མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

བོད་ཀྱི་དུས་བབ།
༢༠༢༦/༠༦/༢༤
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་སྦིར་བོད་ཚོགས་ཀྱི་ས་གནས་མགོ་འཛིན་ཀརྨ་རྣམ་རྒྱལ་ལགས་དང་། མེའོ་ཆོས་འཕེལ་གླིང་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ལས་དོ་ཚེ་རིང་ནོར་བུ་ལགས་གཉིས་སུ་ཕྱི་ལོ་ ༢༠༢༥ ལོའི་ལས་བྱེད་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༢༤

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན།  ཕྱི་ལོ་ ༢༠༢༥ ལོའི་ལས་བྱེད་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དེ། ད་ལྟ་སྦིར་བོད་ཚོགས་ཀྱི་ས་གནས་མགོ་འཛིན་ཀརྨ་རྣམ་རྒྱལ་ལགས་དང་། མེའོ་ཆོས་འཕེལ་གླིང་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ལས་དོ་ཚེ་རིང་ནོར་བུ་ལགས་གཉིས་སུ་ཐོབ་ཡོད་ཅིང་། འདི་ལོའི་༧སྐུའི་འཁྲུངས་སྐར་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལས་དོན་གཟེངས་རྟགས་དེ་དབུལ་རྒྱུ་ཡིན་འདུག 

དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལྟར་ན། སྦིར་བོད་ཚོགས་ཀྱི་ས་གནས་མགོ་འཛིན་ཀརྨ་རྣམ་རྒྱལ་ལགས་ནི། ཕྱི་ལོ་ ༢༠༡༠ ཟླ་ ༥  ཚེས་ ༥ ནས་འཕྲོད་བསྟེན་ལས་ཁུངས་སུ་ལས་དོའི་གནས་རིམ་དུ་ཚོད་ལྟའི་ཐོག་ལས་འགན་བཀོད་སྒྲིག་དང་། ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡ ནས་སྡེ་འགན་དུ་གནས་སྤར་གྱིས་ཨོ་ཌི་ཤ་ཕུན་ཚོགས་གླིང་ས་གནས་མགོ་འཛིན་ལས་ཁུངས་སུ་ལས་འགན་བཀོད་སྒྲིག་གནང༌། ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༧ ནས་སྒང་ཏོག་ས་གནས་མགོ་འཛིན་ལས་ཁུངས་ཀྱི་སྡེ་འགན། ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༡༧ ནས་དྲུང་ལས་ས་མིག་ཐོག་སྦིར་བོད་ཚོགས་ཀྱི་ས་གནས་མགོ་འཛིན། ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༣ ནས་དྲུང་གཞོན་ལས་རོགས་སུ་གནས་སྤར་གྱིས་སྦིར་བོད་ཚོགས་ཀྱི་ས་གནས་མགོ་འཛིན་གྱི་ལས་འགན་རང་འཇགས་བཀོད་སྒྲིག་གནང་འདུག 

ཁོང་གིས་འདས་པའི་ལོ་གསུམ་གྱི་རིང་དམིགས་བསལ་ཞབས་ཕྱི་ཞུས་པའི་ཁྲོད། སྦིར་བོད་ཚོགས་གཞིས་ཆགས་སུ་ས་གནས་རྒྱུན་གྲོན་རང་ཁ་རང་གསོའི་ཆེད་ཕྱི་ལོ་ ༢༠༢༥ ནས་མགྲོན་ཁང་དང་ཚོང་ཁང་བོགས་གཏོང་བརྒྱུད་ལོ་རེར་ཧིན་སྒོར་འབུམ་ ༢༣ རེ་ཡོང་འབབ་བསྐྲུན། སྦིར་བོད་ཚོགས་ས་གནས་མགོ་འཛིན་ལས་ཁུངས་ཆེད་སྒོར་འབུམ་ ༡༩ ཐབས་འཚོལ་གྱིས་གཞུང་འཁོར་གསར་ཉོ་དང་། ཧིན་སྒོར་འབུམ་ ༥།༦༦ ཐབས་འཚོལ་གྱིས་འཕྲུལ་ཆས་དང་འཛིན་ཆས་མཁོ་སྒྲུབ་ཞུས། སྦིར་གཞིས་ཆགས་ནང་ཉམ་ཐག་དཀའ་ངལ་ཅན་ཞིག་གི་སྡོད་ཁང་དང་གསང་སྤྱོད་ཉམས་གསོའི་ཆེད་ཧིན་སྒོར་འབུམ་ ༢།༤༢ ཐབས་འཚོལ་གྱིས་དཀའ་སེལ།  སྦིར་སཾ་བྷོ་ཊ་ཉིན་མོ་སློབ་གྲྭའི་རྩེད་ཐང་ཉམས་གསོའི་ཆེད་ཧིན་སྒོར་འབུམ་ ༡༠།༨༠ ཐབས་འཚོལ་ཞུས་པ་དང་། མང་ཚོགས་ཀྱི་འཕྲོད་བསྟེན་ཡར་རྒྱས་ཆེད་བསྐུ་མཉེ་གཏོང་སའི་ཉལ་ཁྲི་ (Cerago MasterV4)གསར་ཉོ་ཞུས་ཡོད་འདུག 

མེའོ་ཆོས་འཕེལ་གླིང་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ལས་དོ་ཚེ་རིང་ནོར་བུ་ལགས་ནི། ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༢ ནས་འཕྲོད་བསྟེན་ལས་ཁུངས་སུ་རྒན་དྲུང་གནས་རིམ་དུ་ཚོད་ལྟའི་ཐོག་ལས་འགན་བཀོད་སྒྲིག་དང་། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༠ ནས་ལས་དྲུང་ས་མིག་ཐོག་བསྟན་འཛིན་སྒང་ས་གནས་མགོ་འཛིན་ལས་ཁུངས་ཀྱི་རྒན་དྲུང༌། ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༢ ནས་ལས་དྲུང་གནས་རིམ་དུ་གནས་སྤར་གྱིས་འབུམ་ལ་བསྟན་འཛིན་སྒང་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་། ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༧ ནས་ཀོ་ལི་གྷལ་དོན་ལྡན་གླིང་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ལས་དྲུང༌། ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༧ ནས་ལས་དོའི་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༡༥ ནས་སྡེ་འགན་ས་མིག་ཐོག་མེའོ་ཆོས་འཕེལ་གླིང་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ལས་དོའི་ལས་ཁུར་ཞུ་མུས།

ཁོང་གིས་འདས་པའི་ལོ་གསུམ་གྱི་རིང་དམིགས་བསལ་ཞབས་ཕྱི་ཞུས་པའི་ཁྲོད། ཀོ་ལི་གྷལ་ས་གནས་སུ་ལས་ཁུར་ཞུས་རིང༌། ས་གནས་མགོ་འཛིན་གྱི་འགན་གཙོ་བཞེས་ཀྱིས་དོན་ལྡན་གླིང་གཞིས་ཆགས་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་སྟོན་སྐབས། ས་གནས་གནད་ཡོད་མི་སྣ་ཡོངས་ནས་མི་མང་གི་ཚབ་ཞུས་ཏེ་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ལེགས་འབུལ་མཚོན་བྱེད་ལག་རྟགས་གནང་སོན་བྱུང༌།  བོད་མིའི་སྒྲིག་འཛུགས་ནས་གྲོན་དངུལ་གནང་སོན་བཞིན། ས་གནས་བུ་བཅོལ་ཁང་རྒྱ་སྐྱེད་དང་། ས་གནས་མགོ་འཛིན་ཆེད་ལས་ཤག་དང་ར་བ། ཆུ་མཛོད་འཇོག་སྟེགས་གསར་རྒྱག དགོས་མཁོའི་ནང་ཆས་གསར་ཉོ་བཅས་ཀྱི་ལས་གཞི་ལེགས་གྲུབ། མངའ་གཞུང་ནས་གྲོན་དངུལ་ཧིན་སྒོར་ ༥༠,༠༠,༠༠༠།༠༠ གནང་སོན་བཞིན་ས་གནས་ཀྱི་ཚོགས་ར་གསར་རྒྱག་ལས་གཞི་ལེགས་པར་གྲུབ་བྱུང་འདུག 

གསར་འགོད་པ་དཔལ་ལྡན་གྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་བཏུས། 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༣ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༤ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

ཆུ་ཚོད་ ༧ སྔོན་ལ།
Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

༢༠༢༦/༠༦/༢༣
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

༢༠༢༦/༠༦/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese