ཕྱི་ཚེས་ ༢༥ ཉིན་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་མཛད་སྒོའི་སྟེང་༧གོང་ས་མཆོག་གིས་བོད་ཀྱི་གནད་དོན་དང་བོད་རྒྱའི་འབྲེལ་མོལ་གྱི་གནས་སྟངས་ཐད་དགོངས་འཆར་འགའ་བཏོན་པ་དེ་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ནས་འགོད་ནོར་བྱས་འདུག་ཚུལ་སྐུ་སྒེར་ཡིག་ཚང་ནས་གསལ་བསྒྲགས་དང་བཅས་གསལ་བཤད་གནང་འདུག་པ་མ་ཟད། ཉིན་དེའི་ཁོང་གི་གསུང་བཤད་ཁ་ཚང་དབྱིན་བསྒྱུར་བྱས་ནས་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་སྟེང་བཀོད་ཡོད་འདུག
དེ་བཞིན་དུ་ཉིན་དེར་སྤྱི་འཐུས་ཚོགས་གཙོ་མཆོག་ལ་གསར་འགོད་པས་བཅར་འདྲི་བྱས་སྐབས་ཁོང་གིས་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁོང་ཉིད་རྒན་ཡོལ་ཆ་ཚང་ཞུ་རྒྱུའི་གོ་བརྡ་བསྟན་པ་རེད་ཅེས་བཤད་ཚུལ་དེ་ཡང་གསར་འགོད་པས་འགོད་ནོར་བྱས་པ་རེད་ཅེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་གིས་གསལ་བཤད་གནང་འདུག
དུས་བབ་རྩོམ་སྒྲིག་པ་མི་ནག་ཚང་ལུང་རིགས་རྒྱལ་ལགས། ཁྱེད་རང་གིས་འགན་རང་འཁུར་སྡོམ་པ་རང་སྲུང་གིས་དཔེ་ལྟར་ང་ཚོ་ལ་གསལ་བཤད་གནང་བ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་རྗེས་ཕྱོགས་ཀྱང་གསལ་བཤད་བྱེད་དགོས་པའི་རིགས་བྱུང་ན་དུས་ཐོག་དུ་གསལ་བཤད་རེ་གནང་ཐུབ་པའི་རེ་སྨོན་དང་བཅས་ཁྱེད་ཅག་དུས་བབ་ལས་ཁུངས་ཀྱི་ལས་བྱེད་ཡོངས་ཀྱིས་འདི་འདྲའི་དཀའ་ཁག་དག་ལ་གདོང་ལེན་བྱེད་བཞིན་པ་དེ་ལ་ང་རང་ངོས་ནས་སྙིང་ཐག་པ་ནས་རྗེས་སུ་ཡི་རུང་ཡོད། རྗེས་ཕྱོགས་ཀྱང་གཞུང་སྒེར་གང་རུང་ནས་དཀའ་ངལ་གང་མང་ཞིག་འཕྲད་སྲིད་པ་ཡིན་ན་དེ་དག་ལ་ཆུ་མ་ཡོང་གོང་དུ་རག་ཞེས་པ་ལྟར་གྲ་སྒྲིག་ཡོད་པས་ཡིད་ཆེས་དང་བཅས་ཕུལ།
འདི་ཡ་མཚན་ལྟ་བུ་ཞིག་ཏུ་གྱུར་སོང་། ངས་ལས་རོགས་ལ་སྐད་ཆ་དྲིས་པ་ཡིན་མོད། ཁོས་ཀྱང་དྲ་ཐོག་ནས་བསུབས་མི་འདུག ཕལ་ཆེར་ལག་པ་ནོར་བ་མིན་འགྲོ་བསམ་ནའང་དེའང་མི་སྲིད་པ་ལྟ་བུ་ཞིག་རེད། མདོ་དོན་བོད་ཀྱི་དུས་བབ་ཀྱི་གཞུང་འབྲེལ་ངོས་ནས་གནས་ཚུལ་དེ་གསུབ་མེད་ནའང་དོན་དག་འདི་འདྲ་ཞིག་ཐེངས་དང་པོར་བྱུང་སོང་། རྗེས་ཕྱོགས་དྲ་རྒྱའི་དོ་དམ་ཐད་སྔར་ལས་ལྷག་པའི་གཟབ་ནན་བྱེད་གི་ཡིན། ཐུགས་རྗེ་ཆེ། རྗེས་ཕྱོགས་མུ་མཐུད་དོ་སྣང་གནང་རོགས་ཞུ།
སྐུ་སྒེར་ཡིག་ཚང་གི་གསལ་བཤད་ནང་དུ་འདི་ལྟར་བཀོད་འདུག
བོད་མི་ཚོས་བོད་ཀྱི་གནད་དོན་ཐག་གཅོད་ཕྱོགས་ལ་རྒྱ་བོད་མི་རིགས་གཉིས་ཀས་ངོས་ལེན་བྱེད་ཐུབ་པའི་ལམ་ཁ་ཞིག་དུས་ཡུན་རིང་མོ་ནས་བཙལ་བ་ཡིན། འདི་ལ་སྲིད་གཞུང་ཁག་ཅིག་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དགའ་མོས་བྱས་ཡོད་ལ། དེ་བས་ཀྱང་གལ་ཆེ་བ་ཞིག་ལ། རྒྱ་ནག་གི་ཤེས་ཡོན་པ་མང་པོའི་ཁྲོད་ནས་རྒྱབ་སྐྱོར་ཐོབ་ཡོད། ཅེས་དང་།
སྟབས་ཉེས་པ་ཞིག་ལ། ང་ཚོའི་གྲོས་མགོ་འདི་ལ་རྒྱ་ནག་གི་དབུ་ཁྲིད་ཚོའི་ངོས་ནས་ད་བར་དུ་བཟང་ཕྱོགས་ཀྱི་ལན་འདེབས་ཤིག་སླེབས་མ་སོང་བ་དང་། གནད་དོན་འདི་དོན་དངོས་དང་མཐུན་པ་ཞིག་གི་ཐོག་ནས་བཤད་འདོད་མེད་པ་འདྲ། ལོ་འདིའི་ཕྱི་ཟླ་ ༣ པའི་མགོ་ནས་བཟུང་། ལྷ་ས་དང་བོད་མིའི་ས་ཁུལ་མང་པོ་ཞིག་ནས་ངོ་རྒོལ་དང་རྔམ་སྟོན་གྱི་ལས་འགུལ་རིམ་པ་མང་པོ་ཞིག་བྱུང་བ་རེད། འདི་ནི་ལོ་བཅུ་ཕྲག་ལྔ་ཙམ་གྱི་རིང་གུང་ཁྲན་ཏང་གིས་བཙན་གནོན་གྱིས་དབང་བསྒྱུར་བྱས་པ་དེར་བོད་མི་རྣམས་འདོད་བློ་མ་ཁེངས་པ་དང་། སེམས་གཏིང་ལ་ཡོད་པའི་ཁོང་ཁྲོ་དེ་འགོག་མེད་དུ་བསྟན་པ་ཞིག་རེད། ཅེས་བཀོད་འདུག་ལ།
དེ་བཞིན། རྒྱ་ནག་གཞུང་གིས་ངོ་རྒོལ་འདི་དག་ཏཱ་ལའི་བླ་མས་བརྒྱུད་སྐུལ་བྱས་པ་རེད་ཅེས་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་ཚུར་སྐྱོན་འཛུགས་བྱས་པར་བརྟེན། ཁོང་གིས་བྱས་ཉེས་འདི་དག་གི་ཐད་རྟོག་ཞིབ་གསལ་བོ་ཞིག་བྱེད་རོགས་ཞེས་ཞུས་པ་མ་ཟད། རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་གཞུང་གི་ཡིག་ཚང་དང་ཡིག་ཆ་ཁག་བསྔོག་ཆོག་པའི་ལམ་ཁའང་བསྟན་པ་རེད། ད་བར་དུ་འདི་ལའང་ཉན་འཇོག་བྱས་མེད། ཡིན་ཡང་། ཉིན་དེ་ནས་བཟུང་བོད་ནང་གི་གནས་སྟངས་ནི་ཛ་དྲག་ཆགས་གིན་ཡོད། དེར་བརྟེན། རྒྱལ་བ་རིན་པོ་ཆེས་གསུངས་དོན། ད་ལྟའི་རྒྱ་ནག་གི་དབུ་ཁྲིད་ཚོས་བདེན་པ་དང་གནས་ལུགས། ཀུན་མཐུན་གྱི་བསམ་བློ་ཙམ་ལ་ཡང་འདོད་མོས་བྱེད་ཀྱི་མེད་ན་ཁོང་ཉིད་གཅིག་པུས་འགན་ལྗིད་པོ་འདི་མུ་མཐུད་འཁུར་རྒྱུ་ནི་ལྕོག་གི་མི་འདུག རྒྱ་ནག་གི་དབུ་ཁྲིད་ཚོའི་ཕྱོགས་ནས་བཟང་ཕྱོགས་ཀྱི་ལན་འདེབས་ཅི་ཡང་མ་སླེབས་པར་བརྟེན། རྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་ལ། ཁོང་ཉིད་ནས་ཐག་གཅོད་ཅིག་རྙེད་རྒྱུར་རོགས་རམ་ཐུབ་ཀྱི་མེད་དུས། ད་ནི་ལམ་ཁ་བཀག་བསྡད་ན་མི་འགྲིག་པའི་དགོངས་ཚུལ་སླེབས་པ་རེད། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁོང་ཉིད་ནས་བོད་ཀྱི་གནད་དོན་ཐག་གཅོད་ཕྱོགས་ལ་སྐུ་ལས་སྐྱོན་པ་དེར་གྲུབ་འབྲས་ཤིག་འཐོན་གི་ཡོད་མདོག་མདོག་བྱས་ནས་བཞུགས་བློ་མ་བཟོད་པ་རེད།
འདི་དག་ལ་བརྟེན། ཕྱི་ཟླ་དགུ་བའི་ཚེས་ ༡༡ ཉིན་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ང་ཚོའི་མ་འོངས་པའི་འཐབ་རྩོད་འདི་དངོས་ཡོད་དང་འཚེ་མེད་ཞི་བའི་ལམ་ནས་རྩོད་ཐུབ་རྒྱུར་ངོ་འཕྲོད་པའི་ཆེད་དུ་དམིགས་ནས་བཙན་བྱོལ་སྤྱི་ཚོགས་ནང་གི་བོད་མི་ཐམས་ཅད་འཛོམས་ཏེ་དམིགས་བསལ་གྱི་ཚོགས་ཆེན་ཞིག་སྐོང་སྟེ་གོ་བསྡུར་བགྲོ་གླེང་ལྷུག་པོ་ཞིག་ཡོང་དགོས་པའི་འབོད་སྐུལ་གནང་བ་རེད། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་མཇུག་སྡོམ་གནང་དོན། ཚང་མས་བཤད་ནས་སྒྲུབ་ནས་ཚར་བ་ཡིན་ན། མཐའ་མཇུག་བོད་མི་རིགས་ཀྱི་མ་འོངས་པ་དེ་ནི་བོད་མི་ཚོ་རང་ཉིད་ནས་ཐག་གཅོད་དགོས་པ་རེད། ཅེས་གསལ་བཤད་གནང་འདུག
དེ་གསལ་བོ་རེད། ཡིན་ནའང་དུས་བབ་ཀྱིས་ཉིན་དེའི་མཛད་སྒོའི་སྐོར་གྱི་གནས་ཚུལ་ཆ་ཚང་ད་སྔོན་ཕྱིར་བསྡུ་བྱས་འདུག་པས་དེ་ག་རེ་ཡིན་ནམ་བསམ་བྱུང་།
འགོད་ནོར་ཐེབས་འདུག་ཅེས་པ་དེ་བོད་པའི་གསར་འགོད་པ་ཚོར་བཤད་ཀྱི་མེད་པ་འདྲ། ནོར་བ་དེ་ཕྱི་རྒྱལ་གྱི་གསར་ལམ་ཁག་ཏུ། ཏཱ་ལའི་བླ་མས་བོད་ཀྱི་གནད་དོན་ཐག་གཅོད་ཕྱོགས་ཀྱི་ཐབས་ལམ་དེ་མཚམས་འཇོག་བྱེད་ཀྱི་ཡོད་སྐོར་དང་། ཏཱ་ལའི་བླ་མས་ཁོང་ཉིད་ཀྱི་ཐུགས་རེ་བརླག་སོང་ཞེས་གསུངས་ཚུལ་བཀོད་པ་དག་རེད།
ཀློག་མཁན་གྱི་བསམ་ཚུལ་ལ་ཉན་ཤེས་གནང་བར་ཐུགས་རྗེ་ཆེ།
བོད་ཀྱི་དུས་བབ་ཀྱིས་ཉིན་དེའི་མཛད་སྒོའི་ཐོག་གི་གནས་ཚུལ་ཁག་གཉིས་བཏོན་པའང་ཕྱིར་འཐེན་བྱས་འདུག དེ་ལ་གསལ་བཤད་མེད་པ་ག་རེ་ཡིན་ནམ། ཁྱེད་ཚོས་བཏོན་པའི་གནས་ཚུལ་ལ་ཡིད་ཆེས་བློས་འགེལ་གྱིས་ཤེས་རིག་སྲིད་ཇུས་ཐོག་ལ་བསམ་ཚུལ་བཤད་པ་ཡིན། གནས་ཚུལ་འགོད་ནོར་ཐེབས་ཡོད་ན་གང་དང་གང་འགོད་ནོར་ཐེབས་པ་གསལ་བོ་བཟོ་རོགས། དེ་མིན་ན་མགོ་འཐོམས་ཀྱི་འདུག
ག་རེ་བྱས་ནས་འགོད་ནོར་ཐེབས་པ་ཡིན་མིན་གྱི་ཐད་དུ་གནས་ཚུལ་གསལ་བོ་ཞིག་གནང་རོགས་ཞུ། རྒྱུ་མཚན་གང་གིས་དབང་ལ་བརྟེན་ནས་འགོད་ནོར་ཐེབས་པ་ཡིན་ནམ། འགོད་ནོར་ཐེབས་ཡོད་ན་ནོར་མེད་པའི་འགོད་སྟངས་ག་རེ་རེད། གསུང་རོགས་ཞུ་ཞུ་ཞུ།