མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

བོད་ཀྱི་དུས་བབ།
༢༠༢༦/༠༧/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཝི་ཀི་རམ་མཆོག་གི་རྒྱ་ནག་གི་ཕྱོགས་སྐྱོད་དང་བསྟུན། རྒྱ་དཀར་ནག་གཉིས་ཀྱིས་ཧིན་བོད་མཐའ་མཚམས་སུ་བརྟན་བརླིང་དང་བདེ་འཇགས་ཡོང་ཐབས་སླད་འགན་འཁུར་དགོས་པའི་སྐོར་གླེང་སློང་གནང་།

Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China .July 27, 2026,

ཁ་སང་ཕྱི་ཚེས་ ༢༧ ཉིན་ནས་ ༢༩ བར་ཉིན་གྲངས་གསུམ་རིང་རྒྱ་གར་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ཝི་ཀི་རམ་(Vikram Misri) མཆོག་གིས་རྒྱ་ནག་གི་རྒྱལ་ས་པེ་ཅིན་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་གནང་མུས་ཡིན་པ་དང་བསྟུན། དེ་རིང་རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་ཧུ་( Hua Chunying) ཟེར་བ་དང་རྒྱ་ནག་གཞུང་གི་གནད་ཡོད་མི་སྣ་ཁག་ཅིག་ལ་ཐུག་འཕྲད་བྱས་འདུག་ལ། ཁ་སང་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་སྤྱིའི་སྡེ་ཚན་(CPC) གྱི་འགན་འཛིན་གཞོན་པ་སན་ཧི་ཡན་(Sun Haiyan) དང་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱི་རིག་གཞུང་བརྗེ་ལེན་གྱི་སྲིད་ཇུས་དང་། ཚོང་དོན་སྔར་ལས་ལྷག་སྐྱེད་ཐབས། ཧིན་བོད་མཐའ་མཚམས་ཁུལ་གྱི་བརྟན་བརླིང་བཅས་སོགས་ཀྱི་ཐད་ལ་གྲོས་མོལ་བྱས་ཡོད་འདུག

གནད་དོན་དེ་དང་འབྲེལ་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་རྟེན་གཞི་བྱས་པའི་རྒྱ་གར་གཞུང་ཚབ་ཁང་གིས། ཕྱོགས་གཉིས་ཀྱི་འབྲེལ་ལམ་ཐད་བསྐྱར་ཞིབ་བྱས་པ་དང་། མཉམ་ལས་དང་མགོ་ཁྲིད་ཀྱི་འབྲེལ་འདྲིས་སོགས་གོང་མཐོར་གཏོང་ཐབས། དཔལ་འབྱོར་དང་ཚོང་དོན་གྱི་འབྲེལ་ལམ་དང་། རིག་གཞུང་། མི་མང་བར་གྱི་བརྗེ་རེས་བཅས་ལ་ཕན་ཚུན་ཕན་འབྲས་ཡོང་ཐབས་དང་། ཕྱོགས་གཉིས་གྱིས་ཧིན་བོད་ས་མཚམས་ཁུལ་དུ་ཞི་བདེ་དང་ལྷིང་འཇགས་རྒྱུན་འཁྱོངས་བྱ་རྒྱུའི་གལ་ཆེའི་རང་བཞིན་སོགས་ཀྱི་ཐད་གླེང་སློང་གནང་ཡོད་སྐོར་བསྒྲགས་འདུག

འདས་ལོར་རྒྱ་གར་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཝི་ཀི་རམ་ (Vikram Misri) མཆོག་གིས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ཟེར་བ་དང་ཐུག་འཕྲད་བྱས་ཏེ། རྒྱ་དཀར་ནག་གཉིས་ཀྱི་མཉམ་ལས་ཀྱི་ནུས་པ་སྐྱེད་ཐབས་དང་འབྲེལ་ལམ་སྲ་བརྟན་ཡོང་ཐབས་ཟེར་བ་ཞིག་གི་འོག་ནས། རྒྱ་ནག་གིས་རྒྱ་གར་གྱི་གནས་མཇལ་བ་རྣམས་བོད་ཀྱི་གངས་རིན་པོ་ཆེར་གནས་མཇལ་གཏང་རྒྱུ་དང་། རྒྱ་དཀར་ནག་གཉིས་ཀྱི་མཁའ་ལམ་སྒོ་ཕྱེ་ནས་གནམ་གྲུ་ཤར་གཏོང་བྱ་རྒྱུ་སོགས་ཚུད་པའི་མཉམ་ལས་ཀྱི་ཐད་ལ་གྲོས་མཐུན་སོགས་ཀྱི་ཐད་ལ་གྲོས་མོལ་བྱས་ཡོད་ཅིང་། སྐུ་ཞབས་ཝི་ཀི་རམ་མཆོག་གིས་དེ་སྔ་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་པ་གནང་མྱོང་སྟབས། ཕྱོགས་ཡོངས་ནས་རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་དང་། ལྷག་པར་རྒྱ་ནག་གི་གནད་ཡོད་མི་སྣ་ཁག་ལ་འབྲེལ་བ་ཡོད་པའི་རྒྱ་གར་གྱི་ཆེས་མཐོའི་དཔོན་རིགས་ཤིག་ཏུ་ངོས་འཛིན་གནང་གི་ཡོད།

ཉེ་ལམ་ཨེ་ཤ་ཡའི་ལྷོ་རྒྱུད་ཀྱི་ཧྥི་ལི་པེན་སི་རྒྱལ་ཁབ་ཀྱི་རྒྱལ་ས་མ་ནི་ལ་(Manila) རུ་བསྡུས་པའི་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་གྱི་ཚང་འཛོམས་དང་བསྟུན། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་རྒྱ་གར་ཕྱི་སྲིད་བློན་ཆེན་ཇེ་ཤར་གར་(Jaishankar ) མཆོག་གིས་རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡི་དང་ཐུག་འཕྲད་བགྱིས་ཏེ། ཕྱི་ལོ་ ༢༠༢༤ ལོར་ཕྱོགས་གཉིས་ཀྱི་མགོ་ཁྲིད་གཉིས་བྷིག་སི་ (BRICS) ཚོགས་ཆེན་ཐོག་ཐུག་འཕྲད་སྐབས་ཀྱི་གྲོས་མོལ་གཞིར་བཞག་ནས་ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་ནུས་པ་ཇེ་མཐོར་གཏང་རྒྱུ་སོགས་ཀྱི་སྐོར་ལ་གླེང་སློང་བྱས་ཡོད་ཅིང་། དེ་དང་འབྲེལ་ནས་སྐུ་ཞབས་ཇེ་ཤང་གར་མཆོག་གིས། ང་ཚོས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཁེ་ཕན། ཕན་ཚུན་ཚོར་ཤེས་བཅས་ཀྱི་རྨང་གཞིའི་ཐོག་བརྟན་བརླིང་དང་མཉམ་ལས་ཀྱི་འབྲེལ་བ་ཡག་ཤོས་འཕེལ་རྒྱས་གཏོང་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད། འདི་ལྟ་བུའི་འབྲེལ་བ་ཡིས་མང་སྣ་ཅན་གྱི་ཨེ་ཤ་ཡ་( multi-polar Asia) དང་མང་སྣ་ཅན་གྱི་འཛམ་གླིང་ལ་(multi-polar world) རིན་ཐང་ལྡན་པའི་ཞབས་འདེགས་སྒྲུབ་ཐུབ། ཅེས་གསུངས་འདུག

ད་བར་རྒྱ་དཀར་ནག་གཉིས་བར་ཧིན་བོད་མཐའ་མཚམས་ཁུལ་དུ་རྩོད་རྙོག་ཡང་ཡང་འབྱུང་གི་ཡོད་ཅིང་། ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༥ ཉིན་བོད་དང་རྒྱ་གར་གྱི་ས་མཚམས་སུ་ཁེལ་བའི་གྷལ་ཝན་ལུང་གཞོངས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་དྲག་པོའི་འཁྲུག་འཛིང་ཤོར་ཏེ། རྒྱ་གར་གྱི་མཐའ་སྲུང་དམག་མི་ ༢༠ དང་རྒྱ་ནག་གི་མཐའ་སྲུང་དམག་མི་ ༤ ཡི་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་ཐོན།  ཕྱོགས་གཉིས་བར་ཐེངས་མང་པོར་གྲོས་མོལ་བྱས་ཡོད་ཀྱང་དོན་འབྲས་དེ་ཙམ་ཐོན་མེད་པར་བརྟེན་འཁོན་འཛིང་ཆེ་རུ་ཕྱིན་ཏེ། འདས་པའི་ལོ་ཤས་རིང་རྒྱ་དཀར་ནག་གཉིས་བར་ཧིན་བོད་མཐའ་མཚམས་ཁུལ་དུ་གདོང་ཐུག་ཡང་ཡང་བྱུང་ནས་གནས་སྟངས་ཛ་དྲག་ཅན་དུ་གྱུར།

དེ་བཞིན་ཕྱོགས་གཉིས་ནས་མཐའ་མཚམས་བརྟན་སྲུང་ཆེད་གཞུང་ལམ་དང་དམག་དོན་ལྟེ་གནས་སྔར་ལས་མང་པོ་འཛུགས་སྐྲུན་བྱས་ཏེ་དམག་དོན་ནུས་པ་གོང་སྤེལ་དུ་གཏོང་བཞིན་ཡོད་པ་མ་ཟད། ཉེ་ཆར་རྒྱ་ནག་གཞུང་གིས་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་རྒྱལ་ཁབ་གཉིས་ཀྱི་ས་མཚམས་ས་ཐིག་ (LAC) ལས་སྤྱི་ལེ་འགའ་ཤས་ཀྱི་ས་ཆར་གྲོང་ཚོ་ཞིག་གསར་འཛུགས་དང་། དེ་བཞིན་རྒྱ་ནག་གིས་སུ་བྷན་སི་རུ་སྟེང་མ་(Upper Subansiri ) རྫོང་ཁུལ་དུ་གཞུང་ལམ་གསར་རྒྱག་གིས་རླངས་འཁོར་ཤར་གཏོང་བྱེད་མུས་ཡིན་ལ། རྒྱ་གར་གྱིས་ཀྱང་ལ་དྭགས་རང་སྐྱོང་གི་མཐའ་མཚམས་བྱང་ཐང་ཁུལ་གྱི་ཆུ་དམར་ས་ཁུལ་དུ་རྒྱལ་སྲུང་བདེ་འཇགས་དང་། ཡུལ་མིའི་འཚོ་གནས་བརྟན་སྲུང་གི་སླད་དུ་གྲོང་ཚོ་ཐོག་མ་དེ་གསར་འཛུགས་ཀྱི་རྨང་རྡོ་འཇོག་ཡོད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

ཆུ་ཚོད་ ༥ སྔོན་ལ།
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤
Wang made a research tour in Tibet from July 19 to 22. [Xinhua/Liu Bin]
Mobile App

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ཝང་ཧུའུ་ཉིང་ལྷ་ས་དང་མངའ་རིས་ཁུལ་དུ་ཕྱིན།

༢༠༢༦/༠༧/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese