མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

བོད་ཀྱི་དུས་བབ།
༢༠༢༦/༠༩/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་དྲུག་ལས། དོན་ཚན་ལྔ་པ་མར་ཟགས་ཀྱང་དོན་ཚན་གཞན་ལྔ་སྤྱི་མོས་ཐོག་གཏན་འབེབས་བྱུང་སོང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།

དེ་རིང་ཕྱི་ཚེས་ ༢༡ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་ལྔ་པར། བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་སྒྲོག་སྦྱང་དང་། གྲོས་ཆོད་གྲོས་འཆར་དེ་དག་དང་འབྲེལ་ནས་བགྲོ་གླེང་བྱས་ཡོད་ཅིང་། སྐབས་དེར་སྤྱི་འཐུས་རྒྱུན་ལས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་འབྲེལ་བའི་གྲོས་ཆོད་དོན་ཚན་དྲུག་བསྣམས་ཕེབས་པའི་ཁྲོད། དོན་ཚན་ལྔ་པ་མར་ཟགས་ཀྱང་། གཞན་དོན་ཚན་ལྔ་པོ་སྤྱི་མོས་ཐོག་གཏན་འབེབས་བྱུང་སོང་།

དེ་རིང་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་དོན་ཚན་ལྔ་པ་དང་འབྲེལ་ནས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བཀའ་ཤག་ལ་ད་ལྟའི་གྲོས་ཚོགས་ཀྱི་ལས་རིམ་འགྲོ་སྟངས་དེ་བཅའ་ཁྲིམས་ཀྱི་འགྲོ་ལུགས་བཞིན་ཏག་ཏག་ཅིག་བསྡད་ཡོད་མེད་ཀྱི་བསམ་ཚུལ་ཤུགས་ཆེན་ཞིག་ཡོང་གི་འདུག གནད་དོན་དེ་འདྲ་ཞིག་གི་རྒྱུ་མཚན་ལ་བརྟེན་ནས་གྲོས་ཚོགས་སུ་ཐག་གཅོད་ཅིག་བྱུང་། ཡང་ཁྲིམས་ཞིབ་ཁང་ལ་འགྲོ་དགོས་པའི་གནད་དོན་དེ་འདྲ་ཆགས་མི་སྲིད་པ་མ་རེད་བསམ་པའི་ཐོག་ནས། དེའི་སྔོན་གྱི་ལས་རིམ་ལའང་ཞུས་པ་ཡིན། གྲོས་འཆར་ཚུད་དང་མ་ཚུད་མ་གཟིགས་པའི་སྔོན་ལ་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཞིག་དང་འབྲེལ་བའི་ཐོག་ནས། ནང་དོན་གྱི་ཆ ནས་བལྟས་ན་སྲིད་ཇུས་ཀྱི་འགྱུར་བ་ཆགས་འདུག་ཅེས་ཞུས་པ་ཡིན། བཅའ་ཁྲིམས་དོན་ཚན་ ༥༦ དང་རང་བཞིན་གྱིས་འབྲེལ་བ་ཆགས་ཡོད་རེད། དེ་རིང་གི་གཞུང་འབྲེལ་གྱི་མགོ་བརྗོད་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་རེད། གྲོས་ཆོད་ཀྱི་ནང་དོན་ལ་བལྟས་ཡོང་དུས། ལྷག་པར་དུ་དོན་ཚན་ལྔ་པ་ལྟ་བུ་ནི་སྲིད་ཇུས་ཀྱི་འགྱུར་བ་དང་འབྲེལ་བ་ཆགས་འདུག ཡང་མིན་ན་གསལ་བོ་བཟོ་དགོས་འདུག ད་ལྟའི་གྲོས་ཆོད་གྲོས་འཆར་གྱི་ངོ་བོ་གང་ཡོད་པ་དེ་ཕྱིན་པ་ཡིན་ན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ལངས་ཕྱོགས་ལ་འགྱུར་བ་འགྲོ་ཡི་ཡོད་མིན་དང་། སྲིད་ཇུས་ལངས་ཕྱོགས་ལ་འགྱུར་བ་འགྲོ་ཡི་ཡོད་པ་ཡིན་ན། ངེས་པར་དུ་བཅའ་ཁྲིམས་དོན་ཚན་ ༥༦ འོག་ནས་འགྲོ་དགོས་ཀྱི་ཡོད་རེད། བཅའ་ཁྲིམས་དོན་ཚན་ ༥༦ ཆེད་མངགས་དེའི་ཆེད་དུ་བཟོས་པ་རེད། བསྐྱར་དུ་དྲན་གསོ་ཞུ་རྒྱུ་ཞིག་ལ། བཅའ་ཁྲིམས་དོན་ཚན་ ༥༦ པ་མང་ཚོགས་ལ་མང་མོས་ཐག་གཅོད་བྱུང་བ། བོད་དང་བོད་མིའི་རྩ་དོན་དང་འབྲེལ་བའི་གལ་ཆེའི་སྲིད་ཇུས་གཏན་འབེབས་ཆེད། སྤྱི་འཐུས་ལྷན་ཚོགས་སུ་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་བྱུང་བའམ། དེ་མིན་བཀའ་ཤག་དང་སྤྱི་འཐུས་རྒྱུན་ལས་ལྷན་འཛོམས་ཀྱི་རྩ་འབོར་བཞི་ཆ་གསུམ་ཡན་གྱི་མོས་མཐུན་བྱུང་ན། དབུས་འོས་བསྡུ་ལས་ཁང་བརྒྱུད་མང་མོས་ཐག་གཅོད་འོས་བསྡུའི་ལས་རིམ་རྩོམ་ཆོག་ཅིང་། མང་མོས་ཇི་བྱུང་ལ་ལས་ཉིན་བཅུ་བཞིའི་ནང་ཚུན་སྲིད་སྐྱོང་གིས་མང་མོས་བྱུང་བའི་ཚད་འཛིན་དང་མིང་རྟགས་བཀོད་དེ་གསལ་བསྒྲགས་ཟེར་བ་དེ་བཅའ་ཁྲིམས་ཀྱི་ཆ་རྐྱེན་རེད། ཅེས་གསུངས་སོང་། 

ཡང་སྲིད་སྐྱོང་མཆོག་གིས།  བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལེའུ་གཉིས་པའི་གྲོས་ཆོད་ཁག་ནང་དུ། དོན་ཚན་ ༤༦ དེ་གྲོས་ཆོད་གྲོས་འཆར་འདོན་པའི་ཐོབ་ཐང་ཟེར་བ་དེ་རེད། དེའི་ནང་དུ་སྒྲིག་གཞི་དེའི་ཆ་རྐྱེན་འོག་སྤྱི་འཐུས་སམ་སྲིད་སྐྱོང་། བཀའ་བློན་སུ་རུང་གིས་མང་ཚོགས་ཀྱི་དོན་གནད་དང་འབྲེལ་བའི་གྲོས་ཆོད་གྲོས་འཆར་བཏོན་ཆོག་པ་ཡིན་ཞེས། མང་ཚོགས་ཀྱི་དོན་གནད་དང་འབྲེལ་བ་ལས་སྲིད་ཇུས་དང་འབྲེལ་བ་ཡོད་མ་རེད། སྲིད་ཇུས་དང་འབྲེལ་བ་དེ་བཅའ་ཁྲིམས་དོན་ཚན་ ༥༦ ལ་འགྲོ་དགོས་རེད་མ་གཏོགས། ད་ལྟ་གྲོས་ཆོད་གྲོས་འཆར་འདིའི་ངོ་བོའི་ཐོག་ནས། གལ་སྲིད་སྲིད་ཇུས་བསྐྱར་བཅོས་འགྱུར་བ་འགྲོ་ཡི་མེད་པ་ཡིན་ན་གནད་དོན་གཅིག་རེད། ཡིན་ནའང་། ཚིག་དེ་ཀློག་ཡོང་སྐབས་སྲིད་ཇུས་ལ་རང་བཞིན་གྱིས་འགྱུར་བ་འགྲོ་བ་ཞིག་ཆགས་ཡོང་གི་འདུག གྲོས་ཆོད་གྲོས་འཆར་གྱི་ཆ་རྐྱེན་གྱི་འོག་ནས། དེ་ལ་གྲོས་འཆར་བསྒྱུར་བཅོས་ཀྱི་ཆ་རྐྱེན་ནང་ནས་དོན་གནད་དམིགས་བཀར་གཅིག་གི་སྐོར་ཡིན་པ་ཞེས་གསུངས་ཡོད་རེད། མགོ་བརྗོད་དེ་བོད་ནང་གི་བོད་མི་ཚོ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་འཆར་རེད། དེ་དང་མཉམ་དུ་སྲིད་ཇུས་འགྱུར་བ་གཏང་རྒྱུའི་གྲོས་ཆོད་སླེབས་ཡོང་དུས། གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ཡིན་དུས་སྤྱི་ཡོངས་སུ་དགག་པ་བརྒྱབ་པ་ཡིན་ན་རྒྱག་སྟངས་མི་ཤེས་པ་དང་། ཡང་ཚུད་པ་བྱས་ན་མ་འོངས་པ་ལ་ག་དུས་ཡིན་ན་གྲོས་ཆོད་གྲོས་འཆར་བསྒྱུར་བཅོས་ཀྱི་སྲིད་ཇུས་འཁུར་ཆོག་པའི་རྣམ་པ་ཐོན་པ་ཡིན་ན། ང་སྤེན་པ་ཚེ་རིང་ཟེར་མཁན་གང་ཟག་སྒེར་ལ་གང་ཡང་ཁྱད་པར་མེད། བཅའ་ཁྲིམས་ལ་བརྩི་སྲུང་ཞུ་དགོས་ཞེས་ཚང་མས་བཤད་ཀྱི་འདུག བཅའ་ཁྲིམས་ལ་བརྩི་སྲུང་ཞུ་དགོས་ཀྱི་ཡོད་ན། བཅའ་ཁྲིམས་སྤྱི་ཡོངས་ཀྱི་སྒྲོམ་གཞི་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་སྒྲིག་གཞི་གཞན་དག་ཚང་མ་ལ་བསྡུར་ནས་བལྟ་དགོས་རེད་མ་གཏོགས། བྱེ་བྲག་གཅིག་ཁོ་ན་བལྟས་ནས་བྱེད་ཆོག་གི་ཡོད་མེད་ཀྱི་གནས་སྟངས་འོག་ནས་བཏང་པ་ཡིན་ན། ཏག་ཏག་ཅིག་འགྲིག་གི་ཡོད་མེད་དང་། དགག་པ་རྒྱག་པའི་དབང་ཆ་བཀའ་ཤག་ལ་ཡོད་མ་རེད། ཡིན་ནའང་། བཅའ་ཁྲིམས་ཀྱི་འགྲོ་ལུགས་དང་བཅའ་ཁྲིམས་སྒྲོམ་གཞིའི་འོག་ནས་བཟོས་པའི་ཁྲིམས་དག་ལ་དགོས་པ་རྒྱུ་མཚན་མང་པོ་ཞིག་ཡོད་རེད། ཅེས་གསུངས་སོང་། 

ཡང་ཁོང་གིས།  སྒྲིག་གཞི་ཞིག་བསྐྱར་བཅོས་བྱ་དགོས་ཡོད་ན། མང་མོས་ལ་སྒྲིག་གཞི་གཅིག་མ་གཏོགས་ཡོད་མ་རེད། གཞན་ངོ་ཡོད་གསུམ་ཆ་གཉིས་དང་རྩ་འབོར་གྱི་བཞི་ཆ་གསུམ་ཚང་དགོས་པའི་ཆ་རྐྱེན་བཟོས་འདུག་པས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་འགྱུར་བ་གཏང་དགོས་ཡོད་ན། བཅའ་ཁྲིམས་དོན་ཚན་ ༥༦ འོག་ནས་འགྲོ་དགོས་རེད་མ་གཏོགས་གྲོས་ཆོད་གྲོས་འཆར་གྱི་ངོ་བོའི་ཐོག་ནས་སྲིད་ཇུས་འགྱུར་བ་གཏང་བ་ཡིན་ན། གྲོས་ཚོགས་ཀྱི་ཐག་གཅོད་བྱེད་སྟངས་དང་བཅའ་ཁྲིམས་ཀྱི་སྒྲོམ་གཞི་དག་ལ་ཡང་དག་ཅིག་ཡོང་གི་མེད་པ་ངས་ཐག་བཅད་ནས་ཞུ་ཡི་མེད། བཀའ་ཤག་ངོས་ནས་དེ་འདྲ་མཐོང་གི་འདུག དེར་བཀུར་འོས་སྤྱི་འཐུས་རྣམས་ནས་བལྟས་མ་བལྟས་དང་། ཚོགས་གཙོ་རྣམས་གཉིས་ནས་བལྟས་མ་བལྟས་དེ་རྣམ་པ་ཚོས་ངོས་ནས་ཐག་གཅད་དགོས་རེད། ལས་རིམ་དེ་ལྟར་འགྲོ་ཡི་ཡོད་དུས་བཀའ་ཤག་གི་ངོས་ནས་ཚུད་ན་ཏག་ཏག་ཅིག་བསྡད་མེད་པ་དང་།བཀའ་ཤག་གྲོས་ཚོགས་ཀྱི་ཚོགས་མི་ཞིག་ཡིན་པའི་ཆ་ནས་འགན་མ་འཁུར་བའི་རྣམ་པ་ཞིག་ཏུ་ཆགས་ཡོད་པས་ཡར་ལངས་ནས་ཞུས་ཡིན། ཐག་གཅོད་གང་གནང་བ་ཡིན་ནའང་། དེའི་རྗེས་ལ་གང་ཡང་ཞུ་འདོད་མེད། སྐུ་དབང་ཡོད་པ་ནང་བཞིན་གྱིས་ཐག་གཅོད་གནང་རོགས་གནང་། བཅའ་ཁྲིམས་དང་སྒྲིག་གཞིའི་སྒྲོམ་གཞི་ལ་ཐུགས་སྣང་མ་གནང་བ་ཡིན་ན། མ་འོངས་པ་ཉེན་ཁ་ཆེན་པོ་ཞིག་ཏུ་ལྷུང་སྲིད་ཀྱི་རེད། ཅེས་གསུངས་སོང་། 

གསར་འགོད་པ། རྟ་མགྲིན་མཚོ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

འབྲེལ་ཡོད་གསར་འགྱུར།

 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་སེལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྐབས་བཅོ་བརྒྱད་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་གཉིས་པ་དབུ་འཛུགས་གནང་སོང་།

༢༠༢༦/༠༩/༡༦
Tibetan delegation with MEP Tomáš Zdechovský from Czech Republic.
Mobile App

ཡུ་རོབ་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་འཇོག་དགོས་པའི་འབོད་སྐུལ་ཞུས་འདུག

༢༠༢༣/༠༦/༣༠
སྲིད་སྐྱོང་མཆོག་ནས་རྒྱ་ནག་གིས་མི་ངོ་༧༢ རིང་བོད་་དུ་མི་སེར་སྤེལ་བའི་དབང་བསྒྱུར་བྱས་པའི་བརྗོད་གཞིའི་ཐོག་དྲ་ལམ་གསུང་བཤད་གནང་བ། ༢༠༢༣།༠༤།༢༤
Mobile App

སྲིད་སྐྱོང་མཆོག་གིས་ཡུ་རོབ་རྒྱལ་ཁབ་བཞིའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ།

༢༠༢༣/༠༤/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese