༢༦/༠༦/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese