མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་དབང་ཤོར་བ་སྔོན་མའི་ལས་རེད།

བོད་ཀྱི་དུས་བབ།
༢༠༠༨/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཆུ་བཞི་སྒང་དྲུག་གི་ཚོགས་ཐོག་ནས་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་ལགས་ཀྱིས་ཚོགས་པ་ཁག་གིས་ཆོས་ཀྱི་བྱེད་སྒོ་རྒྱ་ཆེན་པོ་སྤེལ་ན་རྒྱབ་སྐྱོར་དང་དཔལ་འབྱོར་གྱིས་ཕོངས་མི་སྲིད་པ་དང༌།  བོད་རང་དབང་ཤོར་བ་སྔོན་མའི་ལས་རེད་ལ་ཐོབ་རྒྱུ་དེ་ཡང་སྔོན་མའི་ལས་རེད་ཞེས་གསུངས་བྱུང༌། 

མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་ལས་ཀྱིས་ཚེས་ ༡༦ ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་དྲན་སྲུང་གཙི་བྱས་ཤིང་། སྐུ་མགྲོན་གཙོ་བོར་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་ལགས་དང་དཔལ་འབྱོར་བཀའ་བློན།   ཆོས་རིག་བཀའ་བློན།  ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ།  དྲུང་ཆེ་རྣམ་པ་སོགས་དང་ལྷན་དུ་གངས་སྐྱིད་སྤྱི་ཐབ་ཁང་དུ་ཚོགས་ཡོད་པ་རེད། ཆུ་བཞི་སྒང་དྲུག་དབུས་རྒྱུན་ལས་ཁང་གི་ཚོགས་གཞོན་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་ཀྱིས་ཆུ་སྒང་དབུས་རྒྱུན་གྱི་ཡོངས་ཁྱབ་གསལ་བསྒྲགས་སྒྲོག་སྦྱང་བྱས་དོན། ཆུ་སྒང་དང་བླངས་དམག་གི་ལོ་ངོ་ ༥༠ འཁོར་བའི་དུས་དྲན་དང་ཡང་ན་ལོ་རེ་རེ་ལ་དུས་དྲན་སྲུང་གཙི་བྱེད་སྟངས་ཡིན་ན་གཟབ་རྒྱས་གནང་འཆར་ཡོད་ཀྱང་། ད་ཐེངས་བྱུང་བའི་བོད་ཀྱི་གནད་དོན་འདིའི་ཆེད་དུ་མཛད་སྒོ་གྲ་རྒྱས་པོ་བྱེད་ཀྱི་མེད་པ་དང་། གལ་ཏེ་མ་འོངས་པར་གནས་སྟངས་ཡག་པོར་གྱུར་ན་སླར་ཡང་གྲ་རྒྱས་པོའི་མཛད་སྒོ་འཚོགས་འཆར་ཡོད་ཚུལ་འགྲེལ་བརྗོད་གནང་སོང་བ་མ་ཟད། མི་རབས་རྗེས་མ་རྣམས་ཀྱིས་རྒན་རབས་བྱས་རྗེས་ཅན་དེ་དག་གི་དམིགས་ཡུལ་གཞིར་བཟུང་གྲུབ་འབྲས་ཐོན་མིན་ཇི་ལྟར་ཡང་མི་རབས་ཀྱི་ལོ་རྒྱུས་ནང་ནག་ཐིག་མ་ཕོག་པར་མཇུག་སྐྱོང་བྱ་རྒྱུའི་འགན་ཆེན་པོ་ཡོད་པར་གསུངས།

ཚོགས་ཐོག་ནས་ཀརྨ་ཆོས་འཕེལ་ལགས་ཀྱིས་སྤྱི་འཐུས་རྒྱུན་ལས་ཀྱི་གསུང་བཤད་དང་བཀའ་སློབ་གནང་ཡོད།  ཁོང་གིས་ཆུ་བཞི་སྒང་དྲུག་གིས་བོད་དོན་ལ་སྐུ་སྲོག་ཤོར་བའི་དཔའ་བོ་དཔའ་མོ་ཚོར་གུས་བརྩི་བྱེད་བཞིན་ཡོད་པ་དང་། ༧གོང་ས་མཆོག་ས་མཚམས་བར་བསུ་སྐྱེལ་བྱས་པ་སོགས་རླབས་ཆེན་གྱི་མཛད་རྗེས་མང་པོ་ཡོད་པར་གསུངས་སོང༌།  དེ་བཞིན་ཆུ་སྒང་ནི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན་ཡང་རྩ་ཁྲིམས་གཞིར་བཟུང་སྒོས་༧གོང་ས་མཆོག་ལ་གློ་སྙིང་མཆིན་གསུམ་སྟོན་བཞིན་ཡོད་པ་དང༌།  དེ་ལྟ་བུའི་འདུ་ཤེས་ཀྱང་བོད་མོ་ཚོར་འཇོག་དགོས་པ་མ་ཟད་བོད་ནང་གི་གཞིས་ལུས་མི་དམངས་ཚོར་བློ་ཕམ་སྐྱེས་སུ་མི་འཇུག་ཆེད་ང་ཚོས་འཐེན་ཁྱེར་དང༌། ཆོལ་ཁའི་དབྱེ་འབྱེད་ཀྱི་ཤུགས་རྐྱེན་ཡོད་པའི་ལས་ཀ་སོགས་བྱེད་མི་ཉན་པར་གསུངས།

ཀརྨ་ཆོས་འཕེལ་ལགས་ཀྱིས་མུ་མཐུད་དུ་གསུངས་དོན། ང་སྒེར་གྱི་ངོས་ནས་བཤད་ན་གཞུང་མང་ཛ་དྲག་ཚོགས་པའི་ཚོགས་གཙོ་ཡིན་པ་དང༌།  དེའི་ཕྱོགས་ལ་སྤྱི་ཚོགས་ནང་བཤད་ཡམས་ཡོད་པས་ངས་འདིར་ཞུ་འདོད་པ་ནི་གཞུང་མང་ཛ་དྲག་ཚོགས་པས་དམིགས་ཡུལ་གཉིས་ཀྱི་སྒང་ནས་ལས་ཀ་བྱེད་བཞིན་པ་སྟེ།   རྒྱ་མིས་བོད་ནང་ལ་དྲག་གནོན་བྱེད་བཞིན་པ་དེ་སྐྱོབ་ཆེད་རྒྱལ་སྤྱི་ལ་འབོད་སྐུལ་ཞུ་བཞིན་པ་དང་། གཞིས་ལུས་མི་དམངས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་རྒྱུ་འདི་གཉིས་ཡིན་ཅེས་འགྲེལ་བརྗོད་གནང་སོང༌།  ད་དུང་ཁོང་གིས་གསུངས་དོན། ང་ཚོས་ད་ལྟ་བྱེད་ཐུབ་པ་ནི་ཆོས་ཀྱི་སྒང་ནས་བྱེད་སྒོ་སྤེལ་རྒྱུ་དེ་ཡིན་པ་དང༌། ཆོས་ཕྱོགས་ནས་བྱེད་སྒོ་སྤེལ་ན་རྒྱབ་སྐྱོར་དང་དཔལ་འབྱོར་གྱིས་ཕོངས་མི་སྲིད་པས། ངའི་རེ་བ་ལ་ཆུ་སྒང་དང་ཆོལ་གསུམ་གཅིག་སྒྲིལ་སོགས་གཙོ་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་དག་གིས་ཆོས་ཀྱི་བྱེད་སྒོ་སྤེལ་ན་ལེགས་པ་མ་ཟད། བོད་རང་དབང་ཤོར་བ་སྔོན་མའི་ལས་རེད་བསམ་གྱིན་ཡོད་ལ་ཐོབ་རྒྱུ་དེ་ཡང་སྔོན་མའི་ལས་རེད་བསམ་གྱིན་ཡོད་ཞེས་གསུངས་བྱུང༌།   

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༤ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese