ཟླ་འདིའི་ཚེས་ ༥ ཉིན་གནས་ཚུལ་འབྱོར་བ་ལྟར་ན། མདོ་སྨད་མཛོད་དགེ་ཐང་སྐོར་སོག་ཚང་སྡེ་པ་ནས་ཡིན་པའི་བོད་མི་ཨ་སངས་ལགས་ལོ་འདིའི་གསུམ་པའི་ཚེས་ ༡༧ ཉིན་གྱི་ཞི་རྒོལ་ཆེན་མོའི་ནང་མཉམ་ཞུགས་བྱས་ཡོད་པའི་ཉེས་མིང་འོག་ཟླ་སྔོན་མའི་ཚེས་ ༢༨ ཉིན་མཛོད་དགེ་རྫོང་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག
གཞན་ཡང་དེ་སྔོན་བཙོན་འཇུག་བཀག་ཉར་བྱས་ཡོད་པའི་ཁྲོད་ནས་གྲྭ་བློ་བཟང་ཉི་མ་དང་མི་སྐྱ་དགྲ་འདུལ་གཉིས་གནས་སྐབས་རིང་གློད་གྲོལ་ཐོབ་ཡོད་ཀྱང་གྲྭ་བློ་བཟང་ཉི་མ་ལ་རྒྱ་སྒོར་ལྔ་སྟོང་གི་ཉེས་ཆད་དང་། དགྲ་འདུལ་ལ་རྒྱ་སྒོར་ཁྲི་གཅིག་གི་ཉེས་ཆད་བཏང་ཡོད་འདུག