བོད་གཞིས་བྱེས་གཉིས་སུ་གྱེས་ཏེ་མི་ལོ་ཧྲིལ་བོ་༤༩འཁོར་བའི་སྐབས་འདིར་གཞིས་ལུས་སྤུན་ཟླ་ཚོས་གཅིག་མཇུག་གཉིས་མཐུད་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་སྐད་འབོད་བྱས་པ་དང༌། མདོ་དབུས་ཁམས་གསུམ་གྱི་བོད་མི་ཚོའི་འབོད་ཚིག་གཙོ་བོ་༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་དང༌། ཁོང་མགྱོགས་མྱུར་ངང་བོད་དུ་ཕེབས་འཇུག་རྒྱུ། པཎ་ཆེན་ཆུང་སྲིད་མཆོག་གློད་གྲོལ། བོད་རང་བཙན་གཙང་མ་དགོས་པ། བོད་ལ་རང་དབང་མ་སྤྲད་པར་ཨོ་ལིམ་པིག་རྩེད་འགྲན་མཚམས་འཇོག་དགོས་པ་སོགས་ཡིན་འདུག ད་ལྟའི་ཆར་བོད་ཆོལ་ཁ་གསུམ་ནང་དགེ་འདུན་པ་དང་བཙུན་མ། སློབ་ཕྲུག། མི་མང་བཅས་ཀྱིསལས་འགུལ་སྤེལ་དང་སྤེལ་བཞིན་ཡོད་ཅིང༌། བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་དྲ་རྒྱས་གནས་ཚུལ་ལྟར་ན། ཚེས༡༠ནས་༡༨བར་ཞི་བའི་ལས་འགུལ་འདི་དག་གི་ཁྲོད་བོད་ཀྱི་རྒྱལ་ས་ལྷ་ས་གཅིག་པུར་མི་༨༠ལྷག་བསད་ཡོད་པ་དང་མི་༥༠༠ཙམ་འཛིན་བཟུང་བྱས་པར་ངོས་འཛིན་གནང་ཡོད་ཅིང༌། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚེས་༡༩ཉིན་གསལ་སྒྲགས་ཤིག་སྤེལ་བའི་ནང༌། ད་བར་དུ་ལྷ་ས་གཅིག་པུར་ཁུངས་འཕེར་བྱུང་བ་བོད་མི་༨༠བསད་ཡོད་ལ། ཁུངས་འཕེར་མིན་པ་༡༠༠བསད་ཡོད་པའི་ངོས་འཛིན་གནང་ཡོད། ཚེས་༡༠ནས་༡༩བར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ས་ཡོངས་སུ་ཞི་བའི་ངོ་རྒོལ་ཁྲོད་ངོ་ཐག་ཆོད་པའི་༦༥བསད་ཡོད་པའི་ངོས་འཛིན་བྱས་ཡོད་པ་དང༌། གྲངས་གནས་འདི་ཉིན་རེ་བཞིན་འཕར་གྱིན་ཡོད་ཅེས་འགན་འཛིན་གཞོན་པ་འཇམ་དཔལ་སྨོན་ལམ་ལགས་ཀྱིས་བརྗོད་ཡོད།
ལས་འགུལ་འདིའི་ཁྲོད་ཤེས་རྟོགས་བྱུང་བའི་གནས་ཚུལ་རེག་ཟིན།
ཚེས་༡༠ཉིན།
༡)ཉིན་རྒྱབ་ཀྱི་ཆུ་ཚོད་དྲུག་པ་ཡས་མས་སུ་ལྷ་ས་གཙུག་ལག་ཁང་གི་མདུན་དུ་སེ་ར་དགོན་པའི་དགེ་འདུན་པ་༡༥དང་མི་སྐྱ་༢ཀྱིས་སྐད་འབོད་བྱས་པ་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་བཙན་ཁྲིད་བྱས་ཡོད།
༢)མདོ་སྨད་མང་ར་རྫོང་ཀླུ་ཚང་དགོན་པའི་དགེ་འདུན་པ་དང་མི་མང་༣༥༠ལྷག་གིས་རྫོང་གི་འཁྲབ་སྟོན་ཞིག་གི་སྟེང་དུ་སྐད་འབོད་བྱེད་འཆར་ཡོད་ཀྱང༌། ཉེན་རྟོག་པས་ཤེས་རྟོགས་བྱུང་སྟེ་བཀག་འགོག་བྱས་པར་བརྟེན། རྫོང་ཐོག་ནས་ཕྱིར་དགོན་པར་ཕེབས་སྐབས་ཞི་བའི་སྐད་འབོད་བྱས།
༣)མདོ་སྨད་མཚོ་ཤར་ཁུལ་བ་ཡན་རྫོང་རྡི་ཚ་དགོན་པར་རྒྱ་མིའི་ལས་བྱེད་༢༠ཙམ་ཡོང་སྟེ་ཚོགས་འདུ་འཚོགས་སྐབས་དགེ་འདུན་པ་༧༠ཙམ་གྱིས་ཞི་བའི་སྐད་འབོད་བྱེད་བཞིན་རྫོང་ཐོག་ཏུ་བསྐྱོད།
ཚེས་༡༡ཉིན།
༡)ཉིན་རྒྱབ་ཆུ་ཚོད་༣ཙམ་དུ་སེ་ར་དགོན་གྱི་གྲྭ་བ་༥༠༠ལྷག་གིས་ཚེས་༡༠ཉིན་ཉེན་རྟོག་པས་འཇུས་པ་དགེ་འདུན་པ་རྣམས་དང་མི་སྐྱ་གཉིས་གློད་དགོས་པའི་སྐད་འབོད་བྱས་རྐྱེན་མིག་ཆུ་འབྱིན་བྱེད་ཀྱི་འབར་རྫས་གཏོར་ཏེ་དྲག་གནོན་བྱས།
༢)ཁམས་དཀར་མཛེས་འབའ་པ་ས་ཁུལ་དུ་མི་མང་གིས་ཞི་བའི་ངོ་རྒོལ་བྱས། མི་༣བསད་ཅིང༌། ༡༠ཙམ་ལ་རྨས་སྐྱོན་ཕོག་ཡོད།
ཚེས་༡༢ཉིན།
༡)ཞོཊ་པའི་ཆུ་ཚོད་༡༠ཙམ་དུ་ཆུ་བཟང་དགོན་པའི་བཙུན་མ་༡༠༠ལྷག་གིས་ལྷ་སའི་བར་སྐོར་ནང་ཞི་བའི་སྐད་འབོད་བྱེད་པར་བསྐྱོད་སྐབས། དྲག་ཆས་དམག་མིས་བཀག་འགོག་གིས་བཙུན་མ་རྣམས་ཕྱིར་སློགབཏང༌།
༢)འབྲས་སྤུངས་དགོན་པའི་གྲྭ་པ་༡༠༠༠ལོ་ལྷག་གིས་སྐད་འབོད་སྒྲོག་བཞིན་ལོ་ལྷ་ས་བར་གོམ་བགྲོད་བྱེད་སྐབས། དྲག་ཆས་དམག་མིས་མཐའ་བསྐོར་ཏེ་འགྲོ་མ་བཅུག་པས་རྔ་བ་ཀིརྟི་དགོན་གྱི་གྲྭ་བ་སྐལ་བཟང་དང་དམ་ཆོས་གཉིས་ཀྱིས་ལུས་སྟེང་དུ་གྲིས་རི་མོ་དང་ཡི་གེ་གང་ཡིན་མི་ཤེས་པ་བྲིས་ཏེ་ངོ་རྒོལ་བྱས་པ་དང༌། འབྲས་སྤུངས་དགོན་པའི་སྨན་ཁང་དུ་སྨན་བཅོས་བྱེད་དུ་ཁྲིད་ཡོད་ནའང༌། ཚེ་སྲོག་ལ་ཉེན་ཁ་ཆགས་ཡོད་འདུག
ཚེས་༡༤ཉིན།
༡)ཞོགས་པའི་ཆུ་ཚོད་༡༠ཙམ་ནས་ལྷ་སའི་རྭ་མོ་ཆེ་གཙུག་ལག་ཁང་གི་མདུན་དུ་གྲྭ་པ་དང་མི་མང་ཆིག་ཁྲི་བརྒལ་བས་ཞི་བའི་ངོ་རྒོལ་བྱས། ལས་འགུལ་འདིའི་ཁྲོད་བཙན་བྱོལ་བོད་གཞུང་གིས་མི་༨༠བསད་པ་དང་མི་༥༠༠ལྷག་འཛིན་བཟུང་བྱས་པར་ངོས་འཛིན་གནང་ཡོད་མོད། རྒྱ་ནག་གིས་བོད་མི་༡༣མ་གཏོགས་བསད་མེད་སྐོར་བརྗོད་ཡོད།
༢)ཨ་མདོ་བླ་བྲང་བསང་ཆུ་རྫོང་ཁོངས་སུ་གྲྭ་པ་དང་མི་མང་༥༠༠༠ལྷག་གིས་ཞི་བའི་ངོ་རྒོལ་བྱས།
༣)ལྷ་ས་འཕན་པོ་དགའ་ལྡན་ཆོས་འཁོར་དགོན་པའི་གྲྭ་པ་དང་མི་མང་༣༠༠༠ལྷག་གིས་ཞི་བའི་ངོ་རྒོལ་བྱས། མི་༧འཇུས།
ཚེས་༡༥ཉིན།
༡)ལན་ཀྲའུ་གྲོང་ཁྱེར་ནང་ཡོད་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིགས་སློབ་མ་༤༠༠ཙམ་གྱི་ཞི་བའི་ངོ་རྒོལ་བྱས།
༢)ལི་ཐང་ཨོ་ཐོག་སྡེ་བ་དང་གཡོན་རུ་མ་སྡེ་བ་གཉིས་ཀྱི་མི་མང་ཚོས་ཞི་བའི་ངོ་རྒོལ་བྱས་པར་བརྟེན། མི་༣འཇུས།
༣)ཕྱི་དྲོ་ཆུ་ཚོད༤ཐོག་ཨ་མདོ་རྔ་པ་སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ཕར་ཕྱིན་འཛིན་གྲྭ་མན་གྱི་གྲྭ་གཞོན་དང་མི་སྐྱ་༤༠༠ལྷག་གིས་ཞི་བའི་སྐད་འབོད་བྱས
༤)འཕན་པོ་ལྷུན་གྲུབ་རྫོང་དུ་གྲྭ་པ་དང་མི་མང་གིས་ཞི་བའི་ངོ་རྒོལ་བྱས།
༥)གཙང་བཀྲ་ཤིས་ལྷུན་པོར་གྲྭ་པ་དང་མི་མང་གིས་ཞི་བའི་ངོ་རྒོལ་བྱས།
༦)ལྷ་སའི་ཤར་ཕྱོགས་ཀྱི་ཀརྨ་ཀུན་བཟང་གྲོང་ཁུལ་དུ་མི་མང་གིས་ཞི་བའི་ངོ་རྒོལ་བྱས་ཡོད)
ཚེས་༡༦ཉིན།
༡)ཆུ་ཚོད་༡༡སྟེ་རྔ་པ་རྫོང་གི་ཁྲོམ་གཞུང་དུ་དགོན་སྡེ་ཁག་གི་གྲྭ་པ་རྣམས་ཀྱིས་སྣེ་ཁྲིད་དེ་རྔ་ཁོག་སྟོད་སྨད་བར་གསུམ་གྱི་སེར་སྐྱ་མི་མང་ཆིག་ཁྲི་ལྷག་གིས་ཞི་བའི་ངོ་རྒོལ་བྱས། རྐྱེན་འདས་སུ་སོང་བའི་ཕུང་པོ་༢༠ལྷག་རག་ཡོད་ཅིང༌། མི་༣༠ལྷག་གར་སོང་ཤེས་རྟོགས་ཐུབ་མེད་པར་ལྷག་ཡོད། རྨས་སྐྱོན་བྱུང་བའི་ཞིབ་ཕྲའི་གྲངས་འབོར་རག་མེད།
༢)ཆུ་ཚོད་དྲུག་ཙམ་ལ་ཀན་སུའུ་རྨ་ཆུ་རྫོང་གྲོང་བརྡལ་ནང་བོད་མི་༡༥༠༠ཙམ་གྱིས་ཞི་བའི་ངོ་རྒོལ་བྱས།
༣)ཆུ་ཚོད༡༡སྟེང་རེབ་གོང་དགོན་པའི་གྲྭ་པ་༣༠༠ལྷག་གིས་ཞི་བའི་ངོ་རྒོལ་བྱས།
༤)མེལ་གྲོལ་གུང་དཀར་སྤང་ས་དགོན་པའི་གྲྭ་པ་རྣམས་ཀྱིས་ཞི་བའི་ངོ་རྒོལ་བྱས། དགེ་འདུན་པ་རེ་ཟུང་བཟུང་ཡོད་ནའང༌། ཞིབ་ཕྲའི་གྲངསའབོར་རག་མེད།
༥)རྨ་ཆུ་རྫོང་དངུལ་རྭ་ཤང་གི་བོད་མི་༢༥༠ཡིས་ཞི་བའི་ངོ་རྒོལ་བྱས།
ཚེས་༡༧ཉིན།
༡)ཉིན་རྒྱབ་ཆུ་ཚོད་༤བའི་ཐོག་མདོ་སྨད་མང་ར་རྫོང་ཀ་རྒྱ་དགོན་པའི་གྲྭ་པ་དང་མི་མང་༥༧༠ཡིས་ཞི་བའི་ངོ་རྒོལ་བྱས།
༢)ཞོགས་པའི་ཆུ་ཚོད་༦པའི་ཐོག་གཙང་དགོན་པ་དང་ར་རྒྱ་དགོན་པའི་གྲྭ་པ། ༡༠༠ལྷག་གིས་ཞི་བའི་ངོ་རྒོལ་བྱས། དགོན་པའི་བརྩི་བཞག་རིན་པོ་ཆེ་མཆོག་གཙོས་བླ་སྤྲུལ་ཁག་ཅིག་དགོན་པ་ནས་ཉེན་ཡོལ་དུ་ཕེབས་དགོས་བྱུང་འདུག
༣)ཞོགས་པའི་ཆུ་ཚོད་༡༡ཙམ་ལ་བསུ་བའི་མ་མའི་བཙུན་དགོན་གྱི་བཙུན་མ་རྣམས་ཀྱིས་རྔ་པ་རྫོང་ཐོག་ཏུ་ཞི་བའི་ངོ་རྒོལ་བྱས་ཤིང༌། ཆུ་ཚོད་༡༢སྟེང་རྨེའུ་རུ་མའི་ཞང་ཐོག་ཏུ་མི་མང་ཆིག་ཁྲི་ལྷག་གིས་ཞི་བའི་ངོ་རྒོལ་བྱས་ཡོད།
༤)སྔ་དྲོའི་ཆུ་ཚོད་༨/༣༠ཙམ་ལ་ཟི་ཁྲོན་ཞིང་ཆེན་རྔ་པ་ཁུལ་དམར་ཐང་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་༡༠༠ལྷག་གིས་ཞི་བའི་ངོ་རྒོལ་བྱས་པ་དང༌། སློབ་ཕྲུག་༤༠ཙམ་འཇུ་བཟུང་བྱས།
༥)རྨ་ཆུ་རྫོང་མི་རིགས་སློབ་འབྲིང་དང་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་གཙོས་ཞང་ཁག་བཅོ་བརྒྱད་ཀྱི་མི་མང་གིས་རྫོང་སྲིད་གཞུང་གི་སྒོ་འགྲམ་དུ་ཞི་བའི་ངོ་རྒོལ་བྱས། མི་༡༢ལྷག་བསད་ཡོད་ཅིང༌། མི་༡༨ལ་རྨས་སྐྱོན་ཕོག་ཡོད་ཅེས་དང༌། གནས་ཚུལ་ཡོང་ཁུངས་གཞན་ལྟར་ན་མི་༡༨བསད་ཅིང༌། རྨས་སྐྱོན་བྱུང་བའི་གྲངས་འབོར་༡༨ལས་མང་བ་ཡོད།
༦)ཀན་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་དང༌། སྨན་ཞབས་པའི་སློབ་གྲྭ། ཕྱུགས་ལས་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ཞི་བའི་ངོ་རྒོལ་བྱས། སློབ་མ་༢བསད། རྨས་སྐྱོན་ཕོག་པ་དང་འཛིན་བཟུང་བྱས་པའི་ཞིབ་ཕྲའི་གྲངས་འབོར་ཤེས་རྟོགས་ཐུབ་མེད།
༧)མཚན་མོའི་ཆུ་ཚོད་༡༢སྟེང་པེ་ཅིན་དུ་ཡོད་པའི་བོད་རིགས་སློབ་མ་ཚོས་ཞི་བའི་ངོ་རྒོལ་བྱས་ཡོད།
༨)ཕྱི་དྲོར་རྔ་པ་རྨེའུ་རུ་མའི་ཞི་བའི་ངོ་རྒོལ་བྱེད་མཁན་མི་༤བསད་པ་དང༌། མི་༢༠ལྷག་འཛིན་བཟུང༌། མི་མང་བོར་རྨས་སྐྱོན་བྱུང་ཡོད་ནའང༌། ཞིབ་ཕྲའི་གྲངས་བོར་ཤེས་རྟོགས་ཐུབ་མེད།
༩)རྔ་པ་ཨ་མཆོག་མཚན་ཉིད་དགོན་གྲོང་གཉིས་ཀྱི་སེར་སྐྱ་མི་མང་༨༠༠ལྷག་གིས་ཞི་བའི་ངོ་རྒོལ་བྱས།
༡༠)རྒྱ་རོང་འབར་ཁམས་ཀྱི་དགེ་འོས་སློབ་གྲྭ་གཙོས་མི་མང་༡༠༠༠ལྷག་གིས་ངོ་རྒོལ་བྱས། འབར་ཁམས་རྫོང་སློབ་འབྲིང་གི་སློབ་མ་རྣམས་ཀྱིས་ཞི་བའི་ངོ་རྒོལ་བྱེད་སྐབས་ཉེན་རྟོག་པས་སྒོ་ཆེན་བརྒྱབས་ཏེ། ཕྱི་ལ་མ་བཏང་བས་སློབ་གྲྭའི་ནང་དུ་ཟས་བཅད་ངོ་རྒོལ་བྱས།
༡༡)རྔ་པ་ཀིརྟི་གདོང་རི་དགོན་པའི་གྲྭ་པ་རྣམས་ཀྱིས་བློ་རྟ་ཞང་ཐོག་ཏུ་ཞི་བའི་ངོ་རྒོལ་བྱས།
༡༢)དགོང་མོའི་ཆུ་ཚོད་༨པར་ཐེ་བོ་བྲག་སྒམ་གྱི་ལྷ་གསོལ་དགོན་པ་དང༌། སྤོ་ཤོག་དགོན་པ། སྔོ་ཁྱེ་རི་ཁྲོད་གསུམ་གྱི་དགེ་འདུན་པ་དང་མི་མང་༢༠༠ལྷག་གིས་ཞི་བའི་ངོ་རྒོལ་བྱས།
༡༣)སྟོད་ལུང་བདེ་ཆེན་དགོན་པའི་གྲྭ་པ་དང་མི་མང་གིས་ཞི་བའི་ངོ་རྒོལ་བྱས། མི་༣༠འཛིན་བཟུང་བྱས།
༡༤)ཆུ་ཚོད་༡༡སྟེང་མདོ་སྨད་མཛོད་དགེ་ཐང་སྐོར་གྱི་གྲྭ་པ་དང་མི་མང་༢༥༠ལྷག་གིས་སྐད་འབོད་བྱས། མི་༤འཇུས།
ཚེས་༡༨ཉིན།
༡)རྔ་པ་དང་རྨ་ཆུའི་ས་མཚམས་ཀྱི་འབྲོག་སྡེ་ཆུ་ཁ་མའི་མི་མང་གིས་ཞི་བའི་ངོ་རྒོལ་བྱས། ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད།
༢)ཞོགས་པའི་ཆུ་ཚོད་༡༡ཙམ་ལ་ཀན་ལྷོ་ཁུལ་ཅོ་ནེ་རྫོང་ཆོས་དཔལ་དགོན་པའི་གྲྭ་པ་༥༠༠ཙམ་གྱིས་ཞང་སྲིད་གཞུང་གི་སྒོ་འགྲམ་དུ་ཞི་བའི་ངོ་རྒོལ་བྱས།
༣)ཆུ་ཚོད་༡༡ཡས་མས་སུ་ཨ་མཆོག་འབོ་ར་དགོན་པའི་གྲྭ་པ་དང་མི་མང་༡༠༠༠ཞི་བའི་ངོ་རྒོལ་བྱས། མི་༦རྨས།
༤)ཆུ་ཚོད་༡ཡས་མས་སུ་དཀར་མཛེས་གྲོང་བརྡལ་ཁྲོམ་གཞུང་ནང་མི་༥༠༠ལྷག་གིས་ཞི་བའི་ངོ་རྒོལ་བྱས། མི་༥རྨས། ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད།
༥)ཕྱི་དྲོའི་ཆུ་ཚོད་བཞི་བར་གསེར་རྟ་ཁུལ་གྱི་གྲྭ་པ་དང༌། མི་མང་ཆིག་སྟོང་ལྷག་གིས་ཞི་བའི་ངོ་རྒོལ་བྱས།
༦)བླ་བྲང་བསང་ཁོག་དང་རྒན་གྱ་གཉིས་ཀྱི་མི་མང་གིས་ཞི་བའི་ངོ་རྒོལ་བྱས།
༧)ཕྱི་དྲོའི་ཆུ་ཚོད་དྲུག་པར་མདོ་སྨད་མགོ་ལོག་ཁུལ་དུ་མི་མང་གིས་ཞི་བའི་ངོ་རྒོལ་བྱས་འདུག
༨)ཀན་ལྷོ་གཙོད་ས་ཁུལ་གྱི་གྲྭ་པ་དང་མི་མང་༢༠༠༠ལྷག་གིས་གཙོད་མི་མང་སྲིད་གཞུང་མདུན་དུ་ཞི་བའི་ངོ་རྒོལ་བྱས། ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད།
ཚེས་༡༩ཉིན།
༡)ཕྱི་དྲོའི་ཆུ་ཚོད་༧པར་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་མ་དངོས་ཞང་དཔོན་སྐོར་སྡེ་བའི་མི་མང་༢༥༠ལྷག་གིས་ཞི་བའི་ངོ་རྒོལ་བྱས། ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད།