མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

བོད་ཀྱི་དུས་བབ།
༢༠༢༦/༠༨/༢༧
Share on FacebookShare on TwitterShare on EmailShare on Whatsapp

ནང་སྲིད་བཀའ་བློན་མཆོག་གིས་ད་ལྟའི་མཉམ་འབྲེལ་གྱི་འགན་འཛིན་ལྷན་ཚོགས་ཀྱིས་ད་སྔ་བར་མཉམ་འབྲེལ་ལ་འཕྲད་པའི་དཀའ་ངལ་ཁག་ལ་ཕྱིར་མིག་བལྟས་ཏེ། མ་འོངས་པར་ཡར་རྒྱས་ཀྱི་གོམ་ཁ་སྤོ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།

བོད་མིའི་སྤྱི་མཐུན་མཉམ་འབྲེལ་བཅོ་ལྔའི་ལོ་འཁོར་འཛིན་སྐྱོང་ཐེངས་ཚོགས་ཆེན་ཐེངས་ ༢༥ པ། པར་དབང་། བོད་ཀྱི་དུས་བབ། ༢༠༢༦།༨།༢༧

དེ་རིང་ཕྱི་ཚེས་ ༢༧ ནས་ ༣༠ བར་ཉིན་གྲངས་ ༤ རིང་དྷ་ས་བོད་མིའི་མཉམ་འབྲེལ་གྱི་གོ་སྒྲིག་འོག བོད་མིའི་སྤྱི་མཐུན་མཉམ་འབྲེལ་བཅོ་ལྔའི་ལོ་འཁོར་འཛིན་སྐྱོང་ཐེངས་ཚོགས་ཆེན་ཐེངས་  ༢༥ པ་འཚོག་གི་འདུག དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོར། སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག དེ་བཞིན་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཁྲིམས་ཞིབ་པ་གཞན་འཕགས་པ་ཚེ་རིང་མཆོག་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། སྤྱི་འཐུས་རྒྱུན་ལས་རྣམ་པ་དང་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། དེ་བཞིན་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་པདྨ་བདེ་ལེགས་ལགས་དང་འགན་འཛིན་ཚེ་རིང་ནོར་བུ་ལགས་གཉིས་གཙོ་བྱས་པའི་ས་གནས་མཉམ་འབྲེལ་ཁག་བཅོ་ལྔ་ཡི་ཚོགས་གཙོ་དང་དྲུང་ཆེ་རྣམ་པ་བཅས་འཛོམས་འདུག

སྐབས་དེར་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས། ཕྱི་ལོ་ ༢༠༢༦ ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུག་ཁྲོད་བརྒྱ་ཆ་རྩེ་ཕུད་སོན་པའི་ཤེར་བདག་གི་སློབ་མ་བསྟན་འཛིན་ནོར་བུ་ལགས་སུ་གཟེངས་རྟགས་དང་ཕྱག་འཁྱེར་ཕུལ་བ་དང་། ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གིས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་དྲ་ཚིགས་གསར་བ་དབུ་འབྱེད། ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་གིས། སྤྱི་མཐུན་མཉམ་འབྲེལ་གྱི་རྩིས་ལོ་ ༢༠༢༥་་་༢༠༢༦ ལོའི་གཙང་ཁེ་ནས་ཆ་ཤས་ཧིན་སྒོར་འབུམ་ ༤༥ སྒྲིག་གཞི་དང་གྲོས་ཆོད་དགོངས་དོན་བཞིན་ས་གནས་ཤས་བདག་མཉམ་འབྲེལ་ཁག་ལ་བགོས་འགྲེམས་བཅས་གནང་སོང་།

བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་པདྨ་བདེ་ལེགས་ལགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཚོགས་ཆེན་ལ་བསྩལ་བའི་བཀའ་སློབ་ཅིག་སྒྲོག་སྦྱངས་གནང་བའི་ནང་། བཙན་བྱོལ་སྤྱི་ཚོགས་ཀྱི་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཏེ་ལོ་ ༢༡ འཁོར་བ་དང་བསྟུན་ས་གནས་བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་ལོ་འཁོར་འཛིན་སྐྱོང་ཚོགས་ཆེན་ཐེངས་ཉེར་ལྔ་པ་འཚོགས་བཞིན་ཡོད་པའི་ཚོགས་ཞུགས་རྣམས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང༌། ཚོགས་འདུ་དམིགས་དོན་བཞིན་ལེགས་སྒྲུབ་ཡོང་བའི་སྨོན་འདུན་ཡོད།

སྤྱི་མཐུན་མཉམ་འབྲེལ་གྱི་དམིགས་ཡུལ་གཙོ་བོ་བོད་མིའི་འཚོ་རྟེན་དཔལ་འབྱོར་བརྟན་པོའི་ངང་ཡར་རྒྱས་གོང་འཕེལ་ཡོང་ཐབས་བྱ་རྒྱུ་འདི་ཡིན་གཤིས། དེའི་ཐད་ད་ཕན་ཚང་མས་ལྷག་བསམ་ཆེར་བསྐྱེད་ཀྱིས་འབད་བརྩོན་ཇི་ལྟར་བྱས་པ་དང་གྲུབ་འབྲས་ཇི་བྱུང་བཅས་ཀྱི་ལོ་རྒྱུས་གསལ་འཁོད་ཀྱི་དུས་དེབ་པར་རིགས་བཅས་པ་ཞིག་པར་སྐྲུན་བྱ་འཆར་དེར་གསལ་བས་ཞིབ་བརྗོད་མི་དགོས། སླད་ཕྱིན་དཔལ་འབྱོར་མཉམ་འབྲེལ་གྱི་གཞི་རྩའི་ཐོག་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་། གཅིག་ཕན་གཅིག་རོགས། ཐུན་མོང་ཡར་རྒྱས་གོང་འཕེལ། ཡུལ་མིར་མཐུན་གཤིབ། ལས་དོན་དྲང་བདེན། ཉམ་ཐག་ལ་ལྟ་སྐྱོང་སོགས་གང་ཅི་སྤྱི་ཚོགས་ཀྱི་མིག་དཔེར་འོས་པ་བྱ་གལ་ཡིད་འཇགས་འཚལ། ཞེས་གསུངས་འདུག

བོད་མིའི་སྤྱི་མཐུན་མཉམ་འབྲེལ་བཅོ་ལྔའི་ལོ་འཁོར་འཛིན་སྐྱོང་ཐེངས་ཚོགས་ཆེན་ཐེངས་ ༢༥ པ། པར་དབང་། བོད་ཀྱི་དུས་བབ། ༢༠༢༦།༨།༢༧

ཚོགས་གཙོ་པདྨ་བདེ་ལེགས་ཀྱིས་འདི་གའི་གསར་འགོད་པར་ཐེངས་འདིའི་ཚོགས་ཆེན་སྟེང་གྲོས་བསྡུར་ག་རེ་གནང་འཆར་ཡོད་མེད་ཐད།  ཐེངས་སྔོན་མའི་ཚོགས་ཆེན་གྱི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་བགྱིས་ཏེ་མཇུག་སྐྱོང་དགོས་རིགས་དང་། ལག་བསྟར་ཐུབ་པ་དང་མ་ཐུབ་པའི་གནད་དོན་ལ་བསྐྱར་ཞིབ། མཉམ་འབྲེལ་བཅོ་ལྔ་རེ་རེ་ཡིས་འདས་པའི་ལོ་གཅིག་རིང་གི་ལས་བསྡོམས་དང་རྩིས་ཁྲ་སྙན་སྒྲོན་ཞུ་དགོས་པ་དང་དེར་མཉམ་འབྲེལ་གཞན་གྱིས་དོགས་འདྲི་ཞུས་ཏེ། དེ་ལས་མ་འགྲིག་པའི་རིགས་མ་འོངས་པའི་ཚོགས་ཆེན་སྐབས་གྲོས་འཆར་དུ་འཁྱེར་དགོས་ཀྱི་ཡོད། གཙོ་ཆེ་ཤོས་ནི་མཉམ་འབྲེལ་གྱི་ལས་དོན་བྱེད་ཕྱོགས་ཡར་རྒྱས་དང་ཚགས་ཚུད་གཏོང་ཐབས་རེད། ཤེར་བདག་མི་མང་ལ་ཞབས་ཞུ་ཞུ་སྟངས་ཐད་འཐུས་ཤོར་ཕྱིན་པ་དང་སྐྱོན་ག་རེ་ཡོད་མེད་སོགས་ཀྱི་ཐོག་གྲོས་བསྡུར་དང་བགྲོ་གླེང་བྱས་ཏེ། མ་འོངས་པར་ལས་དོན་དེ་ཚོ་ཡར་རྒྱས་གཏོང་ཐབས་སྐོར་རེད། ཅེས་བརྗོད་བྱུང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས། ༧གོང་ས་མཆོག་གི་བཀའ་སློབ་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དགོས་པ་གསལ་འདུག མཉམ་འབྲེལ་དེ་གཙོ་བོ་སེམས་ཀྱི་ནང་ནས་མཐུན་སྒྲིལ་དགོས་པར་༧གོང་ས་མཆོག་གིས་བཀའ་གནང་འདུག དེ་མེད་པ་ཡིན་ན། སྐྱོ་བོ་དེ་སྐྱོ་བོ་རང་འཇགས་ལྷག་གི་ཡོད་པ་དང་ཕྱུག་པོ་ཕྱུག་པོར་གྱུར་ནས་འགྲོ་བཞིན་ཡོད་པས། སྐྱོ་བོའི་སྡུག་བསྔལ་ཕྱུག་པོས་ཤེས་རྟོགས་མ་ཐུབ་པའི་དབང་གིས་མཉམ་འབྲེལ་གྱི་དགོས་དམིགས་གཙོ་བོ་འགྲུབ་ཀྱི་མེད་པའི་གནས་སྟངས་ཆགས་ཀྱི་ཡོད། ཅེས་དང་།  ཕྱི་ལོ་ ༡༩༦༠ ནང་༧གོང་ས་མཆོག་གི་བཀའ་དགོངས་འོག་མི་རབས་རྒན་པ་ཚོར་ཤེས་ཡོན་མེད་ཀྱང་། སྤྱི་པའི་ལས་དོན་ལ་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཧུར་ཐག་ཞུས་ཏེ་མཉམ་འབྲེལ་རྒྱུན་སྐྱོང་ཐུབ་པ་དང་། མཚམས་ལ་རེར་རྩིས་ཁྲ་དང་འབྲེལ་ནས་གཞུང་གི་དངུལ་ཕྱིར་རྩིས་སྤྲོད་མ་ཐུབ་པའི་གནས་སྟངས་བྱུང་ཡོད་ཀྱང་། ཕྱི་ལོ་ ༢༠༠༥ ལོ་ནས་བཟུང་སྤྱི་མཐུན་མཉམ་འབྲེལ་ཁྲིམས་མཐུན་གྱི་ངོ་བོར་བསྒྱུར་ཐུབ་ནས་ཁྲིམས་ཀྱི་དབང་སྒྱུར་འོག་འགྲོ་བཞིན་ཡོད་པས། ད་ལྟ་ཤེར་བདག་མི་མང་གིས་འཛིན་སྐྱོང་འགན་འཛིན་དང་རྩིས་པ་སོགས་ལས་ཀྱི་སྣེ་མོ་བ་འདེམས་སྒྲུག་བྱེད་སྐབས་ཚད་མཐོའི་ལག་འཁྱེར་ཡོད་མེད་ཙམ་ལ་མ་བལྟས་པར་ཕྱོགས་ཡོངས་ནས་མགོ་ཁྲིད་མི་སྣ་ཚད་ལྡན་འདེམས་རྒྱུ་གལ་ཆེན་ཡིན་པ་དང་། མཉམ་འབྲེལ་ཁག་གི་ཁྲིམས་ཚད་ལྡན་ཡིན་ཡང་། དེང་སྐབས་ལྷག་བསམ་ཉམས་བཞིན་པའི་སྐབས་འདིར་མཉམ་འབྲེལ་གྱི་དངུལ་འཁྱེར་ནས་བྲོས་མཁན་ཡོད་སྟབས། འཛིན་སྐྱོང་དང་ཤེར་བདག་མི་མང་གིས་སོ་སོའི་ཐོབ་ཐང་དང་འགན་འཁྲིར་ཤེས་རྟོགས་ལྡན་པའི་ཐོག་ནས་མཉམ་འབྲེལ་གྱི་ལས་དོན་རྒྱུན་སྐྱོང་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་གིས། འཛིན་སྐྱོང་ཟེར་ན། ལས་བྱེད་ཚོ་ཞོགས་པའི་ཆུ་ཚོད་དགུ་པ་ནས་ལྔ་བའི་བར་ལས་ཀར་རྗེས་འདེད་གཏོང་མཁན་དང་། ལས་དོན་འཐུས་ཤོར་ཕྱིན་པར་ངོས་འཛིན་ཐུབ་པ་དང་གསར་བཏོད་ཀྱི་ལས་ལ་རིག་པ་སྒྲིམ་ཞིང་ཞུགས་ཐུབ་མཁན་ཞིག་ཡིན་དགོས་པ་ལས། ལས་ཀར་སྒུག་པའི་ལས་བྱེད་རྐྱང་ཡིན་ཚེ། ལས་ཁུངས་དེ་དུས་ནམ་ཡང་ཡར་རྒྱས་འགྲོ་མི་སྲིད། དྲུང་ཆེ་ཚོར་ལྷག་བསམ་རྣམ་དག་ཨང་དང་པོ་དང་། གཉིས་པ་དེ་ལས་ཀའི་དཀའ་རྙོག་གི་ཆེ་ཆུང་ལ་མ་བལྟས་པར་ཐབས་ལམ་བཙལ་ནས་མྱུར་དུ་ཐག་གཅོད་ལེན་ཐུབ་རྒྱུ་གལ་ཆེན་ཡིན། དྲུང་ཆེས་ཐག་གཅོད་ལེན་མ་ཐུབ་ཚེ་ལས་དོན་འཕར་འགྱང་གིས་འཐུས་ཤོར་འགྲོ་ཡི་ཡོད། ཅེས་དང་། མཉམ་འབྲེལ་གྱིས་ཁྲིམས་ལུགས་གཞིར་བཞག་ཐོག་ཕྱག་ལས་མ་གནང་བ་ཡིན་ན། སྦན་རྡ་རའི་དཀའ་ངལ་དེ་མིས་བཟོས་ཤིང་ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་ཡིན་པ་དང་། ཏི་ཛུའི་ནང་ཡོད་པའི་དཀའ་ངལ་དེ་ཡང་ལྐོག་ཟ་རུལ་སུངས་ཡིན་པ་དང་ལས་བྱེད་ཀྱིས་བཟོས་པའི་དཀའ་ངལ་རེད། ད་རེས་ཧོན་སུར་ནང་འཕྲད་བཞིན་པའི་དཀའ་ངལ་དེ་ཡང་ཁྲིམས་ལུགས་བཞིན་ལས་དོན་མ་བསྒྲུབས་པའི་དབང་གིས་བྱུང་བ་རེད། ཅེས་དང་། ད་ལྟའི་མཉམ་འབྲེལ་གྱི་འགན་འཛིན་ལྷན་ཚོགས་ཀྱིས་འདས་པའི་འགན་ལྷན་རིམ་པ་བརྒྱུད་ད་སྔ་བར་མཉམ་འབྲེལ་ལ་འཕྲད་པའི་དཀའ་ངལ་ཁག་ལ་ཕྱིར་མིག་བལྟས་ཏེ། མ་འོངས་པར་ཡར་རྒྱས་ཀྱི་གོམ་ཁ་སྤོ་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

བོད་མིའི་སྤྱི་མཐུན་མཉམ་འབྲེལ་བཅོ་ལྔའི་ལོ་འཁོར་འཛིན་སྐྱོང་ཐེངས་ཚོགས་ཆེན་ཐེངས་ ༢༥ པ། པར་དབང་། བོད་ཀྱི་དུས་བབ། ༢༠༢༦།༨།༢༧

སྤྱི་མཐུན་མཉམ་འབྲེལ་གྱི་ལས་བསྡོམས་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་འོག་ས་གནས་མཉམ་འབྲེལ་ཁག་ནས་༸རྒྱལ་བའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་གཙི་ཞུས་ཡོད་ཅིང་།  ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༡༥ ཉིན་བོད་མིའི་སྤྱི་མཐུན་མཉམ་འབྲེལ་དང་ས་གནས་མཉམ་འབྲེལ་ཁག་ནས་ ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་ཟངས་གསེར་ལས་གྲུབ་པའི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུ་འདྲ་ཞིག་ཕུལ་བ་དང་།  ནང་སྲིད་ལས་ཁུངས་བརྒྱུད་མ་ན་ལི་བོད་མིའི་སྡོད་སྒར་དུ་ཆུ་ལོག་གི་འཇིགས་པ་བྱུང་བར་ཛ་དྲག་ཞལ་འདེབས་ཧིན་སྒོར་འབུམ་བརྒྱད།  སྦན་རྡ་ར་ས་གནས་མཉམ་འབྲེལ་གྱི་དཀའ་སེལ་ཆེད་ཧིན་སྒོར་འབུམ་ ༢༣ གྱི་རོགས་སྐྱོར། དེ་བཞིན་ར་ཝང་ལ་མཉམ་འབྲེལ་གྱི་དཀའ་སེལ་ཆེད་ཧིན་སྒོར་འབུམ་ ༥ ཡི་རོགས་སྐྱོར། ལ་དྭགས་དང་ཧོན་སུར། ཨོ་རི་ཤ་བཅས་ལ་འབྱུང་བའི་གནོད་འཚེ་བྱུང་སྐབས་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་ཧིན་སྒོར་འབུམ་ ༥ བཅས་འབུལ་ཐུབ་པ་བྱུང་འདུག་ལ། ལོ་རེར་བོད་མིའི་སྒྲིག་འཛུགས་ལ་གཙང་ཁེ་བརྒྱ་ཆ་ ༡༥ ཕུལ་དང་འབུལ་མུས་རེད་འདུག

བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནི་ཕྱི་ལོ་ ༢༠༠༥  ཟླ་ ༤ ཚེས་ ༢༠ ཉིན་རྒྱ་གར་གྱི་ཕྱི་ལོ་ ༢༠༠༢ ལོའི་ (Multi-State Co-operative Society Act) ཁྲིམས་ལ་དེབ་སྐྱེལ་བྱས་ཏེ་ཁྲིམས་མཐུན་དབུ་བརྙེས་པ་ནས།  ཕྱི་ལོ་ ༢༠༠༥ ལོའི་བར་དཔལ་འབྱོར་ལས་ཁུངས་ཀྱིས་འཛིན་སྐྱོང་བྱེད་བཞིན་པའི་རྡ་ས་བོད་ཀྱི་གསོལ་མགྲོན་ཁང་དང་། སྒང་ཏོག་བོད་ཀྱི་གསོལ་མགྲོན་ཁང་གཉིས་སྤྱི་མཐུན་མཉམ་འབྲེལ་གྱིས་རྩིས་ལེན་ཞུས།  ཕྱི་ལོ་ ༢༠༠༦ ལོར་ནང་སྲིད་ཀྱིས་འཛིན་སྐྱོང་གནང་བཞིན་པའི་ལྡི་ལི་ཕྱིར་ཚོང་ཁང་ཡང་རྩིས་ལེན་ཞུས།  ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༩ ཉིན་ཀར་ན་ཊ་ཀ་མངའ་གཞུང་གི་མཐུན་སྦྱོར་འོག་སྦང་ལོར་ནང་ས་ཆ་ཕི་ཊི་གྲུ་བཞི་མ་ ༢༧༠༠༠ ཞུ་ཐུབ་ཡོད་པ་དེའི་སྟེང་དུ། དབུས་ལས་ཁུངས་དང་ལས་ཤག མགྲོན་ཁང་བཅས་ཐོག་བརྩེགས་གསུམ་ཅན་ཞིག་དབུ་འབྱེད་གནང་བ་དང་།  ཕྱི་ལོ་ ༢༠༡༡ ལོར་སྦེལ་ཀོབ་ཏུ་དེའི་ཡན་ལག་སྡེ་ཚན་གསར་འཛུགས་གནང༌། ཕྱི་ལོ་ ༢༠༡༧ ལོར་སྦེལ་ཀོབ་ཏུ་གནའ་སྲོལ་གྱི་སྤོས་བཟོ་ཁང་གསར་འཛུགས་གནང་། ཕྱི་ལོ་ ༢༠༢༢ ལོར་སྦེལ་ཀོབ་ཏུ་བོད་ཀྱི་གསོལ་མགྲོན་ཁང་ཞེས་པ་ཞིག་སྒོ་འབྱེད་གནང་། ཕྱི་ལོ་ ༢༠༢༣ ལོར་སྦེལ་ཀོབ་ཏུ་ཆུ་སྐྱལ་ས་(Swimming pool) ཞིག་གསར་བཟོ་བྱས། ཕྱི་ལོ་ ༢༠༢༥ ལོར་སྦེལ་ཀོབ་ཏུ་དེང་དུས་ཀྱི་ཁྱད་ཆོས་ཚང་བའི་བསིལ་ཁང་ངམ་མགྲོན་ཁང་ཞིག་གསར་དུ་སྒོ་འབྱེད་བྱས་པ་དང་། ཕྱི་ལོ་ ༢༠༢༢ ལོར་ལྡི་ལི་བསམ་ཡས་གླིང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་མགྲོན་ཁང་ཞིག་ལོ་དགུའི་རིང་བོགས་གཡར་ཐོག་གན་ཡིག་བླངས་ཏེ་སྒོ་འབྱེད་བྱས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༢ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༦ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese