མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུ་མའི་ལམ་གྱི་ལས་འགུལ།

བོད་ཀྱི་དུས་བབ།
༢༠༠༨/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་སི་ཊ་སི་བྷག་ནས་དབུ་མའི་ལམ་གསུངས་ཏེ་ལོ་ངོ་ཉི་ཤུ་འགྲོ་བཞིན་ཡོད་ལ། བོད་གཞུང་སྲིད་བྱུས་ཡང་དབུ་མའི་ལམ་འདི་རེད། འོན་ཀྱང༌། ད་ལྟའི་བར་གཞུང་སྒེར་སུས་ཀྱང་འདི་ལྟར་དབུ་མའི་ལམ་གྱི་ལས་འགུལ་སྤེལ་བ་གཅིག་ཀྱང་བྱུང་མེད། ད་ལྟ་འཕྱི་དྲགས་པ་རེད་ཟེར།

བཞུགས་སྒར་ཁུལ་གྱི་དགོན་པ་དང་སློབ་གྲྭ དེ་བཞིན་ཚོགས་པ་སྒྲིག་འཛུགས་ཁག་བཅས་སུ་ཉིན་འདི་འགར་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་སྣེ་ཁྲིད་འོག མི་དམངས་ལ་དབུ་མའི་ལམ་གྱི་གོ་རྟོག་སྤེལ་བ་དང་བ་དང་དབུ་མའི་ལམ་གྱི་སྐོར་ལ་དྲི་བ་དྲིས་ལན་དང་གོ་བསྡུར་སྦྱང་བཤད་གནང་མགོ་བརྩམས་ཡོད་སྟབས། ཕྱི་ཚེས་ ༢༤ ཉིན་འདི་གའི་གསར་འགོད་པས་དབུ་མའི་ལམ་མི་དམངས་ལས་འགུལ་ཁང་གི་དགུ་ལོག་དམ་ཆོས་དཔལ་བཟང་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་བརྗོད་དོན། རྒྱ་ནག་དང་བོད་ཕྱི་ནང་བཅས་སུ་ཆབ་སྲིད་ཀྱི་འཕོ་འགྱུར་ལ་གཞིགས་ཏེ། ང་ཚོའི་ངོས་ནས་གང་ཐུབ་ཀྱིས་མི་མང་ལ་ལས་འགུལ་སྤེལ་དགོས་པ་དང༌། ཡང་དག་གཉིས་ཕན་དབུ་མའི་ལམ་གི་སྲིད་བྱིས་དེ་བོད་གཞིས་བྱེས་གཉིས་དང་རྒྱ་ནག་མི་མང་གིས་ཀྱང༌། ཤེས་རྟོགས་ཡོང་བ་བྱས་ཏེ། བོད་རྒྱའི་མི་མང་བར་མཐུན་ལམ་གཅིག་གྱུར་གྱིས་དཀའ་རྙོག་སེལ་ཐབས་བྱ་རྒྱུ་དེ་ནི་དུས་དང་འཚམས་པའི་སྲིད་བྱུས་ཤིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ལྷག་པར་དུ་བོད་པའི་སྤྱི་ཚོགས་ནང་ལ་དབུ་མའི་ལམ་ལ་གོ་རྟོགས་མ་ཕེར་བར་བརྟེན། དབུ་མའི་ལམ་ལ་གྲུབ་འབྲས་མ་སོན་པ། འུ་ཐུག་གི་སྲིད་བྱུས་ཡིན་པ། དབུ་མའི་ལམ་གྱིས་བོད་རྒྱའི་དཀའ་རྙོག་སེལ་མི་ཐུབ་ཟེར་སོགས་དབུ་མའི་ལམ་ལ་དངོས་ཤུགས་བརྒྱུད་གསུམ་ནས་སྐྱོན་བརྗོད་བྱེད་མཁན་འབྱུང་བཞིན་ཡོད་སྟབས། ལངས་ཕྱོགས་འདི་དང་མི་མཐུན་པའི་ལས་འགུལ་མང་པོ་སྤེལ་བ་སོགས་ཀྱིས་རྒྱ་གཞུང་གིས་གཡས་ཁག་གཡོན་དཀྲི་བྱས་ཏེ། ཞི་མོལ་དུས་འགྱངས་ཀྱིས་གོ་སྐབས་འཚོལ་བཞིན་ཡོད། ༢༠༠༦ ལོ་ནས་ལས་དོན་འདིའི་ཐད་ཐུགས་འཚབ་གནང་མཁན་ཁག་ཅིག་མཉམ་འཛོམས་ཀྱིས་ལས་འགུལ་འདི་འདྲ་སྤེལ་རྒྱུར་གྲོས་བསྡུར་བྱུང་བ་དང༌། དེ་ལ་ཕན་གནོད་གང་ཡོང་སྐོར་ལོ་གཅིག་ལྷག་རིང་གོ་བསྡུར་བྱས་ཏེ། ལས་འགུལ་འདི་མགོ་འཛུགས་བྱས་པ་ཡིན། ད་ལོའི་ཟླ་ ༢ པར་ཚོགས་ཆེན་སྐོང་ཚོགས་ཀྱིས་གོ་བསྡུར་བྱས་བ་ཡིན། མི་མང་གིས་ལས་འགུལ་དེར་རྒྱབ་སྐྱོར་དང་གང་འགྱོགས་སྤེལ་དགོས་པ་དང༌། སོ་སོས་ནུས་ཤུགས་གང་ཐུབ་བཏོན་ཏེ། བོད་དོན་ཐག་གཅོད་མ་བྱུང་བར་ལས་འགུལ་དེའི་ནང་ཞུགས་རྒྱུའི་སེམས་ཐག་གཅོད་མཁན་མང་པོ་བྱུང་སོང༌།

སྤྱི་ཟླ་ ༩ ཚེས་ ༡༠ ནས་ང་ཚོས་ཁག་ཁ་ཤས་ལ་དབྱེ་སྟེ། དྷ་སའི་གཡས་གཡོན་གྱི་ཚོགས་པ་སྐྱིད་སྡུག་ཁག་ལ་ལས་འགུལ་སྤེལ་བཞིན་ཡོད། མི་མང་ལ་དབུ་མའི་ལམ་ངོ་སྤྲོད་དང་བགྲོ་གླེང་བྱ་རྒྱུ་དེ་ཡིན། ཕྱི་ཚེས་ ༡༧ ཉིན་ཤེས་རབས་དགའ་ཚལ་སློབ་གླིང་དང་ནོར་བུ་གླིང་ཁ། སྒྲོལ་མ་གླིང༌། དེ་བཞིན་དྷ་ཡོངས་གླིང༌། ཤོལ་སློབ་གྲྭ རྣམ་རྒྱལ་གྲྭ་ཚང༌། ཀིརྟི་གྲྭ་ཚང་སོགས་ཚོགས་པ་སྐྱིད་སྡུག་བདུན་བརྒྱད་ཅིག་ལ་སྤེལ་ཟིན། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དམིགས་ཡུལ་ནི། ཚོགས་པ་གཅིག་གི་ལངས་ཕྱོགས་བཟུང་སྟེ། ཚོགས་པ་གཞན་ཞིག་ལ་ཁ་གཏད་ལྕོག་རྒྱུ་མ་ཡིན་པར། ༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང༌། བཙན་བྱོལ་གཞུང་གི་ལངས་ཕྱོགས། རྒྱ་ཆེའི་མི་དམངས་ཀྱི་མངོན་འདོད་དེ་དྲིལ་བསྒྲགས་དང༌། གསལ་བོ་བཟོ་རྒྱུ་དེ་ཡིན། ཕྱི་ཚེས་ ༨ ཡས་མས་ཤིག་ནས་རྡི་ར་རྡུན་དང་སིམ་ལ། མི་ན་ལེ། བྷེ་རི་བཅས་སུ་མུ་མཐུད་དུ་ལས་རྒྱ་བསྐྱེད་རྒྱུ་ཡིན། དེ་བཞིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊི་ལ་རྨོག་རི་བསྟན་པ་དང༌། སེ་ར་དང་བྷེ་གྷོབ་བཅས་སུ་འཇིགས་བྲལ་བསྟན་འཛིན་དང༌། སྤྱི་འཐུས་ཟླ་བ་ཚེ་རིང་ཕྱོགས་སྐྱོད་ཀྱི་སྐབས་དང་བསྟུན་ཏེ་ལས་འགུལ་སྤེལ་རྒྱུ་ཡིན། 

དྷ་ས་གཡས་གཡོན་གྱི་མི་མང་ཚོས་༧གོང་ས་མཆོག་གིས་སི་ཊ་སི་བྷག་ནས་དབུ་མའི་ལམ་གསུངས་ཏེ་ལོ་ངོ་ཉི་ཤུ་འགྲོ་བཞིན་ཡོད་ལ། བོད་གཞུང་སྲིད་བྱུས་ཡང་དབུ་མའི་ལམ་འདི་ཡིན་རུང༌། ད་ལྟའི་བར་འདི་ལྟར་དབུ་མའི་ལམ་གྱི་ལས་འགུལ་སྤེལ་བ་ཐེངས་གཅིག་ཀྱང་བྱུང་མེད། ད་ལྟ་འཕྱི་དྲགས་པ་རེད་ཟེར་མཁན་འདུག ང་རང་སྒེར་ངོས་ནས་བོད་ནང་གི་ལས་བྱེད་དང་རྒྱ་རིགས་དེ་འདྲར་ཐུག་སོང༌། ཁོང་ཚོས་སྤྱིར་བཏང་དབུ་མའི་ལམ་ཧ་ཅང་ཡག་པོ་རེད། སྤྱི་དམངས་ལ་དབུ་མའི་ལམ་གྱི་གོ་རྟོགས་ཡག་པོ་སེལ་དགོས་ཀྱིན་འདུག འོན་ཀྱང༌། ཅུང་ཙམ་འགྱངས་དྲགས་སོང་བ་རེད། ཁྱེད་ཅག་སྒེར་བ་རེ་ཟུང་ལས། འཛིན་སྐྱོང་བཀའ་ཤག་གཞུང་གི་ངོས་ནས་ལས་འགུལ་སྤེལ་ཐུབ་ན་ཡག་པོ་རེད་ཟེར་ལ། ཡང༌། སློབ་གྲྭ་ཆེན་མོ་བ་དང༌། རྒྱ་ཡུལ་གྱི་བོད་རིགས་ལས་བྱེད་རེ་ཟུང་གིས། ང་ཚོས་བསམ་བློ་མང་པོ་བཏང་བ་ཡིན། རྒྱལ་བ་རིན་པོ་ཆེར་དད་པའི་སྐད་ཆ་གང་ཡང་མེད། འཛམ་གླིང་གིས་བོད་པར་རྒྱབ་སྐྱོར་བྱེད་ཕྱོགས་དང༌། རྒྱ་ཕྱོགས་ནས་ཀྱང་དབུ་མའི་ལམ་ལ་རྒྱུས་མངའ་དེ་ཙམ་མེད་ནའང༌། རྒྱ་བོད་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་བཤད་ཀྱིན་ཡོད་པ་དང༌། ད་ལྟའི་བོད་ནང་གི་གནས་བབས་སོགས་གང་ལ་གཞིགས་ན། ལམ་ཁ་འདི་ལས་མེད་པ་ཞིག་ཏུ་མཐོང་གིན་འདུག ཅེས་བརྗོད་མཁན་བྱུང་སོང་ཟེར།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༡༩ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese