མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་རིགས་ས་གནས་རང་སྐྱོང་ནི་གུང་ཁྲན་གྱི་རྫུ་འཕྲུལ་རེད།

བོད་ཀྱི་དུས་བབ།
༢༠༠༨/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

མི་རིགས་ས་ཁུལ་རང་སྐྱོང་ཟེར་བ་དེ་རྒྱ་ནག་གུང་ཁྲན་གྱིས་རྫུ་འཕྲུལ་རེད། དེ་ལ་མགོ་འཁོར་རྒྱུ་ཡོད་པ་མ་རེད། རྒྱ་ནག་གིས་ཞག་པ་ཞིག་བཟོས་ཡོད་པའི་ནང་ངེས་པར་དུ་ཕེབས་དགོས་དོན་ཡོད་པ་མ་རེད། ཞག་པ་དེའི་ནང་འཛུལ་ཚར་ན། རྒྱ་ནག་གིས་འཐེན་གི་རེད། དེ་ཚོ་ཁ་གསལ་བོ་བྱས་ཏེ་གསར་ཤོག་ནང་འབྲི་རོགས།

ཕྱི་ཚེས་ ༢༧ ཉིན་སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་མཆོག་ཆེད་དུ་བོད་ཀྱི་དུས་བབ་གསར་ཁང་དུ་ཕེབས་ཏེ། ཁོང་གི་འདས་པའི་མི་ཚེ་བྱུང་རབས་སྙིང་བསྡུས་དང༌། ད་ལྟའི་བོད་རྒྱའི་གནས་བབ། ལྷག་པར་དུ་བོད་ཀྱི་ད་ལྟའི་ཛ་དྲག་གནས་བབ་སྐོར་ལ་བཀའ་མོལ་དང་གསར་འགོད་པའི་དྲི་བར་ལན་འདེབས་གནང་སོང༌། རྒྱལ་ལོ་དོན་འགྲུབ་ཀྱིས་གསུངས་དོན། ༡༩༥༡ ནས་ ༡༩༧༩ ལོ་བར་བོད་ནང་གནམ་ས་མགོ་རྟིང་སློག་པ་ལྟ་བུའི་གནས་ཚུལ་མང་པོ་བྱུང་ཡོད། བོད་རིགས་ཚང་མའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་གཞུང་བཞེས་བཏང་ཡོད། རྒྱ་ནག་གིས་བོད་ནང་གཏོར་བཤུག་བཏང་བར་རིག་གནས་གསར་བརྗེ་ཆེན་པོ་ཟེར་གྱིན་ཡོད། དེ་རྩ་བ་ཉིད་ནས་མ་རེད། ༡༩༥༤ ལོ་ནས་ཁམས་དང་ཨ་མདོའི་ས་ཆར་མགོ་བཙུགས་ཏེ།  ཁྱོན་སྡོམ་ལོ་ངོ་སུམ་བཅུའི་རིང་གཏོར་བཅོམ་བྱས་པ་རེད་ཅེས་གསུངས་བྱུང༌།

ཡང་ཁོང་གིས་ད་ལྟ་འགྲོ་བཞིན་པའི་བོད་རྒྱའི་འབྲེལ་བ་དང༌། དེའི་ངོ་བོ་དང་དམིགས་ཡུལ་སོགས་གསུངས་དོན། སྤྱི་ལོ་༡༩༧༩ ཟླ་ ༡༡ པའི་ནང་ང་ཏུན་ཞའོ་ཕེན་ལ་ཐུག་པ་ཡིན། སྐབས་དེར་ཏིན་ཞོ་ཕེན་གྱིས་རང་བཙན་མིན་པའི་བཀའ་མོལ་ག་རེ་ཡིན་རུང་གནང་ན་འགྲིག་གི་རེད་གསུངས་པ་བཞིན་བོད་རྒྱའི་འབྲེལ་ལམ་ཐོག་མར་བྱུང་བ་རེད། སྐབས་དེར་ང་ཚོར་དམིགས་ཡུལ་གསུམ་ཡོད། དང་པོ། ལོ་ངོ་ཉི་ཤུའི་རིང་ཆད་ཡོད་པའི་བོད་ཕྱི་ནང་གཉིས་ཀྱི་རྩ་དེ་བསྐྱར་དུ་མཐུད་རྒྱུ་དང༌། གཉིས་པ། རྒྱ་ནག་གིས་བོད་དེ་་༡༩༤༩ ནས་ ༡༩༧༩ ལོའི་བར་གྱི་ལོ་ངོ་ ༣༠ རིང་གསོད་པ་དང་གཏུབ་པ། བཅོམ་པ་དང་གཏོར་བ་སོགས་བྱས་ཏེ། བོད་མིའི་བླ་གཅིག་ཞེད་སྣང་གིས་ཆད་ཡོད། བླ་དེ་ཚུར་འགུག་རྒྱུར་རྒྱ་ནག་ལ་འབྲེལ་བ་བྱས་ཏེ། རྒྱལ་བ་རིན་པོ་ཆེ་བོད་དུ་ཞབས་སོར་འགོད་ཐུབ་པ་བྱ་རྒྱུ་དེ་རེད། གསུམ་པ། རིམ་གྱིས་ང་ཚོས་ཐོབ་ཐང་རྩོད་ལེན་བྱ་རྒྱུ་དེ་རེད། ངས་རྟག་པར་ཅི་ཞིག་བཤད་ཀྱིན་ཡོད་ཟེར་ན། ང་རང་ཚོ་བོད་མི་རིགས་ཀྱི་ཐོབ་ཐང་ཟེར་བ་ཞིག་བཤད་ཀྱིན་ཡོད། བསམ་བློ་རང་དབང་ཐོག་ནས་བཏང་ཆོག་པ། སྐད་ཆ་རང་དབང་ཐོག་ནས་བཤད་ཆོག་པ། སྐད་ཡིག་རང་དབང་ཐོག་ནས་སྤྱོད་ཆོག་པ། ཆོས་དད་རང་ཐོག་ནས་བྱ་ཆོག་པ། འགྲོ་སྐྱོད་ཐོག་ནས་བྱ་ཆོག་པ་བཅས་ཀྱི་ཐོབ་ཐང་དེ་རེད།

རིམ་གྱིས་རྒྱ་ནག་གྲོས་མཐུན་དོན་ཚན་བཅུ་བདུན་ཁ་དན་ལ་མ་གནས་བ་རེད། ཏིན་ཞོ་ཕེན་ངེད་གཉིས་ཀྱི་སྐད་ཆ་ཁ་དན་ལ་མ་གནས་བ་རེད། ༧རྒྱལ་བ་རིན་པོ་ཆེ་ལ་སྐྱོན་བརྗོད་ཚད་མེད་ཞུས་པ་རེད། ང་བཀའ་ཤག་ལ་བཅར་ཏེ་ཟམ་གདོང་རིན་པོ་ཆེ་ལ། འདས་པའི་གནས་ཚུལ་ནང་བྱུང་མ་མྱོང་བ་ཞིག་ཡོང་གིན་འདུག རྒྱ་ནག་གིས་རྒྱལ་བ་རིན་པོ་ཆེ་ལ་སྐྱོན་འཛུག་བྱེད་ཀྱིན་འདུག་ཅེས་ལབ་པ་ཡིན། སྐབས་དེར་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང་སྐལ་བཟང་རྒྱལ་མཚན་གཉིས་ཀྱང་འདུག་ལ། བློ་གྲོས་རྒྱལ་མཚན་གྱིས་དེ་རྒྱ་ནག་གི་འཆར་ཅན་རེད་ཟེར། དེ་འཆར་ཅན་གང་ཡང་མ་རེད། ངས་བལྟས་ན་འགྱུར་བ་ཆེན་པོ་རེད། ཟམ་གདོང་རིན་པོ་ཆེ་ལ། ད་ལྟའི་སྐུ་ཚབ་གཉིས་ཀྱིས་ག་རེ་གནང་གིན་ཡོད་དམ། ཁོང་གཉིས་ཀྱིས་གནད་དོན་ཐོག་ལས་ཀ་ཞིག་བྱ་ཐུབ་པར་མཐོང་གིན་མི་འདུག མཇུག་འབྲས་རྙོག་དྲ་ཚ་བོ་ཞིག་ཏུ་མཐོང་གིན་འདུག་ཅེས་ལབ་པ་ཡིན་ཞེས་གསུངས་སོང༌།

སྐབས་དེར་འདི་གའི་གསར་ཤོག་རྩོམ་སྒྲིག་པས་ཁོང་ལ། དབུ་མའི་ལམ་གྱི་ཐོག་ནས་བོད་དོན་སེལ་དཀའ་བའི་སྣང་ཚུལ་འདུག་སྟབས། སྐུ་ཉིད་ཀྱིས་རེ་བ་དང་ལམ་ཁ་གཞན་པ་འདྲ་མཐོང་གིན་ཡོད་དམ་ཞེས་དྲིས་པའི་ལན་དུ་ཁོང་གིས། གཅིག་བྱས་ན་སྟོང་པ་འདྲ་བོ་རེད། གཅིག་བྱས་ན་སྟོང་པ་མ་རེད། སྟོང་པ་དེ་ཡང་སྟོང་པ་མིན་པ་ཞིག་བཟོ་བར་ཐབས་ཤེས་གནང་དགོས། གལ་སྲིད་རང་བཙན་གསུང་པ་ཡིན་ན་རྒྱ་ནག་གི་སྣང་བར་འགྲོ་གི་མ་རེད། རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་རག་གི་མ་རེད། དབུ་མའི་ལམ་ཟེར་བ་འདིར་འཛམ་གླིང་ཚང་མས་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ང་ཚོས་རང་སྐྱོང་དགོས་ཞེས་ལབ་ན། རྒྱ་གར་གྱིས་ལན་རྒྱག་རྒྱུ་ཁག་པོ་རེད། ཅེས་གསུངས་བྱུང༌། ཡང་ཁོང་ལ། བོད་ནང་གི་མི་དམངས་ཀྱི་བསམ་ཚུལ་དངོས་དང༌། བཙན་བྱོལ་གཞུང་གི་སྲིད་བྱུས་བར་འགལ་བ་འདྲ་མཐོང་གིན་འདུག་གམ་ཞེས་དྲིས་པའི་ལན་དུ་ཁོང་གིས། བཀའ་ཤག་དང་སྤྱི་འཐུས་ཚོའི་གནང་ཕྱོགས་ལ་ལོ་ལྔ་བཅུ་ཙམ་འགྲོ་བཞིན་ཡོད། དེ་དག་ལ་བསྐྱར་ཞིབ་ཅིག་གནང་དགོས་ཀྱིན་འདུག བཟོ་བཅོས་ཤིག་རྒྱག་དགོས་ཀྱིན་འདུག བོད་ནང་གི་མི་དམངས་བྱིངས་ཀྱི་བསམ་ཚུལ་དང་མི་མཐུན་པའི་སྐད་ཆ་མང་པོ་ཞིག་འདི་ན་བཤད་ཀྱིན་ཡོད་པ་རེད། དེ་འགྲིག་གིན་མི་འདུག་བསམ་གྱིན་ཡོད། ཅེས་གསུངས་བྱུང༌། མཇུག་མཐར་ཁོང་ལ་མི་འགྱངས་པར་སྐུ་ཚབ་ཐེངས་བརྒྱད་པ་རྒྱ་ནག་ཏུ་ཕེབས་ཏེ། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ལྷག་བསམ་རྣམ་དག་གིས་བོད་ནང་ལག་བསྟར་བྱེད་ཕྱོགས་ཐད་གྲོས་མོལ་གནང་རྒྱུའི་གྲ་སྒྲིག་ཡོད་རབས་འདུག་པས། དེའི་ཐད་དགོངས་འཆར་གང་ཡོད་དྲིས་པར། མི་རིགས་ས་ཁུལ་རང་སྐྱོང་ཟེར་བ་དེའི་སྐོར་ལ་ཟམ་གདོང་རིན་པོ་ཆེ་ཡིས་མགོ་ཚོད་ལ་མ་ཚོད་མང་པོ་གསུང་གིན་འདུག ཁྱེད་རང་ཚོས་དེ་ཡག་པོ་ཞིག་མཁྱེན་གྱིན་ཡོད་དམ། མི་རིགས་ས་ཁུལ་རང་སྐྱོང་ཟེར་བ་དེ་རྒྱ་ནག་གུང་ཁྲན་གྱིས་རྫུ་འཕྲུལ་རེད། དེ་ལ་མགོ་འཁོར་རྒྱུ་ཡོད་པ་མ་རེད། རྒྱ་ནག་གིས་ཞག་པ་ཞིག་བཟོས་ཡོད་པའི་ནང་ངེས་པར་དུ་ཕེབས་དགོས་དོན་ཡོད་པ་མ་རེད། ཞག་པ་དེའི་ནང་འཛུལ་ཚར་ན། རྒྱ་ནག་གིས་འཐེན་གི་རེད། དེ་ཚོ་ཁ་གསལ་བོ་བྱས་ཏེ་གསར་ཤོག་ནང་འབྲི་རོགས། ཞེས་གསུངས་བྱུང༌།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༡༩ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 1

  1. འོད་དཀར། says:
    ལོ་ 18 སྔོན།

    རྒྱ་ནག་གུང་ཁྲན་གྱིས་རྫུ་འཕྲུལ་འདི་བོད་མི་མང་གི་བསམ་ཤེས་ཀྱིས་རང་ཉིད་ཀྱི་ཁ་ཕྱོགས་གཏན་འབེབ་རང་བཙན་ལ་བསྐྱོད་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese