མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་བ་རིན་པོ་ཆེའི་ཐུགས་གི་བོད་པ་དང་རྒྱ་མི།

བོད་ཀྱི་དུས་བབ།
༢༠༠༨/༠༨/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་རང་ལ་མཚོན་ན་གནའ་སྔ་མོའི་རིག་གནས་རྩ་ཆེན་མང་པོ་ཡོད་པ་དག རིག་གནས་གསར་བརྗེའི་སྐབས་རྩ་རླག་ཏུ་བཏང་ཡོད། དེ་དང་མཉམ་དུ་མར་ཁུ་སིའི་ལྟ་བ་དེ་ཡང་མེད་པ་ཆགས་ཡོད་སྟབས། དེང་སང་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་སྐབས་འདིར། རྒྱ་ནག་གི་གཞོན་སྐྱེས་མང་པོས་དཔལ་འབྱོར་དང་དངུལ་སོགས་ལས་དྲན་རྒྱུ་གང་ཡང་མེད་པ་ཞིག་ཏུ་གྱུར་ཡོད།

སྤྱི་ནོར་ྋགོང་ས་མཆོག་ཐེངས་འདིར་ཧྤ་རན་སིའི་ལྷོ་ཕྱོགས་གྲོང་སྡེ་རོ་ཁུ་རི་ཌོན་ཌིར་རྟེན་གཞི་བྱས་པའི་སྤྲུལ་སྐུ་བསོད་རྒྱལ་རིན་པོ་ཆེའི་ཆོས་ཚོགས་ཀྱི། རིག་པ་ལས་རབ་གླིང་པའི་གཙུག་ལག་ཁང་ལེགས་གྲུབ་ཟིན་པའི་དབུ་འབྱེད་མཛད་སྒོར་ཕེབས་ཡོད་པ་དང༌། མཛད་སྒོ་དེའི་སྟེང་ཧྤ་རན་སིའི་སྲིད་འཛིན་གྱི་སྐུ་ཟླ་དང༌། ཧྤ་རན་སི་ཕྱི་སྲིད་བློན་ཆེན། ཧྤ་རན་སིའི་འགྲོ་བ་མིའི་ཐོབ་ཐང་གི་བློན་ཆེན་བཅས་ཀྱང་ཕེབས་ཡོད་འདུག སྐབས་དེར་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། བདེན་པ་དང་འཚེ་བ་མེད་པ། རང་དབང་ཟེར་བ་དེ་མི་ཚང་མར་དགོས་པ་ཞིག་རེད་ལ། མི་ཚང་མས་དགའ་ཞེན་བྱེད་ས་ཞིག་རེད། ལུང་པ་བྱེ་བྲག་པ་འགའ་རེའི་ནང༌། མི་འདྲ་བ་རེ་བྱེད་ཀྱིན་པ་དེ། དོན་ངོ་མའི་སྟེང་ནས་རྒྱུ་མཚན་མེད་པ་ཞིག་རེད། རྒྱ་ནག་གཞུང་གིས་བོད་ཀྱི་དཀའ་རྙོག་ཟེར་བ་ཞིག་ཡོད་པ་མ་རེད། བོད་དེ་རྒྱ་ཁོངས་རེད། བོད་ཀྱི་གནད་དོན་དེ་དམིགས་བསལ་གང་ཡང་མ་རེད། རྒྱ་ནག་ནང་ཁུལ་གྱི་དོན་དག་ཅིག་རེད་ཟེར་གྱིན་ཡོད་ལ། ཕྱི་ལྟར་དུ་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་གང་འདྲ་ཞིག་བྱས་ཀྱང་རུང༌། རྒྱལ་སྤྱིའི་ནང་དུ་བོད་དོན་དཀའ་རྙོག་ཟེར་བ་ཞིག་ལྷག་ཡོད་པ་གསལ་བོ་ཞེ་དྲག་རེད། དེ་བཞིན་རྒྱ་ནག་རང་ལ་མཚོན་ན་གནའ་སྔ་མོའི་རིག་གནས་རྩ་ཆེན་མང་པོ་ཡོད་པ་དག རིག་གནས་གསར་བརྗེའི་སྐབས་རྩ་རླག་ཏུ་བཏང་ཡོད། དེ་དང་མཉམ་དུ་མར་ཁུ་སིའི་ལྟ་བ་དེ་ཡང་མེད་པ་ཆགས་ཡོད་སྟབས། དེང་སང་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་སྐབས་འདིར། རྒྱ་ནག་གི་གཞོན་སྐྱེས་མང་པོས་དཔལ་འབྱོར་དང་དངུལ་སོགས་ལས་དྲན་རྒྱུ་གང་ཡང་མེད་པ་ཞིག་ཏུ་གྱུར་ཡོད། གནས་སྐབས་འདི་འདྲ་ཞིག་ལ་བོད་ཀྱི་ཆོས་དང་རིག་གཞུང༌། བྱམས་སྙིང་རྗེ་སོགས་ནང་ཆོས་ཀྱི་ལྟ་གྲུབ་དེ་དག་གིས་ཕན་ཐོགས་ཆེན་པོ་ཡོད་ཅེས་གསུང་ཡོད་ལ། དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དེ་ཧ་ཅང་གལ་ཆེན་པོ་རེད། གང་ཡིན་ཟེར་ན། ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཏུ་བཞུར་བཞིན་པའི་རྒྱུགས་ཆུ་མང་པོ་ཞིག་གི་འབྱུང་ཁུང་བོད་རེད། རྒྱ་ནག་གཞུང་གིས་ལོ་འདི་འགར་གང་འཚམ་གྱི་བདག་ཉར་བྱེད་གི་ཡོད་ནའང༌། སྔོན་མ་ལོ་མང་རིང་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་བཏང་བའི་རྐྱེན་གྱིས། ད་དུང་ཡང་ཉམ་གསོ་ཚད་ལྡན་ཞིག་བྱུང་ཐུབ་མེད་ཅེས་གསུངས་ཡོད།

མཛད་རིམ་གྲུབ་རྗེས་དབུ་ཁྲིད་དེ་དག་གིས་ྋགོང་ས་མཆོག་ལ་ཟུར་དུ་མཇལ་འཕྲད་ཞུས་ཡོད། སྐབས་དེར་༧གོང་ས་མཆོག་གི་གསུང་སྒྱུར་མཁན་གྱིས་གསར་འགོད་པ་ཚོར། ཐེངས་འདིར་༧ཏཱ་ལའི་བླ་མ་མཆོག་དང་ཧྥ་རན་སིའི་སྲིད་འཛིན་གྱི་སྐུ་ཟླ། ཧྤ་རན་སིའི་ཕྱི་སྲིད་བློན་ཆེན། འགྲོ་བ་མིའི་ཐོབ་ཐང་གི་བློན་ཆེན་བཅས་ཀྱིས་བོད་ཀྱི་གནད་དོན་སྐོར་ལ་བཀའ་སྡུར་གནང་ཡོད། ཏཱ་ལའི་བླ་མས་བོད་ནང་གི་ད་ལྟའི་གནས་སྟངས་ལ་ཐུགས་འཚབ་ཆེན་པོ་གནང་གི་ཡོད་སྐོར་དང་། ཨོ་ལིམ་པིག་རྩེད་འགྲན་གྱི་སྐབས་འདིར་བོད་ནང་རྒྱ་གཞུང་གིས་གདུག་རྩུབ་ཆེན་པོས་དྲག་གནོན་བྱེད་བཞིན་ཡོད་པ་དང༌། ཕྱི་ཟླ་ ༩ ནང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་འཚོགས་རྒྱུ་དང་ཕྱི་ཟླ་ ༡༠ ནང་ཁོང་གི་སྐུ་ཚབ་དང་རྒྱ་ནག་གི་སྐུ་ཚབ་བར་སླར་ཡང་འབྲེལ་མོལ་ལྷན་འཛོམས་གནང་རྒྱུར་ཐུགས་རེ་གནང་གི་ཡོད་ཚུལ་སོགས་གསུངས་ཡོད། དེ་བཞིན་ཧྥ་རན་སིའི་སྐུ་ཚབ་དོན་གཅོད་འཇམ་དཔལ་ཆོས་བཟང་ལགས་ཀྱིས་གསར་འགོད་པ་ཚོར། ཧྥ་རན་སིའི་སྲིད་འཛིན་གྱིས་ཐེངས་འདིར་ཁོང་གི་སྐུ་ཟླ་བརྒྱུད་ནས་༧གོང་ས་མཆོག་ལ་འཚམས་འདྲི་ཞུས་ཡོད་པ་དང༌། ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་ནི་ལོ་ ༢༠ གོང་ནས་༧གོང་ས་མཆོག་དང་མཇལ་འཕྲད་ཞུ་མྱོང་མཁན་ཞིག་ཡིན་ལ། ༧གོང་ས་མཆོག་ཧྥ་རན་སིར་ཆིབས་སྒྱུར་ཐད་དུས་རྟག་ཏུ་དགའ་བསུ་ཞུ་གིན་ཡོད་ཅེས་གསུངས་ཡོད།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༨ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

མཆན། 2

  1. དོན་འགྲུབ་བཀྲ་ཤིས། says:
    ལོ་ 18 སྔོན།

    སྐུ་ཞབས་དོ་ཁོ་ལགས། ཐེངས་འདིར་ཧྥ་རིན་སིའི་སྲིད་འཛིན་གྱིས་༧གོང་ས་མཆོག་ལ། བོད་ནང་གི་བོད་མའི་དཀའ་སྡུག་ལ་སེམས་འཚབ་ཡོད། ཡིན་ནའང་ང་ཚོས་རོགས་གེ་བྱ་ཐུབ་གི་མ་རེད། ཁྱེད་ཚོས་ང་ཚོ་ལ་རེ་བ་ཆེན་པོ་བྱེད་ཀྱིན་ཡོད་ན་ནོར་བ་རེད། ཅེས་ལན་བསྐུར་ཡོད་པ་དེ་འདྲ་མ་གོ་ལགས། དེ་ནི་གནས་ཚུལ་གསར་བ་དང་། གནད་དོན་ཆུང་ཆུང་རེད།
    རྒྱ་ནག་གི་གནོན་ཤུགས་འོག་ཐེངས་འདིར་སྲིད་འཛིན་གྱིས་༧གོང་ས་མཆོག་ལ་ཐུག་འཕྲད་གནང་མེད། དེ་ནི་༧གོང་ས་མཆོག་གིས་རྒྱ་ནག་ཁོང་ཁྲོ་མི་སློང་ཆེད་ཁོང་གི་ཐུགས་རེ་ལྟར་ཕྱིར་འཐེན་གནང་ཚུལ་འདུག་ལ། ༧གོང་ས་མཆོག་གིས་རྒྱལ་ཁབ་གང་ཞིག་གི་དབུ་ཁྲིད་ཡིན་ནའང་ཁོང་དང་མཉམ་དུ་མཇལ་འཕྲད་གནང་བར་བརྟེན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་དོ་ཕོག་འགྲོ་གི་ཡོད་ཚེ་ཁོང་ནས་མཇལ་འཕྲད་ཕྱིར་འཐེན་གནང་རྒྱུའི་དགོངས་བཞེས་ཤུགས་ཆེན་གནང་ཡོད་པ་རེད།
    སྔར་ལོ་ཧྤ་རིན་སིའི་སྲིད་འཛིན་ནེ་ཁོལ་༧གོང་ས་མཆོག་ལ་ཐུག་འཕྲད་བྱས་རྗེས། རྒྱ་ནག་གིས་ཚོང་འབྲེལ་ཁག་ཅིག་ཕྱིར་འཐེན་བྱས་ཡོད ། དྲང་བདེན་གྱི་རྒྱབ་དཔུང་། དཔལ་འབྱོར་འགྲན་རྩོད་ཀྱི་གོང་དུ་འཇོག་མི་ཐུབ་མཁན་ཧྤ་རིན་སིའི་སྲིད་འཛིན་ནེ་ཁོལ་གཅུག་པུ་ག་ལ་ཡིན།

    Reply
  2. དོ་ཁོ། says:
    ལོ་ 18 སྔོན།

    ཧྥ་རིན་སིའི་སྲིད་འཛིན་གྱིས་༧གོང་ས་མཆོག་ལ་བོད་ནང་གི་བོད་མའི་དཀའ་སྡུག་ལ་སེམས་འཚབ་ཡོད། ཡིན་ནའང་ང་ཚོས་རོགས་གེ་བྱས་ཐུབ་གི་མ་རེད། ཁྱེད་ཚོས་ང་ཚོ་ལ་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ན་ནོར་བ་རེད་ཅེས་ལན་བསྐུར་ཡོད་ཚུལ་འདུག་པ་བདེན་པ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese