མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཛུམ་བྷ་ཝ་འབར་ནས་ཚིག་ཐལ།

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

བདུན་ཕྲག་སྔོན་མའི་ཛུམ་བྷ་ཝེ་ཡི་སྲིད་འཛིན་འོས་བསྡུའི་སྐབས་སྲིད་འཛིན་ལས་ཐོག་པ་མུ་གྷ་བྷེ་གཅིག་པུ་ལས་འོས་ཞུགས་བྱས་མེད་སྟབས། མི་རྣམས་ཀྱིས་རྐུས་ལ་ཤོར་བའི་འོས་ཤོག་ཅེས་འབོད་ཀྱིན་དུ། གླིང་ལྔ་མཚོ་བཞི་ན་གནས་པའི་རྒྱལ་སྤྱིའི་དབུ་ཁྲིད་དག་གིས་སྲིད་འཛིན་མུ་གྷ་བྷེ་ལ་ངོ་ཚ་མེད་རབས་དང་། འོས་ཤོག་འདི་དྲང་པོ་དང་ལུགས་མཐུན་མ་རེད་ཅེས་སྐྱོན་བརྗོད་མཆིལ་མ་འཕེན་འཕེན་བྱས། འདིས་ཀྱང་མ་ཁོག་པར་ཁོང་གིས་སྲིད་འཛིན་གྱི་རྒྱལ་ཁ་ཐེངས་དྲུག་པར་བླངས་ཚུལ་ཡོངས་ཁྱབ་དུ་བསྒྲགས་པ་རེད།
སྲིད་འཛིན་མུ་གྷ་བྷེ་བསྐྱར་དུ་སྲིད་འཛིན་ལ་བསྡད་རྗེས་ཨ་རིའི་གཞུང་གིས་མུ་གྷ་བྷེ་ལ་དཔལ་འབྱོར་གྱི་ཉེས་ཆད་བཀལ་བར་བརྟེན། ཕྱི་ཚེས་ ༣༠ ཉིན་ནས་ཨབ་རི་ཀའི་དབུ་ཁྲིད་རྣམས་ཨེ་ཇེབ་དུ་འཛོམས་ནས་ཛུམ་བྷ་ཝེ་ཡི་ཆབ་སྲིད་ཀྱི་དཀའ་རྙོག་འཕར་མ་མི་ཡོང་བ་དང་ད་ལྟའི་དཀའ་རྙོག་འདི་སེལ་ཐབས་ཀྱི་གྲོས་བསྡུར་བྱས་པ་རེད། ཨབ་རི་ཀའི་དབུ་ཁྲིད་ཁག་ཅིག་གིས་ཁེན་ཡའི་ནང་འོས་ཤོག་གི་འགྲན་རྩོད་བྱུང་རྗེས་ཐག་གཅོད་བྱེད་ཕྱོགས་ལྟར། ཛུམ་བྷ་ཝེ་འདི་ཡང་གནས་སྐབས་རིང་རྒྱལ་ཁབ་འགའི་སྲིད་གཞུང་མཉམ་འབྲེལ་གྱིས་བཟུང་ན་ལེགས་ཚུལ་བཤད། ཡིན་ནའང་སྲིད་འཛིན་མུ་གྷ་བྷེ་ཡི་མགྲིན་ཚབ་པ་རྗོར་རྗུ་ཆ་རམ་པ་ཡིས་བརྗོད་དོན། ཁེན་ཡ་ནི་ཁེན་ཡ་རེད། ཛུམ་བྷ་ཝ་ནི་ཛུམ་བྷ་རེད། ང་ཚོར་ཛུམ་བྷ་ཝེ་རང་གི་ལུགས་སྲོལ་ལྟར་གྲོས་ལ་ཞུགས་ཏེ་ཆབ་སྲིད་ཀྱི་དཀའ་རྙོག་སེལ་ཕྱོགས་ཀྱི་ལོ་རྒྱུས་ཡོད། ཛུམ་བྷ་ཝི་ཡི་ལུགས་སྲོལ་མ་གཏོགས་ཁེན་ཡའི་ལུགས་སྲོལ་མི་དགོས། རྩ་བ་ཉིད་ནས་མི་དགོས། ཕྱིར་འཕུད་པ་ནི་ཛུམ་བྷ་ཝེ་མི་དམངས་ཀྱིས་བཤད་ཀྱིན་པའི་ལམ་ཁ་རེད། ཕྱིའི་ཇུས་གཏོགས་ལས་ཐར་དགོས་པ་རེད། དཀའ་རྙོག་འདི་སེལ་ཕྱོགས་ཀྱི་ལམ་ཁ་ཉག་གཅིག་ཡོད་པ་ནི་དེ་རེད། ཅེས་བརྗོད་ཡོད་པ་རེད།
ཨབ་རི་ཀའི་རྒྱལ་ཁབ་ ༥༣ གྱི་དབུ་ཁྲིད་རྣམས་མཚོ་དམར་ཁ་ཞེས་པར་འཛོམས་ནས་གྲོས་བསྡུར་ཡུན་རིང་བྱས་ཡོད་ལ། སྐབས་དེར་སྲིད་འཛིན་མུ་གྷ་བྷེ་ཡང་ཚོགས་ཁང་ཞིག་ལས་ཕྱིར་ཐོན་པ་ན། གསར་འགོད་པ་དག་གིས་སྒྲ་ལེན་དང་པར་ཆས་དག་གཏད་ནས་ཁོར་ཚ་འདྲི་གཏོང་མགོ་བཙུགས་ཡོད་པ་རེད།
བྷི་བྷི་སི་ཡི་གསར་འགོད་པ་ཞིག་གིས། “ཁྱོད་ཚོའི་ལུང་པའི་ནང་གི་འོས་ཤོག་བརྐུས་ལ་ཤོར་སོང་བ་རེད་”ཅེས་ཛུམ་བྷ་ཝེ་ཡི་སྲིད་འཛིན་མུ་གྷ་བྷེ་ལ་སྐྱོན་བརྗོད་བྱས་པ་ཛུམ་བྷ་ཝི་ཡི་གསར་འགོད་པ་ཞིག་གིས་མཐོང་ཡོད་པ་དང་། སྲིད་འཛིན་མུ་གྷ་བྷེ་ཡིས་ཕྱིར། “དབྱིན་ཇུས་ང་ཚོར་མི་སེར་སྤེལ་གྱིན་པ་ག་དུས་མཚམས་འཇོག་གི་ཡིན། ཁྱོད་དགའ་རུང་མ་དགའ་རུང་ང་རྒྱལ་ཁབ་འདིའི་སྲིད་འཛིན་ཡིན་”ཅེས་ལན་བཏབས་པ་རེད།
ཛུམ་བྷ་ཝེ་ཡི་གཞུང་འབྲེལ་གསལ་བསྒྲགས་ལྟར་ན། སྲིད་འཛིན་མུ་གྷ་བྷེ་ལ་འོས་ཤོག་སྤྱིའི་བརྒྱ་ཆ་ ༨༥ ཐོབ་ཡོད་འདུག ཡིན་ནའང་། ཁོང་གི་ཁ་གཏད་འོས་གཞི་མོར་གྷན་ཚེ་ཝན་གྷི་རི་ནི་འོས་ཁོངས་ནས་མ་བསྡད་པར། ཧ་ར་རི་ན་ཡོད་པའི་ཌེ་ནི་ཞིའི་དོན་གཅོད་ཁང་དུ་བཙན་བྱོལ་ལ་ཕྱིན་ཡོད་པ་དང་། ཁོང་གི་ལས་རོགས་དང་རྒྱབ་སྐྱོར་བ་མང་པོ་ཞིག་འོས་བསྡུའི་ཉིན་དེ་དག་རིང་སྲིད་འཛིན་མུ་གྷ་བྷེ་ཡི་ཕྱོགས་གཏོགས་ཚོས་བསད་ཡོད་ཚུལ་འདུག
ཕྱི་ཚེས་ ༡ ཉིན་མོར་གྷན་ཚེ་ཝན་གྷི་རི་ཕྱིར་རང་གི་ཁྱིམ་ལ་ལོགས་ནས་འཆར་ཅན་གྱི་ཕྱག་ལས་གནང་མགོ་བཙུགས་ཡོད་ཅེས་ཌར་ཅིའི་ཕྱི་སྲིད་བློན་ཆེན་ལྷན་ཁང་གིས་བརྗོད་ཡོད་འདུག
ཕྱིའི་དཔལ་འབྱོར་ཉེས་ཆད་དང་གནོན་ཤུགས་ཇེ་ཆེར་གྱུར་ན་གླིང་ཆེན་དེས་རང་གི་དཀའ་རྙོག་སེལ་བར་འགོག་རྐྱེན་དུ་འགྱུར་རྒྱུ་ཡིན་པར་བརྟེན། ཨབ་རི་ཀའི་དབུ་ཁྲིད་དག་གིས་སྲིད་འཛིན་མུ་གྷ་བྷེ་དང་ཁ་གཏད་འོས་གཞི་མོར་གྷན་ཚེ་ཝན་གྷི་རི་གཉིས་ཀྱིས་ཞི་འགྲིག་བྱས་ཏེ། གཞུང་དེ་མཉམ་འབྲེལ་གྱིས་སྐྱོང་རྒྱུའི་ཐབས་ཤེས་འཐེན་གྱིན་ཡོད་པ་རེད།
སྐབས་འདིའི་གནད་ཐུག་ས་གཙོ་བོ་ནི་ཨབ་རི་ཀའི་དབུ་ཁྲིད་དག་གིས་སྔོན་མའི་གཟའ་པ་སངས་ཉིན་གྱི་འོས་ཤོག་དེ་ངོས་ལེན་བྱེད་མི་བྱེད་ལ་ཐུག་ཡོད་པ་རེད། ཁོང་ཚོས་ཕྱོགས་གཅིག་ནས་འོས་ཤོག་དེར་ངོས་ལེན་བྱས་ཏེ་སྲིད་འཛིན་མུ་གྷ་བྷེ་ནི་ཁྲིམས་མཐུན་གྱི་སྲིད་འཛིན་ཡིན་པར་ཁས་ལེན་བྱེད་དགོས་ལ། དེ་མིན་ཚེ་འགྲན་ཡ་འོས་གཞི་མོར་གྷན་ཚེ་ཝན་གྷི་རི་ཡི་ཆ་རྐྱེན་ལ་དཔུང་རོགས་བྱེད་དགོས་ལ། ཁོང་ལྟར་ན། གསུམ་པའི་ཉེར་དགུའི་ཉིན་གྱི་སྔོན་འགྲོའི་འོས་བསྡུའི་སྐབས་འོས་ཤོག་མང་ཤོས་ཁོང་ལ་ཐོབ་ཡོད་སྟབས། འདི་གཞི་ལ་བཟུང་སྟེ་ཞི་འགྲིག་བྱེད་དགོས་ཟེར་གྱིན་ཡོད་པ་རེད།
ཨབ་རི་ཀའི་ལྟ་རྟོག་ཚོགས་པ་ཆེ་ཤོས་གསུམ་གྱིས་གཟའ་པ་སངས་ཉིན་གྱི་འོས་ཤོག་དེར་ངོ་རྒོལ་སྐྱོན་བརྗོད་བྱེད་ཀྱིན་ཡོད་ནའང་། གྷ་བྷོན་རྒྱལ་ཁབ་ཀྱི་སྲིད་འཛིན་ཨོ་མར་བྷོན་གྷོ་ཡིས་ཨབ་རི་ཀའི་ཚོགས་ཆེན་དེའི་ཐོག་ནས་གསར་འགོད་པ་ཚོར། སྐུ་ཞབས་མུ་གྷ་བྷེ་ནི་འོས་འདེམས་བྱས་པ་རེད། ཁོང་གིས་སྲིད་འཛིན་གྱི་དམ་འབུལ་དབུ་མནའ་བཞེས་ཚར་པ་རེད། ཁོང་ང་ཚོ་དང་མཉམ་དུ་ཡོད་ལ། ཁོང་ད་ལྟ་སྲིད་འཛིན་རེད། ང་ཚོས་ཁོང་ལ་འདི་ལས་ལྷག་པ་ཞིག་བཤད་ཐུབ་པ་ཡོད་པ་་མ་རེད་ཅེས་བརྗོད་ཡོད་པ་རེད།
ཨབ་རི་ཀའི་དབུ་ཁྲིད་དག་ཀྱང་ཕྱོགས་གཉིས་སུ་གྱེས་ཀྱིན་ཡོད་ལ། སེར་ར་ལོ་ཎིའི་སྲིད་འཛིན་ཨེར་ཎི་སུ་བྷེ་ཁོ་རོ་མ་ཡིས་བྷི་བྷི་སི་ལ་བརྗོད་དོན། ཛུམ་བྷ་ཝེ་མི་དམངས་ལ་དམངས་གཙོའི་རང་དབང་མ་སྤྲད་པ་རེད། ཚིག་བརྗོད་ཅི་ཡིན་ལ་མ་ལྟོས་པར། ང་ཚོས་དོན་དག་ཅི་བྱུང་བ་དེར་སྐྱོན་བརྗོད་བྱེད་འོས་པ་རེད་ཅེས་བརྗོད་ཡོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་ཨ་ཤ་རོ་སུ་མེ་གྷི་རོ་ཨབ་རི་ཀའི་དབུ་ཁྲིད་དག་ལ་བརྗོད་དོན། ཨབ་རི་ཀའི་མཐུན་ཚོགས་ཀྱིས་རྒྱབ་སྐྱོར་ཡོད་པའི་ཛུམ་བྷ་ཝེ་ཡི་ཚོགས་པ་ཁག་དང་། མངའ་ཁུལ་འདིའི་ལས་ཀྱི་སྣེ་མོ་བ་གཞན་པ་དག་གིས་ཞི་མོལ་ཁོ་ན་བརྒྱུད་དེ་དཀའ་རྙོག་འདི་སེལ་ཐུབ་གི་རེད་ཅེས་བརྗོད་ཡོད་པ་རེད།
འབོད་སྐུལ་འདིའི་བྲག་ཅ་དེ་ལྷོ་ཨབ་རི་ཀར་ཁྱབ་ཅིང་། མངའ་ཁུལ་འདིའི་སྟོབས་ཤུགས་ཆེ་ཤོས་དེའི་ཕྱི་སྲིད་ལྷན་ཁང་གིས་ཀྱང་། སྲིད་འཛིན་མུ་གྷ་བྷེ་དང་མོར་གྷན་ཚེ་ཝན་གྷི་རི་གཉིས་ཀྱིས་ཞི་མོལ་བྱས་ཏེ། བར་བརྒལ་གྱི་གཞུང་ཞིག་བཙུགས་ནས་ད་ལྟའི་དཀའ་རྙོག་འདི་སེལ་ཐབས་བྱེད་དགོས་ཞེས་བརྗོད་ཡོད་པ་རེད།
མོར་གྷན་ཚེ་ཝན་གྷི་རི་ཡི་དམངས་གཙོ་ཚོགས་པའི་སྲིད་འཛིན་གཞོན་པ་ཐོ་ཁོ་ཛ་ཎི་ཁུ་བྷེ་ཡིས་བཅར་འདྲི་ཞིག་གི་སྐབས་བརྗོད་དོན། ཁོང་ཚོར་བར་བརྒལ་གྱི་དབུ་ཁྲིད་ཅིག་དགོས་ལ། དེའང་གསུམ་པའི་ཉེར་དགུའི་ཉིན་གྱི་འོས་ཤོག་ལ་གཞི་འཛིན་དགོས་ལ། དེ་ལྟར་བྱས་ཚེ་མོར་གྷན་ཚེ་ཝན་གྷི་རི་ལགས་ནས་དབང་ཚད་ངེས་ཅན་ལེན་ཐུབ་པར་བརྗོད། ཁོང་མོས་བཤད་དོན། ཛུམ་བྷ་ཝེ་འབར་གྱིན་འདུག དེ་མེ་ཐོག་ན་ཡོད་པ་རེད། འདི་འབར་ནས་ཚིག་སྟེ་ངོས་མི་ཟིན་པའི་ཚད་དུ་མ་བསླེབ་གོང་ཨབ་རི་ཀའི་དབུ་ཁྲིད་ཚོས་འདི་སྐྱོད་རྒྱུ་ནི་གལ་ཆེན་པོ་ཆགས་ཡོད་ཅེས་བརྗོད་ཡོད་པ་རེད།
ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཀྱིས་ཕྱི་ཚེས་ ༡ ཉིན་བརྗོད་དོན། ཨ་རིའི་གཞུང་གིས་བདུན་ཕྲག་འདིའི་ནང་དུ་མཉམ་འབྲེལ་རྒྱང་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ནང་དུ་གཞུང་འབྲེལ་གྲོས་ཆོད་ཅིག་བཞག་སྟེ། མུ་གྷ་བྷེ་ཡི་གཞུང་ལ་ཉེས་ཆད་འགེལ་བར་འབད་བརྩོན་བྱེད་ཀྱི་ཡིན། གནད་དོན་འདིའི་ཐོག་ལ་ལྷན་ཚོགས་ཀྱི་ནང་ཁུ་སིམ་མེར་མི་འདུག་པའི་ཡིད་ཆེས་ཡོད། ང་ཚོས་གཞུང་དེའི་ཐོག་ཁ་སྐོར་ནས་ཉེས་ཆད་འགེལ་རྒྱུ་ཡིན། ལས་དོན་འདི་ལ་སུ་ཞིག་གིས་ངོ་རྒོལ་བྱས་པ་ཡིན་ན་དེར་འགྲེལ་བཤད་འདང་ངེས་པ་ཞིག་དགོས་ཟེར།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

ཆུ་ཚོད་ ༩ སྔོན་ལ།
Mobile App

རྒྱ་གར་གྱིས་འཛམ་གླིང་གི་མེ་འཁོར་ལྕགས་ལམ་མཐོ་ཤོས་འཛུགས་སྐྲུན་བྱ་འཆར་འདུག

ཆུ་ཚོད་ ༡༠ སྔོན་ལ།
Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

༢༠༢༦/༠༤/༡༣
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༡༣
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese