རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་བདུན་ཕྲག་འདིའི་ནང་རྒྱ་ནག་ལ་ཉིན་བཞིའི་རིང་གི་གཞུང་འབྲེལ་གཟིགས་སྐོར་གནང་གི་ཡོད་ལ། སྐབས་འདིར་ཁོང་ལ་སོ་སོའི་ཕ་ཡུལ་ནས་སྤྲད་པའི་གནོན་ཤུགས་ནི་བྱང་ཁུལ་མངའ་སྡེའི་གནད་དོན་དང་། ས་མཚམས། བོད་མིའི་ངོ་རྒོལ་གྱི་རྣམ་པ་བཅས་རེད།
ཕྱི་སྲིད་བློན་ཆེན་ པུ་ར་ནབ་ མུ་ཀར་རྗེ་ ལགས་ཀྱི་གཟིགས་སྐོར་དེ་ཕྱི་ཚེས་ ༤ ནས་མགོ་འཛིགས་ཀྱི་ཡོད་ལ། ཐེངས་འདིའི་གཟིགས་སྐོར་གྱི་ལས་དོན་གཙོ་བོ་ནི་ཚོང་འབྲེལ་ཡིན་ལ། འདི་ནི་ཕྱི་ཟླ་དང་པོའི་ནང་དུ་སྲིད་བློན་མན་མོ་ཧན་སིན་མཆོག་གིས་རྒྱ་ནག་ནང་གཟིགས་སྐོར་གནང་བ་དེའི་རྗེས་གནོན་ལྟ་བུར་གྱུར་ཡོད་འདུག
ལོ་འདིའི་ལོ་མགོ་ནས་རྒྱ་གར་དུ་ཡོད་པའི་བོད་མི་ཚོས་རྒྱ་ནག་ལ་ངོ་རྒོལ་གྱི་མགོ་བཙུགས་པ་ནས་བཟུང་། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཡང་རྣོ་ངར་དུ་གྱུར་ཡོད་ལ། པེ་ཅིན་དུ་ཡོད་པའི་རྒྱ་གར་གཞུང་ཚབ་དེ་ཕྱི་ཟླ་གསུམ་པའི་མཚན་དཀྱིལ་ཅིག་ལ་པེ་ཅིན་གྱི་འབྲེལ་ཡོད་དཔོན་རིགས་ཚོས་འབོད་འགུག་གིས་བོད་ཀྱི་གནད་དོན་སྐོར་ནས་རྒྱ་གར་ཕྱོགས་ལ་འཁང་ར་དང་ཉེན་བརྡ་བཏང་ཡོད། དེ་བཞིན་དུ་སྐད་ཆ་དེའི་འཕྲོར་བསྟུད་དེ་རྒྱ་གར་ཕྱི་སྲིད་བློན་ཆེན་གྱིས་ཏཱ་ལའི་བླ་མར་རྒྱ་གར་ས་ཐོག་ནས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བར་གནོད་སྐྱོན་དུ་འགྲོ་བའི་ཆབ་སྲིད་ཀྱི་ལས་འགུལ་ཅི་ཡང་སྤེལ་མི་ཆོག་པའི་ཉེན་བརྡ་བཏང་ཡོད།
རྒྱ་གར་གཞུང་འཛིན་ཚོགས་པའི་ཁ་གཏད་ཚོགས་པ་བྷི་ཇི་པི་ཡིས་ཀོང་རི་སུ་གཞུང་གིས་རྒྱ་ནག་ལ་འབྲེལ་བ་འཛིན་སྟངས་འདི་ནི་ཉེན་ཁ་ཆེ་བའི་སྤྲེལ་ལད་ཅིག་རེད་ཕྱི་ཚེས་ ༢ ཉིན་ཚོགས་པ་དེའི་ཚོགས་འདུ་ཞིག་གྲོལ་རྗེས་གསུང་ཡོད་པ་རེད།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
བོད་མིའི་ངོ་རྒོལ་གྱི་རྣམ་པ་བསྟན།
བོད་མིའི་ངོ་རྒོལ་གྱི་རྣམ་པ་བསྟན།
རྒྱ་གར་ནག་གཉིས་ནས་གཅིག་མཚུངས་གིས་བོད་ལ་འགྲོ་བ་མིའི་ཐོབ་ཐང་མེད། རྒྱ་གར་གྱི་ནམ་ཡང་ང་ཚོ་བེད་སྤྱོད་བྱེད་འདོད་ཡོད་པའི་རྣམ་པ་འདི་བོད་མི་ཚོའི་ཤེས་དགོས།