མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

བོད་ཀྱི་དུས་བབ།
༢༠༢༦/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བདེ་སྙན་གྱི་ངོ་བོ་དང་། རྐྱེན་རྩ། དགོས་འདུན་བཅས། ཁ་མཆུ་ཨང་ ༢༢ པ་དང་གཅིག་མཚུངས་ཆགས་སྟབས་བདེ་སྙན་དེབ་འགོད་ཨང་ ༡ དེ་བཞིན་ངོས་བཞེས་བརྩི་མེད་དུ་བཏང་བར་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ།

ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས། ༢༠༢༦།༦།༡༦ བོད་ཀྱི་དུས་བབ་གསར་ཁང་གི་པར།

ཕྱི་ཚེས་ ༡༢ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བདེ་སྙན་གྱི་ངོ་བོ་དང་། རྐྱེན་རྩ། དགོས་འདུན་བཅས། ཁ་མཆུ་ཨང་ ༢༢ པ་དང་གཅིག་མཚུངས་ཆགས་སྟབས། ཁ་མཆུ་ཨང་ ༢༢ ནང་གྱོད་ཡ་སྣོན་མའི་ངོ་བོའི་ཐོག་ནས་ཞུ་གཏུག་བྱ་ཆོག་པ་ལས། རྐྱེན་རྩ་གཅིག་ལ་ཞུ་རྩོད་གཅིག་ལས་མང་བ་ཆགས་པ་ཡིན་ན། ཁྲིམས་ཡིག་གི་བྱ་རིམ་ཚུལ་མིན་དུ་གྱུར་ཉེན་སོང་།  སྤྱི་མང་ཁྲིམས་ཡིག་དོན་ཚན་ ༨༨ དགོངས་དོན་བདེ་སྙན་དེབ་འགོད་ཨང་ ༡ དེ་བཞིན་ངོས་བཞེས་བརྩི་མེད་དུ་བཏང་བའི་ཐག་གཅོད་གནང་ཡོད་སྟབས། དེ་རིང་སྤྱི་དམངས་གཏུགས་གཤེར་གྱི་དོན་ཚན་རེ་བཞིའི་ནང་གསེས་ཀ་བའི་ནང་གསེས་གཉིས་པའི་དགོངས་དོན་བཞིན། བདེ་སྙན་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ་སོང་། 

དེའི་ཐད་བོད་ཀྱི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས། ཕྱི་ཚེས་ ༩ ཉིན་སྤྱི་དམངས་གཏུགས་གཤེར་གྱི་དོན་ཚན་རེ་དགུ་པའི་ (ཁ) བའི་ནང་གསེས་བཞིན། བདེ་སྙན་པ་གཙོ་བོ་སེངྒེ་ཤེས་རབ་དང་། དགོན་སྡེ་ཁག་གཉིས་ཀྱི་ཐོག་མའི་ཉན་ཞིབ་དེ་འགྲོ་ཡོད་པ་རེད་ལ། ཐོག་མའི་ཉན་ཞིབ་ལ་ཆ་མཚོན་པ་ཡིན་ན་གཙོ་བོ་གཞི་རྩའི་ཐོབ་ཐང་རྡོག་རོལ་འགྲོ་ཡོད་མེད་ཀྱི་ཐོག་ལ་ཁུངས་སྐྱེལ་བྱ་དགོས་ཀྱི་ཡོད་རེད། ཁྲིམས་ཞིབ་པ་རྣམས་ཀྱི་ཐག་གཅོད་ཁྲོད་སྤྱི་དམངས་གཏུག་གཤེར་གྱི་དོན་ཚན་ཁ་པ་ནང་བཞིན་གཞི་རྩའི་ཐོབ་ཐང་རྡོག་རོལ་འགྲོ་ཡོད་མེད་ཐད་ཁུངས་སྐྱེལ་བྱས་པ་ཡིན་ན། བདེ་སྙན་དེ་ངོས་ལེན་བྱ་རྒྱུ་དང་། གལ་ཏེ་ཁུངས་སྐྱེལ་བྱ་མ་ཐུབ་ན་ངོས་ལེན་མེད་ཅེས་ཐག་གཅོད་ཞུ་དགོས་ཀྱང་། ཕྱི་ཚེས་ ༡༢ ཉིན་ཁྲིམས་ཞིབ་ཁང་གིས་དོན་ཚན་བཞི་ཅན་ཞིག་ཐག་གཅོད་ཞུས་ཡོད། ཅེས་བརྗོད་བྱུང་། 

ཡང་ཁོང་གིས། སྤྱིར་བཏང་ཁ་མཆུ་ཨང་ ༢༢ དང་བདེ་སྙན་གཉིས་ཀྱི་ངོ་བོ་དང་བྱ་རིམ་རྦད་དེ་ཐ་དད་ཆགས་ཡོད་པ་རེད། དེ་བཞིན་སྤྱིར་རྐྱེན་རྩ་གཅིག་པ་ཆགས་ཀྱི་ཡོད་ཀྱང་ངོ་བོ་དང་། བྱ་རིམ། དེ་བཞིན་ཁྲིམས་སྒྲིག་ནང་གཟིགས་ན་དོན་ཚན་བཅུ་དགུ་ཡི་ནང་གསེས་དང་པོ་དང་གཉིས་པའི་ནང་། སྤྱིར་བདེ་སྙན་དང་ཁ་མཆུ་གཉིས་མཐུད་ཆོག་གི་མེད་པ་གསལ་པོ་ཡིན་དུས། དེ་རིང་ང་ཚོ་འདིར་བཅར་ནས་སྤྱི་དམངས་གཏུགས་གཤེར་གྱི་དོན་ཚན་རེ་བཞིའི་ (ཀ་) པའི་ནང་གསེས་གཉིས་པའི་ནང་གསེས་བཞིན། བསྐྱར་ཞིབ་ཞུ་ཆོག་པ་བཞིན་བསྐྱར་ཞིབ་ཀྱི་ཞུ་སྙན་ཞིག་ཕུལ་ཡོད། ཅེས་བརྗོད་བྱུང་། 

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བདེ་སྙན་གྱི་སྔོན་འགྲོའི་ཉན་ཞིབ་དང་ཐག་གཅོད་ཅིག་བྱས་པའི་ཁྲོད། བདེ་སྙན་པས་འདོན་འབུལ་བྱས་པའི་ཡིག་དངོས་ཐོ་གཞུང་ནང་གསལ་གྱི་ཟུཪ་སྦྱཪ་ ༡ ནས་ ༣ བཪ་གྱི་ཡིག་ཆ་ཁག་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༢ ཀྱི་གྱོད་ཡས་འདོན་འབུལ་ཡིག་དངོས་ཐོ་གཞུང་ནང་གསལ་དང་གཅིག་མཚུངས་རེད་འདུག་པ་བཅས་ལ་བརྟེན། ཁྱེད་ཅག་གི་བདེ་སྙན་ཕྱི་ལོ་ ༢༠༢༦ །༥།༢༦ འཁོད་པ་དང་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༢ ཀྱི་ངོ་བོ་དང་། རྐྱེན་རྩ། དགོས་འདུན་བཅས་པ་གཅིག་པ་ཆགས་ཀྱི་འདུག་པས། ཁྱེད་ཅག་བདེ་སྙན་པ་ཐུན་མོང་གི་ཞུ་གཏུག་ཐོབ་ཐང་སྲུང་སྐྱོབ་ཆེད་སྤྱི་མང་ཁྲིམས་ཡིག་དོན་ཚན་ ༡༩ [ཀ] པའི་དགོངས་དོན་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༢ ནང་གྱོད་ཡ་སྣོན་མའི་ངོ་བོ་ཐོག་ནས་ཞུ་གཏུག་བྱེད་ན་འཐུས་རྒྱུ་དང་། རྐྱེན་རྩ་གཅིག་ལ་ཞུ་རྩོད་གཅིག་ལས་མང་བ་ཆགས་པ་ཡིན་ན། ཁྲིམས་ཡིག་གི་བྱ་རིམ་ཚུལ་མིན་དུ་ཆགས་ཉེན་ལ་སོང་། སྤྱི་མང་ཁྲིམས་ཡིག་དོན་ཚན་ ༨༨ དགོངས་དོན་བདེ་སྙན་དེབ་འགོད་ཨང་ ༡ དེ་བཞིན་ངོས་བཞེས་བརྩི་མེད་སོང་བའི་ཐག་གཅོད། ཅེས་གསལ་ཡོད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

ཆུ་ཚོད་ ༢ སྔོན་ལ།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་མཚོ་ནུབ་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ།

ཆུ་ཚོད་ ༣ སྔོན་ལ།
Advertisement for App

༄༅། །ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ལྷ་བྲིས་དང་རྟེན་བཞེངས་ཤིང་བརྐོས་སློབ་འཇུག་གསལ་བསྒྲགས།

ཆུ་ཚོད་ ༤ སྔོན་ལ།
Mobile App

བོད་ནང་དུ་ཁུང་ཙིའི་སློབ་གསོ་ལག་བསྟར་རྒྱ་ཆེར་བྱེད་བཞིན་འདུག

༢༠༢༦/༠༦/༡༥
TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

༢༠༢༦/༠༦/༡༥
རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese