ཕུལ་དུ་བྱུང་བའི་དགེ་རྒན་གཡུ་ལོ་སྒྲོལ་མ་དང་པདྨ་རྒྱལ་མཚན་གཉིས་ལ་རྒྱ་གར་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་རག་ཡོད་པ་རེད།
ཕྱི་ཟླ་ ༩ པའི་ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ དང་ཕྱེད་ཀའི་སྟེང་རྒྱ་གར་སྲིད་འཛིན་ལྕམ་ པུ་ར་ཐི་བྷ་མཆོག་གིས་སོ་ན་ཌ་དབུས་བོད་སློབ་ཀྱི་གཞི་རིམ་དགེ་རྒན་གཡུ་ལོ་སྒྲོལ་མ་ལགས་དང་། སིམ་ལ་དབུས་བོད་སློབ་ཀྱི་དགེ་རྒན་པདྨ་རྒྱལ་མཚན་གཉིས་ལ་ ༢༠༠༧ ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཕུལ་ཡོད་པ་དང་། གཟེངས་རྟགས་དུ་དངུལ་ལས་གྲུབ་པའི་རྟགས་མ་དང་། ཕུལ་བྱུང་དགེ་རྒན་གྱི་ཕྱག་འཁྱེར། ཧིན་སྒོར་ ༢༥༠༠༠ རེ་བཅས་གནང་ཡོད་འདུག
ལོ་འདིའི་རྒྱ་གར་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་བཞེས་མཁན་ཁྱོན་དགེ་རྒན་ ༣༢༠ ཡོད་པ་དང་། དེའི་ཁྲོད་གོང་འཁོད་བོད་རིགས་དགེ་རྒན་གཉིས་ཚུད་ཡོད་པ་རེད།
གནས་ཚུལ་དང་པར་མཁོ་སྤྲོད་པ། བསོད་ནམས་སྟོབས་རྒྱལ་ཡིན།





![Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]](https://tibettimes.net/wp-content/uploads/2026/05/Screen-Shot-2026-05-14-at-5.25.22-PM-360x180.png)