མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱིར་མེས་རྒྱལ་དུ་ལོག་འདོད་མེད་ཟེར།

བོད་ཀྱི་དུས་བབ།
༢༠༠༨/༠༧/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་བོད་རིགས་ལས་བྱེད་ཚོར་བཙན་བྱོལ་བོད་པའི་སློབ་གྲྭ་དང་དགོན་སྡེ་ཁག་གི་བྱིས་པ་ཚོ་ཕྱིར་འཁྲིད་ཡོང་དགོས་ཞེས་བཙན་བཀའ་བཏང་ཡོད་པ་དེས། བོད་གཞིས་ཀྱི་ཕ་མ་ཚོའི་འཚོ་གནས་ལ་གནོན་ཤུགས་དང༌། བོད་བྱེས་ཀྱི་བུ་ཕྲུག་ཚོའི་སློབ་གཉེར་ལ་འགོག་རྐྱེན་འཕྲད་ཡོད་ཀྱང༌། བཙན་བྱོལ་ནང་གི་བྱིས་པ་ཚོས་ཕྱིར་མེས་རྒྱལ་དུ་ལོག་འདོད་མི་འདུག་ཟེར།

ཉེ་ཆར་བོད་རང་སྐྱོང་ལྗོངས་འབྲེལ་ཡོད་ཚན་པས། གུང་ཁྲན་ཏང་མི་དང་རྒྱལ་ཁབ་ཀྱི་སྤྱི་ཞབས་པའི་བུ་ཕྲུག་བཙན་བྱོལ་ཏཱ་ལའི་རུ་ཚོགས་ཀྱི་སློབ་གྲྭ་དང་དགོན་སྡེ་ཁག་ནས་ཕྱིར་འཁྲིད་ཡོང་དགོས་པའི་བཙན་བཀའ་དང༌། དེ་བཞིན་སྐྱབས་བཅོལ་ནང་བྱིས་པ་ཚོར་ཁ་བྲལ་དང་ལོག་སྤྱོད་ཀྱི་སློབ་གསོ་སྤྲོད་ཀྱིན་ཡོད་ཟེར་པ་སོགས་ཀྱི་ཐད། ཁ་སང་གཟའ་ཕུར་བུའི་ཉིན་འདི་གའི་གསར་འགོད་པ་ཆེད་དུ་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་རུ་སྐྱོད་དེ། བོད་ཁྱིམ་འགན་འཛིན་དང་སློབ་མ་ཚོར་དགོངས་འཆར་ཅི་ཡོད་རྒྱུས་ལོན་བྱས། ཉིན་འདི་འགར་རྒྱ་གར་གྱི་ཆར་དུས་ལ་འཁེལ་ཡོད་པའི་ཁར། དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་ནི་ཧི་མ་ལ་ཡའི་རི་རྒྱུད་རྡོ་ལ་རྡར་གྱི་རྫ་སྐེད་དུ་ཆགས་ཡོད་སྟབས། དབྱར་དུས་ཆར་ཞོལ་ཆེ་ཞིང༌། དགུན་དུས་ཁ་ཆར་འབབ་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་པས་མི་རྣམས་ཀྱིས་སུན་སྣང་མི་བྱེད། ཁ་སང་ཞོགས་པ་ང་རང་ས་དེར་འབྱོར་སྐབས་ཀྱང༌། སློབ་གྲྭའི་ཕྱི་ནང་བར་གསུམ་ཀུན་ལ་བོད་པའི་ཁྱིམ་ཚང་དག་གི་བསང་དུད་དང༌། ཨ་མྱེས་རྡོ་ལ་རྡར་གྱི་སྨུག་སྤྲིན་གཉིས་དཀྱིས་གཅིག་ཏུ་འདྲེས་ཏེ། ཁོད་ཡངས་པའི་ཤེས་རིག་གི་ཁོར་ཡུག་དེ་ལ། ཁུ་སིམ་པའི་བསིལ་འཇམ་གྱི་མཁའ་དབུགས་ཤིག་བསྣམས་འདུག

ང་ཞོགས་པ་དེར་ཐད་ཀར་སློབ་གྲྭའི་དབུ་འཛིན་མཆོག་གི་ཡིག་ཚང་དུ་བཅར་སྐབས། དབུ་འཛིན་ཕུན་ཚོགས་རྣམ་རྒྱལ་ལགས་ཀྱིས་གློག་ཀླད་ཅུང་རྙིང་པ་ཞིག་གི་མདུན་དུ་ཅི་ཞིག་བསྔོག་བཤེར་བྱེད་ཀྱིན་འདུག ཐོག་མར་ངས་ཁོ་ལ་འཚམས་འདྲི་དང་སྦྲགས། ཉེ་ཆར་བོད་རང་སྐྱོང་ལྗོངས་འབྲེལ་ཡོད་ཚན་པས། གུང་ཁྲན་ཏང་མི་དང་རྒྱལ་ཁབ་ཀྱི་སྤྱི་ཞབས་པའི་བུ་ཕྲུག་བཙན་བྱོལ་ནང་ཡོད་པ་དག་ཕྱིར་ཁྲིད་ཡོང་དགོས་པའི་བཙན་བཀའ་དང༌། དེ་བཞིན་རྒྱ་གར་ནང་བྱིས་པ་ཚོར་ཁ་བྲལ་དང་ལོག་སྤྱོད་ཀྱི་སློབ་གསོ་སྤྲོད་ཀྱིན་ཡོད་པ་རེད་ཟེར་པ་སོགས་ཀྱི་ཐད། དགོངས་ཚུལ་དང་གྲ་སྒྲིག་ཅི་ཡོད་བཀའ་འདྲི་ཞུས་པར་ཁོང་གིས་བརྗོད་རྒྱུར། ལོ་བཅུ་གྲངས་ཤིག་གི་གོང་དུའང་རྒྱ་ནག་གཞུང་གིས་ཐེམ་ཐོར་ཞིབ་བཤེར་བྱས་མཐར། བཙན་བྱོལ་ནང་གི་བྱིས་པ་ཕོན་ཆེན་ཞིག་ལ་གནས་ཚུལ་དེ་འབྱོར་ཡོད། འོན་ཀྱང༌། དངོས་སུ་ཕ་མ་འདིར་ཡོང་སྟེ་བུ་ཕྲུག་ཕྱིར་འཁྲིད་པ་ཉུང་ཤས་ཡིན། དེ་ལས་ཁག་ཅིག་གིས་ཐེམ་ཐོ་བརྒྱབས་ཏེ་ཕྱིར་རྒྱ་གར་དུ་བཏང་བའང་ཡོད། བོད་ཕྲུག་ཁྱིམ་སྡེའི་ངོས་ནས་བྱིས་པ་ཚོའི་མདུན་ལམ་དང་བདེ་རྩ། མ་འོངས་པར་རང་མགོ་འཐོན་པ་བཟོ་ཐབས་དང༌། བུ་ཕྲུག་ཚོའི་ཕ་མར་ཡང་རྡབ་གསིག་མི་ཡོང་བ་བྱ་རྒྱུ་གལ་ཆེན་དུ་རྩི་བཞིན་ཡོད། འོན་ཀྱང༌། གནས་ཚུལ་འགའ་རེར་ང་ཚོས་གང་ཡང་བྱེད་མ་ཐུབ་པ་དེ་འདྲ་འདུག ཐེངས་འདིར་ཆབ་སྲིད་དང་འབྲེལ་བ་ཡོད་སྟབས། ང་ཚོར་གདམས་ཀ་ཞེ་དྲག་མེད། བུ་ཕྲུག་ཕ་མར་ཤ་ཚ་མེད་མཁན་ཡོད་པ་མ་རེད། སོ་སོའི་ཕ་མར་དཀའ་ངལ་འཕྲད་ན། འདི་གའི་སློབ་གྲྭར་མཐུན་རྐྱེན་ཅི་ཙམ་བཟང་ཡང་བློས་གཏོང་བྱེད་གི་རེད། ང་ཚོའི་ངོས་ནས་གང་ཡོང་ཅི་ཡོང་གིས་བྱིས་པ་ཚོ་ཕྱིར་ལོག་མི་དགོས་པ་ཞིག་ལ་འབད་བརྩོན་བྱེད་ཀྱིན་ཡོད་ཅེས་བརྗོད་བྱུང༌། ཡང་ཁོང་གིས་རྒྱ་ནག་གིས་ཁ་བྲལ་དང་ལོག་སྤྱོད་ཀྱི་སློབ་གསོ་སྤྲོད་ཀྱིན་ཡོད་པ་རེད་ཟེར་བའི་ཐད་བརྗོད་དོན། ང་ཚོ་བོད་ཕྲུག་ཁྱིམ་སྡེ་འོག་གི་སློབ་གྲྭ་དག་ན། ༧གོང་ས་མཆོག་གི་དགོངས་གཞི་ལྟར། དབུ་མའི་ལམ་རྩ་འཛིན་བྱས་ཏེ། སློབ་ཕྲུག་ཚོར་རྒྱ་ནག་དང་ཁ་བྲལ་འདོད་མ་ཡིན་པར་ཞི་བདེ་མཉམ་གནས་ཡོང་ཐབས་ཀྱི་སློབ་གསོ་ཤུགས་ཆེན་སྤྲོད་ཀྱིན་ཡོད་ལ། ཐ་ན་བྱིས་པ་ཚོ་ལས་འགུལ་འདྲ་མིན་ནང་ཞུགས་སྐབས་ཀྱང༌། གཞུང་གི་བཀའ་ཁྱབ་ལས་མ་བརྒལ་བ་བྱེད་ཀྱིན་ཡོད་ཟེར།

དེ་ནས་ང་རང་འཛིན་ཁང་གི་ཕྱོགས་སུ་སོང་སྟེ་དགེ་རྒན་བུ་མོ་ཞིག་ལ། ཁྱེད་ཀྱི་འཛིན་གྲྭར་བོད་ནས་ཡོང་བའི་ཕ་མ་ལས་བྱེད་ཀྱི་བྱིས་པ་ཡོད་མེད་དང༌། ཡོད་ན་བཅར་འདྲི་ཞུ་ཆོག་མིན་དྲིས་པར་མོ་རང་འཛིན་ཁང་དུ་སོང་སྟེ། སློབ་ཕྲུག་ཚོར་ཐེངས་ཁ་ཤས་ལ་དྲིས་ཀྱང་ལན་སྟེར་མཁན་མ་བྱུང་སྟབས། ཕྱིར་ཡོང་སྟེ་ཁྱོད་ནང་དུ་ཕེབས་ཏེ་ཁོ་ཚོར་ཕྲིས་དང་ཟེར། ང་ཁྲིད་སྟེགས་ཀྱི་འཁྲིས་སུ་སོང་སྟེ། སློབ་གྲོགས་ཚོར་འཚམས་འདྲི་ཞིག་དང་མཉམ་དུ་བོད་ནས་ཡོང་བའི་བྱིས་པ་ཚོས་ལག་པ་རྐྱོངས་དང་ཞེས་བཤད་པར། འཛིན་ཁང་དེའི་ནང་བྱིས་པ་ཉི་ཤུ་ཡས་མས་ཡོད་པ་ལས་ ༡༢ ཀྱིས་ལག་པ་བརྐྱངས་སོང༌། ཡང་ཕ་མ་ལྷ་སར་ལས་བྱེད་ཡིན་པ་དེ་ཚོས་ལག་པ་རྐྱོངས་དང་ཞེས་བཤད་པར་ལག་པ་རྐྱོང་མཁན་གཅིག་ཀྱང་མ་བྱུང༌། དེ་ནས་ང་ཡོང་དོན་རགས་ཙམ་བཤད་རྗེས། གནས་ཚུལ་འདི་གོ་མྱོང་མཁན་ཡོད་མེད་དྲིས་པར་བུ་མོ་ཞིག་ཡར་ལངས་ཏེ། ངའི་གཉེན་ཉེ་ཞིག་སུ་ཇ་སློབ་གྲྭར་ཡོད་ལ། དེར་གནས་ཚུལ་འདི་འདྲ་ཞིེག་འབྱོར་ཡོད་པའི་སྐད་ཆ་འདུག་ཟེར།
 
དེ་ནས་ང་རང་འཛིན་ཁང་གཞན་ཞིག་གི་དགེ་རྒན་གྱི་གམ་དུ་སོང་སྟེ། སྔར་བཞིན་སྐད་ཆ་དྲིས་པར་ཁོས་སློབ་ཕྲུག་ཅིག་ཕྱི་ལ་སྐད་བཏང་སོང༌། ངས་ཁོ་ལ་མིང་དང་ཕ་མའི་ལས་ཀ་ཅི་ཡིན་ནས་མགོ་འཛུགས་ཀྱིས་གོང་གི་གནད་དོན་ཐད་བཅར་འདྲི་བྱས་པར་ཁོས། ངའི་ཨ་ཕ་ལྷ་སར་དགེ་རྒན་བྱེད་ཀྱིན་ཡོད་ཀྱང་གནས་ཚུལ་འདི་འདྲ་གང་ཡང་འབྱོར་མ་སོང༌། གལ་ཏེ་འབྱོར་ཡང་དང་ལེན་བྱ་ཁག་པོ་རེད། ཕྱིར་བོད་ནང་སོང་ན་གནས་ཚུལ་ཅི་འབྱུང་མི་ཤེས་ལ། རྒྱ་གར་ལྟ་བུའི་སློབ་སྦྱོང་གི་གོ་སྐབས་དང༌། སློབ་གྲྭ་འཐོན་རྗེས་ལས་ཀ་ཡང་ཁག་པོ་རེད། ངས་འཛིན་རིམ་དྲུག་པའི་བར་བོད་ནས་སློབ་སྦྱོང་བྱས་པ་ཡིན། དེ་དུས་ཤེས་ཡོན་གང་ཡང་འབྱོར་མ་སོང༌། ཐེངས་ཁ་ཤས་ལ་སློབ་གྲྭ་ནས་འགྲོ་དགོས་དྲན་མྱོང་ཟེར། ཡང་ཁོང་ལ་གལ་སྲིད་ནང་མི་ཁྱེད་རང་ལེན་དུ་ཡོང་ན་ཅི་བྱེད་རྒྱུ་ཡིན་ཞེས་དྲིས་པར་ཁོས། ངས་ནང་མི་ཚོར་ང་དང་ནང་མིའི་བར་འབྲེལ་བ་ཆད་ཡོད་ཅེས་རྒྱ་གཞུང་ལ་ཤོད་ཅེས་ལབ་ས་རེད། སེམས་ནང་ཕྱིར་ལོག་དགོས་དྲན་ཡང༌། སོ་སོའི་གནས་སྟངས་ལའང་བལྟ་དགོས། ངར་མཚོན་ན་འཛིན་རིམ་བཅུ་གཉིས་འཐོན་གྲབས་ཡོད་པས། ཕྱོགས་གཉིས་ཀའི་གནས་ཚུལ་ལ་བསམ་བློ་གཏོང་དགོས་ཟེར།

ཡང་འཛིན་གྲྭ་དེའི་ནང་གི་བུ་མོ་ཞིག་ལ་གནད་དོན་འདིའི་ཐད་བསམ་ཚུལ་ཅི་ཡོད་དང༌། རྒྱ་གཞུང་གིས་སྐྱབས་བཅོལ་བོད་པར་ཆ་རྐྱེན་དང༌། སློབ་སྦྱོང་བྱེད་ས་ཡག་པོ་ཡོད་པ་མ་རེད་ཟེར་གྱིན་ཡོད་པས། ཁྱོད་ཚོ་སློབ་གྲྭའི་ཆ་རྐྱེན་དང་ཤེས་ཡོན་སྤྲོད་སྟངས་ལ་འདོད་པ་ཚིམ་གྱིན་འདུག་གམ་ཞེས་དྲིས་པར་ཁོ་མོས། གནས་ཚུལ་དེ་ཐོག་མ་ཨ་རིའི་རླུང་འཕྲིན་བརྒྱུད་དེ་ཐོས་སྐབས་ཞེད་སྣང་སྐྱེས་སོང༌། ང་བོད་ནས་འཛིན་རིམ་གསུམ་པ་བར་སོང་མྱོང༌། ང་སྔོན་མ་འགྲོ་སའི་སློབ་གྲྭ་དང་ད་ལྟའི་སློབ་གྲྭ་འདི་གཉིས་ལས། མཐུན་རྐྱེན་དང་ཤེས་ཡོན་སྤྲོད་སྟངས། ཕྱོགས་གང་ཐད་ནས་ད་ལྟའི་སློབ་གྲྭ་འདི་ཡག་པོ་འདུག་ཟེར།

མཇུག་མཐར་ང་རང་ཡང་བསྐྱར་སྤྱི་ཁྱབ་ཡིག་ཚང་དུ་སོང་སྟེ། འབྲེལ་མཐུད་པ་ལེགས་བཤད་བསྟན་པ་ལགས་སུ་བོད་ཕྲུག་ཁྱིམ་སྡེ་འོག་གི་སློབ་ཕྲུག་རེ་ཟུང་ཕ་མས་ཕྱིར་བོས་ཡོད་པའི་སྐད་ཆ་འདུག་པས། དེའི་སྐོར་མཁྱེན་རྟོགས་ཡོད་མེད་དྲིས་པར་ཁོང་གིས། ད་སྔ་བོད་ཕྲུག་ཁྱིམ་སྡེ་འོག་གི་སློབ་གྲྭ་དག་ལ་དེ་འདྲའི་གནས་ཚུལ་གཅིག་ཀྱང་འབྱོར་མ་སོང༌། གལ་ཏེ་དེ་འདྲ་བྱུང་བ་ཡིན་ན། གཙོ་ཆེ་ཤོས་བུ་ཕྲུག་ཚོར་འདོད་པ་ཡོད་མེད་ལ་བལྟ་དགོས་པ་རེད། འཛིན་སྐྱོང་ངོས་ནས་ཀྱང་བགྲོ་གླེང་གོ་བསྡུར་ཡོང་གི་རེད། ཉིན་འདི་འགར་བོད་དུ་ལོག་མཁན་སློབ་ཕྲུག་རེ་ཟུང་འདུག་ཀྱང༌། ཁོ་ཚོ་འགྲོ་ཁར་སྐད་ཆ་དྲིས་པར་རྒྱ་ནག་གི་སྲིད་ཇུས་དེའི་འོག་ནས་ཕ་མས་སྐད་བཏང་བ་དེ་འདྲ་མིན་པ་འདྲ་ཅེས་བརྗོད་བྱུང༌།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 5

  1. ཀརྨ་དོན་གྲུབ། says:
    ལོ་ 18 སྔོན།

    ངས་བལྟས་ན་བོད་གཞུང་ལ་ནུས་པ་ཡོད་པ་མ་རེད་བསམ། གཙོ་བོ་བྱིས་པ་དང་ཕ་མ་ཚོར་ཐུག་འདུག སྔོན་མ་སྐད་གཏོང་སྐབས་ཀྱང་ལྷ་སར་ཡོད་པའི་ཕ་མ་ཚོ་འབྲེལ་ཡོད་ལས་ཁུངས་ཁག་ལ་སོང་ནས་བྱིས་པ་ཚོ་ཚུར་ཁྲིད་ཡོང་ཆོག ཡིན་ནའང་ཕར་ཕྱོགས་ནས་སློབ་སྦྱོང་གི་མཐུན་རྐྱེན་ཅི་ཞིག་རག་གི་ཡོད་པ་དེ་འདི་ནས་ཀྱང་རག་དགོས་ཀྱི་ཡོད་ཅེས་བཤད་པར་བརྟེན་ཁུ་སིམ་མེར་གྱུར་བ་རེད། འདི་ནི་ཐབས་ཤེས་ཡག་པོ་ཞིག་རེད། དེ་བཞིན་བྱིས་པ་ཚོའི་ངོས་ནས་ཀྱང་ད་རེབ་པེ་ཅིན་ལ་ལན་གང་འཚམ་ཞིག་སྤྲད་འདུག་ག ངོ་མ་བཤད་ན། འཛམ་གླིང་མི་དམངས་ཀྱིས་ཐོས་པར་བྱས་ཏེ་འདི་ལས་ལྷག་པའི་ཉེས་འགེལ་ཞིག་ཕར་བྱས་ཆོག་གི་རེད། བྱིས་པ་ཚོར་ཆབ་སྲིད་ཀྱི་ལོ་ཚོད་སྨིན་མི་འདུག་ག དེའི་ཁར་རྒྱ་ནག་གིས་ད་དུང་ཚུར་བྱིས་པ་ཚོའི་དཔྲལ་བ་ལ་ཏཱ་ལའི་རུ་ཚོགས་ཀྱི་མིང་བྲིས་ནས་གླེང་གི་འདུག འདི་ལྟར་གླེང་ཆོག་གི་ཡོད་ན། གནད་དོན་འདིའི་རིགས་ཆབ་སྲིད་ལས་ཀྱང་སློབ་གསོ་དང་བྱིས་པའི་ཐོབ་ཐང་གི་ཐོག་ནས་གླེང་ན་ཡག་གི་རེད་འདོད།

    Reply
  2. གནས་ཚང་། says:
    ལོ་ 18 སྔོན།

    གལ་སྲིད་མེས་རྒྱལ་ཞེས་ལབ་ཀྱི་ཡོད་ན། ལོག་དགོས་ཀྱི་རེད་མ་གཏོགས་ཉེས་ཅན་པ་རང་ཡིན་པ་མཁྱེན་གསལ་རེད། བོད་གཞུང་ལ་ག་རེ་གསུང་རྒྱུ་འདུག་གམ། བཀའ་ཁྲི་དབུས་མ་སླེབས་གོང་ནས་དབུས་སྲིད་གཞུང་ཞེས་མགོ་འདོགས་ཞུས་ཚར་བ་མིན་ནམ།

    Reply
  3. ཟླ་བ་ཚེ་རིང་། says:
    ལོ་ 18 སྔོན།

    འདི་བྱིས་པ་དང་ཕ་མ་ཚོའི་ཆོད་སེམས་དང་བཟོད་བསྲན་གྱི་གནད་དོན་ཙམ་མ་རེད་ལ། སློབ་གྲྭ་དང་སློབ་ཕྲུག་གི་གནད་དོན་ཙམ་ཡང་མ་རེད། འདི་ཆབ་སྲིད་དང་འབྲེལ་བ་ཆགས་ཡོད་སྟབས་བོད་གཞུང་གིས་ཀྱང་གསུང་ཞིག་གནང་དགོས་པར་འདོད།

    Reply
  4. ཀརྨ་དོན་གྲུབ། says:
    ལོ་ 18 སྔོན།

    བྱིས་པ་ཚོར་ཅི་འདྲའི་ཆོད་སེམས་ཞིག་འདུག ཡིན་ནའང་ཕ་མ་ཚོར་དེ་འདྲའི་བཟོད་བསྲན་ཅིག་ཨེ་ཡོད་བསམ་གི།

    Reply
  5. འབྲོག་རུ་ཆོས་གྲགས། says:
    ལོ་ 18 སྔོན།

    མ་གཞི་སློབ་ཕྲུག་ཚོས་ལན་ཡག་པོ་བསྐྱོན་འདུག
    ཡིན་ན་འང་། སློབ་ཕྲུག་དེ་ཚོས་དོན་དངོས་ཀྱི་བོད་དོན་ལ་བློ་ཁ་ཕྱོགས་ཀྱིན་ཡོད་ན།
    མ་འོངས་པར་བོད་སྐད་ཡིག་གི་དུར་འདེབས་པ་མི་ཆགས་པར་མཁྱེན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese