མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནས་འབྱོར་བའི་འཕྲིན།

བོད་ཀྱི་དུས་བབ།
༢༠༠༨/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp
ང་ཚོས་གཟབ་ནན་གྱིས་འདང་རྒྱག་པའི་དོན།

བོད་ནས་འབྱོར་བའི་འཕྲིན། 

 སྟོང་ངོ་ལོ་བརྒྱད་ཀྱི་བར་དུ་ང་ཚོས་ཅི་ཞིག་ལ་འཐབ་རྩོད་བྱས་པ་དང་ཅི་ཞིག་གི་དམ་བཅའ་བཟུང་བ་ཡིན་ནམ། ང་ཚོས་དབུ་མའི་ལམ་དང་ཆེས་མཐོའི་རང་སྲིད་རང་སྐྱོང་། ད་དུང་རང་བཙན་སོགས་གླེང་བ་རེད། འོ་ན་ང་ཚོས་ལམ་ལུགས་འདི་བཅོས་སྒྱུར་བྱ་དགོས་ཚེ་མེས་པོ་དག་གི་སྐབས་སུ། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་ཅེས་པ་ལྟར་འགྲོ་དགོས་སམ། ཡང་ན། གྲོས་མཐུན་བཅུ་བདུན་པ་ལས། བོད་མི་དམངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མེས་པོའི་རྒྱལ་ཁབ་ཁྱིམ་ཚང་ཆེན་པོའི་ནང་ལོག་དགོས། ཞེས་པའི་ནང་དོན་འདི་ཁས་ལེན་དགོས་སམ།

ང་ཚོས་གླེང་བཞིན་པའི་ཆེས་མཐོའི་རང་སྲིད་རང་སྐྱོང་དེ། གྲོས་མཐུན་བཅུ་བདུན་གྱི་དོན་ཚན་ ༡༡ པའི་ནང་། བོད་ཀྱི་ལམ་ལུགས་སྣ་ཚོགས་ལེགས་བཅོས་བྱེད་རྒྱུའི་སྐོར་ལ་ཀྲུང་དབྱང་ནས་བཙན་ཤེད་མི་བྱེད་པར། བོད་ས་གནས་སྲིད་གཞུང་རང་ནས་ལེགས་བཅོས་བྱེད་རྒྱུ་དང༌། མི་དམངས་ཀྱིས་ལེགས་བཅོས་བྱེད་དགོས་ཞུ་དུས། བོད་ཀྱི་འགོ་བྱེད་རྣམས་དང་གྲོས་བསྡུར་གྱི་ཐབས་ཤེས་ལ་བརྟེན་ནས་ཐག་གཅོད་རྒྱུ། ཞེས་པའི་ཚན་པ་འདི་དང༌། དོན་ཚན་དགུ་བར། བོད་ཀྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་སྟེ་རིམ་གྱིས་བོད་རིགས་ཀྱི་སྐད་ཆ་དང༌། ཡི་གེ་སློབ་གྲྭའི་སློབ་སྦྱོང་གོང་འཕེལ་དུ་གཏོང་རྒྱུ། ཞེས་པ་སོགས་ཁ་མིན་དོན་གྱིས་ལག་བསྟར་བྱེད་ཐུབ་པ་བྱུང་ན་ང་ཚོས་བཏོན་པའི་རེ་བ་དེ་ཚིམ་གི་ཡོད་དམ། ད་སྐབས་ཁུལ་སོ་སོ་ན་རང་སྐྱོང་སྲོལ་ཡིག་ཅེས་པ་ཞིག་བཞག་འདུག་པ་དེ་དང་ཁྱད་པར་ག་ཙམ་མཆིས་སམ།

བློ་ཤིན་ཏུ་མ་བསྒྲིམས་ཚེ་དཔལ་འབྱོར་གྱི་རོགས་རམ་དང༌། གང་འཚམ་གྱིས་སྐད་དང་ཡི་གེ་གོམས་སྲོལ་སོགས་ལའང་བདག་པོ་རེ་བརྒྱག་ངེས་པས། དེ་དུས་སྐད་ཆ་ཅི་ཞིག་བཤད། བྱེས་གྱར་བ་དག་གི་སློབ་གྲྭའི་ཁོར་ཡུག་གི་བོད་ཀྱི་འདུ་ཤེས་དང་བོད་ཡིག་གི་ཆུ་ཚད་ལའང་མཉམ་འཇོག་དགོས། གལ་ཏེ་རང་དབང་ཡིན་པའི་ས་ན་སྡོད་པའི་སློབ་མའི་བོད་ཡིག་གི་སྤུས་ཚད་དང༌། གཞིས་སྡོད་བོད་མིའི་སློབ་གྲྭའི་བོད་ཡིག་གི་སྤུས་ཚད་གཉིས་བསྡུར་ན།དོན་དམ་གྱིས་གང་མཐོ་བའི་ཚད་ཤིང་དེ་ཤེས་དགོས། དེ་ལ་དཔྱོད་པ་ཙམ་ཡང་མེད་པར་བོད་ཀྱི་སྐད་དང་ཡི་གེ་ཞེས་ཁ་སྟོང་ནང་ནས་ཚིག་སྟོང་ལབ་ན། ནམ་ཞིག་བུ་ལོན་དེ་རང་མགོ་གཅོག་བྱེད་དུ་འགྲོ་ཉེན་ཡོད་པས་རྩ་ཁྲིམས་དང་བཅའ་ཁྲིམས་སོགས་དེའི་ཐད་ཀྱི་གསལ་བསྒྲགས་རེ་ཡོད་ན་ལེགས། མདོ་དོན་ནི་ང་ཚོས་ཅི་ཞིག་ཐག་གིས་གཅོད་ནའང་ཐོག་མར་སྐད་དང་ཡི་གེ་གཉིས་ཀྱི་ལམ་རྒྱུགས་འདི་གཙོ་བོ་བྱ་དགོས་པར་སྙམ། དེ་ལས་གཞན་ཆོལ་ཁ་དང་གྲུབ་མཐའི་ཁ་འཛིན་མེད་པར་གཅིག་སེམས་གཅིག་ལ་འཁེན་གཅིག་བློ་གཅིག་ལ་གཏད་ནས་དམིགས་ཡུལ་གང་མང་ཞིག་ལ་མཐུན་སྒྲིལ་ཤོག

ཨ་མདོ་རིག་པའི་གྲོང་ནས་རོང་བོ་དགེ་འདུན་ལྷུན་གྲུབ་གྱིས་ ༢༠༠༨ ཟླ  ༡༡ ཚེས་ ༣  ཉིན།

 

 

 

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༡༦ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦

མཆན། 3

  1. འཁྱམས་པོ། says:
    ལོ་ 17 སྔོན།

    ད་དུང་ང་ཚོ་བོད་པ་ཚང་ལ་འདི་འདྲའི་ལུགས་སྲོལ་ཞིག་ཆགས་ཡོད་པ། གཞིས་བྱེས་སུ་ཡི་ཤེས་ཚད་མཐོ་དམན་དང་ཕྱི་ནང་གང་གིས་བོད་དོན་འཇོན་མིན་སོགས་མང་པོ་ཞིག་བཤད་བསྡད་པ་དེས་ང་ཚོ་ལ་ཇི་ཕན། དེ་ལས་གཅིག་གིས་གཅིག་ལ་བསམ་ཤེས་ཀྱིས་ཁུར་ལ་བབས་པའི་འགན་འཁྲི་དེ་ལ་ཧུར་ཐག་རེ་བྱེད་རྒྱུ་དེ་གལ་ཆེ་བ་མ་རེད་དམ། ང་ཚོས་བོད་ཤེས་རིག་དེ་བོད་གཞིས་ནས་ཐོན་དེ་བྱེས་ལ་གྱེས་པ་ཞིག་ཡིན་པས་དེའི་རྨང་གཞི་གཞིས་ལ་ཡོད་ཕྱིར་གཞིས་སྡོད་བོད་སློབ་ཚོའི་ཤེས་ཚད་མཐོ་པ་ཡོད་པའམ་ཡོད་དགོས་པར་སྙམ། རང་དབང་ལུང་པར་ཡོད་པའི་བོད་པའམ་བོད་སློབ་ཚོ་ལའང་དཀའ་ངལ་མེད་པ་མ་རེད་ང་ཚོ་སྐྱབ་བཅོལ་པ་ཡིན་པས་ཆ་ནས་རང་དབང་ས་ནས་ཀྱང་གཞན་དབང་ཞིག་ལ་རྟེན་དགོས་ཕྱིར་ཁོར་ཡུག་དང་གནས་སྟངས་གི་དབང་གིས་ངོས་ཤུགས་བརྒྱུད་གསུམ་ཀུན་ནས་གཞན་སྐད་རིག་པས་བཙན་འཛུལ་ཞིག་གིས་འོག་གནས་བསྡད་ཡོད་པ་རེད། འོན་ཀྱང་གཞིས་སྡོད་སྤུན་ཟླ་ཁོས་གསུང་པ་བཞིན་བོད་གཞུང་དམངས་ལས་བྱེད་དང་སློབ་གྲྭའི་དབུ་ཁྲིད་རྣམ་པས་ཁ་ནས་ཤོད་པ་ཙམ་མིན་པར་ལག་ལེན་བསྟར་རྒྱུ་གཙོ་གལ་ཆེ་པར་སྙམ།

    Reply
  2. འཁྱམས་པོ། says:
    ལོ་ 17 སྔོན།

    བོད་བོད་ཡུལ་ན་སྐྱིད་དང་། རྒྱ་རྒྱ་ཡུལ་ན་སྐྱིད་ཞེས་པའི་ཚིགས་གྲུབ་འདི་ལ་ང་ཚོས་གོ་བ་ཇི་ལྟར་ལེན་དགོས་སམ།
    དེ་ནི་རྒྱ་ནག་གིས། བོད་མི་དམངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མེས་པོའི་རྒྱལ་ཁབ་ཁྱིམ་ཚང་ཆེན་པོའི་ནང་ལོག་དགོས་ཞེས་པ་དེ་ལ་ཡང་གོ་གཞན་ཞིག་མེད་དམ།

    Reply
  3. དབྱངས་ཅན་རོལ་བའི་འོ་མཚོ་། says:
    ལོ་ 17 སྔོན།

    རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་ཅེས་པ་ལྟར་འགྲོ་དགོས་གྲོས་མཐུན་བཅུ་བདུན་པ་ལས། བོད་མི་དམངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མེས་པོའི་རྒྱལ་ཁབ་ཁྱིམ་ཚང་ཆེན་པོའི་ནང་ལོག་དགོས། ཞེས་པའི་ནང་དོན་འདི་ཁས་ལེན་་མ
    དགོས་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese