སྤྱི་ལོ་ ༢༠༠༥ ལོར་འདི་ག་གསར་ཁང་ནས་འདོན་སྤེལ་བྱས་ཤིང་། རྩོམ་པ་པོ། དུས་བབ་རྩོམ་སྒྲིག་པ་དགེ་འདུན་རབ་གསལ་ཡིན།
ནང་དོན་གཙོ་བོ། ཨ་ཁུ་པད་མའི་ཀྱག་ཀྱོག་གི་མི་ཚེ་བརྒྱུད་རིམ་བཅར་འདྲི་དང་གླེང་མོལ་ཚུལ་གྱིས་བྲིས་ཡོད་ལ། ལོང་བ་ལོ་ཙཱ་བ་ཨ་ཁུ་པད་མས་རང་ཉིད་ཀྱི་མི་ཚེའི་སྐྱོ་གར་ཁ་བརྡའི་ཚུལ་གྱིས་བརྗོད་ཡོད། དཔེ་དེབ་འདིའི་ནང་གི་མི་སྣ་གཙོ་བོ་ཨ་ཁུ་པད་མ་ནི་སྤྱི་ལོ་ ༡༩༢༥ ལོར་མདོ་སྨད་རེབ་གོང་དུ་སྐྱེས་ཤིང་། སྤྱི་ལོ་ ༡༩༣༢ ལོར་སྤེན་དཀར་ཐང་དགོན་པའི་ཆོས་སྒོར་ཞུགས། སྐབས་དེར་མདོ་སྨད་ས་ཁུལ་མཱ་པུའུ་ཧྥང་གི་ཇག་དམག་གིས་གཏོར་བཅོམ་བྱེད་ཀྱིན་ཡོད་སྟབས། ༡༩༤༧ ལོར་ལྷ་སར་འབྱོར་ཡང་ར་སྟག་གི་དོན་རྐྱེན་འོག་ཧ་ཅང་རྙོག་འཛིང་ཆེ་སྟབས། ཀ་སྤུག་བརྒྱུད་དེ་སྤྱི་ལོ་ ༡༩༥༡ ལོར་རྒྱ་གར་དུ་འབྱོར། རྒྱ་གར་ནས་ལམ་བཟོའི་ལས་ཀ་བྱེད་སྐབས་འགད་རྫས་ཀྱིས་མིག་ལོང་བར་གྱུར་ཏེ། རྡེ་ར་རྡུན་ལོང་བའི་སློབ་གྲྭར་ཞུགས་ཏེ་ཧིན་རྡི་དང་ལག་ཤེས་བསླབས་ཤིང་། རྗེས་སུ་བོད་ཤོར་སྐབས་ཁོང་གིས་སྐད་སྒྱུར་བའི་ལས་ཀ་རྒྱུན་རིང་བྱས་ཡོད་ལ། སྐབས་ཤིག་རིང་ཚོགས་འདུ་སོགས་ཀྱི་སྟེང་༧གོང་ས་མཆོག་གི་ཧིན་རྡུའི་སླད་བསྒྱུར་བའང་གནང་མྱོང་ཅིང་། ད་ལྟ་རྒྱ་གར་ལྷོ་ཕྱོགས་ཀྱི་རྒན་གསོ་ཁང་དུ་བཞུགས་ཡོད། །