མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དང་བལ་ཡུལ་གྱི་ས་མཚམས་སུ་བསྐྱར་དུ་རང་བྱུང་གོད་ཆག་བྱུང་།

བོད་ཀྱི་དུས་བབ།
༢༠༢༦/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp

བོད་དང་བལ་ཡུལ་གྱི་ས་མཚམས་ཏེ། བལ་ཡུལ་གྱི་མ་ནང་ (Manang) རྫོང་ཁོངས་སུ་ཆགས་པའི་བོད་དང་ས་འབྲེལ་གྱི་ཧིམ་ལུང་ཧི་མལ་རི་རྩེ་ནས་གངས་རུད་བརྒྱུགས་ཏེ་མི་བཞི་རྐྱེན་འདས་དང་། རི་འཛེགས་མཁན་དང་རོགས་པ་བྱེད་མཁན་མི་ ༡༤ ད་དུང་གར་སོང་ཆ་མེད་དུ་གྱུར་འདུག

Nepal Avalanche: 2 Killed and 14 Feared Missing After Deadly Avalanche at Himlung Himal Base Camp. sundayguardianlive.com

ཁ་སང་ཕྱི་ཚེས་ ༢༧ ཉིན་བོད་ཀྱི་ས་མཚམས་སུ་འཁེལ་བའི་བལ་ཡུལ་གྱི་ཧིམ་ལུང་ཧི་མལ་རི་རྩེ་ནས་གངས་རུད་བརྒྱུགས་ཏེ། རི་འདབས་ཀྱི་རི་འཛེགས་མཁན་མི་གྲངས་ ༡༤ གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། མི་བཞི་རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་ཐོན་འདུག་ལ། དེ་ནི་ཉེ་བའི་ཟླ་གཅིག་ལྷག་གི་རིང་བོད་དང་བལ་ཡུལ་གྱི་ས་མཚམས་སུ་རང་བྱུང་གོད་ཆག་གི་དོན་རྐྱེན་བྱུང་ཐེངས་གཉིས་པར་གྱུར་ཡོད་པ་མ་ཟད། བལ་ཡུལ་གཞུང་གིས་ཧིམ་ལུང་རི་རྒྱུད་ཀྱི་དམའ་སར་གནས་པའི་མི་རྣམས་ནས་ཉེ་ལམ་གྱི་ཆུ་ལོག་ནང་བཞིན་ཞིག་བརྒྱུག་སྲིད་པར་དོགས་གཟབ་དགོས་པའི་ཉེན་བརྡ་བཏང་འདུག

དེ་རིང་བལ་ཡུལ་གྱི་མ་ནང་རྫོང་ཉེན་རྟོག་ལས་ཁུངས་ཀྱིས། ཐད་འཕུར་གནམ་གྲུ་སོགས་བཏང་སྟེ་བོར་བརླག་ཏུ་ཕྱིན་པའི་མི་རྣམས་འཚོལ་ཞིབ་དང་མྱུར་སྐྱོབ་ཀྱི་ལས་དོན་སྒྲུབ་མུས་ཡིན་སྐོར་བསྒྲགས་འདུག་ཀྱང་། བོད་དང་ས་འབྲེལ་ཡིན་པའི་བལ་ཡུལ་གྱི་ས་ཁུལ་ཁག་ཏུ་ཉེ་བའི་ཉིན་འགའི་རིང་ཁ་བ་མཐུག་པོ་བབས་ཡོད་སྟབས། འཚོལ་ཞིབ་བྱེད་དཀའ་བའི་གནས་སུ་གྱུར་ཡོད་པའི་ཁར།  ལྷག་པར་དུ་ཟླ་སྔོན་མའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ཕྱོགས་ནས་ཇོ་མོ་གླང་མའི་རི་འཛེགས་བྱེད་སྒོ་བཀག་སྡོམ་བྱས་ཡོད་སྟབས། ད་ལྟ་བལ་ཡུལ་ཕྱོགས་ནས་ཇོ་མའི་གླང་མའི་རིར་འཛེགས་མཁན་ཕྱི་རྒྱལ་བ་མི་གྲངས་ ༩༠༠༠ ལྷག་ལ་དཀའ་ངལ་འཕྲད་བཞིན་ཡོད་འདུག་ལ། ད་དུང་ཤི་རྨས་ཐེབས་པའི་མིའི་གྲངས་འབོར་འཕར་སྲིད་པའི་བློ་འཚབ་བསྟན་འདུག

གཞན་ཡང་། ཉེ་བའི་ཉིན་བཞིའི་རིང་བལ་ཡུལ་ནང་གནམ་གཤིས་ཡག་པོ་མེད་པའི་རྐྱེན་གྱིས། ས་ཕྱོགས་གང་སར་ཆུ་ལོག་དང་ས་རུད་སོགས་ཀྱི་དོན་རྐྱེན་འབྱུང་མུས་ཡིན་པའི་ཁྲོད་མི་གྲངས་ ༢༡ རྐྱེན་འདས་དང་། མི་གྲངས་ ༡༡ བོར་བརླག ཁྱིམ་ཚང་ ༢༤༧ གྱི་ཁང་པ་གཏོར་སྐྱོན་བཏང་བ། དེ་བཞིན། མི་གྲངས་ ༣༠༠༠ ལྷག་ཉེན་སྐྱོབ་བྱས་ཡོད་འདུག

བྷི་བྷི་སི་གསར་ཁང་གི་གནས་ཚུལ་ལྟར་ན། གཟའ་འཁོར་སྔོན་མའི་ནང་ཨེ་ཤ་ཡའི་རྒྱལ་ཁབ་མང་པོར་གནམ་གཤིས་འགྱུར་ལྡོག་གི་རྐྱེན་གྱིས་དཀའ་ངལ་འཕྲད་ཡོད་ཅིང་། དེའི་ཁྲོད་རྒྱ་གར་གྱི་ཨུ་ཊར་མངའ་སྡེའི་ནང་ཆུ་ལོག་བརྒྱུགས་ཏེ་མི་གྲངས་ ༥༦ རྐྱེན་འདས་ཕྱིན་པ་དང་། བྷན་ཀོག་གཞུང་གིས་རྒྱལ་ཡོངས་ཛ་དྲག་གི་ཉེན་བརྡ་བཏང་སྟེ། མི་རྣམས་རང་ཁྱིམ་དང་ས་བབ་མཐོ་སར་སྡོད་དགོས་པའི་ལམ་སྟོན་བྱས་ཡོད་འདུག

ཉེ་ལམ་ཕྱི་ཟླ་ ༨ པའི་ནང་བལ་བོད་མཐའ་མཚམས་སྐྱིད་གྲོང་དང་ར་སུ་ཝ་ཁུལ་དུ་ཆུ་ལོག་བརྒྱུགས་ཏེ། མི་གྲངས་ ༡༤༠༠ ལྷག་རྐྱེན་འདས་ཕྱིན་པ་དང་། མི་གྲངས་ ༦༠༠༠ ལྷག་གར་སོང་ཆ་མེད་དུ་གྱུར་ཏེ། ད་ལྟའང་འཚོལ་ཞིབ་བྱེད་མུས་ཡིན་འདུག་ལ། ཆུ་ལོག་དེའི་ཁྲོད་བལ་ཡུལ་གྱི་ (Galchhi-Betrawati-Rasuwagadhi) དང་ (Prithvi) གཞུང་ལམ་ཆེན་པོ་གཉིས་དང་། ཆུ་མཛོད་ཆེན་པོ་བརྒྱད་དང་འཛུགས་སྐྲུན་བྱེད་མུས་ཡིན་པའི་ཆུ་མཛོད་ ༤། དེ་བཞིན། ཟམ་པ་ཆེ་ཆུང་ ༧༩ གཏོར་བརླག་བཏང་བ་སོགས་ཁྱོན་ཨ་སྒོར་ཐེར་འབུམ་ ༤ ནས་ ༥ བར་གྱི་གྱོང་གུན་ཐེབས་ཡོད་པས། བལ་ཡུལ་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་ཨ་སྒོར་ས་ཡ་ ༢༠ ཡི་རོགས་སྐྱོར་མ་དངུལ་ཞུས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

ཆུ་ཚོད་ ༡༡ སྔོན་ལ།
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese