ལེ་ཚན་གཉིས་པ། རྒྱ་ནག་པའི་མི་རིགས་རིང་ལུགས་དང༌། པེ་ཅིང་ཨོ་ལམ་པིཀ་རྩེད་འགྲན། མི་རིགས་ཀྱི་རྩོད་རྙོག
ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༢༦ ཉིན་སྤེལ།
མི་རིགས་ཀྱི་རྩོད་རྙོག་ཐོག་པེ་ཅིང་གཞུང་དང༌། བོད་མིའི་བྱེད་ཐབས་ལངས་ཕྱོགས།
བོད་མི་ཚོར་སེམས་འཚབ་དྲག་པོ་ཡོང་གཞི་ཞིག་ནི། རྒྱའི་དབང་འཛིན་པ་ཚོས་བོད་རྒྱའི་མི་རིགས་དབར་འཁོན་འགྲས་བཟོ་རྒྱུའི་ཐབས་ཤེས་བྱེད་བཞིན་པ་དེ་ཡིན་ཞིང༌། རྒྱ་ནག་གཞུང་ནས་བོད་མིའི་ཞི་རྒོལ་ཁག་ལ་སྙད་འདོགས་བྱས་ཏེ་མི་རིགས་ཀྱི་རྙོག་གླེང་བཟོ་རྒྱུའི་ཉེན་ཁ་ཆེ་ལ་འགན་ཁུར་མེད་པའི་རྒྱན་པོ་ཞིག་འགྱེད་བཞིན་ཡོད་པ་རེད། ཚང་མས་ངེས་པར་དུ་ཤེསདགོས་པ་ཞིག་ལ། བོད་མི་མང་གི་འཐབ་རྩོད་འདི་ནི་པེ་ཅིང་གཞུང་གི་ནོར་འཁྲུལ་གྱི་སྲིད་བྱུས་ཁག་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཅིག་ཡིན་པ་ལས། རྒྱ་ནག་རྒྱལ་ཁབ་དང༌། རིག་གཞུང༌། དེ་བཞིན་རྒྱ་རིགས་མི་མང་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཅིག་མིན། གསལ་པོར་བརྗོད་ན། བོད་མིའི་འཐབ་རྩོད་ནི་བོད་འདི་རྒྱ་རིགས་གྲངས་མང་གི་ཁྲོད་དུ་སིམ་ཡལ་འཇུག་རྒྱུར་དམིགས་པའི་རྒྱ་གཞུང་གི་སྲིད་བྱུས་ཁག་ལ་ངོ་རྒོལ་བྱ་རྒྱུ་དེ་ཡིན། ཉེ་དུས་བོད་ནང་ཞི་རྒོལ་རིམ་པ་བྱུང་དང་
འབྱུང་བཞིན་པ་འདི་དག་རྒྱའི་དབང་འཛིན་པ་ཚོར་གོང་གསལ་ནོར་འཁྲུལ་གྱི་སྲིད་བྱུས་རྣམས་ཕྱིར་བསྡུས་ཀྱིས་བོད་མི་ཚོར་དེ་སྔ་ལས་ལྷག་པའི་རང་དབང་སྤྲོད་རྒྱུའི་སྲིད་བྱུས་ལག་བསྟར་ཡོང་བའི་གསལ་འདེབས་བྱ་རྒྱུའི་རྣམ་འགྱུར་ཙམ་ཡིན།
ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༨ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་རིགས་མི་མང་ཡོངས་ལ་འབོད་སྐུལ་གྱི་གསལ་བསྒྲགས་ཤིག་སྤེལ་གནང་མཛད་ཡོད་ཅིང༌། དེའི་ནང༌། ༼ད་རེས་བྱུང་བའི་གནས་ཚུལ་འདིསབོད་ཀྱི་གནད་དོན་དེ་ཇི་ཙམ་ཛ་དྲག་ཡིན་མིན་དང༌། གང་མྱུར་གྲོས་མོལ་གྱི་ལམ་ནས་འགྲིག་ཆགས་ཡོང་ཐབས་བྱེད་དགོསཔ་ཧ་ཅང་གསལ་པོ་བཟོས་ཡོད། ཛ་དྲག་དང་ཐབས་སྡུག་གི་གནས་ཚུལ་འདི་འདྲའི་སྐབས་སུའང་ངོས་ནས་རྒྱ་ནག་གི་དབུ་ཁྲིད་རྣམ་པར་ཞི་བདེ་དང་བརྟན་ལྷིང་ཡོང་བར་མཉམ་རུབ་བྱེད་རྒྱུའི་འདོད་མོས་ཡོད་པ་གསལ་བརྗོད་བྱས་ཡོད། ་་་་་་་་་་སཕྱོགས་གང་དུ་ཡོང་མིན་ལ་མ་ལྟོས་པར་རྒྱ་རིགས་སྤུན་ཟླ་ཚོར་སེམས་ཚོར་དྲག་པོའི་སྒོ་ནས་ང་ཚོ་མི་རིགས་དབར་གྱི་རྣམ་རྟོག་ངན་པ་རྣམས་སེལ་ཆེད་མཐུན་འགྱུར་དང༌། ལྷག་དོན་བོད་ཀྱི་དཀའ་ངལ་འདི་བཞིན་གྲོས་མོལ་བརྒྱུད་གུ་ཡངས་དངབསམ་
ཤེས་ཀྱི་ལམ་ནས་ཞི་བདེ་འགྲིག་ཆགས་ཡོང་བར་རོགས་རམ་གནང་རོགས་ཞེས་འབོད་བསྐུལ་བྱེད་རྒྱུ་ཡིན་༽ ཞེས་བཀའ་གནང་ཡོད་པ་རེད།
རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ནས་ཕྱོགས་ལྷུང་གི་གནས་ཚུལ་འགོད་སྤེལ་བྱེད་པ་དེས་མི་རིགས་ཀྱི་རྩོད་རྙོག་བཟོ་གི་ཡོད།
པེ་ཅིང་གཞུང་ནས་ཁོང་ཚོའི་དྲིལ་བསྒྲགས་ཀྱི་ཡོ་བྱད་ཆ་ཚང་བེད་སྤྱོད་བྱས་ཏེ་བོད་ནང་བྱུང་བའི་ཞི་རྒོལ་དེ་དག་རྒྱ་རིགས་མི་མང་ལ་ངོ་རྒོལ་བྱེད་པའི་ངོ་བོར་སྒྱུར་ཐབས་འབད་བརྩོན་བྱེད་ཀྱི་ཡོད། རྒྱ་ནག་ལྟ་བུའི་སྤྱི་ཚོགས་ནང་ཆབ་འབངས་མི་སེར་ལ་གཞུང་གི་སྟངས་འཛིན་འོག་ཡོད་པའི་བརྒྱུད་ལམ་ཁག་ནས་མཁོ་འདོན་བྱས་པའི་གསར་འགྱུར་དང༌། གནས་ཚུལ་ཁོ་ན་ལས་སྤྱོད་དབང་མེད་པའི་གནས་སྟངས་འོག དེ་ལྟ་བུའི་བྱེད་ཕྱོགས་ལ་བརྟེན་ནས་རྒྱ་ནག་པའི་མི་རིགས་རིང་ལུགས་ཀྱི་མེ་ལྕེ་ཁྱབ་མཆེད་དུ་གཏོང་གི་ཡོད། པེ་ཅིང་གིས་དེ་སྔ་དེ་ལྟ་བུའི་མེ་ལྕེ་དང་རྩེད་མོ་རྩེད་ཟིན་ཡོད་ཅིང༌། ཕྱི་ལོ་ ༡༩༩༩ ལོར་བྷེལྒེརེཌར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་དུ་འབར་གས་ཀྱི་དོན་རྐྱེན་བྱུང་སྐབས་རྒྱ་ནག་གཞུང་གིས་ཨ་རི་བར་ངོ་རྒོལ་བྱེད་པའི་སྐུལ་སློང་ཤུགས་ཆེ་བྱས་ཡོད་པ་དང༌། སྐབས་དེར་ཨ་རིའི་སྲིད་འཛིན་ཁིལིནྜོན་ནས་རྒྱ་ནག་གི་སྲིད་
འཛིན་ཅང་ཙེ་རྨིན་ལ་དགོངས་སེལ་ཞུ་ཆེད་ཁ་དཔར་ཐོག་མ་བཏང་བ་དེར་ཡ་ལན་མ་བྱས་པའི་ཁར། རྒྱ་ནག་དབུས་དམར་ཤོག་ཚོགས་པས་འབར་གས་ཀྱི་དོན་རྐྱེན་བྱུང་མ་ཉིད་དུ་མི་དམངས་ཉིན་རེའི་གསར་ཤོག་དང༌། བརྒྱུད་ལམ་གཞན་བཅས་ཀྱི་ཐོག་ནས་ཁྱབ་བསྒྲགས་བྱས་གསལ། དོན་རྐྱེན་དེ་ནི་ཆེད་དུ་བཟོས་པ་ཞིག་ཡིན་པ་ལས་གློ་བུར་དུ་བྱུང་བ་མིན་ཞེས་བརྗོད་ཡོད་པར་མ་ཟད། རྒྱ་ནག་ཁྱོན་ཡོངས་ནང་ཨ་རིའི་གཞུང་ཚབ་ཁང་དང༌། དེའི་ཡན་ལག་ལས་ཁང་བཅས་པར་ངོ་རྒོལ་བ་འོར་འདྲེན་བྱ་བདེའི་སླད་སྣུམ་འཁོར་གཏོང་རྒྱུའི་མཐུན་སྦྱོར་ཡང་བྱས་ཡོད་པ་རེད།
དེ་མཚུངས་ཕྱི་ལོ་ ༢༠༠༤ ལོར་རྒྱ་ནག་ཏུ་ཨེ་ཤ་ཡའི་རྐང་རྩེད་པོ་ལོའི་འགྲན་བསྡུར་འཚོག་སྐབས་དང༌། ཕྱི་ལོ་༢༠༠༥ ལོར་ཉི་འོང་གི་ཀློག་དེབ་རྩོད་གླེང་ཞེས་པ་བྱུང་སྐབས་བཅས་སུ་ཉི་འོང་མི་རིགས་ལ་ངོ་རྒོལ་བྱེད་པའི་སྐུལ་སློང་ཡང་བྱས་ཡོད་ཅིང༌། གནས་ཚུལ་འཕེལ་རིམ་དེ་དག་ཐོག་དོ་སྣང་བྱེད་མཁན་མང་པོ་ཞིག་གིས་ཕྱོགས་བསྡོམས་ག་རེ་བྱས་ཡོད་ཅེ་ན། འདི་ལྟར་ཏེ། མི་རིགས་ལ་ངོ་རྒོལ་བྱེད་པའི་ལས་འགུལ་འདི་དག་ཐོག་མར་རྒྱ་བསྐྱེད་བྱུང་བ་ནས་གློ་བུར་དུ་མེད་པར་གྱུར་བབས་ལ་གཞིགས་ཚེ། དེ་དག་གོ་སྒྲིག་བྱེད་མཁན་གྱི་གྲས་སུ་པེ་ཅིང་གཞུང་ཡང་ཡོད་ངེས་རེད་ཅེས་བརྗོད་འདུག
འོན་ཀྱང་གོང་གསལ་དོན་རྐྱེན་གཉིས་ཀའི་སྐབས་རྒྱ་ནག་ལ་ཁེ་ཕན་ལས་གནོད་ཚབས་ཆེ་བ་བྱུང་ཡོད་པ་ནི། ངོ་རྒོལ་ནང་ཞུགས་མཁན་ཚོས་རྒྱའི་དབང་འཛིན་པ་རྣམས་ཨ་རི་བ་དང༌། ཉི་འོང་པའི་མདུན་སར་སྟོབས་ཆུང་དུ་མངོན་གྱི་འདུག་ཅེས་སྐྱོན་བརྗོད་བྱས་ཡོད་པ་ནས་མཐོང་ཐུབ་ཅིང༌། ད་དུང་ནིའུསཝིཀ་ཨིནཀྲརྣེཤནལ་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་ཕརིཏ་ཛཀརིཡས་དཔྱད་གླེང་བྱས་དོན། ༼སྔོན་མ་ཁོང་ཚོས་ཉི་འོང་པ་དང༌། ཨ་རི་བར་ངོ་རྒོལ་བྱ་རྒྱུའི་སྐུལ་སློང་བྱས་ཡོད་པ་དེ་དག་རྗེས་སོར་འ་འུབ་མི་འདུས་པའི་གནས་སྟངས་སུ་གྱར་ཏེ་དངངས་འཚབ་ཆེན་པོ་བྱུང་བ་དང༌། དེ་ནས་ཁོང་ཚོའི་ལམ་ཕྱོགས་ལ་འགྱུར་བ་བཏང་བ་རེད་༽ ཅེས་བརྗོད་འདུག
བོད་ནང་ཞི་འཇགས་མེད་པའི་གནས་བབ་དང་འབྲེལ་ཆགས་ཕྱོགས་ལྷུང་གི་གནས་ཚུལ་འགོད་སྤེལ་བྱེད་པ་དང༌། དེས་རྒྱ་རིགས་མང་ཚོགས་ཐོག་མཇུག་འབྲས་ངན་པ་ཇི་ལྟར་ཐོན་གྱི་ཡོད་པ་བཅས་ནི་རྒྱ་རིགས་ཤེས་ཡོན་ཅན་ཚོར་བློ་ཕམ་ཡོང་གཞིའི་གནས་ཚུལ་ཡིན། དེ་ལྟར་ཡིན་པ་རྒྱ་རིགས་མཁས་དབང་དང༌། རྩོམ་པ་པོ། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་བཅས་ཁག་གཅིག་ནས་བསམ་འཆར་དོན་ཚན་ ༡༢ འཁོད་པའི་སྙན་ཞུ་ཞིག་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༢ ཉིནབརྒྱུད་བསྒྲགས་བྱས་ཡོད་པ་ནས་ཤེས་ཐུབ་པ་སྟེ། སྙན་ཞུ་དེའི་དོན་ཚན་དང་པོར། ༼ད་ལྟའི་ཆར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་ཕྱོགས་གཅིག་རྐྱང་པའི་དྲིལ་བསྒྲགས་བྱེད་སྟངས་དེས་མི་རིགས་ཕན་ཚུན་དབར་འཁོན་འཛིན་ཡོང་གཞི་དང༌། ༼བོད་ནང་གི་༽ གནས་བབ་དེ་བས་ཛ་དྲག་ཅན་དུ་འགྱུར་རྒྱུའི་མཇུག་འབྲས་ཡོང་བཞིན་ཡོད། འདི་ནི་མེས་
རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པའི་ཕུགས་རྒྱང་གི་དམིགས་ཡུལ་བསྒྲུབ་རྒྱུར་འགོག་རྐྱེན་ཆེན་པོ་ཞིག་ཡིན་པས་ང་ཚོས་དེདག་མཚམས་འཇོག་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་༽ ཞེས་དང༌།
དོན་ཚན་གཉིས་པར། ༼ང་ཚོས་ཏཱ་ལའི་བླ་མ་མཆོག་གིས་འདོན་གནང་མཛད་པའི་ཞི་བའི་འབོད་སྐུལ་ལ་རྒྱབ་སྐྱོར་དང་སྦྲགས་མི་རིགས་ཀྱི་རྩོད་རྙོག་འདི་བསམ་པ་རྣམ་དག་དང༌། ཞི་བདེ། འཚེ་བ་མེད་པ་བཅས་ཀྱི་རྩ་དོན་དམ་འཛིན་གྱིཐོག་ནས་སེལ་ཐབས་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ང་ཚོས་ཉེས་མེད་མང་ཚོགས་ཐོག་འཚེ་བའི་བྱ་སྤྱོད་གང་འདྲ་ཞིག་སྤེལ་ཡང་སྐྱོན་བརྗོད་བྱེད་ཀྱི་ཡོད་ལ། རྒྱ་ནག་གཞུང་གི་ངོས་ནས་ ༼བོད་ནང་༽ དྲག་པོའི་གནོན་བཙིར་བྱ་རྒྱུ་མཚམས་འཇོག་ཡོང་བའི་འབོད་སྐུལ་ཤུགས་དྲག་གིས་བྱེད་རྒྱུ་དང༌། ཕྱོགས་མཚུངས་བོད་མིའི་ཕྱོགས་ནས་ཀྱང་འཚེ་བའི་ལས་འགུལ་ནངཞུགས་
རྒྱུ་མེད་པའི་གཞེན་སྐུལ་ཞུ་རྒྱུ་ཡིན་༽ ཞེས་འཁོད་ཡོད་པས་ཡིན།
བོད་ལ་མཚོན་ན། རྒྱའི་དབང་འཛིན་པ་ཚོས་གནད་དོན་ཁག་ལྔའི་ཐོག་མི་རིགས་ཀྱི་འཁོན་རྩོད་བཟོ་བཞིན་ཡོད་ཅིང༌། དང་པོར་རྒྱ་ནག་གི་སོ་ཉུལ་མང་པོ་ཞིག་གིས་བོད་མི་ཞི་རྒོལ་བའི་ངོ་བོར་བརྫུས་ཏེ་དྲག་ལས་བརྩམས་པ་བརྒྱུད་བོད་རྒྱ་མི་རིགས་གཉིས་དབར་དབྱེན་དཀྲུག་བྱེད་ཀྱི་ཡོད། གཉིས་པར་རྒྱའི་དབང་འཛིན་པ་ཚོས་ྋགོང་ས་ྋསྐྱབས་མགོན་ཆེནཔོ་མཆོག་གདོན་འདྲེའི་གཟུགས་སུ་འགྲུབ་ཐབས་འབད་བརྩོན་བྱེད་ཀྱི་ཡོད་པ་དེས་བོད་མིའི་ཆོས་ལུགས་ཀྱི་འདུ་ཤེས་ལ་དོ་ཕོག་གཏོང་གི་ཡོད། གསུམ་པར་རྒྱ་ནག་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཆེན་པོས་དྲག་གནོན་བྱེད་པ་དེས་རྒྱའི་དབང་འཛིན་པ་ཚོར་ཡིད་ཆེས་དེ་བས་མེད་པར་ཆགས་རྒྱུའི་ས་བོན་སྐྲུན་གྱི་ཡོད། བཞི་པར་རྒྱ་ནག་གཞུང་གིས་གསར་འགྱུར་བརྒྱུད་ལམ་ཁག་ ༼མི་རིགས་ཀྱི་༽ འཁོན་འགྲས་བཟོ་རྒྱུ་དང༌། ཕྱོགས་ལྷུང་གི་གནས་ཚུལ་སྤེལ་རྒྱུར་བེད་སྤྱོད་བྱེདབཞིན་
པ་དེས་རྒྱ་རིགས་མི་མང་ཁྲོད་དེ་བས་མ་རྟོགས་ལོག་རྟོག་གི་གནས་ཚུལ་ཡོང་གཞི་ཆེ་རུ་གཏོང་གི་ཡོད། ལྔ་པར་རྒྱ་ནག་གཞུང་གིས་ཕྱི་སྡོད་རྒྱ་རིགས་སློབ་ཕྲུག་ཚོགས་པ་ཚོར་བོད་མིའི་ངོ་རྒོལ་ལ་ཁ་གཏད་གཅོག་པའི་ཁོང་ཚོ་རང་ཉིད་ཀྱི་ངོ་རྒོལ་སྐད་འབོད་བྱེད་དགོས་པའི་སྐུལ་མ་བྱེད་པ་དེས་བོད་རྒྱ་མི་རིགས་གཉིས་དབར་དེ་བས་དྭོགས་པ་རྣམ་རྟོག་ཡོང་གཞིབ་ཟོ་གི་ཡོད་པ་བཅས་ཡིན།
གཞུང་གང་ཡང་རུང་བའི་ལས་འགན་ནི། སྤྱི་ཚོགས་ཀྱི་ཞི་བདེ་ལྷིང་འཇགས་འགན་ལེན་བྱ་རྒྱུས་མཚོན་གཞུང་འཛིན་གྱི་ལམ་སྲོལ་ཡག་པོ་ཞིག་བསྐྲུན་རྒྱུ་དེ་ཡིན་ཞིང༌། དོན་དངོས་ཐོག་སྲིད་འཛིན་ཧུའུ་ཅིན་ཐའོའི་དམིགས་ཡུལ་ཡང་རྒྱ་ནག་ནང་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱ་རྒྱུ་དེ་རང་རེད། དྲག་གནོན་བྱེད་པ་དང༌། བཙན་ཤུགས་ཀྱིས་རྒོལ་གཏམ་གཏོང་བ་བཅས་ཀྱིས་སྤྱི་ཚོགས་ལྷིང་འཇགས་བག་ཕེབས་ཡོང་བའི་མཐུན་རྐྱེན་བྱེད་མི་ཐུབ་ལ། རྒྱ་ནག་གིས་མཁྲེགས་བཟུང་བྱ་སྤྱོད་ལ་བརྟེན་ནས་བོད་དོན་ཐག་གཅོད་ཡོང་རེ་བྱེད་པ་དེས་བོད་རྒྱ་མི་རིགས་གཉིས་དབར་འཁོན་རྩོད་ཆེ་ཤོས་བཟོས་ཡོད། དྲག་པོའི་གནོན་ཤུགས་སྤྱོད་པ་དང༌། རྒྱལ་གཅེས་ཆོས་གཅེས་ཞེས་པའི་སློབ་གསོའི་ལས་འགུལ་སྤེལ་བ། དེ་བཞིན་གསར་ལམ་ཁག་གིས་བོད་ནང་ལྷིང་འཇགས་མེད་པའི་གནས་བབ་དམིགས་འབེན་དུ་བཟུང་ནས་གནས་ཚུལ་འགོད་སྤེ
ལ་བྱེད་པ་བཅས་ཀྱིས་སྲིད་འཛིན་ཧུའུ་ཅིན་ཐའོའི་དམིགས་ཡུལ་དུ་གྲགས་པའི་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱ་རྒྱུར་འགོག་རྐྱེན་བཟོ་གི་ཡོད།
རྒྱ་རིགས་མཁས་དབང་རྣམ་པའི་སྙན་ཞུའི་དོན་ཚན་བཞི་པར། ༼ང་ཚོའི་བསམ་པར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་འགོ་ཁྲིད་ཚོས་ཏཱ་ལའི་ནི་ཆོས་གོས་སྤྲས་པའི་འཕར་སྤྱང་དང༌། མིའི་གདོང་ལ་གཅན་གཟན་གྱི་སེམས་དང་ལྡན་པའི་གདོན་འདྲེ་ཡིན་ལུགས་སོགས་དེ་སྔ་རིག་གནས་གསར་བརྗེའི་སྐབས་ཀྱི་བརྗོད་ཚིག་དང་ཆ་འདྲ་བ་བཀོལ་སྤྱོད་བྱེད་པ་དེས་གནས་སྟངས་ཞི་འཇགས་ཡོང་བར་ཕན་ཐོགས་བྱེད་མི་ཐུབ་ལ། དེ་བས་རྒྱ་ནག་གི་གཟུགས་བརྙན་མཐོར་འདེགས་བྱ་རྒྱུར་ཕན་ཐོགས་ཅི་ཡང་བྱེད་མི་ཐུབ། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཆེན་པོའི་ནང་མཉམ་ཞུགས་བྱ་རྒྱུའི་ཆོད་སེམས་བརྟན་པོ་འཆང་བཞིན་ཡོད་པའི་སྐབས་འདིར་དེང་རབས་སྤྱི་ཚོགས་དཔལ་ཡོན་གྱི་གནས་ཚད་དང་མཐུན་པའི་གཞུངསྲིད་འཛིན་སྐྱོང་བྱེད་ཐབས་ཤིག་གཏོད་དགོས་པར་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད་༽ ཅེས་འཁོད་ཡོད་པ་འདིས་གོང་དུབཤད་མ་
ཐག་པའི་ང་ཚོའི་སྐད་ཆ་དེར་བདེན་ཆ་ཇི་ཙམ་ཡོད་མེད་གསལ་སྟོན་བྱེད་ཀྱི་མི་འདུག་གམ།
རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་ཀྲང་པོ་ཧྲུའུ་ཡིས་བོད་སྐོར་རྩོམ་ཡིག་ཅིག་སྤེལ་བ་དེའི་འགོ་བརྗོད་དུ་ ༼བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་༽ ཞེས་འཁོད་ཡོད་པ་དང༌། རྩོམ་ཡིག་དེའི་དབྱིན་བསྒྱུར་འདྲ་བཤུས་ཤིག་ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༩ ཉིན་ www.chinadigitaltimes.net ཞེས་པའི་དྲ་གནས་ཐོག་འདོན་སྤེལ་བྱས་འདུག དེའི་ནང་འཁོད་དོན། ༼ཧུའུ་ཡའོ་པང་གིས་ ༼བོད་མིའི་ལོ་རྒྱུས་དང༌། སྐད་ཡིག སྒྱུ་རྩལ་བཅས་ལ་སྣང་ཆུང་བྱེདཔ་ནི་ཡོངས་སུ་ནོར་འཁྲུལ་རེད། ་་་་་་་་་་གྲངས་ཉུང་མི་རིགས་ལ་བརྩེ་སེམས་འཆང་དགོས་པ་འདི་ནི་ཚིག་སྐམ་པོའི་སྐད་ཆ་ཞིག་མ་རེད། ༼ང་ཚོས་༽ ངེས་པར་དུ་ཁོང་ཚོའི་སྤྱི་ཚོགས་ཀྱི་ལུགས་སྲོལ་དང༌། གོམས་གཤིས་ལ་བརྩི་བཀུར་བྱེད་དགོས་པ་ཡིན། ཁོང་ཚོའི་སྐད་ཡིག་དང༌། ལོ་རྒྱུས། རིག་གནས་བཅས་ལའང་བརྩི་བཀུར་བྱེད་དགོས་པ་ཡིན། དེ་ལྟར་མ་
བྱས་ན་ང་ཚོས་སྟོང་གཏམ་ཁོ་ན་ཤོད་ཀྱི་ཡོད་པ་རེད་༽ ཅེས་དམིགས་བཀར་གསལ་བརྗོད་གནང་ཡོད། དོན་ཚན་ ཐ་མ་ནི་བོད་རིགས་ལས་བྱེད་པ་ཚོས་བོད་ཀྱི་འཛིན་སྐྱོང་བྱེད་དགོས་པ་དང༌། ལོ་གཉིས་ནང་ཚུད་བོད་དུ་ཡོད་པའི་ལས་བྱེད་ཁྱོན་འབོར་གྱི་གསུམ་ཆ་གཉིས་སམ། དེ་ལས་མང་བ་ཞིག་བོད་རིགས་ཆགས་ཐུབ་པ་དགོས་རྒྱུ་དེ་ཡིན་ཞིང༌། འདི་ཐདཧུའུ་ཡའོ་པང་གིས་ག་རེ་གསུངས་ཡོད་ཅེ་ན། ༼ང་ཚོ་འདིར་བསྡད་དེ་ལོ་ ༣༠ འགྲོ་གི་ཡོད་པ་དང༌། དུས་ཡུན་དེའི་རིང་ ང་ཚོས་རང་གི་ལོ་རྒྱུས་ཀྱི་བསྒྲུབ་བྱའི་དམིགས་ཡུལ་དེ་ལེགས་པར་སྒྲུབ་ཐུབ་པ་བྱུང་ཡོད། འོན་ཀྱང་ ད་ལྟབོད་ནང་དམག་མི་ཚུད་པའི་ཧན་མི་རིགས་ ༣༠༠༠༠༠ ཡོད་ཅིང༌། དེ་འདྲ་ནམ་བར་ཁུངས་འཁྱོལ་རྒྱུ་ཡིན་ནམ་༽ ཞེས་གསུངས་ཡོད་པ་རེད། སྙིང་པོ་བསྡུས་ཏེ་བཤད་ན། གོང་གསལ་གནས་ཚུལ་རྣམས་ ༼ཁྲལ་བཅག སྒོ་འབྱེད། མི་འཐེན་༽ཞེས་པའི་ཡིག་འབྲུ་དྲུག་པོ་འདི་དག་ནང་བསྡུ་ཐུབ་པ་དང༌། དེ་དག་ནི་ཧུའུ་ཡའོ་པང་གིས་ནུས་ཤུགས་ཆེན་པོས་གོང་སྐྱོང་བྱས་པའི་བོད་དོན་ཐག་གཅོད་ཀྱི་ ༼ཛ་དྲག་བྱེད་ཐབས་༽ ཁག་ཡིན་༽ ཞེས་གསལ་འདུག
བོད་མི་ཚོས་ངོས་ལེན་བྱེད་མིན་ལ་མ་ལྟོས་པར་མཁྲེགས་བཟུང་གི་སྲིད་བྱུས་འདི་དག་དམ་འཛིན་བྱེད་དགོས་དོན་གང་ཡིན་ནམ།
རྒྱ་ནག་ནང་གུས་བཀུར་ཆེན་པོ་བྱེད་པའི་ཆབ་འབངས་མི་སེར་གྱི་གྲས་སུ་གཏོགས་པ་ཁ་ཤས་ཀྱིས་འབོད་སྐུལ་འདི་ལྟར་བྱས་ཡོད་ནའང༌། ད་དུང་རྒྱའི་དབང་འཛིན་པ་རྣམས་ཀྱིས་ཉེ་ལམ་བོད་མི་ཚོ་འུ་ཐུག་པའི་གནས་སྟངས་འོག་སྐད་རྒྱག་དགོས་བྱུང་བ་དེའི་འབྱུང་རྩ་ངོ་མ་ཁོང་ཚོའི་སྲིད་བྱུས་ངན་པ་ཁག་ཡིན་པ་དེ་དག་སླར་ཡང་གཏིང་ཇེ་ཟབ་དང༌། ནུས་ཤུགས་ཇེ་ཆེར་གཏོང་དགོས་དོན་གང་ཡིན་ནམ།
དེ་ལ་རྒྱུ་མཚན་གསུམ་ཡོད་པར་ཚོད་བགམ་བྱེད་ཆོག་པ་སྟེ། དང་པོ། བོད་མི་ཚོར་དྲག་ལས་སྤེལ་རྒྱུའི་སྐུལ་སློང་བྱས་ཏེ། དེའི་ལན་དུ་རྒྱ་ནག་གཞུང་གིས་དྲག་སྤྱོད་སྤེལ་བ་དེ་ཁྲིམས་མཐུན་བཟོ་རྒྱུ་ཞིག་ཡིན་སྲིད་པ་དང༌། གཉིས་པ། ད་ལྟ་དྲིལ་བསྒྲགས་ཀྱི་ལས་འགུལ་ཤུགས་ཆེ་ཞིག་སྤེལ་བཞིན་པ་འདི་དག་རྒྱ་རིགས་མི་མང་ཚོར་ཁོང་ཚོས་འཕྲད་བཞིན་པའི་ཛ་དྲག་གི་དཀའ་ངལ་ཁག་ནས་སེམས་གཡེངས་བྱེད་ཐུབ་པའི་ཐབས་ཤེས་སྤྱད་པ་ཞིག་ཡིན་སྲིད། གསུམ་པ། བོད་དུ་ངོ་རྒོལ་བྱུང་བ་དང༌། དེ་དག་ལ་རྒྱལ་སྤྱིའི་ངོས་ནས་ཤ་ཚ་རྒྱབ་སྐྱོར་གྱི་རྣམ་འགྱུར་ཤུགས་ཆེ་ཞིག་འདོན་བཞིན་ཡོད་པ་དེ་བེད་སྤྱོདདང་སྦྲགས་རྒྱ་ནག་པའི་མི་རིགས་རིང་ལུགས་སྐུལ་སློང་བྱས་ཏེ་དམར་ཤོག་ཚོགས་པའི་དབང་སྒྱུར་གྱི་ཁྲིམས་མཐུན་གནསབབ་དེ་བས་སྲ་བརྟན་བཟོ་ཐབས་ཤིག་ཡིན་སྲིད་པ་བཅས་ཡིན།
ཕྱི་ལོ་ ༡༩༥༩ ལོར་བོད་མི་མང་གིས་རང་དབང་སྒེར་ལངས་བྱས་པ་ནས་བཟུང་ད་བར་བོད་མིའི་འཐབ་རྩོད་འདི་འཚེ་བ་མེད་པའི་རང་བཞིན་དུ་གནས་ཡོད། རྒྱ་ནག་གཞུང་གིས་རང་གི་མངའ་ཁོངས་མི་མང་དང༌། རྒྱལ་སྤྱིའི་སྤྱི་ཚོགས་བཅས་པའི་མདུན་སར་འཚེ་མེད་ཞི་བའི་འཐབ་རྩོད་ཅིག་གི་ཐོག་བཙན་ཤུགས་བེད་སྤྱོད་བྱེད་པ་དེ་ཁྲིམས་མཐུན་ཡིན་པའི་ངོ་བོར་སྒྱུར་མི་ཐུབ་ཅིང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གདོན་འདྲེའི་གཟུགས་སུ་འགྲུབ་ཐབས་བྱེད་པ་དང༌། བཙན་བྱོལ་བོད་མིའི་ཚོགས་སྐྱིད་ཁག་གཅིག་ ཛྲའཇིགས་སྐུལ་རིང་ལུགས་པའི་ཛྲ ཚོགས་པར་བསྒྱུར་ཏེ་ཨལྐཡེདཱ་འཇིགས་སྐུལ་ཚོགས་པ་དང༌། ཅེཆནཡཱར་དྲག་པོའི་འཐབ་རྩོད་བྱེད་བཞིན་པ་བཅས་དང་སྟན་གྲལ་གཅིག་ཏུ་འཇོག་པ། དེ་བཞིནབོད་མིའི་སྤྱི་ཚོགས་ནང་སོ་ཉུལ་བཏང་སྟེ་བོད་མི་ཞི་རྒོལ་བར་དྲག་ལས་སྤེལ་རྒྱུའི་སྐུལ་སློང་བྱེད་པ་བཅས་ནི་བོད་མིའི་ཐོགདྲག་
པོའི་རྒོལ་ལན་ཞིག་སློག་འདུན་འཆང་གི་ཡོད་པ་དེ་ཁྲིམས་མཐུན་བཟོ་རྒྱུའི་ཐབས་ཤེས་ཁག་ཡིན།
རྒྱའི་དབང་འཛིན་པ་ཚོས་བར་ལམ་བོད་མི་རྣམས་འུ་ཐུག་པའི་གནས་སྟངས་འོག་སྐད་རྒྱག་དགོས་བྱུང་བ་འདི་ཁོང་ཚོའི་མཁྲེགས་བཟུང་སྲིད་བྱུས་ཁག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ཤེས་བཞིན་དུ། ད་དུང་ལྐུགས་པའི་ཨུ་ཚུགས་ལྟ་བུས་དྲག་རྩུབ་ཆེ་བའི་སྲིད་བྱུས་དེ་དག་མུ་མཐུད་ལག་བསྟར་བྱེད་དགོས་དོན་གང་ཡིན་ནམ། རྒྱ་ནག་གཞུང་གིས་བོད་མིའི་འདོད་བབས་ལ་མ་ལྟོས་པར་ ༼རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་༽ ཞེས་པ་མཁྲེགས་བཟུང་ཆེན་པོས་སྤེལ་བཞིན་ཡོད་པའི་ནང༌། བོད་མི་ཚོར་ྋགོང་ས་མཆོག་ལ་ཡོངས་གྲགས་ཀྱིས་ངོ་རྒོལ་རྒྱབ་གཏོད་ཞུ་དགོས་པའི་བཙན་སྐུལ་བྱེད་པ་དང༌། གང་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་རྡོག་བμྕརྐྱ་གཏོང་དུ་འཇུག་པ། དགོན་སྡེ་གྲྭ་ཚང་གི་ཐོག་ཏུ་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་དགོས་པའི་བཙན་ཤེད་བྱེད་པ། དེ་བཞིན་ྋགོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་ཞུ་བའི་གཞུང་འབྲེལ་གྱི་ལས་འགུལ་སྤེལ་བ་བཅས་ལ་བརྟེན་ནས་བོད་མི་སྐྱ་སེར་མང་པོས་ལས་འགུལ་འདི་རིགས་ནང་མི་ཞུགས་པའི་ངོ་རྒོལ་བྱ་དགོས་གྱུར་པ་རེད།
ཉེ་དུས་སྲིད་བློན་ཝུན་ཅཱ་པའོ་ལའོསེར་འཚམས་གཟིགས་གནང་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ནང་གི་གནས་སྟངས་ཞི་འཇགས་ཡོང་ཐབས་སུ་གང་གི་གནོན་ཤུགས་སམ། ༼བཟང་སྤྱོད་ཀྱི་ནུས་ཤུགས་༽ བེད་སྤྱོད་གནང་དགོས་པའི་རེ་སྐུལ་ཞུས་ཡོད། གུ་ཡངས་ཀྱི་བྱེད་ཐབས་འདི་དག་སྟེ། རྒྱ་ནག་གཞུང་ཕྱོགས་ནས་༧གོང་ས་མཆོག་ལ་བོད་མིའི་ཐོག་གནོན་ཤུགས་ཇི་ཙམ་ལྡན་པའི་ངོས་ལེན་འདི་ལྟར་གསལ་པོ་བྱེད་ཀྱི་ཡོད་པ་དེ་བོད་དུ་སྲིད་བྱུས་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་མི་མངོན་པ་གང་ཡིན་ནམ། གལ་སྲིད་རྒྱའི་དབང་འཛིན་པ་ཚོས་དངོས་འབྲེལ་ཐོག་ནས་༧གོང་ས་མཆོག་ལ་བོད་ནང་གི་གནས་བབ་ཞི་འཇགས་སུ་གཏོང་བའི་རེ་འདུན་འཆང་གི་ཡོད་ན། གང་ཉིད་ལ་གཞིས་ལུསབོད་མི་ཚོར་གཞེན་སྐུལ་གནང་རྒྱུའི་གླེང་སྟེགས་དང༌། བརྒྱུད་ལམ་བཅས་བསྐྲུན་མི་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
དྲི་བ་འདིའི་ལན་འདེབས་བོད་མིའི་དམར་ཤོག་ཚོགས་པ་ཐོག་མར་འཛུགས་མཁན་དང༌། རྒྱ་ནག་རྒྱལ་ཡོངས་མཐོ་རིམ་འགོ་ཁྲིད་ཀྱི་ལས་གནས་བཟུང་མྱོང་མཁན་འབའ་པ་ཕུན་ཚོགས་དབང་རྒྱལ་ལ་ཡོད་པ་དང༌། ཁོང་གི་ལན་འདེབས་དེ་བསྟན་འཛིན་བློ་བཟང་དང༌། ཇེན་པརྐིནས། བུ་ཆུང་ ལྡུམ་ར་ བསོད་ནམས། བསྟན་འཛིན་བརྩོན་འགྲུས་བཅས་ཀྱིས་ཕྱོགས་སྒྲིག་བྱས་ཤིང་དཔལ་འབྱོར་དཔེ་སྐྲུན་ཁང་གིས་ཕྱི་ལོ་ ༢༠༠༧ ལོར་འདོན་སྤེལ་བྱས་པའི་དཔེ་དེབ། ༼འབའ་པ་ཕུན་ཚོགས་དབང་རྒྱལ་ཏེ། བོད་ཀྱི་ལོ་རྒྱུས་ཀྱི་དཔང་རྟགས་༽ ཞེས་པའི་ནང་བཀོད་ཡོད་པ་དེའི་ནང་ཕུན་དབང་གི་ལོ་རྒྱུས་དང༌། ཁོང་གིས་ཕྱི་ལོ་ ༢༠༠༤ དང༌། ༢༠༠༥། ༢༠༠༦ སོ་སོར་སྲིད་འཛིན་ཧུའུ་ཅིན་ཐའོར་ཕུལ་བའི་སྙན་ཞུ་གསུམ་བཅས་འདུག སྙན་ཞུ་དེ་དག་ནང་ཕུན་དབང་གིས་གང་ཞིག་བརྗོད་ཡོད་ཅེ་ན། རྒྱ་ནག་གི་འགོ་ཁྲིད་ཚན་ཁག་ནང་ཁེ་ཕན་ཟུར་སྤྱོད་བྱེད་མཁན་གྱི་རྩ་བ་བརྟན་པོ་ཚུགས་ཡོད་པ་དེ་ཚོའི་གྲས་ཀྱིས་ཁ་བྲལ་ལ་འཐབ་རྩོད་བྱས་ཏེ་རང་གི་མདུན་ལམ་བཟོས་ཡོད། ནམ་ཞིག་བོད་ཀྱི་གནད་དོན་འདི་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་ཞི་མོལ་བྱས་ཏེ་ཐག་གཅོད་བྱུང་བའི་ཉིན་མོ་དེར་ཁོང་ཚོའི་མདུན་ལམ་འཐོར་ཞིག་ཏུ་འགྲོ་རྒྱུ་རེད་ཅེས་བཀོད་འདུག་པར་མ་ཟད། ༼མི་དེ་དག་གིས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་ལྟོ་བཟའ་བ་དང༌། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་དཔོན་པོ་བྱེད་པ། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་རྒྱུ་ནོར་གསོག་གི་ཡོད་༽ ཅེས་བོད་མིའི་ཁྲོད་དར་ཁྱབ་ཆེ་བའི་གཏམ་གླེང་ཞིག་ཀྱང་ལུང་འདྲེན་བྱས་འདུག
ལྷག་པར་དུ་ཕུན་དབང་གིས་ཕྱི་ལོ་ ༢༠༠༤ ལོར་སྲིད་འཛིན་ཧུའུ་ཅིན་ཐའོའི་མཚན་ཐོག་ཕུལ་བའི་སྙན་ཞུའི་ནང་འཁོད་དོན། ༼དེ་ཡང་ཕྱོགས་བསྡུས་ཀྱི་དཔྱད་གཏམ་ནི། ༼ཏཱ་ལའི་བླ་མ་ཕྱི་རྒྱལ་དུ་བཞུགས་ཡུན་ཇི་ཙམ་རིང་བ། ཤུགས་རྐྱེན་དེ་ཙམ་གྱིས་ཆེ་རུ་འགྲོ་ཐོག ཁ་བྲལ་ལ་ངོ་རྒོལ་ཤོག་ཁག་གི་བདེ་སྐྱིད་ལོངས་སྤྱོད་ཀྱང་དེ་ཙམ་དུ་མི་རབས་ནས་མི་རབས་གནས་རྒྱུ་དང༌། དེ་ལས་ལྡོག་སྟེ་ཏཱ་ལའི་བླ་མ་དང་ཀྲུང་དབྱང་བར་འཆམ་མཐུན་བྱུང་ཚེ། མི་དེ་དག་དངངས་སྐྲག་སྐྱེས་ནས་འདུག་བཟོད་མི་བདེ་བ་དང༌། བྲེལ་འཚུབ་ལངས་པ། ལས་ཀ་ཤོར་སྲིད་པ་བཅས་ཡོང་གི་རེད།༽ གོང་གསལ་ཞུས་པ་དེ་དག་ཁུངས་མེད་གཏམ་འཆལ་ཞིག་མ་རེད། ཀྲུང་དབྱང་དང་ཏཱ་ལའི་བླ་མ་འཆམ་མཐུན་ཡོང་ཐུབ་མིན་གྱི་གནད་དོན་ཐད། རྒྱལ་ཁབ་ཕྱི་ནང་གི་ཆབ་སྲིད་ཕྱོགས་ལྷུང་སྣ་ཚོགས་ཀྱི་བར་ཆད་དང༌། འགོག་རྐྱེན། ཐ་ན་མངོན་སུམ་འཛེམས་མེད་
ཀྱིས་ཁ་གཏད་གཅོག་པ་དང་འབྲེལ་བ་ཡོད་པ་མ་ཟད། ད་དུང་དཔལ་འབྱོར་ཁེ་སྤོགས་འདྲ་མིན་སྣ་ཚོགས་ཀྱི་ཐོག་ནས་མི་འགའ་ཤས་དང་དེ་བཞིན་ཚོགས་པའི་ལེགས་ཉེས་ཐོབ་ཤོར་ལས་འབྱུང་བའི་ལན་ཆ་མི་འདྲ་བ་དང་འབྲེལ་བ་ཡོད་པ་རེད་༽ ཅེས་བྲིས་འདུག
ཕུན་དབང་གི་དཔྱད་དོན་དེ་དག་སིངྒཔཱུར་གཙུག་ལག་སློབ་གྲྭའི་ཁྱབ་ཁོངས་ཤར་ཨེ་ཤ་ཡའི་ལྟེ་གནས་ཁང་དུ་ཕྱི་བཞུགས་མཐོ་རིམ་དགེ་རྒན་ཚོགས་མིའི་གྲས་ཡིན་པ་ཅིང་ཧོང་གིས་ཀྱང་གསལ་བརྗོད་བྱས་ཡོད་ཅིང༌། ཁོང་གིས་ཀྲཡེམ་ཞེས་པའི་དུས་དེབ་ལས་བྱེད་པ་སིམོན་ཨེལེགྷེནཌ་ལ་གནས་ཚུལ་ངོ་སྤྲོད་བྱས་དོན། ༼དེར་ ༼འཐབ་ཕྱོགས་གཅིག་གྱུར་པུའུ་དང༌། སྤྱི་བདེ་པུའུ། ཕྱི་འབྲེལ་པུའུ། ཆོས་ལུགས་ལས་དོན་ཅུས། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པ། གྲངས་ཉུང་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་གཙོ་བོར་གྱུར་པའི་ནང་༽ ལོ་བཅུ་ཕྲག་མང་པོའི་རིང་ ༼ཁ་བྲལ་རིང་ལུགས་༽ ཞེས་སྐད་ཅོར་རྒྱག་མཁན་ལས་བྱེད་པའི་སྲུང་ར་ཆེན་པོ་ཞིག་གི་རྩ་བ་ཚུགས་ཟིན་ཡོད་པ་དང༌། ཁོང་ཚོས་དེ་ལས་གཞན་པའི་བྱེད་ཐབས་ཤིག་སྤྱོད་རྒྱུའི་བསམ་བློ་འཁོར་གྱི་ཡོད་པ་མ་རེད། དེ་ནི་ཁོང་ཚོས་དེ་ལྟར་མ་བྱས་ན་རང་གི་འཚོ་ཐབས་ལ་འཇིག་ཉེན་ཡོང་དྭོགས་བྱེད་ཀྱི་ཡོད་པས་ཡིན་ལ། དེ་ལྟར་ཡིན་ངེས་ཀྱང་རེད། རྒྱུ་མཚན་དེ་ལ་བརྟེན་ནས་བོད་འཛིན་སྐྱོང་བྱེད་པའི་རྒྱ་ནག་གི་དབང་འཛིན་ཚན་ཁག་སྤྱི་ཡོངས་ནས་ ༼བོད་དོན་ཐད་༽ འགྲིག་ཆགས་ཤིག་ཡོང་བ་ལ་གཞི་རྩའི་ཐོག་ནས་ངོ་རྒོལ་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། མཐར་ཐུག་དེས་བོད་ནང་འདས་ལོ་ ༢༠ རིང་སྲིད་བྱུས་ལག་བསྟར་བྱས་པ་རྣམས་ལམ་ལྷོང་བྱུང་མེད་པའི་ངོས་ལེན་བྱེད་པར་འགྱུར་གྱི་ཡོད་པས་མ་ཚད། ཁོང་ཚོའི་འཚོ་ཐབས་ལས་ཀའང་ཤོར་ཉེན་ཡོད་པས་ཡིན་༽ ཞེས་བརྗོད་འདུག
ཝིལི་ལཱམ་གྱིས་ཇེམསཀྲཨུན་ཐེབས་རྩའི་ཆེད་དུ་དཔྱད་རྩོམ་ཞིག་སྤེལ་ཡོད་པ་དེའི་ནང་འཁོད་དོན། ༼བདུན་སྔོན་མའི་རེས་གཟའ་སྤེན་པ་དང་ཉི་མར་བཞི་མདོར་ཆགས་པའི་ཁྲོམ་ཆེན་གྱི་ཕྱི་རོལ་དུ་ཞི་རྒོལ་བ་ཚོར་གྲོང་ཁྱེར་སྐོར་སྲུང་བས་ཉེན་བརྡ་གཏོང་བཞིན་པའི་སྐབས་དེར་ཧུའུ་ཅིན་ཐའོའི་འཛིན་སྐྱོང་ནས་བོད་དང༌། ཤིན་ཅང་ནང་ ༼ཁ་བྲལ་རིང་ལུགས་པ་༽ ཚོར་གནོན་བཙིར་བཀག་བསྐྱིལ་བྱེད་ཤུགས་ཆེ་རུ་བཏང་བ་དང༌། དེ་ཡང་མི་རིགས་རིང་ལུགས་ཀྱི་སྐུལ་སློང་བྱས་ཏེ་དམིགས་ཡུལ་དེ་དག་འགྲུབ་ཐབས་བྱས་ཡོད། དེ་ལྟར་རྒྱལ་ཁབ་ནང་ཕྱི་རྒྱལ་བར་སྡང་ཟུག་འཆང་བའམ། ཡང་ན་ ༼རྒྱལ་ཞེན་རིང་ལུགས་༽ ཀྱི་རྦ་རླབས་འཕྱུར་བཞིན་པའི་དུས་སྐབས་སུ་གུ་ཡངས་ཅན་གྱི་ཤེས་ལྡན་མི་སྣ་སྟེ། དེ་སྔ་དམིགས་བསལ་རང་སྐྱོང་ས་ཁུལ་གཉིས་ལ་གུ་བཤངས་ལྡན་པའི་སྲིད་བྱུས་ཉམས་ལེན་བྱེད་དགོས་ཞེས་པེ་ཅིང་གཞུང་ལ་རེ་སྐུལ་བྱེད་
མཁན་ཚོས་ད་གཟོད་ ༼རྒྱལ་འཚོང་པར་༽ མིང་འདོགས་ཡོང་ཉེན་ལ་འཇིགས་སྣང་སྐྱེས་ཏེ་འབོད་སྒྲ་འདོན་ཐུབ་ཀྱི་ཡོད་པ་མ་རེད་༽ ཅེས་གསལ་འདུག
ཝིལི་ལཱམ་གྱི་དཔྱད་རྩོམ་འགོ་བརྗོད་དུ། ༼མི་རིགས་རིང་ལུགས་ཀྱི་མགོ་འདེགས་བཞིན་པའི་སྐབས་འདིར་པེ་ཅིང་གིས་༼ཁ་བྲལ་རིང་ལུགས་༽ ལ་ ༼མི་དམངས་ཀྱི་དམག་འཐབ་༽ བྱེད་ཤུགས་ཆེ་རུ་གཏོང་གི་ཡོད་༽ཅེས་འཁོད་པ་དེ་ཕྱི་ཟླ་ ༤ ཚེས་ ༢༩ ཉིན་ཇེམསཀྲཨུན་ཐེབས་རྩའི་དྲ་རྒྱའི་ཐོག་འདོན་སྤེལ་བྱས་ཡོད་པ་དང༌། དེའི་ནང་པེ་ཅིང་ནས་འདོན་སྤེལ་བྱེད་པའི་དུས་དེབ་ཅིག་གི་རྩོམ་སྒྲིག་པ་གང་དེའི་མིང་སྦས་བསྐུངས་བྱས་ཡོད་པ་ནས་གནས་ཚུལ་བརྗོད་པ་ཞིག་ལུང་འདྲེན་བྱས་གསལ། ༼རྒྱ་ནག་དམར་ཤོག་ཚོགས་པས་མི་རིགས་རིང་ལུགས་ཟེར་བའི་སྟབས་བདེའི་ལག་ཆ་དེ་དབང་འཛིན་པ་རྣམས་ལ་བོད་ཀྱི་ལས་དོན་སྒྲུབ་ཕྱོགས་དང་འབྲེལ་བའི་དྭོགས་དྲི་བྱེད་མཁན་ཚོའི་མགོ་གནོན་བྱ་རྒྱུར་བེད་སྤྱོད་བྱས་ཡོད་༽ ཅེས་བརྗོད་གནས་བཀོད་འདུག
གོང་གསལ་གནས་ཚུལ་ཁག་གཞི་རྩར་བཟུང་བའི་ཐོག་ནས་ང་ཚོས་ག་རེ་ངོས་འཛིན་བྱེད་ཐུབ་བམ་ཞེ་ན། རྒྱ་ནག་གི་བོད་འབྲེལ་སྲིད་བྱུས་གཏན་འབེབས་བྱེད་པའི་དབང་ཆ་དེ་ཡུལ་གྱི་འགོ་ཁྲིད་མི་སྣའི་ཁྲོད་ནས་མཁྲེགས་བཟུང་ཅན་ཚོསབདག་འཛིན་བྱས་ཡོད་པའི་ངོས་འཛིན་བྱེད་ཐུབ་ཀྱི་ཡོད་ལ། ཁོང་ཚོས་རང་ལ་ཡོད་པའི་དབང་ཤུགས་ཡོད་རྒུ་སྤྱད་དེ་བོད་མིའི་ཐོག་དྲག་གནོན་བྱས་པ་བརྒྱུད་ ༼བོད་ཀྱི་དྲི་གནད་༽ ཐོག་ ༼མཐའ་མའི་ཐག་གཅོད་༽ ཅིག་ཡོང་བའི་འདུན་སེམས་འཆང་གི་ཡོད་པ་རེད། འགོ་ཁྲིད་དེ་ཚོའི་གྲས་ཀྱིས་མཁྲེགས་བཟུང་སྲིད་བྱུས་ལག་བསྟར་བྱེད་དགོས་དོན་ནི་རྒྱ་ནག་རྒྱལ་ཁབ་དང༌། མི་མང་གི་ཁེ་ཕན་གོང་སྐྱོང་བྱ་རྒྱུའི་ཆེད་དུ་མ་ཡིན་པར་སྒེར་སོ་སོའི་མི་ཚེའི་མདུན་ལམ་དང༌། ཁེ་ཕན་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་རེད།
མིག་སྔའི་བོད་ནང་གི་ཛ་དྲག་གནས་བབ་དེ་ ཕྱོགས་གཅིག་ནས་ རྒྱའི་དབང་འཛིན་པ་ཚོར་ཕན་ཐོགས་ལྡན་ཡོད་པ་ཡིན། གང་ཡིན་ཞེ་ན། དེས་རྒྱ་རིགས་མི་མང་གི་བསམ་བློ་གཏོང་གཞི་ཁོང་ཚོས་འཕྲད་བཞིན་པའི་དཀའ་ངལ་ཁགནས་ཕྱོགས་གཞན་ཞིག་ཏུ་འཁྲིད་ཐུབ་པའི་ཕན་ཐོགས་ཡོང་གི་ཡོད་པས་ཡིན། དེང་ཆར་རྒྱ་ནག་ནང་སྤྱི་ཚོགས་བདེ་འཁོད་མེད་པའི་གནས་ཚུལ་ཡོང་ཤུགས་ཆེ་རུ་འགྲོ་བཞིན་པ་འདི་དག་ཡུལ་ནང་ལྐོག་ཟ་རུལ་སུངས་ཁྱབ་ཆེ་བ་དང༌། དབུལ་ཕྱུག་གི་བར་ཁྱད་ཇེ་ཆེར་འགྲོ་བཞིན་པ། ༼དངོས་ཟོག་གི་༽ རིན་གོང་འཕར་བཞིན་པ། དེ་བཞིན་རྒྱ་ནག་ནང་རང་དབང་དང༌། མང་གཙོའི་མངོན་འདོད་ཀྱི་བསམ་བློ་ཁྱབ་ཆེར་འགྲོ་བཞིན་པ་བཅས་ལ་བརྟེན་ནས་ཡོང་གི་ཡོད་ཅིང༌། རྒྱའི་དབང་འཛིན་པ་ཚོས་བོད་ནང་གི་གནས་ཚུལ་བྱུང་རྐྱེན་འདི་དག་བེད་སྤྱོད་ཆེ་ཤོས་བཏང་སྟེ་རྒྱ་རིགས་མང་ཚོགས་ལ་ཉིན་རེ་བཞིན་འཕྲདབཞིན་
པའི་འཚོ་བའི་ངལ་དུབ་མཐའ་དག་གནས་སྐབས་ལས་མ་བྱུང་ནའང་བརྗེད་དུ་འཇུག་རྒྱུའི་ཐབས་ཤེས་ཤིག་བྱེདབཞིན་ཡོད་པ་རེད།
དྲ་རྒྱའི་ནང་ཐོག་མར་ཕྱི་རྒྱལ་བ་དང༌། བོད་མིར་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པ་དེ་དག་ཉུང་དུ་འགྲོ་བ་དང་སྟབསབསྟུན་རྒྱ་རིགས་དྲ་གཉེར་བ་དང༌། དྲ་རྒྱའི་ནང་ཞུགས་མཁན་ཚོའི་ཁྲོད་དུ་བོད་ཀྱི་གནས་སྟངས་ཐད་དོན་དམ་གྱི་གདེང་འཇོག་བྱེད་འགོ་ཚུགས་ཤིང༌། རྒྱ་ནག་གཞུང་ནས་ཉིན་ལྟར་བོད་ཐོག་སྐད་ཅོར་རྒྱག་བཞིན་པ་དེ་ནས་རྒྱ་རིགས་མི་མང་ལ་ཆུ་ཚོད་སྐར་མ་གཅིག་ཀྱང་ངལ་གསོ་ཐོབ་ཀྱི་མེད་པའི་གནས་སྟངས་འོག་ཁོང་ཚོ་ཉོབ་སྣང་སྐྱེས་ཏེ། དེང་སང་བོད་ནི་བརྙན་འཕྲིན་དང༌། རླུང་འཕྲིན། ཚགས་ཤོག་སོགས་གང་སར་མཐོང་རྒྱུ་འདུག་ཅེས་བརྗོད་ཀྱི་ཡོད་ལ། རྒྱ་རིགས་མང་པོ་ཞིག་གི་སེམས་ནང་རྒྱ་ནག་གཞུང་ནས་དེ་ལྟར་བྱེད་དགོས་དོན་གང་ཡིན་ནམ་སྙམ་དུ་ཡ་མཚན་ཡང་སྐྱེ་གི་ཡོད་པ་རེད།
བོད་ནང་གི་གནས་ཚུལ་བྱུང་རྐྱེན་ཁག་རྒྱ་ནག་དམར་ཤོག་ཚོགས་པར་རྒྱ་ནག་པའི་མི་རིགས་རིང་ལུགས་སྐུལ་སློང་བྱ་རྒྱུ་དང༌། དེ་ལ་བརྟེན་ནས་ཏང་གི་ཁྲིམས་མཐུན་འགོ་ཁྲིད་ཀྱི་གནས་བབ་དེ་བས་སྲ་བརྟན་ཡོང་བ་བྱ་རྒྱུར་ཕན་ཐོགས་ལྡན་ཡོད་པ་ཡིན། དེ་ལྟར་བོད་ནང་གི་གནས་ཚུལ་བྱུང་རྐྱེན་ཁག་བེད་ལོག་སྤྱོད་དགོས་དོན་ཡང་མིག་སྔའི་རྒྱ་ནག་གི་འགལ་འདུའི་གནས་བབ་ནས་ཤེས་ཐུབ་པ་སྟེ། རྒྱ་ནག་ནས་དམར་པོའི་རིང་ལུགས་རྩ་འཕྱག་བཏང་ཟིན་ཡོད་ནའང༌། ད་དུང་དམར་ཤོག་ཚོགས་པ་འཚོ་ཞིང་གནས་པའི་ཐོག་དར་རྒྱས་སུ་འགྲོ་བཞིན་ཡོད་པ་དེ་ལ་བརྟེན་ནས་ཡིན་ཞིང༌། ཀྲཡེམ་དུས་དེབ་ཀྱི་སིམོན་ཨེལེགེནཌ་ནས་ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༢༥ ཉིན་དྲ་རྒྱའི་ཐོག་ ༼རྒྱ་ནག་གིས་སྨྱོ་ལབ་རྒྱག་དགོསདོན་གང་ཡིན་ནམ་༽ ཞེས་འགོ་བརྗོད་དུ་འཁོད་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པའི་ནང་འཁོད་དོན། ༼དེ་སྔ་རང་གི་ལྟ་གྲུབ་ཀྱི་གཞི་རྟེན་དུ་གྱུར་པའི་མར་ཁེ་སི་ལེ་ཉིན་རིང་ལུགས་དེ་རྩ་བའི་ཆ་ནས་སྐྱུར་འཇོག་བྱས་ཟིན་ཡོད་པའི་ཆ་ནས། ད་ཆ་རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་ཁྱབ་སྒྱུར་བྱེད་པའི་བཀའ་ལུང་དེ་གང་ལས་འབྱུང་བའི་ཁུངས་གཉིས་ཡོད་པ་སྟེ། དཔལ་འབྱོར་འཕེལ་རྒྱས་དང༌། མི་རིགས་རིང་ལུགས་ཀྱི་སྤོབས་པ་བཅས་ཡིན་༽ ཞེས་བྲིས་འདུག
པིཀྲར་ཧེའས་གྷརཡིས་ཀྱིས་ ༼རྒྱ་ནག་གི་མི་རིགས་རིང་ལུགས་གསར་པ་༽ ཞེས་པའི་དེབ་ཅིག་བྲིས་ཡོད་པ་དེའིནང་འཁོད་དོན། ༼ཕྱི་ལོ་ ༡༩༩༤ ལོར་ཞའོ་ཀུང་ཆིང་སྟེ། རྙིང་ཞེན་རིང་ལུགས་གསར་པའི་གྲས་ཤེས་ལྡན་མི་སྣ་ཁགསང་པོ་ཞིག་ཡོད་པ་ཁོང་གིས་དམར་པོའི་རིང་ལུགས་འཐོར་ཞིག་ཏུ་སོང་བ་དེས་ལྟ་གྲུབ་ཀྱི་ཐོག་ནས་སྟོང་ཆ་ཞིག་བསྐྲུན་ཡོད་པ་འདི་དག་ཁུང་ཙེའི་རིང་ལུགས་ལས་མཆེད་པའི་མི་རིགས་རིང་ལུགས་བེད་སྤྱོད་བྱས་ཏེ་ཁ་སྐོང་བྱ་དགོས་པའི་འདོད་ཚུལ་བཏོན་ཡོད་༽ ཅེས་དང༌།
ཡང༌། ༼མང་གཙོའི་བརྒྱུད་རིམ་ལ་བརྟེན་ནས་འོས་བསྡུ་བྱས་པའི་སྲིད་གཞུང་ཁག་དང་འདྲ་བར་ཁྲིམས་མཐུན་གྱི་གནས་བབ་མེད་པའི་ཁར། དམར་པོའི་ལྟ་གྲུབ་དེ་ཡང་འཐོར་ཞིག་ཏུ་འགྲོ་བཞིན་པའི་གནས་སྟངས་འོག རྒྱ་ནག་དམར་ཤོག་ཚོགས་པས་ ༼རྒྱལ་ཁབ་༽ དབང་སྒྱུར་བྱེད་པའི་བརྒྱུད་རིམ་ཁྲོད་ཁོང་ཚོའི་ཁྱད་ཆོས་སུ་གྲགས་པའི་མི་རིགས་རིང་ལུགས་ཀྱི་སྐུལ་སློང་བྱ་རྒྱུར་བརྟེན་ཤུགས་ཆེ་རུ་འགྲོ་གི་ཡོད་༽ ཅེས་གསལ་འདུག
ཕྱི་ལོ་ ༢༠༠༨ ཟླ་ ༤ པར་ཐོན་པའི་ཨིནཀྲརྣེཤནལ་ཧིརལཌ་ཀྲིབྱུན་ཞེས་པའི་ཚགས་ཤོག་ཐོག་རྩོམ་སྒྲིག་པའི་གཏམ་ཞིག་ནང༌། ༼རྒྱ་ནག་དམར་ཤོག་ཚོགས་པས་མའོའི་རིང་ལུགས་དེ་རང་ཉིད་ཀྱི་ལམ་སྟོན་གྱི་སྒྲོན་མེར་བརྩི་མཚམསབཞག་ཟིན་པར་བརྟེན། མི་རིགས་རིང་ལུགས་ཀྱི་བསམ་བློ་དེ་ ༼ཆིག་བསྒྲིལ་ཡོང་བའི་༽ སྤྱི་ཚོགས་ཀྱི་སྤྱིན་ཆུ་ལྟ་བུར་བརྩིས་ཏེ་སྐུལ་སློང་བྱ་རྒྱུར་ཕྱིར་བཤིག་བརྒྱབ་ཡོད་༽ ཅེས་བྲིས་འདུག
དེ་བཞིན་ཕྱི་སྲིད་ལས་དོན་ལྷན་ཚོགས་ཞེས་ཕྱོགས་ལྷུང་སྤངས་པའི་གནས་ཚུལ་དང༌། ཉམས་ཞིབ་ལྟེ་གནས་ཁང་དེའི་རྩོམ་བྲིས་ལས་བྱེད་པ་ཇེཤྲི་བྷཇོརིཡ་ནས་དཔྱད་རྩོམ་སྤེལ་དོན། ༼མཁས་པ་ཚོས་བརྗོད་གསལ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པས་ཨུ་རུ་སུའི་རྒྱལ་ཁབ་མགོ་རྟིང་ལོག་པ་དང༌། ཏེང་ཞའོ་ཕིང་གིས་རྒྱ་ནག་གི་དཔལ་འབྱོར་སྒོ་དབྱེ་བྱས་པ། ཕྱི་ལོ་ ༡༩༨༩ ལོར་མང་གཙོའི་ལས་འགུལ་གྱི་ཞི་རྒོལ་བྱུང་བ་བཅས་ཀྱི་རྗེས་སུ་མི་རིགས་རིང་ལུགས་ཀྱི་བསམ་བློ་བསྐྱར་གསོ་དར་སྤེལ་བཏང་ཡོད་༽ ཅེས་དང༌།
ཡང་ཁོ་མོས་མིཤིགྷན་གཙུག་ལག་སློབ་གྲྭའི་སློབ་དཔོན་ཀེནེཐ་ཇཱི་ལཡེབརྟལ་གྱིས་གནས་ཚུལ་བརྗོད་པ་ཞིག་ལུང་འདྲེན་བྱས་གསལ། ༼མི་རིགས་རིང་ལུགས་ཀྱི་ངོ་རྒོལ་ཁག་དོན་དམ་གྱི་ཡོངས་ཁྱབ་ཁོང་ཁྲོ་དང༌། དེ་དག་སྲིད་གཞུང་གིས་བེད་ལོག་སྤྱད་དེ་ངོ་རྒོལ་ཆེ་རུ་གཏོང་བ་བཅས་ཐུན་མོང་གི་མཇུག་འབྲས་ཡིན། རྒྱ་ནག་གཞུང་གིས་དེ་ལྟར་བྱེད་དགོས་དོན་ནི་ཁོང་ཚོས་དོན་རྐྱེན་གང་དེ་བཟོ་མཁན་དང་གྲོས་མོལ་བྱེད་སྐབས་རང་གི་འདོད་དོན་འགྲུབ་པའི་ལངས་ཕྱོགས་སྲ་བརྟན་དུ་གཏོང་རྒྱུར་དེས་རྒྱུན་ཏུ་ཕན་གྲོགས་བྱེད་ཀྱི་ཡོད་པས་ཡིན་༽ ཞེས་བརྗོད་གནས་བཀོད་འདུག
རྒྱ་ནག་དམར་ཤོག་ཚོགས་པས་རང་གི་དབང་སྒྱུར་ཐོབ་ཐང་ལ་ཡོངས་གྲགས་མི་མང་གི་རྒྱབ་སྐྱོར་ཐོབ་སླད་བོད་དུ་ངོ་རྒོལ་བྱུང་བ་དེ་དག་རྒྱ་ནག་ལ་ངོ་རྒོལ་རྒྱབ་གཏོད་བྱེད་པ་ཞིག་ཡིན་པ་དང༌། དེ་བཞིན་བོད་མིའི་ཞི་རྒོལ་ཐད་རྒྱལ་སྤྱིའི་རྒྱབ་སྐྱོར་དང༌། ཤ་ཚའི་སེམས་ཁུར་ཡོད་པའི་ཐོག་གསར་འགྱུར་གྱི་བརྒྱུད་ལམ་འདྲ་མིན་ནས་ཀྱང་བོད་ནང་གི་གནས་ཚུལ་འཕེལ་རིམ་སྐོར་ཁྱབ་བསྒྲགས་ཅི་ཆེ་བྱེད་བཞིན་པ་དེ་དག་རྒྱལ་སྤྱིའི་རྒྱ་རྒོལ་སྟོབས་ཤུགས་ཡིན་པར་སྒྲུབ་ཐབས་འབདབརྩོན་བྱེད་ཀྱི་ཡོད། རྒྱ་ནག་གཞུང་གིས་ཨོ་ལམ་པིཀའི་དཔལ་འབར་ས་གནས་གང་དུ་བསྐོར་བསྐྱོད་བྱས་པ་དེར་ངོ་རྒོལ་བྱུང་བའི་གནས་ཚུལ་ལ་ཧམ་ཤེད་ཆོན་པོས་འཁྱོག་བཤད་བྱེད་ཀྱི་ཡོད་པ་དེས་རྒྱ་ནག་ནང་ཕརནསིའི་ཐོན་ཟོག་ཉོ་སྤྱོད་མི་བྱེད་པས་མཚོན་ཕྱི་རྒྱལ་བར་སྡང་ཟུག་འཆང་བའི་ངར་སྐུལ་བྱས་ཡོད་པ་རེད།
འདིར་དཔེ་མཚོན་གཉིས་བཀོད་ན། www.atimes.com ཞེས་པའི་དྲ་གནས་ཀྱི་རྒྱ་ནག་རྩོམ་སྒྲིག་པ་ཝུའི་ཀྲུངགིས་ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༢༣ ཉིན་དཔྱད་རྩོམ་སྤེལ་དོན། ༼མི་རིགས་རིང་ལུགས་ཀྱི་བསམ་བློ་ཁྱབ་མཆེད་དུ་འགྲོ་བཞིན་པའི་དུས་སྐབས་འདིར་རྒྱ་རིགས་ཁ་ཤས་ཏེ། རྒྱ་ནག་དབུས་བརྙན་འཕྲིན་ལས་ཁང་སི་སི་ཀྲི་ཝིའི་ལེ་ཚན་དོ་དམ་པ་པའེ་ཡན་སུང་དང༌། ཀྲུང་གོའི་ན་གཞོན་ཞེས་པའི་ཉིན་རེའི་གསར་ཤོག་གི་འདྲ་དཔར་སྒྲིག་སྦྱོར་བ་ཧོ་ཡན་ཀོང་ལྟ་བུ་ནས་༼ཕརན་སིའི་ཐོན་ཟོག་ཉོ་སྤྱོད་མི་བྱེད་པའི་༽ ལས་འགུལ་དེ་ནི་ ༼རྒྱུ་མཚན་མེད་པ་༽ ཞིག་ཡིན་པར་མ་ཟད། དེས་རྒྱ་རིགས་མི་མང་གི་ཁེ་ཕན་ལའང་དོ་ཕོག་གཏོང་གི་ཡོད་ཅེས་སྙིང་སྟོབས་ཆེན་པོས་བརྗོད་མཁན་རྣམས་ལ་ཁོང་ཁྲོའི་བྲན་འོག་ཏུ་ཚུད་པའི་དྲ་གཉེར་བ་ཚོས་སྐྱོན་བརྗོད་ཀྱི་དྲག་ཆར་འབེབས་བཞིན་ཡོད་པ་རེད་༽ ཅེས་བྲིས་འདུག་པ་དང༌།
དེ་བཞིན་རྒྱ་གར་གཞུང་སྲིད་འཛིན་ལས་ཁུངས་ཀྱི་དྲུང་འཕར་ཟུར་པ་བྷི་རམཱན་ཞུ་བས་ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༢༠ ཉིན་ www.saag.org ཞེས་པའི་དྲ་གནས་ཐོག་དཔྱད་རྩོམ་སྤེལ་དོན། ༼༼བར་ལམ་༽ རྒྱ་ནག་ནང་དང༌། ཕྱི་རྒྱལ་བཅས་པར་ངོ་རྒོལ་བྱུང་བ་རྣམས་སྤྱི་ཚོགས་བདེ་འཇགས་པུའུ་སྟེ། རྒྱ་ནག་ནང་ཁུལ་གྱི་གསང་མྱུལ་དང༌། བདེ་འཇགས་ཚན་པ་དེས་བཀོད་འདོམས་དང༌། སྦྱིན་བདག་བྱེད་བཞིན་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་༽ ཅེས་བྲིས་འདུག་པ་བཅས་ཡིན།
དེང་སྐབས་བོད་ནང་བོད་མི་ངོ་རྒོལ་བྱེད་མཁན་ཚོའི་ཐོག་ ༼མི་དམངས་ཀྱི་དམག་འཐབ་༽ ཅིག་འདྲེན་རྒྱུའི་གླེང་ཕྱོགས་ཤིག་ཡོད་པ་རེད། རྒྱ་རིགས་མི་མང་གི་ཁྲོད་ནས་མི་སྒེར་སུ་གཅིག་གིས་ཀྱང་དམག་འཐབ་འདིའི་འགོ་འདོམས་བྱེད་ཆེད་མདུན་དུ་ཐོན་མེད་ནའང༌། བཀག་བསྐྱིལ་བྱས་པའི་བོད་མི་ཞི་རྒོལ་བའི་ཐོག་དབང་འཛིན་པ་ཚོས་དྲག་ཤུགས་དང༌། གདུག་རྩུབ་ཇི་ལྟར་སྤྱོད་བཞིན་ཡོད་པ་ནི་དེ་སྔ་རིག་གནས་གསར་བརྗེའི་སྐབས་མ་གཏོགས་ཐོས་མྱོང་མེད་པའི་གནས་ཚུལ་ཞིག་ཡིན་ཞིང༌། ཞི་རྒོལ་བ་ཚོར་མེ་འཕེན་དམར་བསད་གཏོང་བ་དང༌། འཛིན་བཟུང་འོག་ཚུད་པ་རྣམས་ལ་མནར་གཅོདདང་། རྡུང་རྡེག་དྲག་པོ་གཏོང་བཞིན་ཡོད་པ་རེད། དེ་བཞིན་ཞི་རྒོལ་བྱེད་ཡུལ་གྱི་དགོན་སྡེ་ཁག་ལ་དམ་བསྒྲགས་བྱས་ཏེ་བཟའ་བཏུང་གཅོད་པ་དང༌། མེ་འཕེན་རྐྱེན་ལམ་དུ་བཏང་བའི་ཕུང་པོ་རྣམས་ ཞིབ་དཔྱོད་བྱ་རྒྱུར་བསྙད་དེ་ དབོར་
འཁྱེར་བྱེད་བཞིན་ཡོད་པ་དེ་ནི་ས་ཁུལ་གྱི་བོད་མི་ཚོས་འཆི་རྐྱེན་ཤེས་སུ་མི་འཇུག་པའི་ཐབས་ཤེས་སྤྱད་པ་ཞིག་ཡིན། རྡོ་དོན་ད་ཆ་བོད་འདི་ ༼དམག་འཐབ་ཁུལ་༽ ཞིག་ཏུ་གྱུར་ཟིན་ཡོད་པ་རེད།
མི་རིགས་མཐུན་བསྒྲིལ་དང༌། འབྲེལ་མོལ་ལ་རྒྱ་རིགས་མི་མང་གི་རྒྱབ་སྐྱོར།
ཨ་རི་ཌིཡུཀ་གཙུག་ལག་སློབ་གྲྭའི་སློབ་མ་གྷེརས་ཝང་ནི་ངོ་རྒོལ་བྱེད་མཁན་རྒྱ་རིགས་སློབ་ཕྲུག་ཚོ་དང༌། བོད་དོན་རྒྱབ་སྐྱོར་བའི་བར་འགྲིག་ཆགས་ཡོང་ཐབས་བར་ཞུགས་བྱེད་མཁན་དེ་ཡིན་ཞིང༌། ཁོང་མོར་རྒྱ་རིགས་ཚོའི་ཕྱོགས་ནས་སྐྱོནབརྗོད་ངན་སྨྲ་ཤུགས་ཆེ་བྱས་ཡོད་པ་རེད། གྷེརས་ཝང་གིས་ཕྱི་ལོ་ ༢༠༠༨ ཟླ་ ༤ པར་ལོའསཨེནྗལཱིས་ཀྲཡེམས་ཞེས་པའི་གསར་ཤོག་ཐོག་རང་གི་བསམ་ཚུལ་མཚོན་པའི་ཆེད་རྩོམ་ཞིག་སྤེལ་ཡོད་པ་དེ་ཨིནྜིཡན་ཨེཀསྤེརེའས་ཞེས་པའི་ཚགས་ཤོག་ཐོག་བསྐྱར་འདོན་བྱས་འདུག དེའི་ནང་འཁོད་དོན། ༼ངས་གཙུག་སློབ་ནང་རྒྱ་རིགས་ངོ་རྒོལ་བ་དང༌། བོད་ཕྱོགས་ཀྱི་ངོ་རྒོལ་བའི་བར་འགྲིག་ཆགས་ཡོང་ཐབས་བར་ཞུགས་བྱས་པར་བརྟེན། རང་ཉིད་རྙོག་དྲའི་ནང་ཚུད་དེ་རྒྱ་རིགས་སློབ་ཕྲུག་ཚོས་སྐྱོན་བརྗོད་ངན་སྨྲ་དང༌། སྡིག་སྐུལ་དྲག་པོ་བཏང་བྱུང༌། ངོ་རྒོལ་དེའི་རྗེས་སུ་ང་ལ་དྲ་རྒྱའི་ཐོག་ནས་སྡིག་སྐུལ་བྱེདཔས་མ་ཚད། ཉེན་བརྡ་ཆེ་བའི་ཁ་དཔར་ཡང་འབྱོར་འགོ་ཚུགས་སོང༌། དེ་ནས་གནས་ཚུལ་ཇེ་སྡུག་ཏུ་སོང་སྟེ་རྒྱ་ནག་ནང་ཡོད་ངའི་ཕ་མ་གཉིས་ལའང་ཉེན་བརྡ་བཏང་རྗེས་ཁོང་གཉིས་གསང་གབ་མ་བྱེད་ཀ་མེད་ལ་གྱར་འདུག་༽ ཅེས་དང༌།
ཡང༌། ༼ང་རང་ཉལ་ཁང་དུ་འབྱོར་རྗེས་མི་རྣམས་ཀྱིས་གང་ཞིག་ཤོད་ཀྱི་ཡོད་མེད་ཤེས་ཆེད་ཌིཡུཀ་གཙུག་སློབ་རྒྱ་རིགས་སློབ་ཕྲུག་དང་མཁས་པའི་མཐུན་ཚོགས་ཀྱི་དྲ་གནས་ལ་བལྟ་ཞིབ་བྱས་པ་ཡིན། དྲ་གནས་ནང་གོང་གསལ་མཐུན་ཚོགས་ཀྱི་ལས་བྱེད་ཆན་ཧཕང་ཀྲོའུ་ཞུ་བས་དགའ་སྒོམ་དང་བཅས་ ༼ང་ཚོས་རང་གི་རང་གཤིས་ངོ་མ་དེ་ཁོང་ཚོར་བསྟན་ཡོད༽ ཅེས་བྲིས་འདུག དེ་ལ་ངས་ལན་འདེབས་ཤིག་བྲིས་པའི་ནང༌། མི་ཁ་ཤས་ཀྱིས་སྐྱོན་འཛུགས་བྱེད་པ་ལས་ལྡོག་སྟེ་ངས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཅིང༌། བོད་རིགས་དང་རྒྱ་རིགས་གཉིས་ཀའི་རང་དབང་གི་གནད་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་བྱས་པ་དང༌། དེའི་སང་ཞོགས་དྲ་ལམ་ཐོག་དཀྲོག་རྐྱེན་ཆེན་པོ་ཞིག་ལངས་འདུག ངའི་འདྲ་དཔར་དྲ་རྒྱའི་ནང་སྒྲིག་འཇོག་བྱས་འདུག་པའི་དཔྲལ་བར་ ༼རྒྱལ་འཚོང་པ་༽ ཞེས་བརྗོད་ཚིག་བཀོད་པས་མ་ཚད།
འཇིགས་དངངས་སྐྱེ་འོས་པ་ཞིག་ལ་ངའི་ཕ་མ་གཉིས་ཀྱི་སྤ་སེའི་ཨང་གྲངས་ཀྱང་བཀོད་འདུག་པས་གནས་ཚུལ་དེ་ནི་རྒྱ་རིགས་ཉེན་རྟོག་པས་མཁོ་འདོན་བྱས་ཡོད་པ་ལས་གཞན་གྱི་རག་ཐབས་མེད་པ་ཞིག་རེད་༽ ཅེས་བྲིས་འདུག
ཁོང་མོས་མུ་མཐུད་བརྗོད་དོན། ༼རྒྱ་ནག་ནང་ངའི་ཕ་མ་གཉིས་ཀྱི་ཁང་ཁྱིམ་གང་དུ་ཡོད་མེད་ཁ་ཕྱོགས་སྟོན་པའི་གནས་ཚུལ་ཞིབ་བཀོད་ཐོག མི་རྣམས་ལ་དེར་བསྐྱོད་ནས་ ཎངོ་ཚ་ཁྲལ་མེད་ཀྱི་ཁྱི་འདིར་ཎ སློབ་གསོ་ཞིག་སྤྲོད་དགོས་ཞེས་སྐུལ་མའང་བྱས་འདུག དེ་དུས་ངས་གནས་སྟངས་ཇི་ཙམ་ཛ་དྲག་གྱུར་ཡོད་པ་ཤེས་རྟོགས་བྱུང་ཞིང༌། ང་ལ་ཁ་དཔར་བཏང་སྟེ་ཚེ་སྲོག་འཕྲོག་རྒྱུའི་ཉེན་བརྡ་གཏོང་མཁན་འདུག་ལ། ངས་རང་གི་ཨ་མར་ ༼ཁ་དཔར་བརྒྱུད༽ སྐད་ཆ་ཤོད་སྐབས་ཁོ་མོ་དང༌། ངའི་པ་ལགས་སུའང་དེ་མཚུངས་ཀྱི་ཉེན་བརྡ་འབྱོར་བཞིན་འདུག་པས་གསང་གབ་བྱ་རྒྱུ་ཡིན་གནས་གསུངས་བྱུང་༽ ཞེས་བྲིས་འདུག
མཚམས་འདིར་རྒྱའི་དབང་འཛིན་པ་ཚོར་དྲན་སྐུལ་གྱི་ཚུལ་དུ་རྒྱ་རིགས་མཁས་པ་ཁག་གཅིག་ནས་བསམ་འཆར་དོན་ཚན་ ༡༢ འཁོད་པའི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་ནས་དོན་ཚན་གཉིས་ཟུར་འདོན་བྱས་ཏེ་བཀོད་ན། དོན་ཚན་བཅུ་གཅིག་པར། ༼འབྱུང་འགྱུར་འདི་ལྟ་བུའི་དོན་རྐྱེན་རིགས་མི་ཡོང་བའི་ཆེད་དུ་སྲིད་གཞུང་ནས་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་པོར་འཁོད་པའི་ཆོས་ལུགས་དད་མོས་ཀྱི་རང་དབང་དང༌། སྨྲ་བརྗོད་རང་དབང་བཅས་ལ་ངེས་པར་སྲུང་བརྩི་བྱས་ཏེ། བོད་མི་ཚོར་རང་གི་བདེ་སྡུག་གནས་ཚུལ་དང༌། རེ་བ་བཅས་གསལ་འདོན་བྱེད་ཆོག་པ་དང༌། མི་རིགས་ཡོངས་རྫོགས་ལས་གྲུབ་པའི་ཆབ་འབངས་མི་སེར་ཚོར་རང་དབང་གི་སྒོ་ནས་གཞུང་གི་མི་རིགས་སྲིད་བྱུས་ལ་སྐྱོན་བརྗོད་དང༌། བསམ་འཆར་འདོན་ཆོག་པ་ཞིག་དགོས་པ་ཡིན་༽ ཞེས་དང༌།
དོན་ཚན་མཐའ་མའམ་བཅུ་གཉིས་པར། ༼ང་ཚོས་ངེས་པར་དུ་མ་དགའ་ཞེ་འཛིན་གྱི་བསམ་བློའི་རིགས་མེད་པར་བཟོས་ཏེ་རྒྱལ་ཡོངས་སུ་འགྲིག་ཆགས་ཡོང་ཐབས་བྱེད་དགོས་པ་ལས། མུ་མཐུད་དེ་མི་རིགས་ཕན་ཚུན་དབར་འགལ་ཟླ་ཡོང་གཞི་ཆེ་རུ་གཏོང་རྒྱུའི་འདོད་ཚུལ་འཆང་གི་མེད། རང་གི་ས་སྡེ་དུམ་བུར་གཏོང་འདུན་མེད་པའི་རྒྱལ་ཁབ་ཅིག་ནས་དང་ཐོག་མི་རིགས་ཕན་ཚུན་དབར་འགལ་ཟླ་ཡོང་གཞི་ཁག་མེད་པར་བཟོ་དགོས་པར་བརྟེན། ང་ཚོས་རང་གི་རྒྱལ་ཁབ་ཀྱིདབུ་ཁྲིད་ཚོར་ཏཱ་ལའི་བླ་མ་དང་ཐད་ཀར་ཞི་མོལ་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན། བོད་རྒྱ་མི་རིགས་གཉིས་ཀའི་ཕྱོགས་ནས་ཕན་ཚུན་དབར་གྱི་ལོག་རྟོག་གནས་ཚུལ་ཁག་སེལ་ཐབས་དང༌། འབྲེལ་གཏུགས་ཡར་རྒྱས་གཏོང་ཐབས། མཐུན་བསྒྲིལ་ཡོང་ཐབས་བཅས་ལ་འབད་བརྩོན་བྱ་རྒྱུའི་ང་ཚོས་རེ་བ་བྱེད་ཀྱི་ཡོད་ལ། གཞུང་འབྲེལ་ལས་ཚན་ཁག་དང༌། གྲགས་ཆེའི་ཚོགས་སྡེ་ཁག དེ་བཞིན་ཆོས་ལུགས་ཀྱི་དབུ་ཁྲིད་མི་སྣ་ཚོས་ཀྱང་དམིགས་ཡུལ་འདི་དོན་འཁྱོལ་ཡོང་བའི་ཕྱོགས་སུ་འབད་པ་ཆེན་པོ་བསྟེན་དགོས་པ་ཡིན་༽ ཞེས་འཁོད་ཡོད་པ་རེད།
པེ་ཅིང་དུ་ཨོ་ལམ་པིཀ་རྩེད་འགྲན་འཚོག་རྒྱུར་བགེགས་བྱེད་ཀྱི་ཡོད་དམ། ཡང་ན་ཕན་གྲོགས་བྱེད་ཀྱི་ཡོད།
པེ་ཅིང་དབང་འཛིན་པ་ཚོའི་ངོས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་མུ་མཐུད་ནས་སྐྱོན་བརྗོད་བྱེད་གཞི་ཆེ་ཁག་གཅིག་ནི། གང་ཉིད་ནས་རྒྱ་ནག་ཏུ་ཨོ་ལམ་པིཀ་རྩེད་འགྲན་འཚོག་རྒྱུའི་ལས་འཆར་ལེགས་ལམ་དུ་གཏོང་གི་མི་འདུག་ཅེས་བརྗོད་ཀྱི་ཡོད་པ་དེ་ཡིན་ཞིང༌། ཁོང་ཚོས་ད་ལམ་བོད་ཀྱི་ས་ཁུལ་མང་པོའི་ནང་ཞི་བའི་ངོ་རྒོལ་གྱི་ལས་འགུལ་རིམ་པ་བྱུང་བ་དང༌། དེ་བཞིན་ཕྱི་རོལ་འཛམ་གླིང་གི་ས་ཕྱོགས་གང་དུ་ཨོ་ལམ་པིཀའི་དཔལ་འབར་བསྐོར་སྐྱོད་བྱས་པ་དེར་སྐད་འབོད་ཁྲོམ་སྐོར་བྱེད་མཁན་མང་དག་བྱུང་བ་བཅས་དཔང་རྟགས་ཀྱི་ཚུལ་དུ་བགྲངས་ཏེ། ལས་འགུལ་དེ་དག་ྋགོང་ས་མཆོག་གིས་བྱུས་འགོད་གནང་ཡོད་པའི་སྙོན་འཛུགས་བྱེད་ཀྱི་ཡོད་པ་རེད།
དོན་དངོས་ཐོག་༧གོང་ས་མཆོག་གིས་པེ་ཅིང་དུ་ཨོ་ལམ་པིཀ་འཚོག་རྒྱུར་འགོག་རྐྱེན་བཟོ་རྒྱུའི་ཚབ་ཏུ། རྒྱ་ནག་ལ་ཕྱི་ལོ་ ༢༠༠༨ ལོའི་ཨོ་ལམ་པིཀ་རྩེད་འགྲན་གྱི་མགྲོན་བདག་བྱ་རྒྱུའི་འོས་འགན་མ་སྤྲད་གོང་ནས་དེ་ལྟར་བྱེད་ཆོག་པའི་ཐོབ་ཐང་ཡོད་ཅེས་རྒྱབ་སྐྱོར་རྩེ་གཅིག་གནང་ཡོད། ཕྱི་ལོ་ ༢༠༠༡ ཟླ་ ༥ པར་ྋགོང་ས་མཆོག་ཨ་རི་ཁུལ་སོལཊ་ལེཀ་གྲོང་ཁྱེར་དུ་ཆིབས་སྒྱུར་བསྐྱངས་སྐབས་སུ། ༼གལ་ཏེ་རྒྱ་ནག་གིས་རང་གི་རྒྱལ་ཁབ་ནང་འགྲོ་བ་མིའི་ཐོབ་ཐང་གོང་སྐྱོང་བྱས་ཚེ། ཁོང་ཚོས་ཕྱི་ལོ་ ༢༠༠༨ ལོའི་ཨོ་ལམ་པིཀ་རྩེད་འགྲན་གྱི་མགྲོན་བདག་བྱེད་འཆར་ལ་ངོས་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན་༽ ཞེས་དང༌།
ཡང༌། ༼རྩེད་འགྲན་འདི་ཐད་རྒྱ་རིགས་མི་མང་ལ་སེམས་ཚོར་གང་འདྲ་ཡོད་མེད་ངོས་ནས་ཤེས་འདོད་འདུག འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཚོར་ཡང་སེམས་ཚོར་གང་འདྲ་ཡོད་མེད་ཤེས་འདོད་འདུག་༽ ཅེས་བཀའ་གནང་ཡོདཔ་རེད།
ལྷག་པར་དུ་སི་ཨན་ཨན་གསར་འགྱུར་ཁང་ནས་ཕྱི་ལོ་ ༢༠༠༡ ཟླ་ ༥ ཚེས་ ༡༡ ཉིན་གནས་ཚུལ་མཁོ་འདོན་བྱས་པར་གཞིགས་ན། ྋགོང་ས་མཆོག་གིས་འདི་སྐད་བཀའ་གནང་ཡོད་པ་སྟེ། ༼ངོས་ནས་ཁོང་ཚོའི་བསམ་ཚུལ་ཤེས་འདོད་འདུག གལ་སྲིད་ཁོང་ཚོས་རྒྱ་ནག་ནང་རྩེད་འགྲན་འདི་འཚོག་པ་ལ་བརྟེན་ནས་འགྱུར་བ་ཞིག་ཡོང་རྒྱུའི་བསམ་ཚུལ་འཆང་གི་ཡོད་ཚེ། ངོས་ནས་དེ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་༽ ཞེས་བཀའ་གནང་སྐོར་བཀོད་འདུག
༧གོང་ས་མཆོག་གིས་རྒྱ་ནག་ནང་ཨོ་ལམ་པིཀ་རྩེད་འགྲན་འཚོག་རྒྱུར་རྒྱབ་སྐྱོར་གནང་གི་ཡོད་པའི་ཆ་ནས། དེ་སྔ་ཕྱི་ལོ་ ༢༠༠༡ ཟླ་ ༧ ཚེས་ ༡༣ ཉིན་རུ་སུའི་རྒྱལ་ས་མོསོཁོར་རྒྱལ་སྤྱིའི་ཨོ་ལམ་པིཀ་ཚོགས་ཆུང་ནས་སྐབས་རྗེས༡༥མའི་རྩེད་འགྲན་འཚོག་ཡུལ་རྒྱལ་ཁབ་བམ། གྲོང་ཁྱེར་གཏན་འབེབས་ཐག་གཅོད་བྱེད་སྐབས་རྒྱ་ནག་ལ་རྒྱལ་ཁ་འཐོབ་རྒྱུར་ཕན་ཐོགས་བྱུང་ཡོད་པར་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད། དེ་ལྟར་ཡིན་པ་སི་ཨན་ཨན་གསར་འགྱུར་ཁང་ནས་ཕྱི་ལོ་༢༠༠༡ ཟླ་ ༥ ཚེས་ ༡༥ ཉིན་གནས་ཚུལ་མཁོ་འདོན་བྱས་པ་ནས་ཤེས་ཐུབ་པ་སྟེ། དེའི་ནང་ ༼བདུན་སྔོན་མར་བཙན་བྱོལ་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མས་ ༼རྒྱ་ནག་ལ་ཨོ་ལམ་པིཀ་རྩེད་འགྲན་གྱི་མགྲོན་བདག་བྱེད་པའི་འོསབབས་ལྡན་ཡོད་༽ ཅེས་གསུངས་པ་དེས་པེ་ཅིང་ལ་རྒྱལ་ཁ་ཐོབ་པའི་ཕྱོགས་སུ་འབུད་རྒྱག་ཆེ་ཙམ་ཞིག་ཐེབས་ཡོད་༽ ཅེས་འཁོད་ཡོད་པས་ཡིན།
ཕྱི་ལོ་ ༢༠༠༨ ལོའི་དབྱར་དུས་ཨོ་ལམ་པིཀའི་རྩེད་འགྲན་དེ་རྒྱ་ནག་ལ་མགྲོན་བདག་བྱེད་པའི་རྒྱལ་ཁ་ཐོབ་སྐབས་ྋགོང་ས་མཆོག་གིས་ཡོངས་བསྒྲགས་དགའ་བསུ་གནང་བར་མ་ཟད། རྒྱ་ནག་གི་འཆར་གཞི་དེར་གང་ཉིད་ནས་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་གནང་ལུགས་ཀྱང་གསུངས་ཡོད། ད་དུང་ཁོང་གིས་བཀའ་ག་རེ་གནང་ཡོད་ཅེ་ན། ༼དེ་དངཆབས་ཅིག་མི་སྒེར་དང༌། ཚོགས་སྡེ་ཁག་ནས་རྩེད་འགྲན་གྱི་གོ་སྐབས་འདི་བེད་སྤྱོད་དང་འབྲེལ་ཞི་བའི་སྒོ་ནས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཚབས་ཆེ་གཏོང་བཞིན་པ་དེ་དག་འབྱུང་འགྱུར་མཚམས་འཇོག་ཡོང་བའི་རེ་བ་དངབཅས་གསལ་སྟོན་བྱ་རྒྱུ་དེ་ནི་ཁོང་ཚོའི་ཐོབ་ཐང་ཡིན་༽ ཞེས་བཀའ་གནང་ཡོད་པ་རེད།
༧གོང་ས་མཆོག་གིས་འདི་ལོ་ ༢༠༠༨ ལོའི་གསུམ་དུས་གསུང་འཕྲིན་ནང་རྒྱ་ནག་ཏུ་ཨོ་ལམ་པིཀ་རྩེད་འགྲན་འཚོག་རྒྱུའི་ཐད་གང་ཉིད་ཀྱི་དགོངས་གཞི་བཞེངས་ཕྱོགས་གང་འདྲ་ཡོད་མེད་རྒྱས་བཤད་མཛད་ཡོད་པ་འདི་ལྟར་ཏེ། ༼འདི་ལོ་ཨོ་ལམ་པིཀ་རྩེད་འགྲན་པེ་ཅིང་དུ་འཚོག་རྒྱུར་རྒྱ་ནག་མི་མང་གིས་དགའ་སྤོབས་དང་བཅས་ཏེ་ངང་སྒུག་བྱེདབཞིན་པ་ལྟར། ངོས་ཀྱིས་ཐོག་མ་ནས་རྒྱ་ནག་ལ་ཨོ་ལམ་པིཀ་རྩེད་འགྲན་གྱི་གོ་སྐབས་སྤྲོད་དགོས་པའི་རྒྱབ་སྐྱོར་བྱས་ཡོད། འོན་ཀྱང་རྒྱལ་སྤྱིའི་རྩེད་འགྲན་འདི་རིགས་ནི་འགྲོ་བ་མིའི་རང་དབང་དང༌། འདྲ་མཉམ། མཛའ་མཐུན་སོགས་མཚོན་པའི་རྣམ་འགྱུར་ཞིག་ཡིན་སྟབས། རྒྱ་ནག་གིས་རྩེད་འགྲན་འདིའི་མགྲོན་བདག་ཡག་པོ་ཞིག་བྱེད་ཆེད་རྒྱལ་ནང་དུ་སྨྲ་བརྗོདདང་། གནས་ཚུལ་མཁོ་སྤྲོད། བསམ་ཚུལ་གསལ་བཏོན་སོགས་ཀྱི་རང་དབང་དང༌། གུ་ཡངས་ཡར་རྒྱས་གཏོང་དགོས་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་རྩེད་མོ་བ་གཏོང་རྒྱུས་མཚོན་འདི་སྐོར་རྒྱ་ནག་ལ་དྲན་བསྐུལ་བྱེད་དགོས། རྒྱལ་སྤྱིའི་ཐོགགྲོས་ཚོགས་དང༌། མི་སྒེར། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོ་ཞིག་བཅས་ཀྱིས་རྩེད་འགྲན་འདི་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་ཡོང་རྒྱུའི་གོ་སྐབས་བཟང་ཤོས་སུ་མཐོང་ནས་ལས་འགུལ་མང་པོ་ཞིག་སྤེལ་བཞིན་ཡོད་པར་ཁོང་ཚོའི་ལྷག་བསམ་ལ་ཡི་རང་བྱེད་ཀྱི་ཡོད། འོན་ཀྱང་ནན་བརྗོད་བྱེད་དགོས་པ་ཞིག་ལ་ཨོ་ལམ་པིཀ་རྩེད་འགྲན་མཇུག་འགྲིལ་རྗེས་ཀྱི་དུས་ཚོད་ལ་བསམ་ཞིབ་བྱ་རྒྱུ་གལ་ཆེ་ཡིན། རྩེད་འགྲན་འདིས་རྒྱ་ནག་མི་མང་གི་སེམས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་རྒྱུར་ངེས་པས། ཨོ་ལམ་པིཀ་རྩེད་འགྲན་གྱི་རྗེས་སུ་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་མུ་མཐུད་ཡོང་ཆེད་འཛམ་གླིང་རྒྱ་ཁྱབ་ཀྱི་ནུས་ཤུགས་འདོན་རྒྱུའི་ཐབས་ལམ་འཚོལ་དགོས་༽ ཞེས་བཀའ་གནང་ཡོད་པ་དང༌།
བར་ལམ་བོད་ནང་ངོ་རྒོལ་གྱེན་ལངས་ཀྱི་ལས་འགུལ་ཆེ་ཤོས་ཤིག་བྱུང་བ་དེ་དག་རྒྱ་ནག་གཞུང་གིས་གདུག་རྩུབ་ཆེན་པོས་དྲག་གནོན་བྱས་པའི་རྗེས་འབྲེལ་ཕྱི་ཕྱོགས་རང་དབང་ལུང་པར་པེ་ཅིང་དུ་འཚོག་རྒྱུའི་ཨོ་ལམ་པིཀ་རྩེད་འགྲན་ཆེན་མོའི་ནང་འཛམ་གླིང་རྒྱལ་ཁབ་ཁག་ནས་མཉམ་ཞུགས་བྱ་རྒྱུ་མེད་པའི་འབོད་སྒྲ་ཆེར་སྒྲོག་བྱེད་བཞིན་ཡོད་ནའང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དེ་ལྟར་བྱ་རྒྱུ་ཐལ་དྲགས་པ་རེད། རྩེད་འགྲན་ལ་འགོག་རྒོལ་རིགས་བྱ་རྒྱུ་མེད་ཅེས་ཨུ་ནན་གྱིས་གསུངས་ཡོད་པ་རེད།
རྒྱའི་དབང་འཛིན་པ་ཚོས་སྐྱོན་བརྗོད་བྱེད་གཞི་གཞན་ཞིག་ནི། བཙན་བྱོལ་བོད་གཞུང་གིས་ཕྱི་ལོ་ ༢༠༠༧ ཟླ་༥ པར་བྷར་སེལ་དུ་འཚོགས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པའི་ཐོག་པེ་ཅིང་ཨོ་ལམ་པིཀ་ལེགས་ལམ་དུ་མི་གཏོང་བའི་ལས་འཆར་བྱུས་འགོད་བྱས་ཡོད་ཅེས་བརྗོད་པ་དེ་ཡིན།
ཕྱི་ལོ་ ༡༩༩༠ ལོར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དང་པོ་འཚོགས་པ་ནས་ད་བར་བོད་དོན་རྒྱབ་སྐྱོར་བའི་ཚོགས་འདུ་ཇི་བསྡུས་ཚང་མ་བཙན་བྱོལ་བོད་གཞུང་གིས་གོ་སྒྲིག་གནང་ཡོད་པ་ནི་དངོས་ཡོད་ཀྱི་གནས་ཚུལ་རེད། ལྷག་པར་དུ་ཕྱི་ལོ་ ༡༩༩༦ ལོར་ཇརྨནིའི་རྒྱལ་ས་བྷོན་དུ་བོད་དོན་རྒྱབ་སྐྱར་ཚོགས་པའི་ཚོགས་ཆེནཐེངས་གཉིས་པ་འཚོགས་ཚུན་གྱི་ཚོགས་འདུ་ཁག་བཙན་བྱོལ་བོད་གཞུང་དང༌། ཕེཌེརིཀ་ནོམཱན་ཐེབས་རྩ་གཉིས་མཉམ་འབྲེལ་གྱི་ཐོག་ནས་གོ་སྒྲིག་གནང་ཡོད། ཚོགས་འདུ་འདི་དག་ཚང་མའི་ནང་བཙན་བྱོལ་བོད་གཞུང་དང༌། ཕེཌེརིཀ་ནོམཱནཐེབས་རྩའི་ལས་འགན་ནི་མཐུན་འགྱུར་བྱེད་མཁན་ཙམ་ཡིན་ཞིང༌། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་རང་ངོས་ནས་ཚོགས་འདུ་འདི་དག་ཚང་མའི་གྲོས་རིམ་འགོད་སྒྲིག་བྱས་ཡོད་པར་མ་ཟད། སྐབས་དེ་དག་ཏུ་ལས་དོན་འཆར་གཞི་དང་གྲོས་ཆོད་རིམ་པ་གཏན་འབེབས་བྱུང་ཡོད་པ་ཁག་གི་འགན་དབང་ཡང་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་ཐུན་མོང་ལ་ཡོད་པ་ཡིན། དོན་དངོས་ཐོག་པརག་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་འཚོག་པའི་སྐབས་སུ་བཙན་བྱོལ་བོད་གཞུང་གིས་ཁོང་ཚོའི་ཚོགས་ཆེན་གོ་སྒྲིག་གནང་རྒྱུ་དེ་བབས་འོས་ཆེ་མིན་སྐོར་བསམ་ཚུལ་འདོན་མཁན་བྱུང་བར་མ་ཟད། མཐར་ཐུག་གནདདོན་འདིའི་ཐོག་འོས་ཤོག་ཀྱང་འཕེན་དགོས་བྱུང་བའི་མཇུག་འབྲས་སུ། ཚོགས་ཕེབས་མི་འགྲོ་ཕལ་མོ་ཆེའི་ངོས་ནས་བཙན་བྱོལ་བོད་གཞུང་གིས་མུ་མཐུད་དེ་བོད་དོན་རྒྱབ་སྐྱོར་བའི་ཚོགས་འདུ་གོ་སྒྲིག་གནང་དགོས་པའི་ཐག་གཅོད་བྱུང་བ་རེད།
བཙན་བྱོལ་བོད་གཞུང་གི་ལས་འགན་ནི་གོང་སྨོས་ལྟར་བོད་དོན་རྒྱབ་སྐྱོར་བའི་ཚོགས་འདུ་ཁག་གོ་སྒྲིག་བྱ་སྒོར་མཐུན་འགྱུར་གནང་རྒྱུ་ཙམ་ཡིན་ནའང༌། ཚོགས་འདུའི་གོ་སྐབས་དང་བསྟུན་ནས་ཚོགས་ཕེབས་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་རང་གཞུང་གི་སྲིད་བྱུས་མཛད་ཕྱོགས་ཁག་ངོ་སྤྲོད་གསལ་བཤད་གནང་རྒྱུ་དང༌། དེ་བཞིན་དབུ་མའི་ལམ་གྱི་ཐབས་ཚུལ་འོག་ང་ཚོས་བོད་རིགས་ཡོངས་རྫོགས་འཛིན་སྐྱོང་གོང་བུ་གཅིག་ཏུ་བསྒྲིལ་བའི་རང་སྲིད་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་འཐོབ་རེ་བྱེད་བཞིན་པ་འདིར་ཁོང་ཚོའི་ངོས་ནས་རྒྱབ་སྐྱོར་ཡོང་བའི་འབད་བརྩོན་ཡང་གནང་གི་ཡོད་ཅིང༌། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་པརག་དང༌། བྷར་སེལ་ཚོགས་ཆེན་གཉིས་ཀར་དེ་ལྟར་གཞུང་གི་སྲིད་བྱུས་ཁག་གསལ་བཤད་གནང་ཡོད་པར་མ་ཟད། ྋགོང་ས་ཆེན་པོའི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ནས་ཀྱང་བོད་རྒྱའི་དབར་འབྲེལ་མོལ་གྱི་འཕེལ་རིམ་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད།
རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ནས་ཨ་རིའི་ཕྱི་སྲིད་ལྷན་ཁང་ཁོངས་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་པཱོལླ་ཌུབརྱནསྐི་མཆོག་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པའི་ཐོག་ངོ་ཕེབས་གནང་ཡོད་ཅེས་གནས་ཚུལ་སྤེལ་ཡོད་འདུག་ནའང༌། དོན་དངོས་ཐོག་ལྕམ་སྐུ་ཁོང་ཚོགས་ཆེན་དེའི་ནང་ཕེབས་ཞུགས་གནང་ཡོད་པ་མ་རེད། འདི་ནི་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུ་རྫུན་བཟོ་བྱེད་ཀྱི་ཡོད་པའམ། རྫུན་གཏམ་ཁྱབ་སྤེལ་གཏོང་གི་ཡོད་པའི་དཔེ་མཚོན་གསལ་པོ་ཞིག་ཡིན།
གོང་གསལ་བོད་དོན་ཚོགས་འདུ་ཁག་གི་ལས་རིམ་རྣམས་ཕྱི་གསལ་ནང་གསལ་ཡིན་ཞིང༌། ཚོགས་འདུ་དབུ་འབྱེད་དང༌། མཇུག་བསྡུའི་མཛད་སྒོ་སོ་སོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ལས་བྱེད་མི་འགྲོ་གདན་འདྲེན་ཞུ་གི་ཡོད་པའི་ནང་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་ཚན་པ་ཤིན་ཧྭ་ཡི་གསར་འགོད་པའང་ཚུད་ཡོད། སྐབས་དེ་དག་ཏུ་ཤིན་ཧྭའི་གསར་འགོད་པ་རྣམས་ཀྱིས། ཛྲཁ་བྲལ་རིང་ལུགས་པ་ཚོས་པེ་ཅིང་ཨོ་ལམ་པིཀ་རྩེད་འགྲན་ལ་འགོག་རྐྱེན་བཟོ་རྒྱུའི་བྱུས་འགོད་བྱེད་ཀྱི་འདུག་ཛྲ ཅེས་གནས་ཚུལ་འགོད་སྤེལ་བྱེད་པའི་རིགས་ནམ་ཡང་བྱུང་ཡོད་པ་མ་རེད། །