༄༅། །མདོ་སྨད་ཙོང་ཁ་ཟ་ཁང་ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༠༡ ནས་ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༣༠ བར་ལོ་གསུམ་རིང་མདོ་སྨད་དབུས་རྒྱུན་ལས་ནས་གཏན་འབེབ་བོགས་གླའི་ཐོག་གཉིས་མོས་ཆོད་གན་འཇོག་གནང་གིས་བོགས་མ་གཏོང་རྒྱུ་ཡིན། མདོ་སྨད་པ་ཟ་ཁང་བོགས་མར་ལེན་འདུན་ཡོད་རིགས་ནས་མདོ་སྨད་དབུས་རྒྱུན་ལས་ལས་ཁུངས་ནས་གཏན་འབེབས་ཟ་ཁང་བོགས་ལེན་ཞུ་སྙན་འགེངས་ཤོག་ཞུ་ལེན་གྱིས་ཞིབ་བསྐངས་དང་སྦྲགས་དགོས་ངེས་གཤམ་གསལ་ཡིག་ཆ་ཁག་དང་མཉམ་མདོ་སྨད་དབུས་རྒྱུན་ལས་ཁང་དུ་ངེས་འབུལ་ཞུ་དགོས།
དགོས་ངེས་ཡིག་ཆ་ཁག་དང་ཆ་རྐྱེན།
༡ དང་བླང་དཔྱ་དངུལ་ལག་དེབ་ཡོད་པ།
༢ རྒྱ་གར་སྐྱབས་བཅོལ་ལག་དེབ་ཡོད་པ།
༣ མདོ་སྨད་ཚོགས་དངུལ་ལག་དེབ་ཡོད་པ།
༤ བོགས་གཏོང་རྒྱན་ཐོན་ཉིན་རང་ཐོག་ཟླ་གསུམ་འབབ་བོགས་གླ་གཏའ་འཇོག་ཏུ་མདོ་སྨད་དབུས་རྒྱུན་ལས་ཁང་དུ་འབུལ་འཇོག་བྱ་དགོས།
༥ ཁྱིམ་ཚང་གཅིག་ནས་ནང་མི་གཅིག་མ་གཏོགས་བོགས་གཏོང་རྒྱན་ཁོངས་འཛུལ་ཞུགས་མི་ཆོག
༦ བོགས་མའི་དུས་ཡུན་རིང་ནང་གཤུག་དང་བར་གླ་གཏོང་རིགས་གཏན་ནས་མི་ཆོག
༧ གཞན་ཞིབ་ཁྲའི་ཆ་རྐྱེན་ཁག་སྔ་མའི་བོགས་མའི་གན་ཡིག་ལྟར་རྩ་འཛིན་ལག་བསྟར་བྱ་རྒྱུ།
༨ བོགས་ཞུའི་མཐའ་མའི་ཞུ་སྙན་མདོ་སྨད་དབུས་རྒྱུན་ལས་ཁང་དུ་འབྱོར་ཚེས་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༣༠ ཉིན་ཕྱི་དྲོ་ཆུ་ཚོད་ ༡ བར་དང༌། ༢༠༠༨།༡༠།༢༡ དང༌། ༢༠༠༨།༡༡།༠༡ ཉིན་གཉིས་རིང་ཞུ་སྙན་ཁག་ལ་ཞིབ་འཇུག་དང༌། ༢༠༠༨།༡༡།༠༢ ཉིན་བོགས་གཏོང་རྒྱན་རྒྱག་བྱ་རྒྱུ།
མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༢༥ ལ།། །།