མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གོང་ས་མཆོག་སྐུ་རྐྱང་ལ་མ་ཕུད་རོགས།

བོད་ཀྱི་དུས་བབ།
༢༠༠༨/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp

       

མེ་འོད། 

 
ང་དང་ལས་དབང་གཅིག་པའི་མི་མང་ཚོ། སེམས་བསམ་པའི་དམིགས་ཡུལ་གཅིག་པའི་སྤུན་ཟླ་ཚོ། ཆབ་སྲིད་པ་ཁག་ཅིག་གིས་ང་ཚོ་ཡར་མར་གང་སར་ཁྲིད་ནས་བཟི་སྨན་སྣ་ཚོགས་བླུགས་ཏེ་སྨྱོ་རུ་འཇུག་གི་ཡོད་པའི་སྐབས་འདིར། གོང་ས་མཆོག་སྐུ་རྐྱང་ལ་མ་ཕུད་རོགས།

སྐད་ཆ་ཉི་ཚེ་བ་ཞིག་བཤད་རྗེས། ལག་ལེན་བསྟར་མི་ཐུབ་པའི་སྟོང་གཏམ་ཆེན་པོ་དེས་ཅི་ཞིག་བྱ། ཕ་མའི་བྱམས་བརྩེའི་ཀློང་ན་ལང་ཚོ་དར་དུས། ཕ་མ་རྒྱང་ཕུད་བཏང་བ་ནི་ཁྲེལ་མེད་ཀྱི་ཀུན་སྤྱོད་ལད་པོ་ཞིག་མ་ཡིན་ནམ། གྲོད་ཁོག་རྒྱག་ནས་ལམ་ཁ་རེ་རྙེད་དུས། གོང་ས་མཆོག་སྐུ་རྐྱང་ལ་མ་ཕུད་རོགས།

རྒྱ་དམར་གཞུང་གི་བཙན་ཤུགས་ཀྱིས་ྋགོང་ས་མཆོག་སྐུ་རྐྱང་དུ་ཕུད་ཐབས་བྱེད་བཞིན་ཡོད་པ་དང༌། ཤུགས་ལྡན་ཚོགས་པས་དྲག་ཤུགས་ཀྱིས་གོང་ས་མཆོག་སྐུ་རྐྱང་དུ་ཕུད་ཐབས་བྱེད་བཞིན་ཡོད།སྐབས་འདི་དག་ལའང་ང་ཚོའི་ཆབ་སྲིད་པ་ཁག་ཅིག་གིས་མི་མང་བེད་སྤྱོད་གཏོང་བཞིན་གོང་ས་མཆོག་དོན་གྱིས་སྐུ་རྐྱང་དུ་ཕུད་རྩིས་བྱེད་ཀྱི་ཡོད་པ་འདྲ།

ཁ་སང་དེ་རིང་བོད་རྒྱའི་དཀའ་རྙོག་སེལ་བྱེད་ཀྱི་དབུ་མའི་ལམ་ལ་ཕྱོགས་ཡོངས་ནས་དཔྱད་པ་གཏོང་གི་ཡོད། ནུས་པ་མི་འདུག་ཟེར་ནས་དགག་པ་རྒྱག་གི་ཡོད། འབྲས་བུ་མི་འདུག་ཟེར་ནས་ལོག་ལྟ་བྱེད་ཀྱི་འདུག  རང་ཐག་རང་གཅོད་དང་རང་བཙན་ནི་ས་དང་གནམ་ཡིན་པའི་བསྒྲགས་གཏམ་སྤེལ་གྱིན་འདུག  མཐའ་ན་བོད་གཞུང་གི་སྤྱི་འཐུས་ཚོགས་གཙོས་ཀྱང་རང་བཙན་ནི་བོད་མིའི་མངོན་འདོད་ཡིན་པས་དབུ་མའི་ལམ་ལ་ཐོག་མ་ནས་མི་མང་གི་རྒྱབ་སྐྱོར་ཐོབ་མེད་པར། དེ་ནི་གོང་ས་མཆོག་གི་དགོངས་གཞི་ཡིན་པའི་འགྲེལ་བརྗོད་བྱེད་ཅིང༌། མི་མང་ལ་གཡོ་འགུལ་གཏོང་གི་འདུག  བཤད་སྒྲོས་འདི་དག་ལས་མི་མང་འཁྱགས་པས་བསྡམས་ཤིང་ཚ་བས་སྲེག་གི་ཡོད། སྐད་ཆ་བཤད་ན་ཆོག་ཅིང་འགྱུར་བའང་སོང་ན་འགྲིག་གི་ཆབ་སྲིད་ཀྱི་རླུང་ཚུབ་གཡུག་དུས་མགོ་འཐོམས་ནས སྐད་ཅོར་གྱི་ཕྱོགས་སུ་རྒྱུག་སྟེ་གནད་དོན་འབོར་མི་ཉན། ལྷག་པར་དུ་གོང་ས་མཆོག་སྐུ་རྐྱང་ལ་མ་ཕུད་རོགས།

གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དེ་ཚོས་འདི་འདྲ་བཤད་དོན་ཅི་ཞིག་ཡིན་ནམ། ད་ལོའི་བོད་ནང་གི་སྒེར་ལངས་ཆེན་མོའི་སྐབས་ཀྱི་སྐད་འབོད་བརྗོད་ཚིག་ཁག་ལས་རང་བཙན་ཟེར་བ་དམིགས་སུ་བཀར་ནས་བོད་མི་མང་གི་མངོན་འདོད་འདི་རེད་ཅེས་ཁྱབ་བསྒྲགས་བྱེད་དོན་ཅི་ཞིག་ཡིན་ནམ། ཐོག་མར་རྒྱ་དམར་གྱིས་བོད་བཙན་གནོན་བྱེད་དུས་རང་བཙན་ཟེར་བའི་འབོད་ཚིག་འདི་བསྒྲགས་པ་ཡིན་པས་བོད་མིའི་སེམས་ཁམས་ལ་འབོད་ཚིག་འདི་འཇགས་བསྡད་ཡོད་པ་རེད།་ རྒྱ་དམར་གྱི་བཙན་གནོན་བཀག་སྡོམ་དམ་དྲག་པས་་བོད་མི་ཚོས་ཕྱི་ལོགས་ཀྱི་གནས་ཚུལ་གོ་རྒྱུ་ཚད་བཀག་ཧ་ཅང་ཆེ། དེ་བས་རང་བཙན་འཐབ་རྩོད་བྱས་ནས་རང་སྲིད་རང་སྐྱོང་ལ་འཕོ་འགྱུར་བྱུང་བའི་བོད་ཀྱི་གནས་ཚུལ་དང༌། དབུ་མའི་ལམ་གྱི་མཐར་ཐུག་གི་དམིགས་གཞི་སོགས་ལ་བོད་ནང་གི་བོད་མི་ཚོར་རྒྱུས་མངའ་དེ་ཙམ་མེད་པ་ཤེས་བཞིན་དུ་བོད་མི་མང་གི་མངོན་འདོད་རང་བཙན་རེད་ཟེར་དོན་ཅི་ཡིན་ནམ། བོད་ནང་གི་བོད་མི་ཚོས་གོང་ས་མཆོག་བོད་དུ་ཕེབས་དགོས་དང༌། ང་ཚོ་ལ་སྨྲ་བརྗོད་རང་དབང་དགོས་ཟེར་བའི་འབོད་ཚིག་དག་མ་གོ་མ་ཤེས་པའི་ཚུལ་དུ་གཡུགས་དོན་ཅི་ཞིག་ཡིན་ནམ། གོང་ས་མཆོག་བོད་དུ་ཕེབས་དགོས་ཟེར་བའི་འབོད་ཚིག་གི་ནང་དོན་དང་དབུ་མའི་ལམ་གྱི་མཐར་ཐུག་གི་ཐོབ་འབྲས་གཉིས་ཀྱི་འབྲེལ་བ་དང༌། བོད་མི་མང་གི་སེམས་བསམ་པ་དང་གོང་ས་མཆོག་གི་བར་གྱི་འབྲེལ་བ་འདི་ལྟར་ཟབ་ཀྱང་ཁ་གཞན་ལ་བསྒྱུར་དོན་ཅི་ཞིག་ཡིན་ནམ། གནད་དོན་ཞིག་བཤད་ཁུལ་གྱིས་གནད་དོན་དངོས་དེ་བརླག་ནས། གོང་ས་མཆོག་སྐུ་རྐྱང་ལ་མ་ཕུད་རོགས།

ང་ཚོའི་མཐར་ཐུག་གི་དམིགས་ཡུལ་ནི་བོད་མིའི་དཀའ་རྙོག་འདི་སེལ་རྒྱུ་ཉག་གཅིག་རེད།  རང་བཙན་དང་དབུ་མའི་ལམ་གཉིས་ཀྱི་རྒྱལ་ཕམ་རྩོད་དོན་ཅི་ཞིག་ཡིན་ནམ། བོད་དུ་རྒྱ་དམར་གྱིས་བོད་མི་བཙན་གནོན་དང་འཛིན་བཟུང༌། ཁྲིམས་གཅོད་སོགས་ཀྱི་དྲག་ཐབས་ད་དུང་མཚམས་བཞག་མི་འདུག བཙན་བྱོལ་དུ་ལས་འགུལ་གང་ཡིནཡང་མཚམས་བཞག་ནས་ཡོད་ཚད་རྡ་རམ་ས་ལར་ཚོགས་ཏེ། དབུ་མའི་ལམ་གྱི་ཁ་གཏད་དུ་ལངས་ཀྱི་ཡོད་ཚོད་རེད། འགྲེལ་བརྗོད་སྙན་མོ་རེ་དང་མིང་ཚིག་འཇམ་པོ་རེ་བེད་སྤྱོད་གཏོང་གི་ཡོད་པ་ལས། དོན་དངོས་ད་ལོ་དབུ་མའི་ལམ་ཕམ་པར་རྒྱག་རྒྱུའི་འཆར་གཞི་བཟོས་ཡོད་པ་འདྲ། འོད་སྣང་ལ་དུང་བའི་མི་མང་ཡ། གནད་དོན་གྱི་སྐབས་སུ་གཉིད་མ་འདུག  ང་ཚོས་རྒྱལ་ཁམས་ཀྱི་གནས་ཚུལ་ལ་ལྟས་ན་ཆོག་གི ཕུགས་བསམ་གྱི་ཞིང་ཁམས་བསྙེག་ན་ཆོག་གི ད་དུང་ཆབ་སྲིད་པ་ཚོའི་མདུན་རྒྱབ་བསྔོག་ནའང་ཆོག་གི་  ཆབ་སྲིད་པ་ཚོས་ངུ་ངག་འདོན་སྲིད་ལ་མིག་ཆུའང་གཏོང་སྲིད། གང་ལྟར། ཆབ་སྲིད་པ་འདི་ཚོས་མི་མང་དེད་ནས་གདམ་ག་ཞིག་བྱེད་འཇུག་པ་དང༌། ཡང་ན་སྐད་ཆ་རེ་བཤད་བཅུག་ནས་དབུ་མའི་ལམ་ལ་མོས་མཐུན་མེད་པའི་རྣམ་འགྱུར་ཞིག་ཉོ་ཁོ་ཐག་རེད། ཚོང་ཆེན་པོ་ཞིག་རྒྱག་ཡོང་དུས། གོང་ས་མཆོག་སྐུ་རྐྱང་ལ་མ་ཕུད་རོགས།

བོད་དུ་རྒྱ་དམར་གྱིས་རྒྱལ་གཅེས་ཆོས་གཅེས་ཞེས་པའི་སློབ་གསོའི་ལས་འགུལ་སྤེལ་གྱིན་ཡོད། ལས་འགུལ་འདིའི་དམིགས་ཡུལ་ནི་གོང་ས་མཆོག་ལ་བཅངས་པའི་ཡིད་ཆེས་ལ་བསྒྱུར་བཅོས་གཏོང་རྒྱུ་རང་རེད། བཙན་བྱོལ་དུ་ཆབ་སྲིད་སློབ་གསོ་ཞིག་སྤེལ་གྱིན་ཡོད། དེའི་དམིགས་ཡུལ་ནི་དབུ་མའི་ལམ་ལ་བསྒྱུར་བཅོས་གཏོང་རྒྱུ་དེ་རེད། བོད་དོན་སྒྲུབ་ན་འགྲིག་གི་  ལ་རྒྱ་ཡོད་ན་བཟང་གི  གོང་ས་མཆོག་སྐུ་རྐྱང་ལ་མ་ཕུད་རོགས།

ང་ཚོ་ཕ་ཡུལ་ལ་འགྲོ་དགོས། གོང་ས་མཆོག་དང་ལྷན་དུ་ཕ་ཡུལ་ལ་འགྲོ་དགོས། དེ་ནི་བོད་ནང་གི་བོད་མི་ཚོའི་རེ་སྒུག་དང་མངོན་འདོད་རེད། འཆི་གསོན་གྱི་མཚམས་ནས་ང་ཚོ་ལ་བཏང་བའི་སེམས་ཀྱི་འབོད་སྒྲ་རེད། ང་དང་ལས་དབང་གཅིག་པའི་མི་མང༌། ཆབ་སྲིད་པ་ཚོས་ང་ཚོ་མདུན་ནས་འཐེན་ཏེ་མུན་ནག་ཏུ་སྦས་སྲིད་ལ། རྒྱབ་ནས་དེད་དེ་གཡང་ཁ་ནས་གཡུག་སྲིད། ཁྱོད་དང་ང་ཚོའི་དབུ་ཁྲིད་ནི་གོང་ས་མཆོག་རེད་ལ། ང་དང་ཁྱོད་ཚོ་ནི་གོང་ས་མཆོག་གི་ཐུགས་ཀྱི་ནོར་བུ་རེད། འཆར་གཞི་དང་ཆོད་སེམས་ཅི་ཡང་མེད་པའི་དཀྲོག་གཏམ་གྱིས་གནམ་ས་སྒུལ་ཀྱང༌། གོང་ས་མཆོག་སྐུ་རྐྱང་ལ་མ་ཕུད་རོགས། 

ཕྱི་ལོ་༡༩༩༣ ལོའི་ཟླ་༥ བར་རྒྱ་ནག་སི་ཁྲོན་ཞིང་ཆེན་དུ་གསང་བའི་ཚོགས་འདུའི་ཐོག་བོད་ཀྱི་འཐབ་རྩོད་ལ་འགོག་གནོན་བྱེད་ཆེད་སྲིད་ཇུས་ཁག་གཉིས་གཏན་འབེབས་བྱས་པ་ལས། ཏཱ་ལའི་ཕྱོགས་ཁག་ནང་ཁུལ་དུ་ཕྱོགས་ཁག་སྣ་ཚོགས་ཡོད་པ་དང༌། དེ་དག་གི་ཆབ་སྲིད་ལངས་ཕྱོགས་ངོ་བོའི་ཐོག་གཅིག་མཚུངས་ཡིན་ཀྱང༌། བསམ་བློའི་ལྟ་ཚུལ་དང་རྣམ་པ་མཚོན་ཚུལ་ཐད་མི་མཚུངས་པ་རེ་ཡོད་རྐྱེན་ངེས་པར་དུ་ཁག་སོ་སོར་མི་འདྲ་བའི་ཁ་གཏད་ཀྱི་སྲིད་བྱུས་རེ་འཛིན་དགོས་ལ། འགལ་བ་བེད་སྤྱད་དེ་ཁ་བྲལ་འཐོར་ཞིག་གཏོང་དགོས་ཞེས་ནན་བཤད་བྱས་ཡོད། ཡང་ཕྱི་ལོ་༡༩༩༨ ལོའི་ལོ་མཇུག་ཏུ་རྒྱ་ནག་ཁྲིན་ཏུ་རུ་བོད་དོན་སྐོར་གསང་བའི་ཚོགས་འདུ་ཞིག་འཚོགས་ཏེ་གྲོས་ཆོད་དོན་ཚན་གསུམ་པའི་ནང༌། རྒྱ་གར་དུ་ཡོད་པའི་ཏཱ་ལའི་སྲིད་གཞུང་གཏོར་བཤིག་གཏོང་སླད། ཡུལ་གྱར་སྲིད་གཞུང་གི་གལ་ཆེའི་མི་སྣར་སྐྱོན་འཛུགས་དང་མིང་ཆད་བཟོས་ཏེ་བློ་ཕམ་དང་དགོངས་ཞུ་བྱ་དགོས་ཀྱི་ལས་འགུལ་སྤེལ་ཐབས་དང༌། བོད་མི་མང་ནས་ཏཱ་ལའི་སྲིད་གཞུང་ལ་ཡིད་ཆེས་བརླགས་ཏེ་འགལ་ཟླ་བཟོ་ཐབས་ཀྱི་དམིགས་བཀར་སྲིད་ཇུས་འཛིན་རྒྱུ་ཞེས་ལྐོག་ཇུས་རིམ་པར་བཏིངས་བ་ད་ནི་མངོན་འགྱུར་བྱེད་ཀི་ཡོད་པ་མིན་ནམ་བསམ་ནས་སྐྲག་གི། མང་གཙོ་ཡིན་ཟེར་ནས་ཆབ་སྲིད་ཀྱི་ཕྱོགས་སྣ་ཚོགས་བཙུགས་ཀྱང་མི་མང་གི་རྩ་བའི་ཁེ་ཕན་ལ་བསམ་ཤེས་གང་ཡང་མེད་པར་གནས་སྐབས་ཀྱི་ལས་དོན་བསྒྲུབ་ཐབས་ཀྱིས་རྩ་དོན་བརླག་སོང་ན་སུ་ཞིག་གི་ནག་ཉེས་ཡིན། ཡང་གཅིག་བཤད་ན། བོད་ཀྱི་གནད་དོན་འདིའི་མཐར་ཐུག་གི་ཐག་གཅོད་དབང་ཚད་བོད་མི་མང་ལ་ཡོད་ཀྱང༌། མི་མང་གི་ཤེས་ཚད་དང་རྣམ་དཔྱོད་ཀྱིས་མི་འདང་དུས། གོང་ས་མཆོག་ལྟ་བུའི་བླ་མེད་དབུ་ཁྲིད་དེ་ང་ཚོ་ལ་ཅི་འདྲའི་མཁོ་གལ་ཆེའོ།། ཤེས་ཡོན་ཆེན་པོ་མེད་ཀྱང༌། ལྷག་པར་ཆབ་སྲིད་ཀྱི་འགྲོ་སྟངས་ཡག་པོ་མི་ཤེས་ཀྱང༌། ང་ཚོ་ལ་ཤ་ཚ་ཞིང་ཁ་ཁོག་མེད་པའི་ལམ་སྟོན་མི་བསླུ་བ་གནང་མཁན་དེ་སུ་ཡིན་མིན་ང་ཚོས་གསལ་བོ་ཤེས་ཡོད། ང་ལྟ་བུའི་མི་མང་ཚོའི་ཐོད་པའི་མིག་དང་ཁོག་གི་སྙིང་ནི་གོང་ས་མཆོག་ཡིན། དེ་ལྟར་ལགས་ན། གོང་ས་མཆོག་སྐུ་རྐྱང་ལ་མ་ཕུད་རོགས།
 
email   threeeyes99@yahoo.in
Mobile-  9816276082

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༡༩ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༢༢ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

མཆན། 67

  1. མྱི་སྨྱོན། says:
    ལོ་ 18 སྔོན།

    བོད། ཤ་ཁྲག་རུས་གསུམ། ཁྱོད་ཀྱི་ངས་སྐད་ཆ་ཁ་ཤས་ཚད་བརྒལ་རང་བཞིན་དུ་འགྲོ་བཞིན་འདུག་ཞེས་པ་ཐུགས་རྗེ་ཆེ། མྱི་སྨྱོན་པ་ནམ་ཡང་བོད་མི་གང་མང་ཞིག་གི་སེམས་སུ་ཚད་བརྒལ་རང་བཞིན་ལ་གནས་ཡོད། ལྷག་པར་ཁྱོད་ཚོས་ང་ཤ་ཇི་ལྟར་ཚ་བ་དེ་ལྟར་ང་ཚད་བརྒལ་རང་བཞིན་ལ་གནས། རྒྱུ་མཚན་དེས་ན་ང་ལ་མྱི་སྨྱོན་འབོད།

    Reply
  2. མྱི་སྨྱོན། says:
    ལོ་ 18 སྔོན།

    ཁྲི་པདྨ། ཁྱོད་ཀྱི་ཡི་གེ་དུས་བབ་དྲ་ཚིགས་ལ་ངོ་ཚ་བ་ཡིན་རྒྱུ་རེད། གཞན་ཁྱོད་ཀྱི་སྐལ་ཆ་འདི་དག་སླེབ་འདུག

    Reply
  3. ཁྲི་བད་མ says:
    ལོ་ 18 སྔོན།

    ཨ་རོགས་ཆོ
    ངས་ཀྱང་བསམ་ཚུལ་གྱི་གླེང་སྟེགས་འདིའི་སྟེང་ལ་རང་སེམས་མཚོན་པའི་ཐིག་ཕྲེང་ཁ་ཤས་བཀོད་པ་ཡིན་མོད ། བསམ་ཡུལ་འདས་བ་ཞིག་ལ་ངས་ཅི་བྲིས་བ་དེ་དྲ་རྒྱ་འདིར་མི་ཐོན་པ་ཅི་ཡིན་ན

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 18 སྔོན།

    དྲ་གྲོགས་མྱི་སྨྱོན་ལགས། ང་རང་ཡང་ཁྱེད་ཀྱིས་བསམ་ཚུལ་གཅིག་ལ་རྒྱབ་སྐྱོར་ཡོད། ༸གོང་ས་མཆོག་ཁ་ནང་ལ་ལེན་མཁན་མང་ཤེས་ཀྱིས་ཁོང་གི་བཀའ་གཏོར་ཤུགས་གཏོང་མཁན་ལ་མཐོང་ཀྱི་ཡོད་ཅེས་པ་དེར་ང་རང་ཡང་དེ་མཚུངས་ཀྱི་བསམ་ཚུལ་ཞིག་ཡོད་པ་བདེན་པ་ཡིན། འོན་ཀྱང་། ང་ཚོས་༧གོང་ས་མཆོག་གི་བཀའ་སློབ་འདྲེན་བཞིན་ཡོད་པ་ནི། ༧གོང་ས་མཆོག་ལ་བརྩི་བཀུར་ཞིག་བྱེད་ཀྱི་ཡོད་པ་དང་། ནམ་རྒྱུན་༧གོང་ས་མཆོག་གི་གསུང་ལ་ཡིད་ཆེས་ཡོད་པ་སྟོན་ཐུབ་ཀྱི་ཡོད་པ་རེད་འདོད། གང་ལྟར་དགོས་མི་དགོས་གང་སར་༧གོང་ས་མཆོག་གི་བཀའ་ཞེས་བེད་སྤྱོད་བྱས་ན་དངོས་ནས་ཡག་པོ་མི་འདུག
    ཁྱོད་ཡང་་་་ཞེས་ང་རང་ལ་བརྡ་ཞིག་གནང་བ་ཐུགས་རྗེ་ཆེ། ངས་དོན་མེད་དུ་བརྩི་བཀུར་མེད་པ་དེ་འདྲ་མི་བྱེད་ཁོ་ཐག་ཡིན། ཁྱེད་སེམས་བདེ་མོ་བྱོས། ཡིན་ཡང་། དྲ་གྲོགས་ཁྱེད་ཀྱིས་སྐད་ཆ་བཤད་སྟངས་ཁ་ཤས་ནི། ངོ་མ་ཚད་བརྒལ་རང་བཞིན་དུ་འགྲོ་བཞིན་ཡོད་མེད་ལ་བསམ་བློ་རེ་གཏོང་རོགས་ཞུ།

    Reply
  5. lobsang Namkha Tashi says:
    ལོ་ 18 སྔོན།

    མེ་འོད། སྤྱན་གསུམ་པ་ལགས་ཁྱོད་བཤད་ནོ་ངོ་མ་བདེན། སྤུན་ཟླ་ལགས་བཀྲིན་ཆེ།

    Reply
  6. མྱི་སྨྱོན། says:
    ལོ་ 18 སྔོན།

    འདི་ཡང་ཁྱོད་སྙིང་རྗེ་བ་གཅིག་རེད། ༸གོང་ས་མཆོག་གི་བཀའ་སློབ། ༸གོང་ས་མཆོག་གི་ཐུགས་དགོངས། འདི་ལྟ་བུའི་ཚིག་རྐམ་པོ་རེས་ཕན་པ་ཡོད་པ་མ་རེད། ངེས་བསམ་གཞིག་གི་ཁྲོད་ནམ་ཡང་༸གོང་ས་མཆོག་ཁ་ནང་ལ་ལེན་མཁན་མང་ཤེས་ཀྱིས་ཁོང་གི་བཀའ་གཏོར་ཤུགས་གཏོང་མཁན་ལ་མཐོང་ཀྱི་ཡོད། ཁྱོད་ཡང་་་་་་་་་་་་

    Reply
  7. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 18 སྔོན།

    དྲ་གྲོགས་མྱི་སྨྱོན་པ་ལགས། སེམས་གསོ་རེ་བྱེད་པ་ལས། རྒྱུ་མཚན་རེ་ཤོད་དང་། ང་ཚོས་བཤད་པ་ནི་སྐད་ཆ་སྙན་པོ་དང་ཆབ་སྲིད་ཤེས་འདོག་བྱེད་མཁན་ཡིན་པར་སྣང་གི་ཡོད་ན། ཁྱེད་རང་གིས་༧གོང་ས་མཆོག་གི་བཀའ་སློབ་མང་པོ་ཞིག་ལ་རྒྱུས་མངའ་མེད་པ་ཤེས་སོང་། ཁྱོད་ཚོ་སྙིང་རྗེ་ཟེར་པ་ལས་ང་ཚོ་སྙིང་རྗེ་ད་དུང་ཡང་དབུ་ཁྲིད་ཀྱི་གནས་ལུགས་དང་རྒྱུ་མཚན་ཡོད་པ་གསུང་བས་ལམ་ཁ་དེར་རྡོག་རྩ་ཆིག་སྒྲིལ་མེད་པ། མཐུན་ལམ་མེད་པ་བཅས་ཀྱིས་ངང་རང་རློམ་ཁོ་ནའི་འཚོ་བཞིན་འདུག་ཟེར་ན་འོས་བ་མི་འདུག་གམ།

    Reply
  8. མྱི་སྨྱོན། says:
    ལོ་ 18 སྔོན།

    རེད་རེད་་་ སྐད་ཆ་དང་དཔེ་སྙན་པོ་འདུག ཚེ་སྲོག་གསོན་ཆེད་རྒྱ་ནག་ལ་མགོ་བསྒུར་ན་གཞི་ནས་རང་ཁྱིམ་རང་བཙན་བརྩོད་ཆོག འདི་ལྟ་བུའི་འགྲེལ་བརྗོད་དབང་གིས་རྒྱ་ནག་གིས་༸གོང་ས་མཆོག་གིས་དབུ་མའི་ལམ་དང་རང་བཙན་གཅིག་རེད་བརྗོད་ཀྱི་ཡོད་པ་རེད། འདི་དག་བཟོ་མཁན་ཁྱོད་ཚོ་ཆབ་སྲིད་ཤེས་འདོག་བྱེད་མཁན་དབུ་མའི་ལམ་ཡིན་ལ་མིན་ལ་ཚོ་རེད། ལྟ་ཕྱོགས་གཅིག་གཏན་ཚུགས་ཅན་འཛིན་དགོས། འདི་ཁྱོད་ཚོ་ལ་སླབ་བྱ་ཡིན། ཁ་ཏ་ཡིན། སེམས་གསོ་ཡིན། སྙིང་རྗེ་་་་་

    Reply
  9. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 18 སྔོན།

    དྲ་གྲོགས་ཡེ་ཤེས་རིན་ཆེན་ལགས། ཁྱེད་རང་གིས་སེམས་འཁྲལ་དོན་མེད་དུ་བྱེད་དགོས་དོན་མེད། དབུ་མའི་ལམ་ལ་མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་མིན་དེ་ནི་ལོ་རྒྱུས་ནང་གསལ་ལྟར་ཁ་གྲགས་ངེས་ཡིན་ལ། དེ་ནི་༧གོང་ས་མཆོག་གིས་དགོངས་གཞི་བཏོན་པ་ལས་༧གོང་ས་མཆོག་གིས་བོད་མི་དམངས་ལམ་ཁ་དེར་ཡིན་གཅིག་མིན་གཅིག་འགྲོ་དགོས་པའི་སྐུལ་སློང་ནམ་ཡང་གནང་མེད་པར་མི་དམངས་ཀྱིས་རེ་འདོད་ཡིན་པ་དེ་ལས་གཞན་གང་ཡང་ཡིན། རང་བཙན་ནི་བོད་མིའི་མངོན་འདོད་ཡིན་ཞེས་གཞོན་ནུ་ཚོགས་པའི་ས་བསྒྲགས་གནམ་བསྒྲགས་ཐེངས་མང་བྱས་མྱོང་བ་རེད་ལ། བོད་མི་དམངས་ཀྱིས་རང་བཙན་དོར་ནས་དབུ་མའི་ལམ་འདེམས་པ་མ་ཡིན་པར་དབུ་མའི་ལམ་ལ་བརྟེན་ནས་བོད་མི་དམངས་ཀྱི་བདེ་སྡུག་ཐག་གཅོད་བྱེད་ཐུབ་པར་ཡིད་ཆེས་བྱས་པ་ལ་བརྟེན་ནས་བྱུང་བ་རེད། ལྷག་པར་དུ་༧གོང་ས་མཆོག་གིས་ཀྱང་ལམ་དབུ་མ་ལ་ཞུགས་ན་རང་བཙན་དོར་དགོས་ཞེས་ནམ་ཡང་བོད་མི་དམངས་ལ་གསུང་མྱོང་ཡོད་པ་མ་རེད། དེ་ལྟར་བསམ་བློ་ཞིབ་མོ་གཏོང་དགོས། གལ་ཏེ་མི་ཞིག་གིས་རང་གི་ཚེ་སྲོག་དང་རང་ཁྱིམ་གཉིས་ཀ་རྩོད་ལེན་བྱེད་ཀྱི་ཡོད་ན་ནི། ཐོག་མར་ཚེ་སྲོག་སྐྱོབས་པའི་ཐབས་ལམ་འཚོལ་པ་ལྟར་ཡིན། ཚེ་སྲོག་སྐྱོབས་མ་ཐུབ་ན་རང་ཁྱིམ་སྟོང་བ་ཞིག་གིས་ཅི་ཡང་མི་ཡོང་། ཚེ་སྲོག་གསོན་པའི་དབང་ཚད་རང་ཉིད་ལ་རེག་སོང་ན་རང་ཁྱིམ་དགོས་མིན་དེ་ག་ལེར་རང་རང་གི་བརྩོན་པ་ལ་རེག་ལས་པ་ཡིན།

    Reply
  10. ཡེ་ཤེས་རིན་ཆེན། says:
    ལོ་ 18 སྔོན།

    དྲ་གྲོགས་ལྷན་རྒྱས།
    ་་་་་་་་་་་་་་་་ང་ཚོ་བོད་མི་དམངས་ཀྱི་སྐུ་ཚབ་སྤྱི་འཐུས་ཚོགས་གཙོས་འདི་ལྟར་་་་་་་་་རང་བཙན་ནི་བོད་མིའི་མངོན་འདོད་ཡིན་པས་དབུ་མའི་ལམ་ལ་ཐོག་མ་ནས་མི་མང་གི་རྒྱབ་སྐྱོར་ཐོབ་མེད་པར། དེ་ནི་གོང་ས་མཆོག་གི་དགོངས་གཞི་ཡིན་པའི་འགྲེལ་བརྗོད་བྱེད།་་་་་་་་་་་་འདིའི་ཐད་ཁྱེད་རྣམ་པའི་གཟུ་བོར་གནས་པའི་རྣམ་དཔྱོད་བེད་དུ་སྤྱོད་ནས་བསམ་ཚུལ་ཞིག་ཤོད་དང།

    Reply
  11. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 18 སྔོན།

    དྲ་གྲོགས་མྱི་སྨྱོན་ལགས། བྱིས་པ་ཞིག་གི་སེམས་ཁམས་ནི་ཧ་ཅང་དྲི་མ་མེད་པ་ཞིག་ཡིན་ལ། དྲི་མེད་ཀྱི་བསམ་ཚུལ་འདིས་བོད་མི་དམངས་ལ་བཅིངས་པའི་ལྷག་བསམ་ལ་རྨ་མེད་སྟབས། བོད་ཀྱི་ཆེད་དུ་ལོས་གཏོང་བའི་བོད་ནང་གི་རྒྱ་ཆེ་མི་དམངས་ལ་ཁྱེད་ཀྱིས་གླེན་བཤད་དེ་འདྲའི་མི་འཁོ་ལ་དོན་དངོས་དང་བོད་མི་དམངས་ཀྱི་སྐྱིད་སྡུག་ལ་འགན་ཡོད་པ་དང་བོད་མི་དམངས་ཀྱི་ཚེ་སྲོག་ལ་འགན་ཆགས་པའི་ལམ་ཁ་ཞིག་འཁོ་བ་ལས། སྐད་ཆ་སྙན་པོ་དང་བརྫིག་པོ་བཤད་ནས་ལམ་སྟོན་དང་འཆར་གཞི་ཁུངས་མེད་དེ་ཚོའི་གང་ཡང་མི་ཕན་ན། ད་ནི་བཟུང་ཁྱེད་ཀྱིས་བྱིས་པའི་གླུ་རེ་ལེན་ཞོར་བོད་ནང་གི་བོད་མི་དམངས་ཀྱི་ཚེ་སྲོག་ལ་འགན་ཡོད་པའི་བསམ་ཚུལ་དྲི་མ་མེད་པ་རེ་འཁྱེར་ཡོང་སའི་གནས་ཚུལ་ཁུངས་ལྡན་རེ་དྲ་གྲོགས་ཚོ་ལ་འཁྱེར་ཡོང་ཐུབ་པས་རེ་སྨོན་དང་བཅས། ཁོམ་པ་མེད་པའི་ས་མཚམས་དེ་ནས་ཟམ་གདོང་བླ་མས་བཤད་ཀྱི་འདུག་ཟེར་བ་དེ་ག་དུས་གསུང་ཡོད་མེད་དང་། གནས་ཚུལ་གང་ལ་བརྟེན་ནས་གསུང་ཡོད་མེད་བཅས་ཁ་གསལ་བོ་ཞིག་འབྲི་རོགས་གནོང་།

    Reply
  12. མྱི་སྨྱོན། says:
    ལོ་ 18 སྔོན།

    དྲིན་ཆེན་པོ། འདི་ཆབ་སྲིད་ཀྱི་གནས་ཚུལ་ཞིག་མ་རེད། བྱེས་པ་ཆུང་ཆུང་གི་གླུ་ལེན་སྟེང་རེད། སྤྱིར་ཁྱོད་ཀྱི་ཆབ་སྲིད་ལ་དོ་སྣང་ཡོད་པ་ཡག་པོ་རེད། ཡིན་ཡང་སྐབས་འདིར་དགོས་མཁོ་ཆེ་བ་ནི། གནད་འགག་གང་ཞིག་ལས་བོད་ཀྱི་ལང་ཕྱོགས་འདི་གང་ལ་འགྲོ་བཞིན་འདུག ད་དུང་ང་ཚོས་དབུ་ཁྲིད་ཁོང་ལ་དོན་དངོས་ཀྱི་མི་མང་གི་གནས་ཚུལ་གང་དག་ཤེས་སུ་བཅུག་གི་ཡོད་འདིའི་བར་སུ་ཞིག་གིས་འཁོར་བསྐྱོད་བྱེད་ཀྱི་འདུག ཁ་ཚ་དགོས་མཁོ་ཅན་རེད། གནས་སྐབས་འདི་བསྐོར་ཉམས་ཞིབ་བྱེད་ཀྱི་ཡོད་པའི་ཁོམ་པ་ཧ་ཅང་མེད། ཁྱོད་ཚོ་དང་ང་ཚོ་མེད་པར་འདི་ཕྱོགས་ལ་བསམ་བློ་གཏོང་རོགས། ཕྱི་ཟླ༡༡པའི་ཛ་དྲགས་ཚོགས་འདི་སྐབས་དབུ་མའི་ལམ་བསྐྱར་ཞིབ་ལ་སྐད་ཆ་བཤད་མི་ཆོག་པ་ཟམ་གདོང་བླ་མའི་བཤད་ཀྱི་ཡོད་པ་འདི་དག་ལ་ལྐོག་གྱུར་ཞིག་ཡོད་སྙམ་ན་འདི་ཚོ་གསལ་བོ་བཟོ་དགོས།

    Reply
  13. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 18 སྔོན།

    དྲ་གྲོགས་མྱི་སྨྱོན་ལགས། ད་ཁྱེད་ཀྱིས་ཆབ་སྲིད་ཤེས་ན་འདི་ལ་གཟིགས། དྲ་གྲོགས་གནས་ཚང་ལགས་ཁྱེད་རང་ལ་ཡང་ངས་རྩོམ་ཡིག་ཐུང་ཐུང་འདི་ཕུལ་བ་ཡིན།

    ད་འཇོན་ན་ལོངས་ཡ་ཤོད་ཡ།

    བོད་མིས་རེ་འདོད། བོད་མིས་བདེ་སྡུག བོད་མིས་ཚེ་སྲོག བོད་མིས་རང་དབང་། བོད་མིས་རིག་གཞུང་། བོད་མིས་འདས་མ་འོངས།བོད་མིས་ཡོད་ཚད་ཀྱི་ཡོད་ཚད། ད་ནི་གངས་ཅན་བོད་པ་ཚང་གི་ལག་དུ་བཞག་ཡོད་པས། ད་ལོང་ཡ། ད་ཤོད་ཡ། ད་སྒྲུབ་ཡ། ད་སྣེ་ཁྲིད་ཡ། དབུ་མའི་ལམ་གྱིས་ཕར་རོལ་ཞིག་ནས་་་

    Reply
  14. མྱི་སྨྱོན། says:
    ལོ་ 18 སྔོན།

    ཨ་རོ་་་་གནས་ཚང་། ཁྱོད་ཀྱི་ཟས་བཅད་ངོ་རྒོད་ཞིག་བྱས་ན་མ་གཏོག་ཕལ་ཆེར་ཁྱོད་ཀྱི་དྲི་བ་ལ་ལན་རྒྱབ་མཁན་རྙེད་ཁག་པོ་འདུག

    Reply
  15. གནས་ཚང་། says:
    ལོ་ 18 སྔོན།

    འོ། ཁ་གསབ་གཅིག་ཡོད། སོ་སོའི་ངོས་ནས་དྲི་བ་དེ་དག་རྨ་ཁ་ཡིན་པར་མཐོང་གི་མེད་པར་མ་ཟད། བརྣག་ཐུམ་རྙིང་པ་ཞིག་བརྟོལ་ནས་རྨ་རྙིང་དེ་མེད་པར་གཏོང་མགོ་ཚུགས་ཡོད་སྙམ་གྱི་ཡོད། མདོ་དོན་ལན་རྒྱོབ་དང་། གཞན་དག་གལ་ཆེན་མ་རེད།

    Reply
  16. གནས་ཚང་། says:
    ལོ་ 18 སྔོན།

    ཡེ་ཤེས་ལགས།

    དེ་དུས་༼དབུ་མའི་ལམ༽ཕྲུ་གུ་ཆུང་ཆུང་རེད། ཚང་མ་ལོས་ཕྲུ་གུ་འདི་ནར་སོན་ན་རང་མགོ་ཐོན་ས་རེད་སྙམ་ཡོད་པ་རེད། ཡིན་ནའི། ད་ལྟ་ལོ་ཆེན་པོ་ཆགས་ཡོད་ཙང་། བག་མ་ཚུར་བསུ་མི་ཐུབ་ཀྱང་མག་པ་ཕར་ལ་འགྲོ་གི་ཡིན་ཞེས་ལབ་སྲོལ་ཞིག་ག་བ་ཡོད་པ་རེད་དམ། འདི་གཅིག་ཡིན།
    གཞན་གཅིག་དེ་རང་གིས་ངའི་དྲི་བ་ཆ་ཚང་ལ་ལན་རྒྱོབ་དང་། ངས་ཉིན་གཅིག་གི་པཱ་ལེ་བཙོང་མཚམས་འཇོག་དགོས་ཐུག་ཀྱང་བགྲོ་གླེང་བྱེད་ངེས་ཡིན།

    Reply
  17. yeshi rinchen says:
    ལོ་ 18 སྔོན།

    གནས་ཚང་ལགས།
    ་་་་་་་་ཁྱེད་གང་དུ་གཉིད་ཁུག་སོང་བ་རེད་་་་་་་་་ཁ་སང་ང་ཚོས་གོང་ས་མཆོག་གི་དགོངས་ཚུལ་ཡང་དག་པའི་དབུ་མའི་ལམ་ལ་མང་མོས་འོས་ཤོག་འཕེན་དུས་ཁྱེད་དེ་དུས་ལྕེ་ཆད་སོང་བ་རེད་པས།་་་་་དེ་དུས་ཁྱེད་གང་ཆགས་སོང་བ་རེད།།།།།།།།།
    ་་་་་་་་་་་་་་་ཁ་རྒྱགས་རེ་དང་བསམ་ཚུལ་རྫིག་པོ་རེས་ཁྱེད་ཀྱིས་གོང་ས་མཆོག་དང་བོད་མི་དམངས་ལ་རྨ་ཁ་བཟོས་པ་མ་ཡིན་ནམ།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese