མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུད་མེད་ཀྱི་འགན་འཁྲི།

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

ནམ་རྒྱུན་ཚགས་ཤོག་དང་དུས་དེབ་མང་བོར་ལྟ་ཀློག་བྱེད་རྒྱུ་ནི་ངའི་དགའ་ཕྱོགས་ཡིན་ལ། དེ་དག་ལས་རྩོམ་ཡིག་གང་ལེགས་དང་། དེའི་རྩོམ་པ་པོ་སུ་ཡིན་འཚོལ་རྒྱུ་ནི་ང་དང་ང་ལྟ་བུའི་ཀློག་པ་པོ་སྤྱིའི་དགའ་ཕྱོགས་ཡིན། ང་ཚོར་རྒྱུས་མངའ་ཡོད་པ་བཞིན་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བོད་ཡིག་ཚགས་ཤོག་མང་བོ་ཞིག་སྐྱེས་པ་ཚོས་བཙན་བཟུང་བྱས་པ་ལས་བུད་མེད་རྩོམ་པ་པོའི་མིང་འཁོད་པའི་རྩོམ་ཡིག་ཤིན་ཏུ་དཀོན་ཅིང་། རེ་ཟུང་ཡོད་མོད་དེ་དག་ཀྱང་སྐྱེས་པ་བུད་མེད་ཀྱི་མིང་བརྐུ་བར་དགའ་མཁན་རེ་ཟུང་གི་སྙུག་མིང་ཡིན། ང་ཚོའི་མི་རིགས་འདིའི་ཕྱེད་ཀ་ཟིན་པའི་བུད་མེད་ཚོས་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཚགས་ཤོག་དག་གི་སྟེང་བྲིས་པའི་དཔྱད་བརྗོད་རྩོམ་ཡིག་ཅིག་འཚོལ་དགོས་ན་དེ་ནི་ཧ་ཅང་དཀོན་པོ ཡིན་ལ། ང་ཚོའི་སྤྱི་ཚོགས་ཁྲོད་བུད་མེད་ཚོས་ཐོབ་ཐང་ཁ་ནས་རྩོད་པ་ལས་ཡིག་ཐོག་ཏུ་མི་འབྲི་ལ། བུད་མེད་ཀྱི་ཐོབ་ཐང་ཁ་ལ་འཁྱེར་བ་ལས་ལག་ལེན་དུ་བསྟར་ཐུབ་ཀྱིན་མེད། དུས་དེབ་རེ་ཟུང་སྟེང་སྙན་རྩོམ་དང་ལྷུག་རྩོམ། སྒྲུང་རྩོམ་སོགས་བྲིས་ཡོད་པའི་བུད་མེད་སྐོར་ཞིག་དང་། སྒེར་དེབ་རེ་བཏོན་པའི་བུད་མེད་རྩོམ་པ་པོ་རེ་ཟུང་རྒྱུས་ཡོད་དུ་གྱུར་ཡོད་ནའང་། ཁོང་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་། སྨྲ་བརྗོད་རང་དབང་། བྱ་བཞག་རང་དབང་། ཀུན་སྤྱོད་རང་དབང་སོགས་གཞི་རྩར་བཞག་སྟེ། བོད་རིགས་བུད་མེད་སྤྱིའི་བདེ་སྡུག་གླུ་རུ་ལེན་མཁན་ཧ་ཅང་ཉུང་།
བོད་མི་རིགས་ཀྱི་འདས་ཟིན་པའི་ལོ་རྒྱུས་ཁྲོད་བུད་མེད་ལ་གོད་ཆག་སྣ་དགུ་བྱུང་ཞིང་། ཕོ་མཆོག་མོ་དམན་གྱི་ལྟ་བས་སྤྱི་ཚོགས་ཧྲིལ་བོར་ཁྱབ་ཡོད། ཆོས་རྒྱལ་སྲུང་བཙན་སྒམ་པོའི་སྐབས་སུ་ཕྱིའི་དཔལ་འབྱོར་དང་རིག་གནས་མང་བོ་ནང་འདྲེན་བྱས་པ་དང་དུས་མཚུངས། བུད་མེད་ཚོར་འགྲོ་བ་མིའི་ཐོབ་ཐང་དང་གོ་ས་གཏན་ནས་མི་སྤྲོད་པར་སྐྱེས་པ་ཕོས་གང་བཤད་པར་ཉན་འཇོག་དང་། སྐྱེས་གཡོག་བྱེད་དགོས་པའི་གོ་གནས་དམན་པའི་རྒྱ་ནག་མི་རིགས་ཀྱི་བུད་མེད་ལ་འཛིན་པའི་འདུ་ཤེས་དེ་ཡང་ནང་འདྲེན་བྱས་ཡོད་ལ། དེ་ནས་བཟུང་བུད་མེད་དང་། སྐྱེས་དམན། ནག་མོ་སོགས་མིང་གི་འདོགས་སྟངས་ཐད་ནས་ཀྱང་འགྱུར་བ་ཕྱིན་ཏེ། བོད་རིགས་བུད་མེད་ཀྱི་གོ་གནས་ཤིག་མཚོན་པར་བྱས་ཡོད།
དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་ཁྲོད་ན་བུད་མེད་ལ་ཐོབ་ཐང་དང་། སྨྲ་བརྗོད་རང་དབང་། འདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་ཡོད་ནའང་། བོད་ཁུལ་གྱི་ས་ཆ་མང་ཆེ་བར་སྲོལ་རྒྱུན་བསམ་བློའི་དབང་ཤུགས་རྐྱེན་པས་དེང་སྐབས་ད་དུང་ཡང་། བུད་མེད་ཚོ་འཚོ་བའི་དགོས་མཁོ་ཙམ་གྱི་དོན་དུ་ཚོང་བསྒྱུར་བྱེད་པའི་གོད་ཆག་བཟོད་དུ་མེད་པ་རེ་ཡོད་པ་ནི། འདས་པའི་ལོ་འགའི་ནང་བོད་ནང་གི་གླུ་བ་ཁག་ཅིག་གིས་གྱེར་བའི་གླུ་ཚིག་གིས་བསྟན་འདུག དཔེར་ན། བདུད་བྷེས། བྱམས་དང་སྙིང་རྗེ་ཅན་གྱི་ཕ་མ་ལོ་ལོ། །བུ་མོ་སྒྲོལ་མ་འབྲི་དང་འཛོ་མོར་མ་བརྗེ། །འབྲི་དང་འཛོ་མོའི་མར་ཆུར་ལོ་གཅིག་རེད། །བུ་མོ་སྒྲོལ་མའི་སྐྱིད་སྡུག་ཚེ་གཅིག་རེད། ། བྱམས་དང་སྙིང་རྗེ་ཅན་གྱི་ཕ་མ་ལོ་ལོ། །བུ་མོ་སྒྲོལ་མ་རྒྱུ་ཆེན་དཔོན་ལ་མ་སྟེར། །རྒྱུ་ཆེན་དཔོན་པོའི་རྫོང་བ་ཐེངས་ཤིག་རེད། །བུ་མོ་སྒྲོལ་མའི་སྐྱིད་སྡུག་ཚེ་གཅིག་རེད། །ཅེས་ངག་གི་འགྱུར་ཁུག་ལ་བརྟེན་ཏེ་བོད་རིགས་བུད་མེད་ཚོར་རང་ཉིད་ཀྱི་ཚེ་གཅིག་གི་ཁྱོ་ག་ཡང་རང་ཉིད་ལ་འདེམས་དབང་མེད་པར། བུ་མོ་ཚོ་འབྲི་དང་མཛོ་མོར་བརྗེ་བའི་ཕ་མ་ཀླད་རྙིང་ཚོའི་འདུ་ཤེས་གསལ་འདེབས་བྱས་འདུག ཕུལ་བྱུང་སྒྲོལ་མས། སྐྲ་རིང་བུ་མོ་མ་ཟེར། །བློ་གཏད་མེད་རབས་མ་ཟེར། །ང་ཚོ་བོད་རིགས་བུ་མོའི། །ཡིད་སེམས་དྲང་མོ་མདའ་ཡིན། །བློ་ཐུང་བུ་མོ་མ་ཟེར། །རིག་གནས་མེད་རབས་མ་ཟེར། །ང་ཚོ་བོད་རིགས་བུ་མོའི། །གཤིས་རྒྱུད་འཇམ་པོ་བལ་ཡིན། །སོགས་ང་ཚོས་སྲོལ་རྒྱུན་གྱི་བསམ་བློའི་འདུ་ཤེས་འཛིན་སྟངས་ཤིག་གིས་བོད་རིགས་བུད་མེད་ཚོར་སྐྲ་རིང་ཞིང་བློ་སྣ་ཐུང་སྟེ། ཡིད་ཆེས་བློ་གཏད་མེད་པ་དང་། རིག་གནས་མེད་པར་འཇིག་རྟེན་གྱི་སྡུག་དང་གྱོད་སྣ་ཁ་མཆུའི་སྣ་འདྲེན་ཡིན་པ་སོགས་འབོད་བཞིན་ཡོད་སྟབས། དེ་ལྟར་མི་ཟེར་བར་ང་ཚོ་བོད་རིགས་བུད་མེད་ཚོ་ནི་ཡིད་སེམས་དྲང་མོ་མདའ་ཡིན་པ་དང་། གཤིས་རྒྱུད་འཇམ་པོ་བལ་ཡིན་པ་སོགས་རྒྱས་འགྲེལ་བཤད་བྱེད་མི་དགོས་པར་རྣམ་དཔྱོད་ཅན་ཚོས་གོང་གི་གཞས་ཚིག་དེ་གཉིས་ཀློག་ཐེངས་ཤིག་གིས་རྟོགས་ཐུབ། འདི་ལྟ་བུའི་གླུ་ཚིག་མང་བོ་ཞིག་ཡང་ནས་ཡང་དུ་རྣ་ལམ་དུ་བརྒྱུད་ཡོང་བར་བསམ་ན་ང་ཚོའི་སྤྱི་ཚོགས་ཀྱི་གནས་བབ་དང་། བུད་མེད་ཚོའི་རང་དབང་གསལ་སྟོན་བྱས་འདུག་ལ། བོད་ཁུལ་ཧྲིལ་བོར་བུད་མེད་ལ་དུས་རབས་ཉེར་གཅིག་པའི་བུད་མེད་ཅིག་གི་ལོངས་སྤྱོད་དུ་གྱུར་བའི་འགྲོ་བ་མིའི་འདུ་ཤེས་ཙམ་ཡང་མེད་པ་གསལ་བོར་མཐོང་ཐུབ་པས། བུད་མེད་སྙུག་ཐོག་པ་ཚོས་ཅིས་ཀྱང་རྩོད་ལེན་བགྱི་དགོས་པ་ཞིག་ཏུ་མཐོང་ནའང་། བཙན་བྱོལ་སྤྱི་ཚོགས་ཁྲོད་བུད་མེད་རྩོམ་པ་པོ་ཚོས་བྲིས་པའི་དཔྱད་བརྗོད་རྩོམ་ཡིག་མཇལ་རྒྱུ་དཀོན་པ་ནི་ང་ཚོའི་བུད་མེད་རྩོམ་པ་པོ་ཚོས་རྙོག་འཛིང་གི་སྤྱི་ཚོགས་ལ་ཁ་གཏད་ནས་རྩོམ་ཡིག་འབྲི་རྒྱུར་བློ་ཁོག་འདང་གི་མེད་པ་དང་། དངོས་ཡོད་སྤྱི་ཚོགས་འཚོ་བའི་དཀའ་སྡུག་ལ་དཔྱད་གོམས་མེད་པ། བུད་མེད་སྤྱིའི་བདེ་སྡུག་ལ་བསམ་གཞིག་མི་བྱེད་པ། འདས་མ་འོངས་པའི་བོད་ཀྱི་འཕོ་འགྱུར་ལ་མི་སེམས་པ་སོགས་ཀྱིས་ཡིན་པར་འདོད། དེར་བརྟེན་བཙན་བྱོལ་སྤྱི་ཚོགས་འདི་ཕོ་མོ་འདྲ་མཉམ་དང་། དམངས་གཙོའི་རང་དབང་། སྐད་ཆ་བཤད་པ་དང་རྩོམ་ཡིག་འབྲི་བ་ལ་རང་དབང་ཆ་ཚང་ཡོད་པས་བུད་མེད་རྩོམ་པ་པོ་ཚོ་ལོ་རྒྱུས་ཁྲོད་ཀྱི་བོད་རིགས་བུད་མེད་སྤྱི་བྱིངས་ཀྱི་སྣེ་ཁྲིད་མཁན་དང་། བསམ་ཕོད་པ་དང་བཤད་ཕོད་པ། སྒྲུབ་ཕོད་པའི་སྙིང་སྟོབས་ཅན་ཡིན་དགོས་པར་འདོད།
མོའུ་ཙེ་ཏུང་གིས་བུད་མེད་གནམ་གྱི་ཕྱེད་ཀ་ཡིན་ཞེས་པ་ནི་རྒྱ་ནག་གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ཀྱི་དམག་འཁྲུག་སྐབས་བུད་མེད་ཚོས་རང་ཉིད་བློས་གཏོང་གིས་གུང་ཁྲན་ཏང་རྒྱལ་བར་རླབས་ཆེ་བའི་བྱས་རྗེས་བླ་ན་མེད་པ་བཞག་ཡོད་པས་རེད་ལ། ང་ཚོ་བོད་མི་རིགས་ཀྱི་དཀའ་སྡུག་གི་ལོ་ཟླ་འདིའི་ཁྲོད་དུའང་བུད་མེད་ཚོས་རྣམ་དཔྱོད་དང་། རིག་རྩལ་བཀོལ་ཏེ་འབྱུང་འགྱུར་བོད་ཀྱི་དཀའ་རྙོག་སེལ་རྒྱུར་རླབས་ཆེ་བའི་བྱས་རྗེས་འཇོག་རྒྱུ་ནི་གལ་ཆེར་མཐོང་ངོ་། །

འབྲེལ་ཡོད་གསར་འགྱུར།

(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

ཆུ་ཚོད་ ༡ སྔོན་ལ།
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

ཆུ་ཚོད་ ༤ སྔོན་ལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠

མཆན། 1

  1. ཚེ་རིང་སྐྱིད། says:
    ལོ་ 18 སྔོན།

    བོད་མི་རིགས་ཀྱི་འདས་ཟིན་པའི་ལོ་རྒྱུས་ཁྲོད་གོད་ཆག་སྣ་དགུ་བྱུང་བ་ནི་བོད་ཀྱི་བུད་མེད་ཚོ་གཅིག་པུ་མིན་པར་བོད་པ་ཐུན་མོང་ལ་གོད་ཆག་སྣ་དགུ་བྱུང་ཡོད། དེ་ལས་ཀྱང་བོད་ཀྱི་བུད་མེད་ཚོ་དུས་རབས་༢༡པའི་ནང་དུ་ཡང་གྲགས་འགུལ་མེད་པ་འདི་བུད་མེད་ཁོ་ནར་ལེ་གདའ་བྱེད་མི་རུང་བ་མ་ཟད། དེ་ལས་ཀྱང་འགན་ཆེ་བ་དེ་སྐྱེས་པ་ཚོར་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese