མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨོན་ལམ་སྙན་ཚིག་རྩོམ་སྐུལ་བརྡ་ཁྱབ།

བོད་ཀྱི་དུས་བབ།
༢༠༠༨/༠༩/༡༡
Share on FacebookShare on TwitterShare on EmailShare on Whatsapp

དཔལ་མཉམ་མེད་འགྲོ་མགོན་བཀའ་བརྒྱུད་པའི་སངྒྷ་སྨོན་ལམ་ཆེན་མོ་ཐེངས་ ༢༦ པར་སྨོན་ལམ་སྙན་ཚིག་རྩོམ་སྐུལ་བརྡ་ཁྱབ།

བཀའ་བརྒྱུད་སྨོན་ལམ་ཐེངས་ཉི་ཤུ་རྩ་དྲུག་པར་ང་ཚོའི་འཆར་གཞིར་སྨོན་ལམ་འཚོགས་སའི་སྐོར་ལམ་ཕྱི་མར་དམིགས་བསལ་སྨོན་ཚིག་དར་ཆ་འགེལ་རྒྱུ་ཡིན་པས། ཁྱེད་ཀྱིས་སེམས་ནང་གི་སྨོན་ལམ་རྣམས་སྙན་མོའི་ཚིག་ཏུ་བསྒྱུར་ནས་ཡིག་ཐོག་ནས་ང་ཚོར་བསྐུར་གནང་ཡོང་བ་ཞུ། བཀའ་བརྒྱུད་སྨོན་ལམ་ཐོག་སྤྱོད་རྒྱུའི་སྨོན་ཚིག་སྙན་རྩོམ་གྱི་འགྲོ་ལུགས་གཤམ་གསལ།
༡། སྨོན་ལམ་གྱི་སྙན་ཚིག་ཡིག་ཕྲེང་ཐུང་ཐུང་འགའ་ཤས་ལས་མེད་ཀྱང་ཆོག
༢། སྨོན་ལམ་གྱི་སྙན་ཚིག་ཇི་ལྟར་རིང་ཡང་ཡིག་འབྲུ་བརྒྱ་ལས་མ་མང་བ་ཡིན་དགོས།
༣། ལྷུག་རྩོམ་མམ་ཚིག་བཅད་གང་རུང་གི་ཐོག་ནས་བྲིས་ཆོག
༤། གཤམ་གསལ་གྱི་སྐད་ཡིག་གང་རུང་ཞིག་གི་ཐོག་འབྲི་དགོས།
བོད་ཡིག ཧིན་ངྷི། དབྱིན་ཇི། རྒྱ་ཡིག ཀོ་རི་ཡན། སི་ཕན། ཧཕ་རན་སི། འཇར་མན་བཅས་ཡིན།
༥། བརྗོད་བྱའི་སྙིང་དོན་ཁ་གསལ་གོ་བདེ་ཡིན་དགོས།
གཤམ་གསལ་གྱི་དཔེར་བརྗོད་འདི་རྒྱལ་དབང་ཀརྨ་པ་མཆོག་ནས་ཨ་རིའི་ནེའུ་ཡོག་འཛམ་གླིང་ཚོང་དོན་ལྟེ་གནས་གཏོར་བཤིག་བྱུང་སར་ཕྱག་བྲིས་གནང་བའི་སྨོན་ཚིག་སྙན་རྩོམ་ཞིག་ཡིན།
ཞི་བདེའི་སེམས་དང༌། ཞི་བདེའི་ཚོར་བ། ཞི་བདེའི་རྣམ་དཔྱད་བཅས་ཀྱིས། འཇིག་རྟེན་འདི་མུན་པ་ནས་སྣང་བར་འདྲེན་པར་གྱུར་ཅིག
གཤམ་གསལ་གྱི་དཔེར་བརྗོད་འདི་ནི་ ཧེ་ས་གྷ་ཝ་ཡི་བྷེ་ས་ ནས་བྱིས་པ་ཡོངས་ཀྱི་ཆེད་དུ་སྨོན་པའི་སྙན་ཚིག་ཞིག་ཡིན།
ཁྱེད་ཞི་བདེ་དང་རང་དབང་ལྡན་པའི་འཚོ་བ་བསྐྱལ་བར་གྱུར་ཅིག
ཁྱེད་བརྩེ་བ་དང༌། ཡིད་ཆེས་བདེ་འཇགས་བཅས་ཀྱི་ཚོར་སྣང་ཁྲོད་འཚར་ལོངས་འབྱུང་བར་གྱུར་ཅིག
ཁྱེད་གཞན་གྱིས་ཁས་ལེན་དང་བརྩི་འཇོག་ཐོབ་པའི་ངང་སྲོལ་རྒྱུན་གོམས་སྲོལ་དང་སྐད་ཡིག་སློབ་སྦྱོང་ཐོབ་པར་གྱུར་ཅིག
ཁྱེད་ལུས་སེམས་བདེ་ཐང་ཡོང་བར་གྱུར་ཅིག
ཁྱེད་ལ་དྭངས་གསལ་གྱི་ཆུ་དང༌། དྭངས་གཙང་གི་མཁའ་རླུང༌། རང་བྱུང་དང་བདེ་ཐང་གི་ཟས་སྣ་འཛོམས་པར་གྱུར་ཅིག
ཁྱེད་ཀྱིས་རང་ཉིད་ནི་གཅིག་ལས་མེད་ཅིང་དམིགས་བསལ་ཁྱད་ཆོས་ལྡན་པ་ཞིག་ཏུ་ཤེས་པར་གྱུར་ཅིག
ཁྱེད་རྒན་རབས་ཀྱི་ནང་དུ་གཞུང་དྲང་དང་བཟང་པོའི་ལམ་སྟོན་འཐོབ་པར་གྱུར་ཅིག
ཁྱེད་དང་ཁྱེད་ཀྱི་གྲོགས་ཕན་ཚུན་དབང་བསམ་འཆར་བརྗེ་རེས་དང་གུས་བརྩི་འཐོབ་པར་གྱུར་ཅིག
ཁྱེད་ཀྱིས་འཚེ་བ་མེད་པའི་ངང་ནས་རང་ཉིད་མངོན་སྟོན་ཐུབ་པར་གྱུར་ཅིག
ཁྱེད་ཀྱིས་གོ་ལའི་ཁྱོན་གྱི་སྐྱེ་དངོས་ཡོངས་ལ་གཅེས་སྤྲས་དང་གུས་བཀུར་བྱེད་པར་གྱུར་ཅིག

གཤམ་གསལ་གྱི་དཔེར་བརྗོད་ནི་  ཀརྨ་ཆོས་འཕེལ་ གྱིས་དམག་མི་རྣམས་ཀྱི་ཆེད་དུ་སྨོན་པའི་སྙན་ཚིག་ཡིན།
ངེད་ཅག་གིས།
ཁྱོད་ཀྱི་སེམས་ནང་དུ།
མཐོང་ཚད་དང་བྱས་ཚད་ཀྱི།
ཁ་ཐོར་ཡ་བྲལ་དུ་ཕྱིན་པའི་གཟུགས་བརྙན་རྣམས་བསལ་བའི་སྨོན་ལམ་ཞུ།

ཁྱེད་ཀྱི་སེམས་གཏིང་དུ་
གཅུས་ཕུར་བརྒྱབ་པ་ལྟ་བུའི་སེམས་ཀྱི་མདུད་པ་དམ་པོས་ཡོངས་སུ་དཀྲིས་པའི།
ཡི་མུག་གི་མེ་ལྕེ་དེ་རབ་ཏུ་ཞི་བར་སྨོན།

ཁྱེད་ཀྱིས་
འགྱེལ་ཞིང༌། སླར་འགྱེལ་བའི་
ཞལ་ཁྱིམ་དེ་དང༌། ཕྱི་མིག་ཟུང་དེ།
སླར་ཡང་མཐོང་བར་མ་གྱུར་ཅིག

འཇམ་མཉེན་གྱི་ཆར་ཆུས། ཁྱོད་ཀྱི་བཞིན་རས་བཀྲུས་ཏེ།
བག་དྲོ་བའི་ངང༌། ཁྱེད་ཀྱིས་ལྷད་མེད་པ་དང་འོད་གསལ་བའི་རང་ཞལ་དེ་མཐོང་བར་གྱུར་ཅིག

གཤམ་གསལ་ནི་སྨོན་ལམ་གྱི་བརྗོད་གཞི་གཙོ་བོ་གང་དགོས་ཀྱི་བསམ་འཆར་ཡིན།
ན་ཚས་ཐེབས་པ་རྣམས་ཀྱི་ཆེད་དུ་སྨོན་པ།
དབང་བོ་སྐྱོན་ཅན་རྣམས་ཀྱི་ཆེད་དུ་སྨོན་པ།
ཆོས་ལུགས་ཡོངས་ཀྱི་ཆེད་དུ་སྨོན་པ།
དམག་འཁྲུགས་དང་འཐབ་མོ་བྱུང་བ་རྣམས་ཀྱི་ཆེད་དུ་སྨོན་པ།
མིའི་འོས་མིན་གྱི་བྱ་སྤྱོད་ལ་བརྟེན་ནས་སྡུག་བསྔལ་མྱོང་བའི་སྲོག་ཆགས་རྣམས་ཀྱི་ཆེད་དུ་སྨོན་པ།
དགེ་རྒན་རྣམས་ཀྱི་ཆེད་དུ་སྨོན་པ།
སློབ་མ་རྣམས་ཀྱི་ཆེད་དུ་སྨོན་པ།
བྱིས་པ་རྣམས་ཀྱི་ཆེད་དུ་སྨོན་པ།
གྲོགས་པོ་རྣམས་ཀྱི་ཆེད་དུ་སྨོན་པ།
ཁྱོ་ཤུག་རྣམས་ཀྱི་ཆེད་དུ་སྨོན་པ།
བཙན་གནོན་དང་དངས་སྐྲག་གི་འོག་ཏུ་ཚུད་པ་རྣམས་ཀྱི་ཆེད་དུ་སྨོན་པ།
སྨན་པ་དང་ནད་པ་རྣམས་ཀྱི་ཆེད་དུ་སྨོན་པ།
དམག་མི་རྣམས་ཀྱི་ཆེད་དུ་སྨོན་པ།
རྒས་འཁོགས་རྣམས་ཀྱི་ཆེད་དུ་སྨོན་པ།
ཕ་མ་དང་བུ་ཕྲུག་རྣམས་ཀྱི་ཆེད་དུ་སྨོན་པ།
ཚན་རིག་པ་དང་མཁས་པ་རྣམས་ཀྱི་ཆེད་དུ་སྨོན་པ།
ཆབ་སྲིད་ཀྱི་དབུ་ཁྲིད་རྣམས་ཀྱི་ཆེད་དུ་སྨོན་པ།
ཆོས་ལུགས་ཀྱི་དབུ་ཁྲིད་རྣམས་ཀྱི་ཆེད་དུ་སྨོན་པ།
བཙུན་པ་དང་བཙུན་མ་རྣམས་ཀྱི་ཆེད་དུ་སྨོན་པ།
དབུལ་འཕོངས་དང་ཉམ་ཐག་རྣམས་ཀྱི་ཆེད་དུ་སྨོན་པ།
བཙོན་པ་རྣམས་ཀྱི་ཆེད་དུ་སྨོན་པ།
འཇིག་རྟེན་ཁམས་ཀྱི་ཆེད་དུ་སྨོན་པ།
ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་སྨོན་པ།
ཞི་བདེའི་ཆེད་དུ་སྨོན་པ།
མངལ་འདོན་བྱས་པའི་ཕྲུ་གུ་རྣམས་ཀྱི་ཆེད་དུ་སྨོན་པ།

ཁྱེད་ཀྱིས་སེམས་ནང་གི་སྨོན་ལམ་རྣམས་སྙན་མོའི་ཚིག་ཏུ་བསྒྱུར་ཏེ། ཡིག་ཐོག་ནས་བསྐུར་གནང་ཡོང་བ་ཞུ།
karma_tonglen@yahoo.com
བརྙན་སྐྱེལ། fax: 00911892-235307/234609
མཚམས་འཇོག་དུས་ཚོད་ནི་ཕྱི་ཟླ་བཅུ་བའི་ཟླ་མགོའི་བར་ཡིན།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

སྐར་མ ༥༨ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༥ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༥ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༥ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese