མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རེ་བྷས་ཀྱི་ནད་ཚ་བྱུང་ན་ཅི་བྱེད་དགོས་པ་རེད།

བོད་ཀྱི་དུས་བབ།
༢༠༠༨/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

རེ་བྷས་ཞེས་པ་ནི་མཆེ་བ་དང་སྡེར་མོ་ཡོད་པའི་ནུ་གསོའི་སེམས་ཅན་ནང་ཕན་ཚུན་ལ་འགོ་བའི་སྲིན་བུའི་ནད་གཞི་ཞིག་ཡིན། 

ཀ  རེབྷས་ན་ཚ་ཞེས་པའི་ནད་འདི་ཅི་ཞིག་ཡིན་ནམ།
རེ་བྷས་ན་ཚ་ཞེས་པ་ནི་སྲིན་བུ་ལས་བྱུང་བའི་ཚེ་སྲོག་འཕྲོག་མཁན་གྱི་ནད་གཞི་ཞིག་ཡིན་པ་དང༌། དེས་ང་ཚོའི་དབང་རྩའི་མ་ལག་ལ་གནོད་སྐྱོན་གཏོང་གི་ཡོད། ནད་འབུ་དེ་བཞིན་མི་དང་དུད་འགྲོ་ལ་ནད་གཞི་ཡོད་པའི་དུད་འགྲོ་གཞན་གྱིས་རྨུག་པའམ་སོ་རྒྱག་དུས་ཁ་ཆུ་བརྒྱུད་ནས་འགོས་ཀྱི་ཡོད། མཚམས་རེ་ནད་གཞི་ཡོད་པའི་དུད་འགྲོའི་ཁ་ཆུ་མི་དང་དུད་འགྲོ་གཞན་གྱི་རྨ་ཁ་དང༌། མིག སྣ་བུག ཁ་བཅས་ལ་འཐོར་བ་དང་འགོ་བ་ལས་ཀྱང་ནད་གཞི་དེ་ཡོང་གི་ཡོད། ཕྱིར་ནད་རྟགས་འདོན་མཚམས་དཀའ་ངལ་ཆེན་པོར་གྱུར་ཟིན་པར་ངོས་འཛིན་གནང་དགོས།
ཁ།  ནད་གཞི་འདི་མི་ལ་ཉེན་ཁ་ཇི་ཙམ་ཡོད་དམ།  
    ༡    རྒྱ་གར་དུ་སྐར་མ་ ༣༠ ནང་ནད་གཞི་འདི་རྐྱེན་པས་མི་གཅིག་རྐྱེན་ལམ་དུ་འགྲོ་གི་ཡོད།
    ༢    ལོ་ལྟར་མི་ས་ཡ་ ༧ ཙམ་ལ་སྔོན་འགོག་ཁབ་རྒྱབ་དགོས་ཐུག་གི་ཡོད་པ་དང༌། རྒྱ་གར་ནང་ལོ་ལྟར་མི་ཉིས་ཁྲི་ ༢༠༠༠༠ ཙམ་ནད་གཞི་ འདིས་རྐྱེན་པས་འདས་གྲོངས་སུ་འགྲོ་གི་ཡོད།
    ༣    བྱིས་པ་ལོ་ ༡༥ མན་ལ་ཁྱི་ཡིས་སོ་རྒྱག་པ་ལས་ན་ཚ་འབྱུང་བ་མང་ཤོས་ཐོ་འགོད་བྱུང་བཞིན་ཡོད།
    ༤    ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ནང་ཁྱི་འཁྱམས་མང་པོ་ཡོད་པར་སོང་ཁྱིས་སོ་རྒྱག་པ་ལ་བརྟེན་ནས་བྱུང་བའི་རིགས་མང་ཤོས་ཆས་ཡོད།
    ༥    ཉེ་ཆར་ཕ་ཝང་ངམ་ཙི་ཙི་སྐམ་པོ་དེ་ཡང་ནད་གཞི་འདིའི་འབྱུང་ཁུངས་གཙོ་བོ་ཞིག་ཡིན་པ་མངོན་གསལ་དོད་པོ་ཆགས་ཡོད། 
ག   དུད་འགྲོ་རིགས་གང་ལས་རེ་བྷས་ནད་ཡོང་གི་ཡོདདམ།
ནད་གཞི་འདི་བཞིན་ནུ་གསོ་སེམས་ཅན་རིགས་ཚང་མ་ལ་ཡོང་གི་ཡོད་པ་མ་གཏོགས་གཞན་ཉྭ་དང་འདབ་ཆགས། ལྟོ་འགྲོའི་རིགས། སྐམ་གཤེར་གཉིས་གནས་ཀྱི་སྲོག་ཆགས་རིགས་སོགས་ལས་ཡོང་གི་མེད། བདག་མེད་སེམས་ཅན་རིགས་ལ་ནད་གཞི་འདི་མང་ཤོས་ཡོད། དེ་ཡང་སྲེ་མོང་སྐང་ཀ་དང་ཙི་ཙི་སྣམ་པོ། དོམ་ཁྲ་རྔ་རིང༌། སྤྱང་ཀི  ཝ་མོ་སོགས་ལ་ཡོང་གི་ཡོད། དེའི་ནང་ནས་ཕ་ཝང་ངམ་ཙི་ཙི་སྐམ་པོ་ནི་ནད་གཞི་འདིའི་འབྱུང་ཁུངས་གཙོ་བོ་ཞིག་ཆགས་ཡོད།  
ང༌།     རེ་བྷས་ན་ཚ་ཡོད་པའི་དུད་འགྲོའི་རྟགས་མཚན།
རེ་བྷས་ན་ཚའི་ནད་འབུ་གཟུགས་པོའི་ནང་ལན་གཅིག་འཛུལ་སོང་ན། དེས་ལུས་ཀྱི་རྩ་ཕྲན་བརྒྱུད་དེ་ཀླད་པར་འགྲོ་བ་དང༌། དེ་ནས་གཟུགས་པོའི་ཕུང་གྲུབ་རྩ་ཕྲན་གཞན་དང་དབང་པོ་ཆ་ཚང་ལ་ཁྱབ་འགྲོ་གི་ཡོད་ལ།  དེ་ནས་མཆིལ་མའི་ནང་གསོག་གིན་ཡོད།  ནད་ཡོད་དུད་འགྲོས་སོ་རྒྱབ་ནས་སྤྱིར་བཏང་བདུན་གཉིས་ནས་བརྒྱད་བར་ནད་རྟགས་མངོན་དུ་འགྱུར་གྱི་ཡོད་ཀྱང༌།  སྐབས་རེར་ནད་རྟགས་མངོན་དུ་འགྱུར་རྒྱུར་ལོ་དང་དེ་ལས་ལྷག་པར་ཡང་འགོར་སྲིད་ཀྱི་རེད།  ཁྱུ་དང་ཞི་མི་སོགས་ནད་གཞི་ཕོག་པའི་དུད་འགྲོ་རྣམས་ལ་ཕྱི་རུ་ནད་རྟགས་སྣ་ཚོགས་ཡོད་པ། དེ་ཡང༌། ཞེད་སྣང་ཆེ་མདོག་ཁ་བོ། དྲག་ཤུལ་ཅན། ཁ་ཆུ་ཆེས་མང་པོ་འཛག་པ། ཁྱུར་མིད་གཏོང་རྒྱུར་དཀའ་ངལ་ཡོད་པ། ཁྱར་ཁྱོར་བྱས་ནས་འགྲོ་བ༌། མ་འགལ་ཐུར་དུ་དཔྱང་བ། དངོས་པོ་ཅི་རིགས་ལ་སོ་ར་རྒྱབ་པ་སོགས་ཀྱི་ནད་རྟགས་ཐོན་གྱིན་ཡོད། བདག་མེད་དུད་འགྲོ་ནད་གཞི་ཕོག་པའི་རིགས་རྣམས་ནམ་རྒྱུན་དང་མི་འདྲ་བའི་སྤྱོད་པ་སྟོན་པ། དཔེར་ན། མཚན་ལ་འགྲོ་མཁན་གྱི་རིགས་རྣམས་ཉིན་མོར་འཁྱམས་ཉུལ་བྱེད་པ་དང༌། རྟ་དང་བ་ཕྱུགས། ལུག  ར་སོགས་ལ་ཁྱི་དང་ཞི་མི་ལ་ཡོད་པའི་ནད་རྟགས་དེ་དག་གི་ཐོག་ལ་ད་དུང༌། སྐད་གདངས་རིང་པོ་འབྱིན་པ་དང༌། སོ་སོར་རྨས་སྐྱོན་གཏོང་གི་ཡོད་པ་མ་ཟད། འོད་རིགས་ལ་ཞེས་སྣང་བྱེད་ཀྱི་ཡོད། ནད་གཞི་ཕོག་པའི་དུད་འགྲོ་ནད་རྟགས་མངོན་དུ་འགྱུར་བ་རྣམས་ཉིན་བཅུའི་ནང་དབུགས་འབྱིན་རྔུབ་ཀྱི་དཀའ་ངལ་རྐྱེན་པས་འདས་གྲོངས་འགྲོ་གི་ཡོད།
ཅ།    རེ་བྷས་ན་ཚ་བཀག་འགོག་ཇི་ལྟར་གནང་དགོས་སམ།
    ༡    ཕྱོགས་ཀུན་ནས་རེ་བྷས་ནད་གཞི་སྔོན་འགོག་ཐབས་ལམ་ཆ་ཚང་བ་ཞིག་བསྟེ་དགོས།
    ༢    སྔོན་འགོག་ཁབ། དུད་འགྲོའི་སྨན་པ་ཚད་ལྡན་གྱི་དྲུང་ནས་ཁྱི་དང༌།  ཞི་མི། གཞན་ཡང་སྒོ་ཕྱུགས་སེམས་ཅན་རྣམས་ལ་ངེས་པར་སྔོན་འགོག་ཁབ་རྒྱབ་གནང་དགོས་པ་ཡིན།  གཅེས་ཉར་སྲོག་ཆགས་ཆུང་དུས་ཉིད་ནས་སྔོན་འགོག་ཁབ་རྒྱབ་དགོས་པ་ཡིན། དེ་ཡང་ཟླ་བ་གསུམ་ལོན་པ་དང་སྔོན་འགོག་ཁབ་དང་པོ་དང༌།  གཉིས་པ་ཟླ་དྲུག  དེ་ནས་ལོ་གཅིག  དེའི་རྗེས་སུ་ལོ་ལྟར་སྔོན་འགོག་ཁབ་རྒྱབ་དགོས་པ་ཡིན།
    ༣    སོ་རྒྱག་པའི་རྗེས་སུ་ཉིན་དེ་རང་ལ་སྔོན་འགོག་ཁབ་རྒྱབ་དགོས། དེ་ནས་ཉིན་གསུམ་པ་དང༌། བདུན་པ། བཅུ་བཞི། ཉི་ཤུ་རྩ་བརྒྱད། དགུ་ བཅུ་བཅས་ལ་ཁབ་རྒྱབ་དགོསཔ་ཡིན། 
    ༥    ནད་གཞི་སྔོན་འགོག་ཡོང་ཐབས་སུ་གཅེས་ཉར་སྲོག་ཆགས་བདག་མེད་གང་བྱུང་འཁྱམས་བཅུག་རྒྱུ་མེད། ཞི་མི་རྣམས་ནང་དུ་ཉར་འཇོག་དགོས་པ་དང༌། ཁྱི་སོགས་ཕྱི་ལོག་འཁྲིད་སྐབས་བལྟ་རྟོག་ཡག་པོ་གནང་དགོས།
    ༦    ནང་གི་གད་སྙིགས་རྣམས་འཇོག་ཡུལ་ཡག་པོ་བཟོ་དགོས་པ་དང༌། གད་སྙིགས་དེ་དག་གང་བྱུང་གཡུག་ན་བདག་མེད་ཁྱི་འཁྱམས་རིགས་ འཁོར་ཡུལ་དང་ཁྱི་ཕྲུག་སྐྱེས་ཡུལ་ཞིག་ཏུ་འགྱུར་སྲིད།
    ༧    ཕྲུ་གུ་ཆུང་ཆུང་རྣམས་ངོ་མ་ཤེས་པའི་བདག་མེད་དུད་འགྲོའི་རིགས་འདྲིས་མདོག་ཁ་བོ་བྱེད་ཀྱང་ལག་པ་འཆང་བཅུག་རྒྱུ་མེད།
    ༨    ཁྱི་དང་སེམས་ཅན་གཞན་གྱིས་ཕྲུ་གུ་ལ་སོ་རྒྱབ་པ་ཡིན་ན་ལམ་སེང་རང་གི་ཕ་མའམ་ཡང་ན་རང་ལས་རྒན་པ་རྣམས་ལ་གནས་ཚུལ་དེ་བཤད་ངེས་པར་བཤད་དགོས་པའི་ལམ་སྟོན་བྱེད་དགོས། 
    ༩    སོ་སོའི་ནང་དང་ཁོར་ཡུག་ལ་ཕ་ཝང་ངམ་ཙི་ཙི་སྐམ་པོའི་ཚང་བཟོ་བཅུག་རྒྱུ་མེད་པ་བཅས། 
       
དུད་འགྲོའི་སྐྱེས་འགོག་ལས་འཆར། ཁྱི་འཁྱམས་རིགས་ཀྱི་སྐྱེ་འགོག་བྱ་རྒྱུར་སྐུལ་འདེད་བྱེད་དགོས་པ་དང༌། དེ་བཞིན་ཁྱི་འཁྱམས་རིགས་ཉུང་དུ་གཏོང་རྒྱུ། དགོས་མེད་ཁྱི་ཕྲུག་མང་པོ་སྤེལ་རྒྱུར་བཀག་འགོག་གནང་དགོས་རྒྱུ། སྔོན་འགོག་ཁབ་རྒྱབ་རྒྱུའི་ལས་གཞི་སྤེལ་རྒྱུ་དང༌། ཁྱི་འཁྱམས་དང་བདག་མེད་དུད་འགྲོ་རིགས་བཀག་འགོག་ཐུབ་ཚེ་ནད་གཞི་སྔོན་འགོག་ཡག་ཤོས་ཆགས་ཡོད།
ཆ།    རང་གི་གཅེས་ཉར་སེམས་ཅན་ལ་སོ་རྒྱབ་པ་ཡིན་ན་ཇི་ལྟར་གནང་དགོས་སམ།
    ༡    རྨས་སྐྱོན་ཕོག་པའི་གནས་སུ་འདག་རྫས་ཀྱིས་ཡག་པོ་བཀྲུས་ནས་གཉན་འཇོམས་སྨན་བྱུགས་དགོས།
    ༢    དུད་འགྲོའི་སྨན་པར་འཕྲལ་མར་བསྟེན་གཏུགས་གནང་དགོས་པ་ཡིན།
    ༣    རྨ་ལ་རྨ་དཀྲིས་བརྒྱབ་མི་རུང༌།
    ༤    སྔོན་འགོག་ཁབ་རྒྱབ་ཟིན་པའི་གཅེས་ཉར་སེམས་ཅན་ཡིན་ནའང་སྔོན་འགོག་ཁབ་བསྐྱར་དུ་བརྒྱབ་གནང་དགོས་པ་དང༌། ཉིན་ ༤༥ རིང་རྟོག་ཞིབ་འོག་ཉར་གནང་དགོས་པ་ཡིན།
    ༥    སྔོན་འགོག་ཁབ་རྒྱབ་མྱོང་མེད་པའི་གཅེས་ཉར་སེམས་ཅན་ལ་རེབྷས་ཡོད་པའི་སེམས་ཅན་གཞན་གྱིས་སོ་བརྒྱབ་པ་ཡིན་ན་ཟླ་བ་དྲུག་ཙམ་རིང་དོ་དམ་འོག་ལོགས་སུ་ཉར་འཇོག་གནང་དགོས་རྒྱུ།
ཇ།    ཁྱེད་རང་ལ་སོ་རྒྱབ་པ་ཡིན་ན་ཇི་ལྟར་གནང་དགོས་སམ།
    ༡    ཞེད་སྣང་གནང་མི་དགོས་ཀྱང་སྣང་མེད་འཇོག་མི་རུང༌། རྨ་ཁ་ལ་འདག་རྫས་ཡག་པོ་བརྒྱབ་ནས་ཆུ་མང་པོ་བེད་སྤྱོད་བཏང་ནས་འཁྲུས་གནང་དགོས་པ་ཡིན།
    ༢    སྨན་པ་བསྟེན་གཏུགས་ཀྱིས་ཇི་ལྟར་སོ་རྒྱབ་པའི་སྐོར་འགྲེལ་བརྗོད་གསལ་བོར་གནང་དགོས། སྨན་པས་ལམ་སྟོན་ཇི་གནང་ལ་ལག་བར་གནང་དགོས། དགོས་མཁོ་འགྱུར་ཚེ་སོ་རྒྱབ་པ་ལ་བརྟེན་ནས་ནད་གཞི་གཞན་མི་འགོ་བའི་ཆེད་དུ་སྨན་པས་སྨན་བཅོས་རྗེས་ལ་སྨན་གཞན་བསྟེན་དགོས་པའི་ལམ་སྟོན་ཡང་གནང་སྲིད། 
    ༣    བྱུང་ཚེ་དུད་འགྲོ་དེ་བཞིན་འཛིན་བཟུང་གིས་དྲ་སྒམ་ཆེད་པོ་ཞིག་ནང་བཅུག་ནས་འཇོག་དགོས་པ་དང༌། འཛིན་བཟུང་བྱས་ཟིན་རྗེས་དུད་འགྲོ་ཡར་བླང་བའམ་འཇུ་བཟུང་བྱེད་མི་རུང༌། ས་གནས་དུད་འགྲོ་རྟོག་ཞིབ་ལས་བྱེད་སྐད་བཏང་དགོས་པ་ཡིན། གལ་ཏེ་འཛིན་བཟུ    ང་མ་ཐུབ་ཚེ་དུད་འགྲོའི་ཁ་དོག་དང་ཆེ་ཆུང་སོགས་ཡིད་ལ་འཛིན་དགོས་པ་དང༌། ཁྱེད་རང་ལ་སོ་རྒྱབ་ཟིན་རྗེས་གང་དུ་ཕྱིན་ཡོད་མེད་དོ་སྣང་གནང་དགོས། 
    ༤    ནང་ནས་བཟོས་པའི་སྨན་རིགས་དང་ཇའི་ལོ་མ།  ཤིང་ཏོག་ཁུ་བ། སྨན་སྣ་སོགས་བེད་སྤྱོད་གཏོང་མི་རུང༌།
    ༥    སྨན་པ་རྫུན་མ་དང༌།  རྨོངས་དད་ཀྱི་ཆོ་ག་ཙམ་ལ་ཡིད་ཆེས་ཀྱིས་རང་གི་ཚེ་སྲོག་ལ་སྣང་ཆུང་བྱེད་མི་རུང༌།
ཉ།   ཁྱེད་ཀྱི་གཅེས་ཉར་སེམས་ཅན་གྱིས་གཞན་ལ་སོ་བརྒྱབ་ན་ཇི་ལྟར་གནང་དགོས་སམ།
    ༡    རྨ་ཁ་ལ་འདག་རྫས་རྒྱབ་ནས་ཆུ་ཡིས་ཡང་ཡང་འཁྲུ་དགོས།
    ༢    གནོད་འཚེ་ཕོག་པའི་མིའམ་སེམས་ཅན་དེ་སྨན་པར་བསྟེན་གཏུགས་བྱ་དགོས།
    ༣    གཅེས་ཉར་སེམས་ཅན་ལ་སྔོན་འགོག་ཁབ་དུས་ལྟར་བརྒྱབ་ཡོད་མེད་དུད་འགྲོའི་སྨན་པར་གཏུགས་ནས་བརྟག་དཔྱད་བྱེད་དགོས།
    ༤    སོ་བརྒྱབ་པའི་གནས་ཚུལ་དང༌། སོ་བརྒྱབ་རྗེས་སུ་རང་གི་གཅེས་ཉར་སེམས་ཅན་གྱི་སྤྱོད་པར་འགྱུར་ལྡོག་འདུག་ན་དུད་འགྲོའི་སྨན་པར་ཡར་ཞུ་བྱ་དགོས།

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

སྐར་མ ༡༣ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༡ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༡ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༣ སྔོན་ལ།
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese