མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ཝང་ཧུའུ་ཉིང་ལྷ་ས་དང་མངའ་རིས་ཁུལ་དུ་ཕྱིན།

བོད་ཀྱི་དུས་བབ།
༢༠༢༦/༠༧/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ཝང་ཧུའུ་ཉིང་ཟེར་བ་བོད་ཀྱི་རྒྱལ་ས་ལྷ་ས་དང་མངའ་རིས་ཁུལ་དུ་འགྲོ་སྐབས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་ཏེ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་ཟེར་བ་གསར་འཛུགས་བྱ་དགོས་ལུགས་སོགས་བཤད་འདུག

Wang made a research tour in Tibet from July 19 to 22. [Xinhua/Liu Bin]

ཟླ་འདིའི་ཕྱི་ཚེས་ ༡༩ ནས་ ༢༢ བར་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་འགན་འཛིན་ཝང་ཧུའུ་ཉིང་(Wang Huning) ཟེར་བ་བོད་ཀྱི་རྒྱལ་ས་ལྷ་ས་དང་། ལྷ་སའི་མཐུན་སྒྲིལ་སྤྱི་གླིང་། སེ་ར་དགོན། མངའ་རིས་སྤུ་ཧྲེང་རྫོང་གི་གསེར་གཞུང་ཐང་ཆེན། རྩྭ་མདའ་རྫོང་གི་མཐོ་ལྡིང་དགོན། སྒར་རྫོང་གི་བདེ་མཆོག་མི་རིགས་གྲོང་ཚོ་སོགས་སུ་ལྟ་སྐོར་ལ་ཕྱིན་ནས། བོད་ལྗོངས་བཅོས་སྐྱོང་བྱེད་པར་ཐོག་མར་བོད་ལྗོངས་ཟེར་བ་བརྟན་ལྷིང་ཡོང་དགོས་ལུགས་དང་། བོད་ཞི་བའི་བཅིངས་གྲོལ་ཟེར་བ་ཞིག་བཏང་ནས་མི་ལོ་ ༧༥ རིང་འགྱུར་ལྡོག་བྱུང་ཡོད་ལུགས་སོགས་བཤད་འདུག་ལ། ཁོས་མངའ་རིས་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཁག་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གྲོས་ལས་ཁུངས་སུ་ཕྱིན་ནས་ལས་བྱེད་སོགས་དང་ཐུག་འཕྲད་ཀྱང་བྱས་འདུག

ཝང་ཧུའུ་ཉིང་ཟེར་བས། བོད་ཀྱི་རྒྱལ་ས་ལྷ་ས་གཙོས། མངས་རིས་སོགས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་ཟེར་བ་ཞིག་ལག་བསྟར་གཏིང་ཟབ་དང་། རྒྱ་ནག་དམག་ཤོག་ཚོགས་པའི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་བོད་ལྗོངས་ལས་དོན་ཟེར་བར་བཤད་པའི་གཏམ་བཤད་ཀྱི་སྙིང་དོན་ཟེར་བ། དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཟེར་བར་སློབ་སྦྱོང་བྱས་ཏེ། བརྟན་ལྷིང་དང་འཕེལ་རྒྱས་ཟེར་བ། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་ཟེར་བ་བཅས་ཡོང་སླད་དམ་འཛིན་ཡག་པོ་བྱ་དགོས་ལུགས་དང་།  ལོ་ལྔའི་འཆར་འགོད་ཨང་བཅོ་ལྔ་ཟེར་བའི་སྐབས་སུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཟེར་བ་ཞིག་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཡོད་རྒུ་གདོན་དགོས་ལུགས་སོགས་བཤད་འདུག

རྒྱ་ནག་གཞུང་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ལྟར་ན། ཝང་ཧུའུ་ཉིང་ཟེར་བའི་ད་ལན་གྱི་སྐོར་སྐྱོད་སྐབས། བོད་ལྗོངས་ཟེར་བ་བཅོས་སྐྱོང་བྱས་པར་ཐོག་མར་བོད་ལྗོངས་ཟེར་བ་བརྟན་ལྷིང་ཡོང་བ་དགོས་པས། ཁྲིམས་ལྟར་བོད་སྐྱོང་བླང་བྱ་ཟེར་བ་ཞིག་ལག་བསྟར་བྱས་ཏེ། སྤྱི་ཚོགས་ཀྱི་རྨང་གཞི་བརྟན་པོ་འཛུགས་དགོས་ལུགས་དང་། བོད་ཞི་བའི་བཅིངས་གྲོལ་ཟེར་བ་ཞིག་བཏང་ནས་མི་ལོ་ ༧༥ འཁོར་བའི་རིང་གངས་ལྗོངས་མཐོ་སྒང་ཟེར་བར་གནམ་ས་བླ་འོག་བསྒྱུར་བའི་འགྱུར་ལྡོག་བྱུང་ཡོད་སྟབས།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཟེར་བ་ཞིག་འཛུགས་རྒྱུ་དང༌། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ཟེར་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས་པ།  དེ་བཞིན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ལག་ལེན་དོན་འཁྱོལ་ཡག་པོ་བྱས་ཏེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་ཟེར་བ་གསར་འཛུགས་བྱ་དགོས་ལུགས་སོགས་བཤད་འདུག

ཡང་ཁོས་ཆོས་ལུགས་ཀྲུང་གོ་ཅན་བསྒྱུར་བའི་ལས་དོན་དང་འབྲེལ་ནས། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཟེར་བ་ཞིག་ཡོང་བར་ཤུགས་བརྒྱག་དགོས་པ་དང་། བོད་ཀྱི་ལོ་རྒྱུས་ཡིག་ཆ་དང་། གནའ་དཔྱད་དངོས་རྫས། རིག་གནས་ཤུལ་བཞག་སོགས་བེད་སྤྱོད་བྱས་ཏེ། མི་རིགས་སོ་སོའི་བར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཀྱི་ལས་དོན་གཉེར་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཟེར་བ་ལག་བསྟར་དགོས་ལུགས་སོགས་ཀྱང་བཤད་འདུག

རྒྱལ་ཡོངས་སྲིད་གྲོས་ཀྱི་འགན་འཛིན་ཝང་ཧུའུ་ཉིང་ཟེར་བ་དེ་ཧྲང་ཧེ་གྲོང་ཁྱེར་གྱི་མི་ཡིན་ཞིང་། ཕྱི་ལོ་ ༡༩༧༤ ལོར་རྒྱ་ནག་དགེ་འོས་སློབ་ཆེན་དུ་ཞུགས་ནས་ཧྥ་རན་སིའི་སྐད་ཡིག་སྦྱངས། ཕྱི་ལོ་ ༡༩༧༧ ལོར་ཧྥི་ཏན་ (Fudan) གཙུག་ལག་སློབ་ཆེན་གྱི་རྒྱལ་སྤྱིའི་ཆབ་སྲིད་སྡེ་ཁག་ནང་ཞུགས་ཏེ་ཧྲང་ཧེ་གྲོང་ཁྱེར་སྤྱི་ཚོགས་ཚན་རིག་སྐོར་ལ་ཞིབ་འཇུག་བྱས། སློབ་མཐར་ཕྱིན་རྗེས་སློབ་ཆེན་དེའི་ཁྲིམས་ལུགས་དགེ་རྒན་བྱས། ཕྱི་ལོ་ ༡༩༩༥ ལོར་སྐབས་དེའི་སྲིད་འཛིན་ཅང་ཙི་མེན་གྱི་བློས་ཐུབ་དཔོན་རིགས་ཀྲུང་ཆིན་ཧོང་ (Zeng Qinghong) དང་ཝུ་པན་ཀོ་ (Wu Bangguo) གཉིས་ཀྱི་ཆབ་སྲིད་ལས་རོགས་བྱས་པ་བརྒྱུད། ཕྱི་ལོ་ ༡༩༩༨ ལོར་རྒྱ་ནག་དབུས་སྲིད་ཇུས་ཉམས་ཞིབ་ཁང་གི་ཚོགས་གཞོན་དང་། ཅང་ཙི་མེན་གྱི་མཚོན་བྱེད་གསུམ་གྱི་བསམ་བློའི་སློབ་སྟོན་པ་བྱས། ཕྱི་ལོ ༢༠༠༧ ལོར་རྒྱ་ནག་དབུས་གཞུང་སྒྲུབ་ཁང་གི་དྲུང་ཆེར་བསྐོས་ཏེ། སྐབས་དེའི་སྲིད་འཛིན་ཧུའུ་ཅིན་ཐོ་ཡི་ཚན་རིག་འཕེལ་རྒྱས་ཀྱི་ལྟ་བའི་སློབ་སྟོན་པ་དང་། ཕྱི་ལོ་ ༢༠༡༢ ལོར་དབུས་རྒྱུན་ལས་ལྷན་ཚོགས་ཀྱི་འདེབས་བསྐོ་བརྒྱུད་དེ་དབུས་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དུ་བསྐོས་པར་མ་ཟད། སྐབས་དེ་ནས་བཟུང་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་དཔོན་རིགས་ཚོའི་གྲས་ནས་ཞི་ཅིན་ཕིན་གྱི་བློས་ཐུབ་སློབ་སྟོན་པར་གྱུར་ཡོད། ད་ལྟ་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་འགན་འཛིན་ཡང་ཡིན།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

ཆུ་ཚོད་ ༨ སྔོན་ལ།
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

ཆུ་ཚོད་ ༩ སྔོན་ལ།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

ཆུ་ཚོད་ ༡༠ སྔོན་ལ།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་པར།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས་བྱས།  

༢༠༢༦/༠༩/༢༢
 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

༢༠༢༦/༠༩/༢༢
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

༢༠༢༦/༠༩/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese