མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་གླིང་གྲོས་ཚོགས་འཐུས་རྣམས་ཀྱིས་རྒྱ་ནག་གི་ཁྲིམས་གསར་པར་སྐྱོན་བརྗོད་གནང་། 

བོད་ཀྱི་དུས་བབ།
༢༠༢༦/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཨོ་གླིང་གི་གྲོས་ཚོགས་འཐུས་མི་ལྔ་ཡིས་རྒྱ་ནག་གཞུང་གིས་བོད་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ཟེར་བ་ཞིག་ལག་བསྟར་གྱིས་བོད་མིའི་ངོ་བ་རྩ་མེད་གཏོང་ཐབས་བྱེད་ཀྱིན་ཡོད་པར་སྐྱོན་བརྗོད་གནང་།

ཨོ་གླིང་གྲོས་ཚོགས་འཐུས་རྣམས་ཀྱིས་རྒྱ་ནག་གི་ཁྲིམས་གསར་པར་སྐྱོན་བརྗོད་གནང་།

རྒྱ་ནག་གཞུང་གིས་བོད་ནང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ཟེར་བ་ཞིག་ལག་བསྟར་བྱེད་མགོ་བཙུགས་ཡོད་པ་ལྟར། ཉེ་ལམ་ཨོ་གླིང་གི་གྲོས་ཚོགས་ཐེངས་ ༤༨ པ་འཚོག་མུས་ཡིན་པ་དང་བསྟུན། ཨོ་གླིང་གྲོས་ཚོགས་འཐུས་མི་ཨན་ཌི་རེའོ་ཝིལ་ཀི་( Andrew  Wilkie) ལགས་དང་། གྲོས་ཚོགས་འཐུས་མི་ཨན་ཌི་རེའོ་ཝ་ལེ་སི་ ( Andrew Wallace )ལགས། ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་སུ་སན་ཊེམ་པལ་མན ( Susan Templeman ) ལགས། གྲོས་ཚོགས་འཐུས་མི་ཌེ་ཝིཌ་སི་མིཊ་( David Smith ) གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་པོ་ཀོག་ ( Barbara Pocock ) ལགས་བཅས་ཀྱིས། རྒྱ་ནག་གཞུང་གིས་བཅའ་ཁྲིམས་གསར་པ་དེ་དང་། ལྷག་པར་རྒྱ་ནག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ཐད་ཐེ་ཇུས་བྱས་པར་སྐྱོན་བརྗོད་གནང་འདུག

ཨོ་གླིང་གྲོས་ཚོགས་འཐུས་མི་ཨན་ཌི་རེའོ་ཝིལ་ཀི་ལགས་ཀྱིས། རྒྱ་ནག་གཞུང་གིས་ལག་བསྟར་བྱས་པའི་ཁྲིམས་ཡིག་འདིས་བོད་དང་མི་རིགས་གཞན་རྣམས་ཀྱི་ངོ་བོ་རྩ་མེད་ཇེ་ཆེར་གཏང་རྒྱུ་དེ་ཡིན་ཞིང་། དེས་རིག་གཞུང་རྩ་གཏོར་དང་། རྒྱ་ནག་གི་མཐའ་མཚམས་ལས་བརྒལ་ནས་རྒྱལ་ཁབ་གཞན་དུ་དབང་ཤུགས་སྐྱེད་དེ། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་སོགས་བྱེད་ཀྱི་ཡོད་སྟབས། ཨོ་གླིང་གཞུང་གིས་རྒྱ་ནག་དང་ཨོ་གླིང་གི་འབྲེལ་ལམ་ནི། བོད་མི་རྣམས་ཀྱི་གཞི་རྩའི་ཐོབ་ཐང་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་ལས་གཙིག་ཆེན་མི་འཛིན་པའི་རེ་སྐུལ་ཞུས་འདུག

གྲོས་ཚོགས་འཐུས་མི་ཨན་ཌི་རེའོ་ཝ་ལེ་སི་ལགས་ཀྱིས། ད་ལྟ་བོད་ནང་མཐོང་མུས་ཡིན་པའི་དངོས་ཡོད་ཀྱི་གནས་སྟངས་ནི་ཛ་དྲག་ཅན་ཞིག་ཡིན་པའི་ཁར། ཨོ་གླིང་གཞུང་གིས་ཀྱང་རྒྱ་ནག་གཞུང་གིས་བོད་ཕྲུག་རྣམས་ཁྱིམ་ཚང་དང་ཁ་བྲལ་དུ་བཏང་ནས་བོད་ཀྱི་རིག་གཞུང་གི་ངོ་བོ་བརླག་བཞིན་ཡོད།  སྤྱིར་རྒྱ་ནག་གཞུང་གིས་བོད་ཕྲུག་རྣམས་ལ་སློབ་སྦྱོང་ཞིག་སྤྲོད་ཀྱིན་ཡོད་ཀྱང་དོན་དངོས་ཐོག་བོད་ཕྲུག་རྣམས་རང་རང་གི་ཕ་མ་དང་བྲལ་དུ་བཅུག་ནས། བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། རིག་གཞུང་རྩ་མེད་བཟོ་ཐབས་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལངས་ཕྱོགས་དང་མཐུན་པའི་སློབ་གསོ་ཞིག་སྤྲོད་མུས་ཡིན། ཞེས་གསུངས་འདུག

ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་སུ་སན་ཊེམ་པལ་མན་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགའ་ལྡན་ཕོ་བྲང་རྒྱུན་མཐུད་གནས་ངེས་ཡིན་པ་དང་། མགོན་པོ་གང་ཉིད་མཆོག་གི་ཡང་སྲིད་ངོས་འཛིན་གྱི་བྱེད་སྒོའི་འགན་ཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་ལས། གཞན་སུས་ཀྱང་ཐེ་བྱུས་མི་ཆོག་པའི་སྐོར་གསལ་བསྒྲགས་བསྐྱངས་ཡོད་སྟབས།  ཨོ་གླིང་གཞུང་གིས་ཀྱང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད། རྒྱ་ནག་གཞུང་ལ་ཐེ་ཇུས་བྱེད་དབང་མེད་པའི་ལངས་ཕྱོགས་གཟུང་དགོས་པ་ནན་བརྗོད་དང་།  གྲོས་ཚོགས་འཐུས་མི་ཌེ་ཝིཌ་སི་མིཊ་ལགས་ཀྱིས། འདི་ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༡ བཞེས་པ་དང་། མགོན་པོ་གང་གི་ཡང་སྲིད་ཀྱི་བདག་དབང་ཡོངས་རྫོགས་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་ལ་ཡོད་སྐོར་སོགས་གསུངས་འདུག

དེ་བཞིན་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་པོ་ཀོག་ལགས་ཀྱིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་དང་ཡུ་རོབ་གྲོས་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་ཕྱིར་འཐེན་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། ཨོ་གླིང་གཞུང་ནས་ཀྱང་རྒྱ་ནག་གཞུང་ལ་གནད་དོན་དེའི་ཐོག་སེམས་འཚབ་བསྟན་དགོས་པའི་མུར། རྒྱ་ནག་གཞུང་གི་ཁྲིམས་དང་སྲིད་ཇུས་དག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཁྲི་དང་མཐུན་པར་བཟོ་དགོས་པ་དང་། གྲངས་ཉུང་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱ་དགོས་པའི་འབོད་སྐུལ་ཞུས་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་བྱོལ་བོད་མི་བློ་དགའ་རང་བཙན་ལགས་ཀྱིས་ཨ་རིར་སྐུ་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་ལ་ངོ་རྒོལ་གནང་ཡོད།

ཆུ་ཚོད་ ༩ སྔོན་ལ།
བསམ་ཚུལ།

ཁྱེད་བཞུད་ཤུལ་ན།

ཆུ་ཚོད་ ༡༤ སྔོན་ལ།
དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

༢༠༢༦/༠༧/༠༣
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

༢༠༢༦/༠༧/༠༣
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese