དེ་རིང་ཞོགས་པ་ཞིན་ཅང་ས་ཁུལ་དུ་མི་གསུམ་བསད་པ་དེས་ཨོ་ལིམ་པིག་འཚོགས་པའི་དུས་ཡུན་འདིའི་རིང་ཁྱོན་རྒྱ་ནག་གི་ཉེན་རྟོག་པ་བསད་པའི་གྲངས་འབོར་དེ་ ༣༠ ལ་བསླེབས་ཡོད་པ་རེད།
ཞིན་ཧྭ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ངོ་རྟགས་མི་ཟིན་པའི་འཇབ་རྒོལ་བ་ཁག་ཅིག་གིས་མོ་ཊ་སྐོར་ནས་ཡོང་སྟེ་ཞིན་ཅང་གི་ཡ་མན་ཡ་ཞེས་པའི་ས་ཁུལ་གྱི་ལམ་འགྲམ་གྱི་ཞིབ་བཤེར་ཁང་ཞིག་ལ་རྒྱུགས་ཏེ་མི་གསུམ་བསད་ཅིང་། གཅིག་རྨས་ཡོད་འདུག ཡ་མན་ཡ་གྲོང་གི་ལས་བྱེད་ཅིག་གིས་ཁ་པར་བརྒྱུད་ཨེ་པེ་གསར་ཁང་ལ་བརྗོད་པ་ལྟར་ན། གོང་གསལ་མི་གསུམ་དེ་ནི་ཉེན་རྟོག་པ་དང་དམག་མི་མིན་པར། གཞུང་གི་ལས་བྱེད་པ་ཡིན་ཚུལ་འདུག་ལ། གྱོད་དོན་འདིའི་ཐད་ད་ཆར་རྩད་ཞིབ་བྱེད་བཞིན་པའི་སྒང་ཡིན་འདུག
འདི་ནི་ཨོ་ལིམ་པིག་ཚུགས་ཀ་ནས་ད་བར་དུ་ཚུར་རྒོལ་བྱས་པ་ཐེངས་གསུམ་པ་དེ་ཡིན་ལ། ཐེངས་དང་པོའི་སྐབས་ཉེན་རྟོག་པ་ ༡༦ བསད་པ་དང་། ཐེངས་གཉིས་པའི་སྐབས་ཉེན་རྟོག་པ་ ༡༡ བསད་ཡོད་ལ། ཁྱོན་མི་ ༣༠ བསད་ཡོད་འདུག
དྲག་སྤྱོད་བྱེད་ན་དེ་ལྟར་དགོས། རྒྱ་ནག་ལ་སེམས་ཤིག་ཤེས་སུ་བཅུག་ན་ཏག་ཏག་རེད།