མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

བོད་ཀྱི་དུས་བབ།
༢༠༢༦/༠༦/༢༦
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་བོད་རྒྱའི་འབྲེལ་མོལ་མ་ཡོང་བའི་རྐྱེན་རྩ་ཡོངས་རྫོགས་ཞི་ཅིན་ཕིན་ལ་ཐུག་ཡོད་གསུངས།

དྷ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་གི་པོ་ཏཱ་ལའི་ཚོགས་ཁང་དུ་བོད་རྒྱ་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༦།༢༦ དུས་བབ་གསར་ཁང་གི་པར།

དེ་རིང་ཕྱི་ཚེས་ ༢༦ ནས་ ༢༩ བར་ཉིན་གྲངས་བཞིའི་རིང་དབུས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག དྷ་རམ་ས་ལའི་སྣེ་ལེན་ཁང་གི་པོ་ཏ་ལའི་ཚོགས་ཁང་དུ་མང་གཙོ། གྲོས་མོལ། དབུ་མའི་ལམ་ཞེས་པའི་བརྗོད་གཞིའི་ཐོག་བོད་རྒྱ་འབྲེལ་བའི་ཚོགས་འདུ་ཞིག་འཚོགས་མགོ་ཚུགས་སོང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས། ལྡི་ལི་ཤཱིབ་ན་དྷར་སློབ་གྲྭ་ཆེན་མོའི་གཙུག་ལག་སློབ་དཔོན་ཀ་ཝེ་རི་གྷིལ་ (Kaveri Gill) ལགས། བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གསར་འཛུགས་གནང་མཁན་གྲས་དང་སྤྱི་ཁྱབ་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས། དྲ་ཐོག་ནས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་ཆོས་འཕེལ་ལགས། ཚོགས་གཞོན་བསྟན་འཛིན་བཤེས་གཉེན་ལགས། ལས་འགུལ་ཁང་གི་ལས་བྱེད་དང་ཚོགས་བཅར་བ་ ༦༠ ཙམ་མཉམ་ཞུགས་གནང་འདུག

ཚོགས་འདུའི་གལ་གནད་དང་འབྲེལ་ནས་དབུས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཞོན་བསྟན་འཛིན་བཤེས་གཉེན་ལགས་ཀྱིས། སྤྱིར་བཏང་ཚོགས་འདུ་འདི་བོད་རྒྱ་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་རེད་དེ། ཚོགས་འདུ་འདི་འཚོགས་དགོས་པའི་གལ་གནད་དེ། རྒྱལ་སྤྱིའི་གནས་སྟངས་ཐོག་ལ་རྒྱ་ནག་དེ་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་ཅིག་ཆགས་ཀྱི་ཡོད་པར་བརྟེན། བོད་པ་རང་ལ་ཆ་མཚོན་ན་ས་ཁུལ་ཆགས་སྟངས་ཀྱི་ཐོག་ནས་རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཆགས་ཀྱི་ཡོད་ལ། ལོ་རྒྱུས་ཀྱི་ཐོག་ནས་བོད་རྒྱའི་འབྲེལ་བ་དེ་གནའ་སྔ་མོ་ནས་བྱུང་བ་དང་བོད་རྒྱའི་དཀའ་རྙོག་དེ་སེལ་མི་ཐུབ་པར་ལྷག་བསྡད་པའི་གནས་སྟངས་ཤིག་ཡིན་པར་བརྟེན། བརྗོད་གཞི་དེ་གནད་འགག་ཆེན་པོ་མཐོང་སྟེ་ད་ལོ་དམིགས་བསལ་གྱིས་༸སྐུ་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་གཙི་ཞུ་ཡི་ཡོད་པ་དང་བསྟུན། བོད་རྒྱ་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་འདི་གོ་སྒྲིག་ཞུས་པ་ཡིན། ཞེས་བརྗོད་བྱུང་།

བསྟན་འཛིན་བཤེས་གཉེན་ལགས་ཀྱིས། ཚོགས་འདུ་དང་འབྲེལ་བོད་པ་དང་། རྒྱ་གར་བ། དེ་བཞིན་རྒྱ་རིགས་བཅས་ཀྱི་མཁས་དབང་ཁག་ཅིག་མགྲོན་འབོད་ཀྱིས་གྲུབ་ཆ་གསུམ་ཚང་བའི་ཐོག རྒྱལ་ཁབ་མི་འདྲ་བ་ལྔ་ནས་གཏམ་བཤད་པ་མགྲོན་འབོད་ཞུས་ཡོད་ལ། གཏམ་བཤད་པ་རྣམས་ཀྱི་བརྗོད་གཞི་གཙོ་བོ་ནི་བོད་རྒྱ་འབྲེལ་བའི་རང་བཞིན་དང་། གལ་གནད། ལོ་རྒྱུས་སོགས་ང་ཚོ་བོད་པའི་དམངས་གཙོ་ཙམ་མིན་པར་རྒྱ་ནག་ནང་ཁུལ་གྱི་དམངས་གཙོའི་གནས་སྟངས་གང་འདྲ་ཞིག་ཡིན་པ། མ་འོངས་པར་བགྲོ་གླེང་དང་གྲོས་མོལ་གྱི་ལམ་ཁ་ཡོད་མེད་དང་ཚད་མཐོ་རུ་གཏོང་ཐུབ་མིན། བོད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་བ་ཙམ་མིན་པར་རྒྱལ་སྤྱིའི་ཐོག་ནས་དཔེ་མཚོན་ག་རེ་ཡོད་པ། མ་འོངས་པར་རྒྱལ་ཁབ་གཞན་ལ་ཐབས་ལམ་དེའི་ཐོག་ནས་སེམས་ཤུགས་ག་རེ་སྤར་ཐུབ་པ། གཞན་ཡང་རྒྱལ་ཁབ་གཞན་གྱི་མི་རིགས་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་ལ་ལྟ་ཚུལ་ག་རེ་ཡོད་མེད་སོགས་ཀྱི་སྐོར་ལ་མཁས་དབང་དབར་ཚད་མཐོའི་བགྲོ་གླེང་བྱ་རྒྱུ་དང་། ཚོགས་བཅར་བའི་ཁོངས་སུ་བོད་པའི་མཐོ་རིམ་སློབ་མ་ཁག་དང་། ཐའེ་ཝན་དང་། ཨ་རི། ནེ་ཐར་ལན་ཌི་ནས་མཉམ་ཞུགས་བྱེད་མཁན་ཡོད་ལ། ཚོགས་བཅར་བའི་ནང་ཁུལ་ལ་བསམ་ཚུལ་བརྗེ་ལེན་དང་གོ་རྟོགས་སྤེལ་རྒྱུར་དམིགས་ཡོད། ཅེས་དང་།  ཚོགས་འདུ་འདི་བརྒྱུད་ནས་བོད་པས་བོད་རྒྱའི་དཀའ་རྙོག་གི་གནས་སྟངས་དང་འབྲེལ་ནས་བོད་ཀྱི་གནས་སྟངས་སྐོར་འགྲེལ་བརྗོད་བྱས་ཏེ་འབོད་སྐུལ་ཞུ་རྒྱུ་དང་། རྒྱ་ནག་གིས་ངོས་ལེན་བྱེད་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་དོ་སྣང་བྱེད་དགོས་པའི་གནས་སྟངས་སོགས་ཀྱི་ཐོག་ལ་ཤུགས་བརྒྱག་ཐུབ་ན་བསམ་གྱི་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།

དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་ཆོས་འཕེལ་ལགས་ཀྱིས་བརྙན་ལམ་ནས་དབུས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་བྱུང་རབས་ལོ་རྒྱུས་དང་། ལས་འགུལ་ཁང་གི་ངོ་བོ་དང་འབྲེལ་ནས་བགྲོ་གླེང་དང་གཏམ་བཤད་སོགས་གོ་སྒྲིག་བྱས་དང་བྱེད་མུས་ཡིན་པ་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་སོང་། དེའི་རྗེས་དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ལས་ཐོག་དང་ཐའེ་ཝན་དོན་གཅོད་ཟུར་པ་ཟླ་བ་ཚེ་རིང་ལགས་ཀྱིས། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བ་དེ་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུའི་གཞུང་འབྲེལ་གསལ་བསྒྲགས་བཏང་ཡོད་ཀྱང་། དོན་དངོས་སུ་དེ་སྔ་ནས་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་དེ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་མར་བཏོན་པ་ལ་བརྟེན་ནས་རྒྱལ་སྤྱིའི་སྤྱི་ཚོགས་སུ་གླེང་སློང་ཡོང་གི་ཡོད་པ་རེད། དེར་བརྟེན་ཁྲིམས་ཡིག་དེ་དང་འབྲེལ་ནས་འགྲེལ་བཤད་རྒྱག་དགོས་པ་ནི་ང་ཚོའི་ལས་འགན་རེད། ཅེས་བརྗོད་སོང་།

ཡང་ཁྲིམས་གསར་དེ་མཚམས་འཇོག་བྱ་རྒྱུའི་ཐད་དགོངས་ཚུལ་ག་རེ་ཡོད་མེད་དྲིས་པར་ཁོང་གིས། ཁྲིམས་གསར་དེ་ལག་བསྟར་བྱེད་མིན་ནི་རྒྱལ་སྤྱིའི་གནོན་ཤུགས་ལ་རག་ལས་ཀྱི་ཡོད་པ་རེད། རྒྱ་ནག་ནི་སྤྱི་ཚོགས་རིང་ལུགས་དང་དམར་ཤོག་ཚོགས་པ། སྲིད་དབང་སྒེར་གཅོད་ཀྱི་གཞུང་ཞིག་ཡིན་པར་སོང་། ཁྲིམས་ཟེར་བ་དེ་ལག་ཆ་ཞིག་ཡིན་པ་ལས་དོན་དངོས་སུ་ཚད་འཛིན་ས་དང་། རྩ་འཛིན་དང་གཞི་རྩ་མེད་པ་རེད། དེར་བརྟེན་གནས་ཚུལ་ག་རེ་ཡིན་ཡང་ཡོང་སྲིད་པ་རེད། འོན་ཀྱང་ཁྲིམས་ཡིག་དེ་མེད་པར་བཟོ་ཡི་མ་རེད།  རྒྱུ་མཚན་ནི་རྒྱ་ནག་ངོ་གནོངས་དགོས་པ་ཆགས་ཀྱི་ཡོད། འོན་ཀྱང་། རྒྱ་ནག་གིས་ཁྲིམས་མང་པོ་བཟོས་ཀྱང་དོན་དངོས་སུ་ལག་ལེན་མ་བྱས་པ་སོགས་མང་པོ་ཡོད། ལྷག་པར་དུ་རྒྱལ་སྤྱིའི་ནང་ཕོག་ཐུག་དང་སྐྱོན་བརྗོད་ཡོང་ཉེན་ཡོད་པའི་རིགས་ལག་བསྟར་བྱེད་མི་སྲིད་པ་དང་། ཡང་ལག་ལེན་བྱེད་སྲིད་པ་སོགས་འདྲ་མིན་ཡོང་སྲིད་པ་རེད། ཅེས་དང་། རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་འདྲ་མིན་ལག་བསྟར་དང་། བོད་པའི་བྱིས་པ་རྣམས་བཙན་གྱིས་བཅའ་སྡོད་སློབ་གྲྭར་བཅུག་སྟེ་རྒྱ་སྒྱུར་སློབ་གསོ་སྤྲད་དང་སྤྲོད་མུས་ཡིན། དེ་བཞིན་ཁྲིམས་ཡིག་འདྲ་མིན་གཏན་འབེབས་ཀྱིས་བོད་མིར་དྲག་གནོན་ཇེ་ཆེར་བཏང་དང་གཏོང་མུས་ཡིན་ཡང་། བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་སྤེལ་བཞིན་པའི་བོད་དོན་གོ་རྟོགས་དང་ལས་འགུལ་ཁག་མུ་མཐུད་སྤེལ་གལ་ཆེ་བ་མ་ཟད། རྒྱ་ནག་གིས་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་བཞིན་པ་སོགས་བོད་ནང་གི་ཛ་དྲག་གི་གནས་སྟངས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགྲེལ་བརྗོད་གནང་རྒྱུ་གལ་ཆེན་ཡིན། ང་ཚོས་བོད་དོན་འཐབ་རྩོད་ཀྱི་ཐོག་མའི་དམིགས་ཡུལ་མ་འགྲུབ་བར་ཕྱིའི་རྒྱལ་ཁབ་ཁག་ཏུ་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་བོད་དོན་གོ་རྟོགས་སྤེལ་རྒྱུ་སོགས་མཚམས་འཇོག་མ་བྱས་པར་ངེས་པར་དུ་སྤེལ་དགོས། ཞེས་བརྗོད་བྱུང་།

སྐུ་མགྲོན་གཙོ་བོ་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས།  བོད་ཀྱི་འཐབ་རྩོད་དེ་མི་རིགས་ཤིག་གི་འཐབ་རྩོད་ཡིན་པས། རྒྱ་མི་རིགས་ལ་འཁོན་འཛིན་མེད་ཀྱང་། ང་ཚོས་རྒྱའི་སྲིད་ཇུས་ཁག་ལ་གདོང་ལེན་བྱེད་ཀྱིན་ཡོད་པ་མ་ཟད། བོད་ཀྱི་བདག་དབང་བོད་མིར་ཡོད་པ་དང་ཁྲིམས་མཐུན་མ་ཡིན་པའི་ཐོག་ནས་བཙན་བཟུང་བྱས་ཏེ་མི་སེར་སྤེལ་ཡུལ་གྱི་གནས་སྟངས་བཟོས་པར་ངོ་རྒོལ་བྱེད་ཀྱིན་ཡོད་ལ། དེ་རྒྱ་མི་རིགས་ཀྱིས་ཤེས་དགོས་རྒྱུ་གལ་ཆེན་རེད། དེ་བཞིན་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚོགས་འདུ་འདི་འཚོགས་པ་རེད། མ་འོངས་པར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གང་འདྲ་ཞིག་ཡིན་རུང་བོད་ཀྱི་ལོ་རྒྱུས་ཀྱི་ཐོག་ལ་སྦྱངས་བཤད་བྱ་རྒྱུ་དང་། བོད་རང་བཙན་གཙང་མ་ཡིན་ལུགས་ཀྱི་གནས་བབ་དེ་བོད་པའི་གཞོན་སྐྱེས་ནང་ཁུལ་ལ་སྦྱངས་བཤད་བྱ་རྒྱུ་དང་། དེ་བཞིན་གཞོན་སྐྱེས་ཚོས་བོད་ཀྱི་འཐབ་རྩོད་ངོ་སྤྲོད་བྱ་རྒྱུ་དང་ལས་འགུལ་གང་འདྲ་སྤེལ་གྱི་ཡོད་མེད་ཐད་ལོ་རེར་དམིགས་ཚད་ཅིག་བཞག་ནས་དཔལ་འབྱོར་མཁོ་སྒྲུབ་བྱ་རྒྱུ་སོགས་ལ་གཞོན་སྐྱེས་ཚོས་འགན་འཁུར་བའི་ཐོག་ནས་བསམ་བློ་གཏོང་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

དྷ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་གི་པོ་ཏཱ་ལའི་ཚོགས་ཁང་དུ་བོད་རྒྱ་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༦།༢༦ དུས་བབ་གསར་ཁང་གི་པར།

ཡང་ཚོགས་གཙོ་མཆོག་གིས། བོད་མི་རྣམས་ཀྱིས་གསུམ་བཅུའི་དུས་དྲན་སོགས་ཀྱི་སྐབས་སུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་གྱི་ཡོད་ཀྱང་། ནམ་ཞག་རྒྱུན་དུ་ལྷོད་གཡེང་ངང་གནས་པ་ཡིན་ན། དེ་ནི་ང་ཚོའི་འཐབ་རྩོད་་ཀྱི་ཞན་ཆ་ཞིག་ཆགས་ཀྱི་ཡོད་པའི་ལྟ་ཚུལ་འདི་ཡོང་གི་ཡོད། བོད་མི་རྣམས་ལ་ཚོར་བ་སྐྱེན་པོ་ཞེ་དྲགས་འདུག ཚོར་བ་གཅིག་པོའི་སྒང་ལ་རྟ་བཞོན་ནས་ཆབ་སྲིད་ཀྱི་ལས་དོན་བྱས་པ་ཡིན་ན། ང་ཚོ་འབབ་ས་ཞིག་ལ་བབས་ཐུབ་ཀྱི་མ་རེད། དེར་བརྟེན་རྒྱལ་སྤྱིའི་སྡིངས་ཆའི་སྟེང་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ནས་བོད་རང་བཙན་ཡིན་པའི་བདེན་དཔང་དེ་བཤད་དགོས། འཛམ་གླིང་ནང་བོད་ཀྱི་འཐབ་རྩོད་ཀྱི་གནད་འགག་དེ་ག་ཚོད་ཅིག་གལ་ཆེན་པོ་ཡིན་པ་ང་ཚོས་འགྲེལ་བརྗོད་བྱེད་ཐུབ་དགོས་ལ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་འགྲེལ་བརྗོད་བྱས་པ་ཡིན་ན། ང་ཚོར་མིའི་ཡིད་དབང་འཕྲོག་ཐུབ་པའི་ནུས་པ་ཡོད་སྟབས། མ་རྩ་དེ་མ་བརླགས་པའི་ཐོག་ནས་ཚང་མས་འགན་འཁུར་དགོས་པ་དེ་གནད་འགག་ཅིག་རེད། ཅེས་དང་། བོད་རྒྱ་འབྲེལ་མོལ་མ་ཡོང་བ་ནི་རྒྱ་ནག་གི་སྐྱོན་ཡིན་པ་དང་།  བོད་མིའི་ཕྱོགས་ནས་འབབ་ས་ཡོད་ན་མེད་ན་མར་བབས་ནའང་། བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད་སྐོར་དང་། དེ་བཞིན་རྒྱ་ནག་གིས་ལོ་རྒྱུས་འཁྱོག་བཤད་དང་རྫུན་བཟོ་བྱས་པར་བོད་པའི་ངོས་ནས་ངོས་ལེན་མེད་ཅིང་། བོད་རང་བཙན་གཙང་མ་ཡིན་པ་དེ་གཞི་གྲུབ་བསྡད་ཡོད་པས། ལོ་རྒྱུས་འཁྱོག་བཤད་བྱས་ན་འགྲིག་གི་མེད་སྐོར། ད་ལྟ་བོད་མི་ཚོར་རྒྱ་ནག་དང་ལྷན་དུ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཐོག་ནས་མཉམ་གནས་བྱ་རྒྱུའི་འདོད་པ་ཡོད་ཀྱང་།  རྒྱ་ནག་གཞུང་གིས་ད་སྔ་བར་འཐུས་ཤོར་བཏང་བ་མ་ཟད། བོད་རྒྱ་འབྲེལ་མོལ་མ་ཡོང་བའི་རྐྱེན་རྩ་ཡོངས་རྫོགས་ཞི་ཅིན་ཕིན་ལ་ཐུག་ཡོད་སྐོར་སོགས་གསུངས་བྱུང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

ཆུ་ཚོད་ ༢ སྔོན་ལ།
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༥
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

༢༠༢༦/༠༦/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese