མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོགས་ཆེན་ལ་བཅོལ་བའི་རེ་བ་དང་བསམ་འཆར།

བོད་ཀྱི་དུས་བབ།
༢༠༠༨/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གི་དམིགས་གསལ་གསུང་འཕྲིན་གྱི་དགོངས་དོན་ལྟར། བོད་ཀྱི་རྒྱལ་ཡོངས་དམིགས་གསལ་ཚོགས་ཆེན་དེ་ཕྱི་ཟླ་ ༡༡ ཚེས་ ༡༧ ཉིན་ནས་ཚེས་ ༢༢ བར་འཚོགས་རྒྱུའི་ཐག་གཅོད་གནང་ཡོད་པ་རེད། ༧གོང་ས་མཆོག་གི་གསུང་འཕྲིན་དང༌། བཀའ་སྤྱི་གཉིས་ནས་ཚོགས་མི་གོ་སྒྲིག་བྱེད་སྟངས། གཞིས་ལུས་རྒྱ་ཆེའི་མི་མང་བྱེད་སྟངས། དེ་བཞིན་ཚོགས་ཆེན་འདིའི་མཐའ་མའི་གྲུབ་འབྲས་གང་འདྲ་ཞིག་འབྱུང་མིན་སོགས་ཀྱི་ཐད་བཞུགས་སྒར་གྱི་མི་སྣ་རེ་ཟུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་གཙོ་འགའི་བསམ་ཚུལ་བླངས་པ་ཡིན།

བོད་ཀྱི་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་ལགས་ཀྱིས། “༧གོང་ས་མཆོག་གི་དམིགས་གསལ་གསུང་འཕྲིན་བཞིན་རྒྱལ་ཡོངས་ཚོགས་ཆེན་ཞིག་འཚོགས་ཀྱི་ཡོད་པ་རེད་ཟེར་ནས་རྒྱ་གར་ཚགས་པར་སོགས་ནས་མཐོང་བྱུང༌། ཡིན་ན་ཡང་ང་ལྟ་བུ་ཡིན་ན་ཚོགས་ཆེན་དེའི་དམིགས་ཡུལ་གསལ་བོ་ཞིག་ཤེས་མ་སོང༌། སྲིད་བྱུས་གཏན་འབེབས་བྱེད་རྒྱུ་ཡིན་ནམ་ཡང་ན། བོད་མི་མང་གི་རེ་བ་དང་འདོད་པ་ག་རེ་རེད་ཟེར་ནས་འཚོགས་རྒྱུ་རེད་དམ། ཡིན་ན་ཡང་བོད་མི་མང་གི་རེ་བ་དང་འདོད་པ་ངོ་མ་དེ་ད་དུང་ཡང་བོད་གཞུང་གིས་མ་ཤེས་ན་དེ་ཁྱད་མཚར་རེད། བོད་མི་མང་པོ་ག་རེ་བྱེད་ནས་ཤི་སོང་བ་རེད། ལོ་རེ་རེ་དགའ་ཉེ་སྤུན་མཆེད་བཞག་སྟེ་རང་སྲོག་མེ་མདར་གཏད་ནས་སྐྱབས་བཅོལ་ལ་ཡོང་དོན་ག་རེ་རེད། འདི་ཚང་མ་བོད་མི་ཚོ་རྒྱ་མི་དང་མཉམ་དུ་འདུག་འདོད་མེད་པས་རེད། བཙན་དབང་འོག་གི་མི་མང་གི་རེ་བ་དེ་གཞུང་གིས་མ་ཤེས་ན་དེ་ཡ་མཚར་རེད། གལ་ཏེ་ཚོགས་ཆེན་འདི་ལས་འགུལ་སྤེལ་ཕྱོགས་སྒང་ལ་ཡིན་ན། ང་ཚོར་དམིགས་ཡུལ་གཏན་འབེབས་མེད་པར་ལས་འགུལ་སྤེལ་ནས་ག་རེ་བྱེད་དགོས་པ་རེད། ཉམ་ཆུང་གི་ང་ལྟ་བུ་ཡིན་ན་ཚོགས་ཆེན་དེའི་དམིགས་ཡུལ་གསལ་བོ་ཤེས་མ་སོང༌། ང་ལྟ་བུ་ཡིན་ན་གཞུང་ཞབས་ཚོས་གཞུང་གི་ཐག་གཅོད་ཀྱི་བཀའ་ལ་ཉན་དགོས་དུས་གཞུང་ཞབས་གཅིག་གཉིས་ཀྱི་ཚབ་ལ་མི་མང་གཅིག་གཉིས་རེ་ཕེབས་ཐུབ་ན་ཡག་པོ་རེད་བསམ་གྱིན་ཡོད། ངས་དང་པོ་ནས་དབུ་མའི་ལམ་འའདི་འགྲིག་གི་མི་འདུག་ལབ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། གཞིས་ལུས་མི་མང་གིས་རང་བཙན་གྱི་ཆེད་དུ་རང་སྲོག་བློས་གཏོང་གི་ཡོད་བའི་རྐྱེན་གྱིས་ཡིན། ང་ཚོས་འོས་སྒམ་ནང་ལ་ཤོག་བུ་རེ་བླུགས་ནས་ཐག་གཅོད་རེ་བྱེད་ཀྱི་ཡོད་པ་རེད། གཞིས་ལུས་མི་མང་གིས་སྲོག་གི་འགྲོ་སོང་བཏང་ནས་རང་བཙན་དགོས་ཟེར་གྱི་ཡོད་པ་རེད། ཐོག་དང་པོ་བཙན་བྱོལ་ལ་ཡོང་དུས་རང་བཙན་བསམ་ནས་ཡོང་བ་རེད། དམིགས་ཡུལ་འདི་འགྱུར་བ་གཏོང་མཁན་༧རྒྱལ་བ་རིན་པོ་ཆེ་རེད། འགྱུར་བ་བཏང་བ་འདི་ལ་ཡང་བསྐྱར་འགྱུར་བ་གཏོང་མཁན་ཡང་༧རྒྱལ་བ་རིན་པོ་ཡིན་དགོས་ཀྱི་ཡོད་པ་རེད། དེ་ཡིན་དུས་ང་རང་གི་བསམ་ཚུལ་ཡིན་ན་མཐའ་མ་ཐུག་ས་དེ་༧རྒྱལ་བ་རིན་པོ་ཆེ་རེད་བསམ་གྱི་ཡོད། དབང་ཚད་དང་འགན་གཉིས་ཀ་༧རྒྱལ་བ་རིན་པོ་ཆེ་ལ་འདུག  ངས་ད་སྐབས་བོད་དོན་སྒང་ལ་ག་རེ་བསམ་གྱི་ཡོད་པ་དེ་དྲང་པོ་བཤད་ཀྱི་ཡོད། མི་མང་དགའ་བོ་ཡོང་ཐབས་དང༌། རང་གི་ཁེ་ཕན་གྱི་ཆེད་དུ་སྙན་པོ་ཞུ་ཤེས་པ་མི་འདུག  ངས་ག་རེ་བསམ་པ་དེ་སྡུག་པ་ལས་ཡག་པོ་མ་རེད། དེ་ཡིན་དུས་ངས་ག་དུས་ཡིན་ཡང་ངའི་བསམ་ཚུལ་ནོར་བར་ཤོག་ལབ་ཀྱི་ཡོད། ཚོགས་འདུ་ཚོགས་ནས་འདུག་ཁོམ་ཡོད་པ་མ་རེད། བོད་མི་མང་གི་མངོན་འདོད་ག་རེ་ཡིན་མིན་གསལ་བོ་ཤེས་ཡོད་པ་རེད།   དུས་ཚོད་རྫོགས་འགྲོ་གི་ཡོད་པ་རེད། བོད་གཞུང་དང་༧རྒྱལ་བ་རིན་པོ་ཆེ་ཡིས་དངོས་ཡོད་གནས་ཚུལ་ལ་དགོངས་བཞེས་གནང་རོགས།” ཞེས་གསུངས་སོང༌།

གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས། “ང་ཚོས་གནད་དོན་འདིའི་སྒང་ལ་དོ་སྣང་བྱེད་བཞིན་ཡོད་ལ། བོད་ནང་གི་གནས་སྟངས་ལ་བསམ་བློ་བཏང་ཚེ་ཚོགས་འདུ་འདི་ཧ་ཅང་གལ་ཆེན་པོ་རེད། ༧གོང་ས་མཆོག་གིས་དབུ་མའི་ལམ་ནས་ཐབས་ཤེས་ཡོད་རྒུ་གནང་ཡོད་པ་རེད། ཡིན་ན་ཡང་མི་མང་གི་མངོན་འདོན་ངོ་མ་ཅོག་ཙེ་སྒང་ལ་སྤུངས་ཏེ་གོ་བསྡུར་བྱེད་གལ་ཆེ་བ་དགོངས་ནས་གསུང་འཕྲིན་འདི་གནང་ཡོད་པ་རེད། ད་ལོའི་སྒེར་ལངས་ཁྲོད་ནས་བོད་ནང་གི་གཞིས་ལུས་མི་མང་གི་མངོན་འདོན་ག་རེ་ཡིན་མིན་གསལ་བོ་ཆགས་བསྡད་ཡོད་པ་རེད། གཞིས་ལུས་མི་མང་གི་འབོད་སྒྲ་དེ་རང་བཙན་དང་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དེ་རེད། དེ་ཡིན་དུས་ཚོགས་ཞུགས་པ་དེ་ཚོས་མི་མང་གི་མངོན་འདོན་ག་རེ་ཡིན་མིན་ཤེས་དགོས་ལ། མངོན་འདོན་དེ་ཁྱེར་ནས་ཚོགས་འདུའི་ཐོག་ལ་མི་མང་གི་ངོ་ཚབ་བྱས་ནས་ཞུགས་དགོས་པ་གལ་ཆེན་པོ་རེད།” ཅེས་གསུངས་བྱུང༌།   

བུད་མེད་ཚོགས་པའི་ཚོགས་གཙོ་བུ་མོ་ཚེ་རིང་ལགས་ཀྱིས། “མི་མང་གིས་༧གོང་ས་མཆོག་ལ་སྐུ་དབང་ཕུལ་བས་ད་ལྟ་བར་ང་ཚོའི་གཞུང་འདི་དབུ་མའི་ལམ་ལ་ཞུགས་ཡོད་པ་རེད། ༧གོང་ས་མཆོག་གིས་དབུ་མའི་ལམ་ནས་གང་ཡོང་གནང་ཡོད་པ་རེད། ཡིན་ན་ཡང་ད་ལྟའི་ཆར་༧གོང་ས་མཆོག་གིས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་དགོངས་བཞེས་གནང་ནས་འགན་འདི་མི་མང་ལ་སྤྲད་དེ་གསུང་འཕྲིན་གནང་ཡོད་པ་རེད། ཚོགས་མི་གོ་སྒྲིག་བྱེད་སྟངས་ལ་གང་ཡོང་གནང་ཡོད་པ་རེད། ཡིན་ན་ཡང་ཚོགས་པ་ཆེ་ཆུང་གི་ངོས་ནས་ཚོགས་མི་གོ་སྒྲིག་བྱེད་ན་ཡག་པོ་འདུག་བསམ་གི་ཡོད། མི་མང་ལ་༧གོང་ས་མཆོག་གིས་འགན་འདི་གནང་ཡོང་བའི་སྐབས་སུ། མི་མང་གིས་འགན་དེ་ལྷག་བསམ་རྣམ་དག་གིས་ལེན་དགོས་པ་རེད་ལ། ཚོགས་ཞུགས་པ་ཚོས་ཀྱང་ད་ལྟ་ནས་རང་རང་གི་ཚོགས་མི་དང་བགྲོ་གླེང་བྱས་ཏེ། ཚོགས་ཐོག་ལ་རང་གི་བསམ་ཚུལ་མ་ཡིན་པར། མི་མང་གི་བསམ་ཚུལ་འཁྱེར་ཡོང་དགོས་པ་གལ་ཆེན་པོ་རེད། བོད་ནང་གི་གཞིས་ལུས་མི་མང་གི་བསམ་ཚུལ་གྱི་ཆ་ཤས་ལེན་སྟངས་དེ་བོད་གཞུང་གིས་ད་ལྟ་ནས་དྲ་ལམ་དང་རླུང་འཕྲིན་སོགས་བརྒྱུད་ནས་འབྲེལ་ལམ་ཅིག་འཚོལ་དགོས་ཀྱི་ཡོད་པ་རེད། ཡིན་ན་ཡང་གཞིས་ལུས་མི་མང་གི་རེ་བ་དང་མངོན་འདོད་དེ་ད་ལོའི་སྒེར་ལངས་ཀྱི་འབོད་སྒྲ་ལས་གསལ་བོ་བྱས་ཡོད་པ་རེད་ལ།  གཞིས་ལུས་མི་མང་དང་བཙན་བྱོལ་མི་མང་ལ་ཐུན་མོང་གི་མངོན་འདོད་ཅིག་ཡོད་པ་ནི་༧གོང་ས་མཆོག་བོད་ལ་གདན་འདྲེན་གནང་དགོས་པ་དེ་རེད༌། གང་ལྟར་ཚོགས་ཆེན་འདིའི་རྗེས་ནས་བོད་ཀྱི་མ་འོངས་པའི་རྩ་དོན་འཐབ་རྩོད་ཀྱི་ལམ་ཀ་ལ་གསལ་ཁ་ཞིག་འགྲོ་གིན་རེད་བསམ་གྱི་ཡོད་ལ་འགྲོ་དགོས་པ་ཡང་རེད།” ཅེས་གསུངས་བྱུང༌།  

རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་གིས། “ང་རང་གི་བསམ་ཚུལ་ཡིན་ན་ཚོགས་ཆེན་འདི་རྒྱུད་ནས་བོད་གཞུང་གི་ལངས་ཕྱོགས་ལ་འགྱུར་བ་ཅིག་འགྲོ་ན་བསམ་གྱི་ཡོད་ལ། འགྲོ་དགོས་པ་ཡང་རེད་བསམ་གི་ཡོད།་ ད་ལྟ་ནས་བརྒྱུད་ལམ་གང་རུང་གིས་བསམ་ཚུལ་བསྡུ་བར་མགོ་བརྩམས་དགོས་མོད། མ་གཞི་གཞིས་ལུས་མི་མང་གི་མངོན་འདོད་དེ་ད་ལོའི་སྒེར་ལངས་སྐབས་སུ་གསལ་བོ་ཆགས་ཡོད། རང་བཙན་གྱི་འབོད་སྒྲ་ཤུགས་ཆེན་པོ་རེད། ༧གོང་ས་མཆོག་བོད་དུ་རྒྱལ་ཁའི་ངང་གདན་འདྲེན་ཞུ་ཐབས་ཀྱང་རང་བཙན་ལས་ལྷག་པ་ཡོད་པ་མ་རེད། དམངས་གཙོ་ཡི་ཆ་ནས་བོད་ནང་གི་གཞིས་ལུས་མི་མང་གི་མངོན་འདོད་གལ་ཆེན་རེད་བསམ་གྱི་ཡོད་ལ་བཙན་བྱོལ་བོད་མིས་ནར་ནར་འགྱངས་འགྱངས་བྱས་ནས་མུ་མཐུད་དུ་འདུག་མི་རུང་བསམ་ཀྱི་ཡོད། གང་ལྟར་ཚོགས་ཆེན་འདིའི་འཇུག་འབྲས་ལ་འགྱུར་བ་ཞིག་ཡོང་བའི་རེ་བ་ཡོད།” ཅེས་གསུངས་བྱུང༌།  

བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཆོས་དབྱིངས་ཀྱིས།  “ཚོགས་ཆེན་འདིའི་སྒང་ལ་དམིགས་གསལ་བོད་དོན་འཐབ་རྩོད་པ་སོགས་གདན་འདྲེན་ཞུ་དགོས་པ་གལ་ཆེན་པོ་རེད་ལ། བོད་མི་ཡོད་དོ་ཅག་གིས་ཚོགས་ཆེན་འདིའི་སྒང་ལ་ཆ་ཤས་ལེན་དགོས་པ་རེད་བསམ་གི་ཡོད།  ཚོགས་ཆེན་འདི་གཞིས་ལུས་མི་མང་གི་བདེ་སྡུག་ལ་བསམ་བློ་བཏང་ནས་ཚོགས་དགོས་ལ། ད་ལོའི་སྒེར་ལངས་ཀྱིས་གཞིས་ལུས་མི་མང་གི་མངོན་འདོད་གསལ་བོ་བྱས་ཡོད་པ་རེད། གཞིས་ལུས་མི་མང་གི་སེམས་ཁོང་གི་རྨ་ཁ་དེ་གསར་བ་གསར་རྐྱང་རེད། བཙན་བྱོལ་བོད་མིའི་རྨ་ཁ་དེ་རྙིང་པར་གྱུར་ཡོད། ང་ཚོས་རྨ་ཁ་རྙིང་པ་འདིའི་ཚོར་བའི་ཐོག་ནས་བོད་ནང་གི་བོད་མིའི་སེམས་ཀྱི་རྨ་ཁ་གསར་བར་ཐག་གཅོད་བྱེད་མི་འོས་པས། ང་ཚོའི་ཚོགས་ཞུགས་པ་དེ་ཚོས་ངེས་པར་དུ་བོད་ནང་གི་བོད་མིའི་སེམས་ཀྱི་རྨ་ཁ་དང་ན་ཟུག་ལ་བསམ་བློ་བཏང་ནས། གཞིས་ལུས་མི་མང་གི་མངོན་འདོད་ངོ་མ་དེ་ཚོགས་ཆེན་སྒང་ལ་ཡོང་དགོས་པ་གལ་ཆེན་རེད།

དགུ་བཅུ་གསུམ་གྱི་ཚོགས་གཙོ་ངག་དབང་འོད་འབར་ལགས་ཀྱིས། “༧གོང་ས་མཆོག་གི་དམིགས་གསལ་གསུང་འཕྲིན་འདིས་ང་ཚོས་ནམ་རྒྱུན་ཁོང་གི་བཀའ་ལ་ལྷོད་གཡེང་ཤོར་གྱི་ཡོད་པའི་ཚོར་བ་བྱུང་སོང༌། ད་ཐེངས་མི་མང་གི་ངོས་ནས་འགན་ཆེན་པོ་ལེན་དགོས་ཀྱི་ཡོད་པ་རེད། ཚོགས་འདུ་འདིའི་སྒང་ལ་བོད་མི་མི་རེ་ངོ་རེ་ཡི་བསམ་ཚུལ་སླེབས་དགོས་པ་གལ་ཆེན་རེད་ལ། ཚོགས་འདུ་འདི་ཡང་གོང་འོག་གཉིས་ཀྱི་ཐོག་ནས་ཚོགས་ཏེ་བསམ་ཚུལ་མང་པོ་ཞིག་བསྡུ་ལེན་བྱེད་དགོས་པ་རེད་བསམ་གྱི་ཡོད། མི་མང་གང་མང་མཉམ་ཞུགས་བྱེད་ཐུབ་ན་རྗེས་ཕྱོགས་ཐག་གཅོད་ག་རེ་བྱེད་ཀྱང་ཟབ་སྦྱོང་སྤྲད་ནས་དུས་ཚོད་འཕྲོ་བརླག་གཏོང་དགོས་ཀྱི་ཡོད་པ་མ་རེད། གསར་འགྱུར་རྒྱུད་ལམ་ཁག་ནས་ཚོགས་ཆེན་འདིའི་དམིགས་ཡུལ་སོགས་གང་ཐུབ་ཁྱབ་བསྒྲགས་བྱེད་དགོས་པ་གལ་ཆེན་པོ་རེད་བསམ་གྱི་ཡོད། རྩ་དོན་ཐད་ནས་མ་འོངས་ལངས་ཕྱོགས་སོགས་ཀྱི་ཐད་ལ་གྲོས་བསྡུར་བྱེད་ཀྱི་ཡིན་ན། ༧གོང་ས་མཆོག་གིས་གསུངས་པ་བཞིན་བོད་ཀྱི་མ་འོངས་པའི་བདག་དབང་ངོ་མ་དེ་བོད་གཞིས་ལུས་མི་མང་གི་ལག་ན་ཡོད་པས། གཞིས་ལུས་མི་མང་གི་བསམ་ཚུལ་དམིགས་བསལ་དང་རྒྱ་ནག་གི་འོག་ན་ཕྱག་ལས་གནང་བཞིན་པའི་བོད་མི་དང༌།  གཞོན་སྐྱེས་དེ་ཚོའི་བསམ་ཚུལ་གལ་ཆེན་རེད་བསམ་གི་ཡོད།  གྲུབ་འབྲས་ཐོན་མིན་མི་ཤེས་ཀྱང་རེ་བ་ཆེན་པོ་བརྒྱབ་ཡོད།” ཅེས་གསུངས་བྱུང༌།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གིས་རྒྱལ་མཚན་ནོར་བུར་རག་རྡིས་ནང་བཞིན་གྱི་ལས་ཀ་སྤྲོད་རྒྱུ་ཡིན་པ་ཉམས་ཞིབ་པས་བརྗོད།

༢༠༢༥/༠༦/༠༧
US President Donald Trump and Chinese President Xi Jinping. Getty Images
Mobile App

ཊོམ་ཕུ་དང་ཞི་ཅིན་ཕིན་གྱིས་ཡུན་རིང་གི་རྗེས་ནས་ཚོང་འབྲེལ་གྱི་གྲོས་མོལ་བྱས་འདུག

༢༠༢༥/༠༦/༠༦
Tourists hike to visit the Nigardsbreen glacier in Jostedal, Norway in August 2022. Bram Janssen/AP
Mobile App

འཛམ་གླིང་གི་འཁྱགས་རོམ་བརྒྱ་ཆ་ ༤༠ ཙམ་ཞུ་ཟིན་འདུག

༢༠༢༥/༠༦/༠༦
Mobile App

ཊོམ་ཕུས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཁྲིམས་དཔོན་བཞི་ལ་ཉེས་ཆད་བཏང་།

༢༠༢༥/༠༦/༠༦
Front Slider

བོད་སྐོར་གློག་བརྙན་གྲགས་ཅན་བོད་ནང་ལོ་བདུན་གྱི་ནང་འཁྲབ་སྟོན་གནང་མྱོང་བའི་ཁྱོ་ཤུག་གཉིས།

༢༠༢༥/༠༦/༠༦
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་འཚམས་འདྲི་མཛད། བོད་ཀྱི་དུས་བབ་ཀྱིས་སྐུ་པར་སྒྲིག་སྦྱོར་བྱས། ༢༠༢༥།༦།༥
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་འཚམས་འདྲི་མཛད།

༢༠༢༥/༠༦/༠༥

མཆན། 3

  1. གནས་ཚང་། says:
    ལོ་ 17 སྔོན།

    ཁ་སང་ངྷ་རམ་ཤྰ་ལའི་མི་རྒན་པ་ཁ་ཤས་སྐད་ཆ་བཤད་རྒྱུ་བྱུང་། ཁོང་ཚོས་གསུངས་པ་ལྟར་ན། གོང་ས་མཆོག་གིས་བོད་མི་ཚོར་བརྡ་ཞིག་བསྟན་ཡོད་པ་རེད་ལ། བརྡ་དེ་ནི་དབུ་མའི་ལམ་ཁོ་ནར་འགྱུར་བ་གཏོང་དགོས་མིན་ཙམ་མིན་པར་དེའི་ནང་དུ་དམིགས་བསལ་སྐུ་ཚབ་བརྗེ་བོ་རྒྱག་དགོས་མིན་ཡང་འདུས་ཡོད་ཟེར། ཡིན་ནའི། བོད་མི་ཚོ་ལྐུགས་དྲག་ནས་ཁོང་གི་དགོངས་པ་དངོས་ཤེས་ཀྱི་མེད་པ་འདྲ། དེ་བས། དབུ་མའི་ལམ་འགྲིག་གི་མེད་པ་རེད་དམ་དམིགས་བསལ་སྐུ་ཚབ་འཇོན་གྱི་མེད་རེད། འདིའི་ཐད་བོད་ནང་གི་བོད་མི་ཚོས་སྐུ་ཚབ་ཚོ་ག་དུས་ཡིན་ནའང་མགོ་བསྐོར་འོག་ཤོར་གྱི་འདུག་ཅེས་སྐུ་ཚབ་མ་འཇོན་པར་མཐོང་གི་ཡོད་ན།
    ཕྱི་སྡོད་བོད་མི་ཚོས་གོང་ས་མཆོག་མ་འགྲིག་པར་མཐོང་གི་ཡོད་དམ་སྐུ་ཚབ་མ་འཇོན་པར་མཐོང་འདུག་གམ།

    Reply
  2. སྐར་མ། says:
    ལོ་ 17 སྔོན།

    དེང་སྐབས་མི་ཚང་མས་ནམ་ལངས་ན་ས་རུབ་ན་འགྱུར་བ་ཞིག་དགོས་སྐོར་བཤད་གི་འདུག ཡིན་ནའང་འགྱུར་བ་གང་འདྲ་ཞིག་དགོས་སྐོར་སུས་ཀྱང་བཤད་གི་མི་འདུག ད་ནི་ཚང་མར་འགྱུར་བ་ཞིག་དགོས་པ་ཁ་མཐུན་གི་ཡོད་ན་གོམ་པ་གཉིས་པ་དེར་ཁ་མཐུན་མིན་ལྟ་དགོས་པར་འདོད།
    ངའི་བསམ་ཚུལ་ཡིན་ན་ལམ་དབུ་མ་ནས་རང་བཙན་གྱི་ལམ་དུ་འགྲོ་གི་ཡིན་ལབ་ན་བྱབ་ཆུང་གི་སྐད་ཆ་ཆགས་གི་རེད། དེ་འདྲ་ཡིན་ན་དང་པོ་ནས་རང་བཙན་དོར་རྒྱུ་ཡོད་པ་མ་རེད། ལམ་དབུ་མ་འདི་༧གོང་ས་མཆོག་གིས་བཏོན་གནང་བ་བདེན་པ་རེད། ད་ནི་མི་དམངས་ཀྱིས་ཁར་ཉན་གི་མི་འདུག ང་ཚོ་ཕྱིར་རང་བཙན་གྱི་སྟེང་འགྲོ་གི་ཡིན་ཅེས་གསུང་སྲོལ་ཡོད་པ་མ་རེད་ལ། གསུང་གིའང་མ་རེད་སྙམ། བོད་ཀྱི་གནད་དོན་འདི་དུས་ཡུན་རིང་པོ་ཞིག་ལ་སེལ་མི་ཐུབ་པ་འདྲ་བས། ང་ཚོས་ཀྱང་ཕུགས་རྒྱང་རིང་པོར་བསམ་སྟེ། བོད་དོན་འདི་རྒྱལ་སྤྱིའི་གནད་དོན་ཞིག་ལ་བསྒྱུར་རྒྱུ་ནི་ཐེངས་འདིའི་ཚོགས་ཆེན་གྱི་དམིགས་ཡུལ་དུ་འཛིན་དགོས་པ་རེད། ང་ཚོས་བོད་ཀྱི་གནད་དོན་འདི་པེ་ཅིན་དང་གངས་སྐྱིད་གཉིས་བར་གྱི་གྲོས་མོལ་གྱི་ལམ་ནས་ཐག་ཆོད་པ་མི་འདུག་སྟབས། ད་ནི་བོད་མི་རིགས་ཀྱི་མང་མོས་འོས་བསྡུ་ཆེན་མོ་ཞིག་ཚུགས་རྒྱུའི་དགོས་འདུན་བཏོན་ན་འགྲིག་གི་རེད། ད་ལོའི་བོད་ནང་གི་ཡར་ལངས་ནི་ཐབས་ལམ་འདིའི་རྨང་གཞི་རེད། ད་ནི་ང་ཚོས་ཨུ་ཚུགས་བརྒྱབ་ནས་གཞིས་ལུས་མི་དམངས་ཀྱི་བསམ་ཚུལ་འདི་རྒྱལ་སྤྱིའི་སྟེང་ནས་བདག་རྒྱག་དགོས་པ་དང་། འདི་ལ་ཞིབ་འཇུག་བྱེད་དགོས་པ་བཤད་དགོས་པ་རེད། འདི་དང་མཉམ་དུ་བོད་ནང་གི་སྲིད་བྱུས་མཁྲེགས་པོ་དེ་དག་གུ་ཡངས་སུ་གཏོང་རྒྱུར་དམིགས་དགོས་པ་རེད། ང་ཚོས་བཤད་ཀྱིན་པའི་དབུ་མའི་ལམ་གྱི་རང་སྲིད་རང་སྐྱོང་དེ་རག་གི་མེད་སྟབས། ད་ལྟ་རྒྱ་ནག་གི་རྩ་ཁྲིམས་ནང་ཡོད་བསྡད་པའི་རང་སྲིད་རང་སྐྱོང་འདི་ལག་བསྟར་དོན་འཁྱོལ་ཡོང་ཐབས་ནི་ཐེངས་འདིའི་ཚོགས་ཆེན་གྱི་དམིགས་ཡུལ་གཉིས་པ་ཡིན་དགོས་པ་རེད། གོང་གི་བསམ་ཚུལ་འདི་ནི་གོ་རིམ་ཅན་དང་གཏན་ཚིགས་ཅན་ཞིག་ཏུ་ཕབ་ནས་བཤད་མེད་པར། གློ་བུར་ཐོལ་བྱུང་ལྟ་བུར་བྲིས་པ་ཡིན། ཡིན་ནའང་ངའི་བསམ་ཚུལ་གྱི་རྨང་རྡོ་ལྟ་བུ་ཞིག་ཡིན་སྟབས། རིམ་བཞིན་གོ་རིམ་སྒྲིག་ཅིང་ལུང་རིགས་དང་གཏན་ཚིགས་ཀྱི་རིམ་པར་ཕབ་ནས་འབྲི་བར་འབད་བརྩོན་བྱེད་གི་ཡིན། རྣམ་པ་ཚོས་ཀྱང་བསམ་ཚུལ་འདོན་པའི་རེ་བ་ཡོད།

    Reply
  3. སྟག་སྨྱོན། says:
    ལོ་ 17 སྔོན།

    ལམ་དབུ་མ་ལ་བརྟེན་ནས་བོད་ཀྱི་གནད་དོན་འདི་རྒྱལ་སྤྱི་གནད་དོན་ཅིག་ཏུ་གྱུར་བ་མ་ཟད། སྲིད་ཇུས་འདི་ལ་བརྟེན་ནས་ཕྱི་ནང་གཉིས་ཀྱི་བོད་མི་ཚོ་སླར་ཡང་ཆིལ་སྒྲིལ་གོ་སྐབས་ལྷོད་ལྷོད་བྱུང་བ་སོགས། མདོར་ན་དེང་སྐབས་ང་ཚོ་ལ་ནུས་པ་ཕྲན་བུ་ཡོད་པའང་དབུ་མའི་ལམ་ནས་བྱུང་བ་བརྗོད་མེད་རེད། མ་ཟད་ལོ་རབས་བདུན་ཅུའི་ནང་ཏིང་གི་སྲིད་ཇུས་ལ་གཟས་པའི་དབུ་མའི་ལམ་འདི་མ་བཏོན་པར་རང་བཙན་གཙང་མ་དགོས་ཞེས་ཨུ་ཚུགས་བརྒྱབ་ཡོད་ན། དེང་སང་མི་ཚོས་༧གོང་ས་མཆོག་གིས་གོ་སྐབས་ཆེན་པོ་ཞིག་ལེན་མ་གནང་བར་འཕྲོ་བརླག་བཏང་བ་རེད་ཟེར་ནས་སྐྱོན་བརྗོད་ཚད་མེད་བྱེད་ངེས་པ་མ་ཟད། གལ་སྲིད་༧གོང་ས་མཆོག་གིས་གནང་སྟངས་འགྲིག་ཡོད་ན་བོད་ཀྱི་གནད་དོན་འདི་ཏིང་གི་སྐབས་ནས་སེལ་ཚར་བ་འདྲ་བོ་ཞིག་བཤད་ཀྱི་ཡོད་པ་གསལ་བོ་རེད། དཔེར་ན་༧གོང་ས་མཆོག་པཎ་ཆེན་རིན་པོ་ཆེའི་དགོངས་གཤེགས་ཀྱི་མྱ་ངན་ཚོགས་འདུ་ལ་མགྲོན་འབོད་ཞུས་པ་ལྟར་ཕེབས་མ་གནང་བ་གོ་སྐབས་ཆེན་པོ་ཞིག་ཤོར་བ་འདྲ་བོ་བཤད་མཁན་ཡོད་ཀྱང་། དོན་དངོས་སུ་སྐབས་དེར་ཁོང་མ་ཕེབས་པ་རྒྱ་ནག་གི་མ་རུང་ཁོག་བཅངས་ཀྱི་གཡོ་ཇུས་ཚབས་ཆེན་ཞིག་གི་འོག་ཏུ་མ་ཚུད་པའི་རྒྱལ་ཁ་ཞིག་རེད་བསམ།

    འོན་ཀྱང་ད་ནས་རྒྱ་ནག་གི་ཆེས་མཁྲེགས་བཟུང་གི་སྲིད་ཇུས་འདི་ལ་གཟས་པའི་སྲིད་ཇུས་གསར་བ་ཞིག་མ་བཏིང་ན་ནོར་འཁྲུལ་ཤོར་རྒྱུ་ཡིན་པ་གཟིགས་ནས་༧གོང་ས་མཆོག་གིས་འཆར་ཟླའི་ནང་དམིགས་བསལ་གྱི་ཚོགས་འདུ་ཞིག་ཚོགས་དགོས་པའི་བཀའ་སྐུལ་གནང་ནང་བཞིན་དབུ་མའི་ལམ་ལ་འགྱུར་བ་གཏོང་དགོས་པ་རེད།
    འདིར་དམིགས་གསལ་གསལ་བཤད་གལ་ཆེན་ཞིག་ལ། དབུ་མའི་ལམ་འདི་ཐོག་མར་འདོན་གནང་མཁན་༧གོང་ས་མཆོག་ཡིན་པ་དང་། དེ་ལ་འགྱུར་མ་གཏོང་མ་འདོད་པར་ཉར་འདུག་མཁན་དེ་བཀའ་སྤྱིས་དབུ་ཁྲིད་པའི་བོད་གཞུང་རེད། གོང་ས་མཆོག་གིས་དབུ་མའི་ལམ་ལ་འགྱུར་བ་གཏོང་རྒྱུར་གོ་སྐབས་ཡང་ཡང་གནང་གི་ཡོད་པ་ལས། དབུ་མའི་ལམ་ལ་འགྱུར་གཏོང་རྒྱུར་བཀག་འགོག་གང་ཡང་གནང་གི་མེད་པ་མ་ཟད། གལ་སྲིད་བཀའ་སྤྱིས་དབུ་ཁྲིད་པའི་བོད་མི་དམངས་ཀྱི་འགྱུར་བ་བཏང་ནས། དེ་ལས་ལྷག་པའི་སྲིད་ཇུས་ཤིག་བཏོན་པ་ཡིན་ན་༧གོང་ས་མཆོག་དེ་བས་ཀྱང་ཐུགས་མཉེས་པོ་དང་རེ་བ་ཆེན་པོ་གནང་གི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese