མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་ཐོག་དམིགས་བསལ་ཚོགས་ཆེན་ཐོག་མ།

བོད་ཀྱི་དུས་བབ།
༢༠༠༨/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བོད་མིའི་ཞི་རྒོལ་ཆེན་མོ་མདོ་དབུས་ཁམས་གསུམ་དུ་མེ་ལྕེ་བཞིན་མཆེད་དེ།རང་དབང་གི་འབོད་སྒྲའི་འོག་ནས་རྒྱལ་གཅེས་དཔའ་བོ་མང་པོའི་ཚེ་སྲོག་སྐད་ཅིག་ཏུ་ཤོར་ཞིང༌། ཐེངས་བདུན་པའི་བོད་རྒྱ་འབྲེལ་མོལ་ལ་གྲུབ་འབྲས་མ་བྱུང་བ། པེ་ཅིན་ཨོ་རྩེད་མཇུག་སྒྲིལ་ཡང་བོད་ནང་ཐབས་རྡུགས་ཀྱི་ངོ་བོ་སྔར་བཞིན་གནས་པ་སོགས་ལ་བརྟེན། ༧གོང་ས་མཆོག་གཙོས་པའི་བོད་རིགས་རྒྱ་ཆེའི་མི་མང་གིས་བོད་པའི་རྩ་དོན་ཐད། བསམ་བློ་བསྐྱར་དུ་བཏང་སྟེ། ཐག་གཅོད་བསྐྱར་དུ་བྱ་རྒྱུ་ཡིན་ཟེར། 

སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་དྲུག་པའི་སྟེང་ལ། ༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་སྒེར་ཡིག་ཚང་བརྒྱུད་དེ། བཀའ་སྤྱི་ལྷན་འཛོམས་ཐོག་ཆེད་དུ་བཀའ་ཡིག་ཅིག་གནང་ཡོད་ལ། ༧གོང་ས་མཆོག་གི་བཀའ་ཡིག་དེའི་ནང༌། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་དང༌། བཀའ་ཤག་ལྷན་རྒྱས་མཆོག་གི་དྲུང་དུ། བར་ལམ་བོད་ནང་གི་ཛ་དྲག་གི་བྱུང་རྐྱེན་དང༌། རྒྱལ་སྤྱིའི་གནས་བབ་བཅས་ཀྱི་འོག་བོད་ཀྱི་རྩ་དོན་ཐོག་གོ་བསྡུར་བགྲོ་གླེང་ཞིབ་ལྷོད་ཅིག་གནང་ཆེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ང་དགུ་པའི་ནང་གསེས་ཁག་གི་ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་ཞིག་འདི་ལོའི་ཕྱི་ཟླ་ ༡༡ དང་ ༡༢ གང་རུང་ནང་བསྡུ་བསྐོང་དགོས་རྒྱུ་དང༌། ཚོགས་མི་དང་ཚོགས་དུས་བཅས་འཆར་འགོད་བྱས་ཏེ་གང་མྱུར་༧སྙན་འབུལ་གནང་དགོས། ཞེས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་རྒྱལ་སྤྱིའི་གནས་བབ་འོག དམིགས་བསལ་ཚོགས་ཆེན་ཞིག་མི་འགྱངས་པར་བསྐོང་ཚོགས་བྱས་ཏེ། བོད་ཀྱི་རྩ་དོན་ཐོག་བགྲོ་གླེང་གོ་བསྡུར་ཞིབ་རྒྱས་གནང་དགོས་སྟབས། ཐེངས་འདིར་བཀའ་སྤྱི་ལྷན་འཛོམས་སྟེང༌། ཚོགས་དུས་དང་ཚོགས་ཡུལ། ཚོགས་མི་བཅས་ཐག་གཅོད་གཏན་འབེབ་བྱས་ཏེ། གང་མྱུར་ཡར་ཞུ་བྱ་དགོས་ཞེས་བཀའ་ནན་བསྩལ་ཡོད།

བཀའ་ཤག་གིས་དམིགས་བསལ་ཚོགས་ཆེན་དེར་འཆར་ཟིན་ཞིག་བཟོས་ཏེ། ཕྱི་ཚེས་ ༡༥ ཉིན་བཀའ་བློན་ཁྲི་བས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་སྙན་སྒྲོན་ཞུས་ཏེ་བགྲོ་གླེང་གོ་བསྡུར་བྱས་ཡོད། བཀའ་ཤག་གི་འཆར་ཟིན་དེའི་ནང༌། སྤྱི་ཟླ་ ༡༡ ཚེས་ ༡༧ ནས་ ༢༢ བར་བཞུགས་སྒར་དྷ་རམ་ས་ལ། དྷ་སྟེང་བོད་ཁྱིམ་སློབ་གྲྭ་རུ་དམིགས་བསལ་ཚོགས་ཆེན་དེ་བསྡུ་སྐོང་གནང་རྒྱུ་དང༌། ཚོགས་མིའི་ཁུངས་སུ། བོད་མི་མང་སྤྱི་འཐུས་དང་སྤྱི་ཟུར་ཡོངས་རྫོགས་དང༌། བཀའ་བློན་དང་བཀའ་ཟུར་ཡོངས་རྫོགས། བཞུགས་སྒར་ཁུལ་གྱི་གཞུང་ཞབས་ཟུང་འབྲེལ་དྲུང་ཆེ་ཡན་ཆད་ཡོངས། དྲུང་གཞོན་མན་གྱི་འཛིན་སྐྱོང་དང་ལས་བྱའི་སྡེ་ཚན་སོ་སོའི་འཐུས་མི་གཉིས་རེ། ༧གོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་དང་སྐུ་ཚབ་དོན་གཅོད་ཡོངས། ས་གནས་མགོ་འཛིན་ཡོངས། ས་གནས་འཐུས་མིའི་ཚོགས་འདུ་ཁག་གི་སྐུ་ཚབ་གཉིས་རེ། ས་གནས་འཐུས་མི་མེད་པའི་ས་གནས་ཁག་གི་མི་མང་གི་སྐུ་ཚབ་རེ། ས་གནས་རང་བདེན་ཚོགས་ཆུང་ཁག་གི་སྐུ་ཚབ་རེ། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་ཀྱི་སྐུ་ཚབ་རེ། སློབ་གྲྭ་ཁག་གི་འགན་འཛིན་སྐུ་ཚབ་རེ། ཆོས་ལུགས་དང་ཆོས་བརྒྱུད་ཁག་གི་གྲྭ་བཙུན་སྐུ་ཚབ་དྲུག་རེ། གཞུང་འབྲེལ་མིན་པའི་ཚོགས་པ་ ༡༠ སྟེ། དབུས་གཙང་རྒྱུན་ལས་དང་མདོ་སྟོད་རྒྱུན་ལས། མདོ་སྨད་རྒྱུན་ལས། བོད་ཀྱི་གཞོན་ནུ་ལྷན་ཚོགས། བུད་མེད་ལྷན་ཚོགས། རྒྱལ་ཡོངས་མང་གཙོ་ཚོགས་པ། དགུ་བཅུ་གསུམ། མངའ་རིས་སྤྱི་མཐུན། བོད་རྒྱལ་ཡོངས་ཆིག་སྒྲིལ། ཆབ་སྲིད་བཙོན་གྲོལ་ཚོགས་པ་བཅས་ཀྱི་སྐུ་ཚབ་གཉིས་རེ། རང་སྐྱོང་སྡེ་ཚན་ཁག ༡༢ ཏེ། བོད་གཞུང་ཟློས་གར་དང་དཔེ་མཛོད། ཝ་ར་ན་སི། ནོར་གླིང༌། རྡོར་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང༌། ལྡི་ལི་བོད་ཁང༌། བོད་ཁྱིམ་སྤྱི་ཁྱབ་ལས་ཁུངས། མ་སུ་རི་བོད་ཁྱིམ། སམ་བྷོ་ཊ་བོད་སློབ་འཛིན་སྐྱོང་ཁང༌། ཆེས་མཐོའི་སྨན་པའི་ལྷན་ཚོགས། དབུས་སྨན་རྩིས་ཁང༌། བདེ་ལེགས་སྨན་ཁང་བཅས་ཀྱི་སྐུ་ཚབ་གཅིག་རེ། རྒྱུན་ལྡན་བོད་དོན་ཐོག་ཐུགས་སྣང་དང་འགན་འཁུར་མཁན་དགོངས་འཆར་གནང་འདོད་ཡོད་རིགས་དང་བླངས་ཕེབས་མཁན་རྒྱ་བལ་འབྲུག་གསུམ་ནས་ ༢༥ དང༌། དེ་མིན་ས་གནས་གཞན་ནས་༢༥ ལས་མ་མང་བ།  དེ་བཞིན། ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ་དང་རང་དབང་ལྡན་པའི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་ཚོགས་འདུའི་དབུ་འབྱེད་དང་མཇུག་སྡོམ་ལ་གདན་ཞུ་གནང་རྒྱུ་བཅས་བཀོད་འདུག

དམིགས་བསལ་ཚོགས་ཆེན་གྱི་འཆར་ཟིན་དེའི་ཐད། ༧གོང་ས་མཆོག་ཞུགས་དགོས་མིན་དང༌། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་འཕར་སྣོན་བྱ་དགོས་མིན། དེ་བཞིན་མི་མང་གི་བསམ་ཚུལ་བསྡུ་ཕྱོགས། ལྷག་པར་དུ་བོད་ནང་གི་སྤུན་ཟླ་ཚོའི་དགོངས་འཆར་བསྡུ་ལེན་བྱེད་ཕྱོགས་བཅས་ལ་སྤྱི་འཐུས་རྣམ་པས་དགོངས་འཆར་དང༌། བགྲོ་གླེང་གོ་བསྡུར་ཞིབ་རྒྱས་བྱས་མཐར། དམིགས་བསལ་ཚོགས་ཆེན་དེར་༧གོང་ས་མཆོག་ཚོགས་ཞུགས་མི་གནང་རྒྱུ་དང༌། ཚོགས་མི་གཞན་རྣམས་གོང་གི་མིང་གཞུང་ལྟར། སྤྱི་ཟླ་ ༡༡ ཚེས་ ༡༧ ནས་ ༢༢ བར་བཞུགས་སྒར་བོད་ཕྲུག་ཁྱིམ་སྡེ་རུ་བོད་དོན་དམིགས་བསལ་ཚོགས་ཆེན་ཐོག་མ་དེ་བསྐོང་ཚོགས་བྱ་རྒྱུར་སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་དྲུག་པའི་སྟེང༌། སྤྱི་མོས་ཀྱིས་ཐག་གཅོད་གཏན་འབེབ་བྱུང་ཡོད། 

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༨ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༩ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༡༡ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 5

  1. གནས་ཚང་། says:
    ལོ་ 18 སྔོན།

    ཁ་སང་ངྷ་རམ་ཤྰ་ལའི་མི་རྒན་པ་ཁ་ཤས་སྐད་ཆ་བཤད་རྒྱུ་བྱུང་། ཁོང་ཚོས་གསུངས་པ་ལྟར་ན། གོང་ས་མཆོག་གིས་བོད་མི་ཚོར་བརྡ་ཞིག་བསྟན་ཡོད་པ་རེད་ལ། བརྡ་དེ་ནི་དབུ་མའི་ལམ་ཁོ་ནར་འགྱུར་བ་གཏོང་དགོས་མིན་ཙམ་མིན་པར་དེའི་ནང་དུ་དམིགས་བསལ་སྐུ་ཚབ་བརྗེ་བོ་རྒྱག་དགོས་མིན་ཡང་འདུས་ཡོད་ཟེར། ཡིན་ནའི། བོད་མི་ཚོ་ལྐུགས་དྲག་ནས་ཁོང་གི་དགོངས་པ་དངོས་ཤེས་ཀྱི་མེད་པ་འདྲ། དེ་བས། དབུ་མའི་ལམ་འགྲིག་གི་མེད་པ་རེད་དམ་དམིགས་བསལ་སྐུ་ཚབ་འཇོན་གྱི་མེད་པ་རེད་དམ་ཞེ་ན། འདིའི་ཐད་བོད་ནང་གི་བོད་མི་ཚོས་སྐུ་ཚབ་ཚོ་ག་དུས་ཡིན་ནའང་མགོ་བསྐོར་འོག་ཤོར་གྱི་འདུག་ཅེས་སྐུ་ཚབ་མ་འཇོན་པར་མཐོང་གི་ཡོད་ན། ཕྱི་སྡོད་བོད་མི་ཚོས་གོང་ས་མཆོག་མ་འགྲིག་པར་མཐོང་གི་ཡོད་དམ་སྐུ་ཚབ་མ་འཇོན་པར་མཐོང་གི་ཡོད་དམ།

    Reply
  2. འབྲོག་རུ་ཆོས་གྲགས། says:
    ལོ་ 18 སྔོན།

    ངའི་བསམ་ཚུལ་ཡིན་ན་ྋསྐུ་མདུན་ཚོགས་ཐོག་ཏུ་ཕེབས་མ་ཕེབས་ཀྱི་གནད་དོན་ཞིག་ལ་ཐུག་མི་འདུག་བསམ་གི་འདུག སྐུ་མདུན་གྱིས་སྔོན་མ་ནས་ང་ཚོ་ལ་གསུང་ཡོད་པ་རེད། ང་རང་མེད་ན་འང་ཁྱེད་རང་ཚོ་ལངས་ཐུབ་པ་ཞིག་རང་ཚུགས་འཛིན་ཐུབ་པ་ཞིག་བྱེད་རྒྱུ་གལ་ཆེན་པོ་རེད། རྟག་པར་ྋརྒྱལ་བ་རིན་པོ་ཆེས་མཁྱེན་ཟེར་ནས་བསྡད་ན་ང་ཚོ་ལ་ཡོང་རྒྱུ་ཡོད་པ་མ་རེད་ཅེས་ནས་གསུང་བ་ཡོད་པ་རེད། ང་རང་ཚོས་རྣམ་དཔྱོད་ཀྱིས་དབྱེ་ཞིབ་བྱེད་དགོས་གི་རེད། གཙོ་བོ་གཞིས་ལུས་ཀྱི་བོད་མི་ཚོའི་རེ་བ་དེ་འགྲུབ་ཐབས་ལ་འབད་རྒྱུ་དང་བོད་ས་བདེ་འཇགས་ལ་བསྒྱུར་ཐབས་བྱ་རྒྱུ་དེ་རེད།
    བརྗོད་གཞི་འདིའི་སྟེང་ནས་མ་འདའ་ན་ཡག་པོ་ཞིག་ཡོང་རྒྱུ་རེད་བསམ་གི། གཞིས་ལུས་ཀྱི་བོད་མི་ཚོའི་རེ་བ་ནི་ང་ཚོས་མཐོང་གསལ་རེད། ཁོ་རང་ཚོས་རང་སྲོག་འབེན་པ་བཞག་ནས་བསྒྲགས་ཡོད་པ་རེད། ཁོ་རང་ཚོས་ཁྲག་དང་མིག་ཆུས་བྲིས་ནས་བསྐུར་ཡོད་པ་རེད།
    ང་ཚོས་དེ་མངོན་གསལ་ཡོང་ཐབས་ལ་འབད་རྒྱུ་གལ་ཆེན་པོ་རེད་བསམ་གི་འདུག

    Reply
  3. ཁྲི་འབྲིང་བཙན། says:
    ལོ་ 18 སྔོན།

    བཙན་བྱོལ་བའི་ཆབ་སྲིད་མཁས་དབང་དང་འཐབ་རྩོད་པ་དྲགས་ཅན་མུ་འདུག་ལ་
    ཁ་ཕྱོགས་དང་སྲིད་བྱུས་མེད་པའི་འཚོགས་འདུ་སྟོང་པ་ཞིག་རེད།

    Reply
  4. སྐར་མ། says:
    ལོ་ 18 སྔོན།

    ཉིན་འདི་དག་རིང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གནས་ཚུལ་ཞིག་ཛ་དྲག་དང་རབ་རིབ་ཀྱི་སྒོ་ནས་ཁྱབ་བཞིན་པ་ནི་ལོ་མཇུག་འདིར་བོད་ཀྱི་ཚོགས་ཆེན་ཞིག་བསྐོང་རྒྱུའི་སྐོར་རེད། བོད་མིའི་སྲོལ་རྒྱུན་གྱི་འགྲོ་སྟངས་ལྟར་གནས་ཚུལ་འདི་ཡང་གབ་ཚིག་ལྟ་བུ་དང་། ཡང་ན། གསལ་བཤད་མེད་པའི་ཐོག་ནས་གླེང་བཞིན་ཐག་བཅད་སོང་ལ། ཐ་ན་ཚོགས་འདུའི་ངོ་བོའང་གཏན་འབེབས་མེད་པར་འཚོགས་གཏན་འཁེལ་སོང་།

    ཚོགས་འདུ་འདིའི་ངོ་བོ་ནི་ཆེད་ལས་མཁས་པའི་བགྲོ་གླེང་མིན་ལ། གྲོས་ཚོགས་ལྟ་བུ་སྲིད་བྱུས་གཏན་འབེབས་བྱེད་སའང་མིན། དེ་བཞིན་དུ་རྒྱལ་ཡོངས་རང་བཞིན་གྱི་མང་མོས་འོས་བསྡུ་མིན་ལ། བཙན་བྱོལ་བོད་པ་ཚོའི་ནང་མོལ་ཡང་མིན། ཚོགས་འདུ་འདིའི་སྟེང་མཉམ་ཞུགས་མེད་མཁན་ནི་བོད་མིའི་ཆོས་སྲིད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་། བོད་མིའི་རྩ་དོན་གྱི་བདག་པོ་གཞིས་ལུས་མི་དམངས་ཡིན། ང་ངོ་མ་ཐང་ཆད་གི་འདུག

    Reply
  5. བློ་བཟང་ནོར་བུ། says:
    ལོ་ 18 སྔོན།

    བོད་ནང་གི་མི་མང་གི་བསམ་འཆར་མང་ཙམ་བསྡུ་ཐུབ་ན་དགེ་མཚན་ཆེ་བར་སྙམ།
    དེ་ཡང་དྲ་ལམ་བརྒྱུད་བསམ་འཆར་བསྡུ་ལེན་བྱ་སའི་སྟེགས་བུ་མང་ཙམ་རེ་བཟོ་ཐུབ་ན་ཅི་འདྲའི་སྟབས་བདེ་བ་ཞིག་རེད་ཨང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese