མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གླང་ཀོག་བཟི་བོས་མི་བསད་པ།

བོད་ཀྱི་དུས་བབ།
༢༠༠༨/༡༠/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༣༠ ཉིན་གྱི་ཞོགས་པར་གླང་ཀོག་ར་བཟི་བ་ཞིག་གིས་རྒས་འཁོགས་ལོ་བདུན་ཅུ་ཅན་ཞིག་ལ་བརྡུངས་ཏེ་བཀྲོངས་པ་དང༌། གྲྭ་པ་ཞིག་ལ་ཚབས་ཆེའི་རྨས་སྐྱོན་བཟོས་ཏེ་སྨན་ཁང་དུ་བསྐྱལ་ཡོད་འདུག

 ཁ་པར་བརྒྱུད་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ལྷོ་ཕྱོགས་འབྲས་སྤུངས་དགོན་དུ་རྒྱ་གར་གྱི་གླང་ཀོག་ར་བཟི་བ་ཞིག་གིས་མོན་གྷོ་གཞིས་གྲོང་བདུན་པའི་རྒས་འཁོགས་ལོ་ ༧༠ བརྒལ་བ་ཞིག་བཀྲོངས་པ་དང༌། གྲྭ་པ་ཞིག་ལ་ཚབས་ཆེའི་རྨས་སྐྱོན་བཟོས་ཏེ་ད་ལྟ་ཧོབ་ལིའི་སྨན་ཁང་ཞིག་ཏུ་མྱུར་སྐྱོབ་བྱེད་དུ་ཕེབས་དགོས་བྱུང་ཡོད་འདུག གླང་ཀོག་དེ་ཉེ་འཁོར་གྱི་རྒྱ་གར་ཡུལ་མི་འགས་ཁྲིད་ཡོང་ཡོད་པ་དང༌། དེ་ནི་རྒྱ་གར་གྱི་ལོ་གསར་ལུགས་སྲོལ་ལྟར་གླང་ཀོག་གི་སྐེར་རྒྱན་གོས་དང་དངུལ་དངོས་སོགས་འདོགས་སྲོལ་ཡོད་ཅིང༌། གླང་ཀོག་ཁྲིད་དེ་གཞན་དུ་དངུལ་སློང་བར་འགྲོ་སྲོལ་ཡང་ཡོད་པ་ལྟར་འབྲས་སྤུངས་བླ་སྤྱིའི་ཆོས་རའི་ནང་དུ་སློང་རྒྱག་ཏུ་ཁྲིད་ཡོང་ནས་ཆོས་རའི་ནང་གི་ཤིང་སྡོང་ཞིག་ཏུ་བཏགས་ཡོད་ཅིང༌། གླང་ཀོག་ལ་ཆང་བླུད་དེ་བཟི་རུ་བཅུག་ཡོད་འདུག ཆང་ལྡུད་པ་ནི་གླང་ཀོག་དེའི་སྐེ་རུ་བཏགས་པའི་རྒྱན་གོས་དང་དངུལ་དངོས་རྣམས་ཡུལ་མི་སུས་ལེན་ཐུབ་ཀྱང་ལེན་ཆོག་པ་དང༌། སུ་ལེན་ཐུབ་ན་དེས་ཁྱེར་འགྲོ་ཆོག་པ་ཞིག་ཡིན་སྟབས་གླང་ཀོག་བཟུ་རུ་བཅུག་ཡོད་འདུག

 ཡིན་ནའང༌། སྟབས་མ་ལེགས་པ་ཞིག་ལ་གླང་ཀོག་དེ་བཏགས་ས་ནས་ཤོར་ཡོད་འདུག་ལ། སྐབས་དེར་ཆོས་གྲྭ་ཚོགས་སྐབས་སུ་འཁེལ་ཡོད་སྟབས་སྲང་བར་གྱི་གྲྭ་མང་ཁྲོད་བརྒྱུགས་ཏེ། གྲྭ་པ་ཞིག་ལ་བརྡུངས་ནས་རྨས་སྐྱོན་བཟོས་རྗེས། རྒྱ་ལམ་དུ་བརྒྱུགས་ནས་སྒོ་མང་གྲྭ་ཚང་གི་ཟ་ཁང་ཉེ་འགྲམ་དུ་རྒས་འཁོགས་ལོ་ན་བདུན་ཅུ་ཅན་དེར་བརྡུངས་ཏེ་བཀྲོངས་པ་དང༌། གྲྭ་པ་གཞན་ཁག་ཅིག་ལའང་བརྡུངས་ཡོད་ཀྱང་ཚབས་ཆེའི་རྨས་སྐྱོན་གང་ཡང་བཟོས་ཡོད་མི་འདུག

འདི་གའི་གསར་འགོད་པ་ཨ་རིག་འགྱུར་མེད་ཀྱིས་རྒྱ་གར་ལྷོ་ཕྱོགས་ནས་བཏང༌།

 

འབྲེལ་ཡོད་གསར་འགྱུར།

བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

ཆུ་ཚོད་ ༡ སྔོན་ལ།
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

ཆུ་ཚོད་ ༡ སྔོན་ལ།
སྐབས་ ༢༠ པའི་ཨེ་ཤ་ཡའི་མཆོང་རྒྱུག་འཕེན་གསུམ་གྱི་འདེམས་སྒྲུག་འགྲན་ཚོགས་ཐོག་བོད་ཀྱི་རྒྱང་རྒྱུག་པ་ཚེ་རིང་མཚོ་མོ་ལགས་ཀྱིས་ཨང་དང་པོ་བླངས། དྲ་ལམ་གྱི་པར། ༢༠༢༦།༠༥།༢༥
Mobile App

བོད་ཀྱི་རྒྱང་རྒྱུག་རྩེད་འགྲན་པ་གཉིས་ཨེ་ཤ་ཡའི་རྩེད་འགྲན་ནང་ཚུད།

ཆུ་ཚོད་ ༤ སྔོན་ལ།
Front Slider

བོད་མི་དམངས་འཆིང་བྱེད་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད།

ཆུ་ཚོད་ ༤ སྔོན་ལ།
Front Slider

Long-life prayer offereing to His Holiness by two associations

ཆུ་ཚོད་ ༤ སྔོན་ལ།
ttt
Front Slider

བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༢༥ འཁོར།

ཆུ་ཚོད་ ༤ སྔོན་ལ།

མཆན། 3

  1. ཨ་རིག་འགྱུར་མེད། says:
    ལོ་ 18 སྔོན།

    དྲ་གྲོགས་གད་སྙིགས་ཁྲོད་ཀྱི་ནོར་བུ་ལགས། གསར་འགྱུར་ཟེར་བ་ནི་གསར་དུ་བྱུང་བའི་འགྱུར་བ་ཞིག་ལ་གོ་ན་འགྲིག་ཅིང་། གསར་འགོད་པས་གནས་ཚུལ་གསར་བ་ཞིག་མི་མང་ལ་སྒྲོག་རྒྱུར་འབད་གི་རེད། ཡིན་ནའང་། གསར་དུ་བྱུང་བའི་གནས་ཚུལ་དེ་རིམ་གྱིས་འགྱུར་ཅིང་འཕེལ་བ་ལས། བྱུང་མ་ཐག་ནས་མཇུག་བསྡུ་བའི་གསར་འགྱུར་དཀོན་པོ་རེད། དཔེར་ན། དང་ཐོག་གླང་ཀོག་ར་བཟི་བས་མི་བསད་པ་རེད། སྐབས་དེར་གླང་ཀོག་གིས་མི་བསད་པ་དེ་གསར་འགྱུར་ཆགས་པ་རེད། དེ་ནས་རིམ་གྱིས་གླང་ཀོག་དེ་སུའི་ཡིན་མིན་དང་ར་བཟི་ཡོད་མེད་རྩད་བཅད་པ་རེད། ད་དུང་མཇུག་མཐར་གླང་ཀོག་གིས་བསད་པའི་བགྲེས་པོའི་ནང་མིར་ཇི་ལྟར་ཀུན་གསབ་བྱེད་པ་དང་། སྨན་ཁང་དུ་བསྐྱལ་བའི་གྲྭ་པ་དེར་སྨན་རིན་ཇི་ལྟར་སྤྲོད་མིན་ནི་མཐའ་མའི་ཐག་གཅོད་རེད།
    ཡང་གནས་ཚུལ་འདི་འདི་ལྟར་སྟབས་བདེ་བོའི་ངང་མཇུག་སྒྲིལ་མི་སྲིད་པར་རྙོག་འཛིང་ཆེན་པོ་ཞིག་གི་རྒྱུ་རུ་འགྲོ་སྲིད་པ་རེད། གང་ལྟར་ཡང་སྤྱི་སྡོམ་ཐུང་ངུ་ཞིག་བྱས་ཏེ། འདི་ལྟར་མཇུག་སྒྲིལ་བའི་དབང་དུ་བཏང་ཡང་། གསར་འགོད་པས་གནས་ཚུལ་འདི་ཁྲིམས་ཁང་ཞིག་ནས་ཐག་བཅད་དེ། ཁྱབ་བསྒྲགས་མ་བྱས་པར་བསྒུག་དགོས་ཚེ། གསར་འགྱུར་འདི་གནས་ཚུལ་རྙིང་བ་ཆགས་ཚར་བ་རེད། དེ་ལ་གསར་འགྱུར་ཟེར་གི་མ་རེད། གནས་ཚུལ་དེ་ཐག་བཅད་ཚར་བ་རེད་ཅེས་བརྗོད་གི་རེད།

    Reply
  2. གད་སྙིགས་ཁྲོད་ཀྱི་ནོར་བུ། says:
    ལོ་ 18 སྔོན།

    གསར་འགོད་པ་ལགས། གནས་ཚུལ་སྤེལ་བར་དགའ་བསུ་ཞུ། འོན་ཀྱང་གནས་ཚུལ་གང་མ་སྦེལ་གོང་གཟབ་པར་བརྩོནརོགས།

    Reply
  3. ཨ་རིག་འགྱུར་མེད། says:
    ལོ་ 18 སྔོན།

    གནས་ཚུལ་འདི་དེ་རིང་ཞོགས་པའི་ཆུ་ཚོད་ ༩ ཙམ་ལ་ཤེས་རྟོགས་བྱུང་བ་ཡིན། ཡིན་ནའང་། ད་ལྟ་འདིར་འགྱུར་ལྡོག་ཅིག་བྱུང་འདུག ཡང་བསྐྱར་ཁ་པར་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན་གླང་ཀོག་དེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཡིན་པ་དང་། དེ་ཁྲིད་ཡོང་མཁན་གྱི་ཡུལ་མི་རྣམས་ཀྱང་སྒོ་མང་གྲྭ ཚང་གི་གླང་རྫི་རྣམས་ཡིན་འདུག་ལ། གླང་རྫི་བ་རྣམས་ལ་ལྟ་རྟོགས་བྱེད་མཁན་གྱི་གྲྭ་པ་རྣམས་ཀྱིས་གླང་ཀོག་དེར་ཆང་བླུད་མེད་ལུགས་དག་ཐེར་བྱས་འདུག་ལ། ཁོང་ཚོས་མནའ་སྐྱེལ་དམ་འཇོག་བྱ་དགོས་ཀྱང་ཡུལ་མི་དེ་ཚོས་གླང་ཀོག་དེར་ཆང་བླུད་མེད་པ་ར་སྤྲོད་བྱ་རྒྱུ་ཡོད་ཅེས་བརྗོད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese