མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲེལ་མོལ་ཐེངས་བརྒྱད་པའི་གྲུབ་འབྲས་བཤད་རྒྱུ་མིན་ཟེར།

བོད་ཀྱི་དུས་བབ།
༢༠༠༨/༡༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཐེངས་སྔོན་མ་དག་གི་སྐབས་སུ་སྐུ་ཚབ་རྣམ་གཉིས་ཕྱིར་བཞུགས་སྒར་དུ་འབྱོར་མ་ཐག་ཕོ་བྲང་དུ་བཅར་ཏེ། ༧གོང་ས་མཆོག་དང་བཀའ་བློན་ཁྲི་བར་སྙན་སྒྲོན་ཞུས་རྗེས། ཡོངས་ཁྱབ་ཀྱི་གསར་འགོད་གསལ་བསྒྲགས་སྤེལ་སྲོལ་ཡོད་ནའང༌། ཐེངས་འདིར་༧གོང་ས་མཆོག་དང་བཀའ་བློན་ཁྲི་བ་གཉིས་ངྷ་སར་བཞུགས་མེད་སྟབས། རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་རྒྱ་གར་ལྡི་ལི་གསར་བ་ནས་ཐེངས་འདིའི་གྲོས་མོལ་གྱི་ནང་དོན་ཁག་ཟླ་མཇུག་གི་དམིགས་བསལ་ཚོགས་ཆེན་བར་ཕྱིར་བསྒྲགས་བྱ་རྒྱུ་མིན་ཚུལ་གསལ་བསྒྲགས་བྱས་འདུག

ཕྱི་ཚེས་ ༦ ཉིན་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་བ་ནས་ཐེངས་བརྒྱད་པའི་འབྲེལ་མོལ་སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང༌། ཁ་སང་ཕྱི་དྲོའི་ཆུ་ཚོད་༣ དང་ཕྱེད་ཀའི་ཐོག་བོད་གཞུང་གི་མགྲིན་ཚབ་པ། ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་གོང་གི་གསར་འགོད་གསལ་བསྒྲགས་དེ་སྒྲོག་སྦྱོང་དང་ཆབས་གཅིག གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད། དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་གྱི་གསར་འགོད་གསལ་བསྒྲགས་དེའི་ནང༌། སྐུ་ཞབས་སྐལ་བཟང་རྒྱལ་མཚན་ལགས་དང་ཕྱག་རོགས་གསུམ་བཅས་སྤྱི་ཟླ་ ༡༠ ཚེས་ ༣༠ ནས་སྤྱི་ཟླ་ ༡༡ ཚེས་ ༥ བར་རྒྱ་ནག་གི་སྐུ་ཚབ་དང་ཐུག་འཕྲད་ཀྱིས་བཀའ་མོལ་བྱུང་ཞིང༌། ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཕྱིར་རྒྱ་གར་དུ་འབྱོར་བ་ཡིན། ཐེངས་འདིར་ང་ཚོ་རྒྱ་ནག་ལ་འགྲོ་དོན་གཙོ་བོ་སྤྱི་ཟླ་ ༧ པའི་ནང་གི་འབྲེལ་མོལ་ཐེངས་བདུན་པའི་མཇུག་དེ་རྒྱུན་འཁྱོངས་བྱས་པ་ཡིན། སྐབས་དེར་ང་ཚོས་རྒྱ་ནག་གི་མགོ་ཁྲིད་ཚོར་སྙན་ཐོ་ཞིག་ཕུལ་བ་ཡིན། དེའི་ནང༌། བོད་ནང་གི་མི་དམངས་ལ་མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་ལག་བསྟར་དགོས་པའི་སྐོར་བཀོད་ཡོད།

ཐེངས་འདིར་ང་ཚོ་ཕྱི་ཚེས་ ༤ ཉིན་རྒྱ་ནག་དབུས་གཞུང་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང༌། འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་ཏུའུ་ཆེན་ལིན་ལ་ཐུག་འཕྲད་བྱུང་ཞིང༌། ཕྱི་ཚེས་ ༥ ཉིན་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་དང་བོད་རིགས་སྐུ་ཞབས་སི་ཐར་ལགས་གཉིས་ལ་ཐུག་འཕྲད་ཀྱིས་བཀའ་མོལ་བྱུང༌། ཁོང་ཚོ་དང་མཉམ་དུ་བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གཞོན་པ་པད་མ་འཕྲིན་ལས་ལགས་འདུག་ལ། གྲོས་མོལ་སྐབས་རྒྱ་ནག་གི་གྲངས་ཉུང་མི་རིགས་རང་སྐྱོང་ཆེད་མཁས་པ་འགའ་ཡིས་མི་རིགས་རང་སྐྱོང་སྐོར་འགྲེལ་བཤད་བྱས་བྱུང༌། ཐེངས་འདིའི་གྲོས་མོལ་གཙོ་སྐྱོང་གནང་མཁན་བོད་རིག་པའི་ཞིབ་འཇུག་ཁང་གི་འགན་འཛིན་ལྷག་པ་ཕུན་ཚོགས་ལགས་རེད། དེ་ནས་ང་ཚོས་ཉིན་ཞཱ་ཧེ་རིགས་རང་སྐྱོང་ཁུལ་དུ་ལྟ་སྐོར་བྱས་རྗེས། ཕྱི་ཚེས་ ༦ ཉིན་ཕྱིར་རྒྱ་གར་ལ་སླེབས་འབྱོར་བྱུང་བ་ཡིན། རྒྱ་གར་ལྡི་ལི་གསར་བ་ནས་བཀའ་བློན་ཁྲི་པ་མཆོག་ལ་ཐེངས་འདིའི་གྲོས་མོལ་སྐོར་སྙན་སྒྲོན་ཞུས་པ་ཡིན། ཁོང་གིས་༧གོང་ས་མཆོག་གི་བཀའ་བཞིན་ཚེས་ ༡༧ ནས་བོད་དོན་དམིགས་བསལ་ཚོགས་ཆེན་འཚོགས་འཆར་ཡོད་སྟབས། ཚོགས་ཆེན་གྱི་སྔོན་ལ་ཐེངས་འདིའི་གྲོས་མོལ་གྱི་ནང་དོན་གང་ཡང་གསལ་བསྒྲགས་མ་གནང་རོགས། ཞེས་བཀའ་གནང་སོང༌། ཐངས་འདིར་ང་ཚོར་སྣེ་ལེན་བྱེད་མཁན་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་རེད། གཞན་པེ་ཅིན་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་དང༌། ཉིན་ཞཱ་ཧེ་རིགས་རང་སྐྱོང་འཐབ་ཕྱོགས་གཅིག་གྱུར་སོགས་ལའང་འབྲེལ་བ་ཡོད་པ་ཞིག་རེད། དེ་དག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སྒྲོག་སྦྱོང་གནང་སོང༌།

རྒྱ་གར་ངྷ་རམ་ས་ལ་ནས་གོང་གི་གསར་འགོད་བསལ་བསྒྲགས་དེ་མ་སྤེལ་སྔོན་གྱི་རྒྱ་ནག་གི་ཆུ་ཚོད་ ༤ དང་ཕྱེད་ཀའི་ཐོག རྒྱ་ནག་གཞུང་འབྲེལ་ཞིན་ཧ་གསར་ཁང་གིས་ཐེངས་བརྒྱད་པའི་བོད་རྒྱའི་སྐུ་ཚབ་སྐོར་ལ་གནས་ཚུལ་ཞིག་སྤེལ་འདུག་པའི་ནང༌། ཀྲུང་གོའི་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང༌། འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་ཀྲུའུ་ཝེ་ཆོན་སོགས་ཏཱ་ལའི་བླ་མ་སྒེར་གྱི་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང་སྐལ་བཟང་རྒྱལ་མཚན་སོགས་ལ་ཐུག་ཕྲད་བྱས་ཏེ། རྒྱལ་སྤྱིའི་ཨོ་ལམ་པིག་རྩེད་འགྲན་དང་དབང་བོ་སྐྱོན་ཅན་གྱི་ཨོ་ལིམ་པིག ཉེ་སྔོན་བར་སྣང་ལ་བཏང་བའི་འཁོར་སྐར་བདུན་པ་ལེགས་འགྲུབ་བྱུང་བ། མིག་སྔའི་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སོགས་ངོ་སྤྲོད་བྱས་ཡོད་ལ། དེ་མིན་བོད་ཀྱི་ས་ཁུལ་ཁག་ཅིག་ཏུ་ས་འགུལ་གྱི་གནོད་འཚེ་དང་གངས་སྐྱོན་ཚབས་ཆེན་བྱུང་བར་རོགས་སྐྱོར་གྱི་གནས་ཚུལ་ཁག་མཚམས་སྦྱོར་བྱས་ཡོད། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་།   ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ།    མི་རིགས་ས་ཁོངས་ཀྱི་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་བཅས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་ཁ་གསལ་བའི་སྒོ་ནས་གཏན་འབེབས་གནང་ཡོད་ལ།    བོད་ལྗོངས་ཀྱི་ཆེས་ཆེ་བའི་ཆབ་སྲིད་དངོས་དོན་ཞིག་ཀྱང་ཡིན། “རྒྱུན་འཁྱོངས་བྱེད་པ་གསུམ”ཞེས་བྱ་བ་ཁས་མི་ལེན་ཞིང་རྩ་ཁྲིམས་དང་རྩ་ཁྲིམས་ལས་འགལ་བའི་བྱ་སྤྱོད་མཐའ་དག་ནི་གཏན་ནས་མི་ཆོག “རྒྱུན་འཁྱོངས་བྱེད་པ་གསུམ”ཞེས་བྱ་བ་དེ་ནམ་ཡང་འགྱུར་བ་མེད་པ་དང་།    སྔར་བཞིན་ལག་བསྟར་བྱེད་རྒྱུ་ཡིན་ཞེས་དང༌། མིང་དོན་མཚུངས་པའི་རང་སྐྱོང་གི་སྐད་ཆ་བེད་སྤྱད་དེ། མི་རིགས་ཁ་བྲལ་དང་མི་རིགས་མཐུན་སྒྲིལ་ལ་གནོད་པའི་བྱ་སྤྱོད་རིགས་གཏན་ནས་སྤེལ་མི་ཆོག རྒྱལ་ཁབ་ཁ་ཤས་ཤིག་གིས་ལག་བསྟར་བྱེད་བཞིན་པའི་རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་དང་རྒྱལ་ཁག་མཉམ་འབྲེལ་ལམ་ལུགས་དང་མི་མཐུན་ལ།    མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནི་རང་རྒྱལ་གྱི་མི་རིགས་གནད་དོན་སྐོར་ཐག་གཅོད་བྱེད་པའི་རྩ་བའི་སྲིད་ཇུས་ཡིན་པ་དང་།    རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཤིག་ཀྱང་ཡིན།    རྒྱལ་ཁབ་ཀྱིས་ཞང་ཀང་དང་ཨའོ་མོན་གཉིས་ལ་ལག་བསྟར་བྱེད་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཞེས་པ་དང་མི་འདྲ་བ་ཡིན།    མི་རིགས་ས་ཁོངས་རང་སྐྱོང་ནི་མི་རིགས་རང་སྐྱོང་དང་ས་ཁོངས་རང་སྐྱོང་ཟུང་འབྲེལ་དམ་ཚགས་བྱེད་པ་ཡིན་ཞེས་བཀོད་འདུག

 

 

འབྲེལ་ཡོད་གསར་འགྱུར།

Advertisement for App

སླེབས་ལ་ཉེ་བའི་དཔེ་དེབ་གསར་པ། གསེར་ཐང་མཆན་སྦྱར་མ།

ཆུ་ཚོད་ ༡༧ སྔོན་ལ།
བོད་མི་གཉིས་ཀྱིས་ཧྥ་རན་སིའི་ནང་ཞི་བའི་གོམ་བགྲོད་བྱེད་བཞིན་འདུག པར་འབྲེལ་ཡོད་ནས་འདི་གའི་གསར་ཁང་ལ་མཁོ་སྤྲོད་གནང་། ༢༠༢༥།༥།༣༠
Mobile App

བོད་མི་གཉིས་ཀྱིས་ཧྥ་རན་སིའི་ནང་ཞི་བའི་གོམ་བགྲོད་བྱེད་བཞིན་འདུག

༢༠༢༥/༠༥/༣༠
Tibetan Children at China’s Colonial Boarding School in Nagchu area, Tibet
Mobile App

རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་བྱེད་པའི་ནང་དོན་ཅན་ཡོད་མེད་ཞིབ་བཤེར་གཏན་འགོག་བྱ་རྒྱུ་ཡིན་འདུག

༢༠༢༥/༠༥/༢༩
རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་པར། ༢༠༢༥།༥།༢༩
Mobile App

བལ་ཡུལ་ནང་རྒྱ་གཞུང་གི་དྲིལ་བསྒྲགས་གློག་བརྙན་སྟོན་རྒྱུ་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༥/༢༩
U.S. Secretary of State Marco Rubio testifies at a House Foreign Affairs Committee hearing on U.S. President Donald Trump's State Department budget request for the Department of State, on Capitol Hill in Washington, D.C., U.S., May 21, 2025. REUTERS/Elizabeth Frantz/File Photo  Purchase licensing Right
Mobile App

ཨ་རིས་རྒྱ་རིགས་སློབ་མ་རྣམས་ཀྱི་ཐོངས་མཆན་ཕྱིར་བསྡུ་བྱ་རྒྱུ་ཡིན་འདུག

༢༠༢༥/༠༥/༢༩
ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བོད་ནང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་གཞི་ཞེས་པའི་ཉམས་ཞིབ་སྙན་ཐོ་འདོན་སྤེལ་དང་བགྲོ་གླེང་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༨
Mobile App

བོད་ནང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་གཞི་ཞེས་པའི་ཉམས་ཞིབ་སྙན་ཐོ་འདོན་སྤེལ་དང་བགྲོ་གླེང་འཚོགས།

༢༠༢༥/༠༥/༢༨

མཆན། 16

  1. གནས་ཚང་། says:
    ལོ་ 17 སྔོན།

    བསོད་ནམས་ལགས།

    རང་ཐག་རང་གཅོད་ཀྱི་པཱ་ལེ་རྐང་གཅིག་ཡོད་པ་དེ་སོ་སོས་སྔ་ས་ནས་ཟོས་ཚར་སོང་། ད་ཡིན་ན། བར་གནས་པཱ་ལེ་ཁ་ཤས་ཀྱང་བཟོ་ཆོག་གི་རེད་དེ། གལ་སྲིད་ཉོ་མཁན་མ་བྱུང་པ་ཡིན་ན། སོ་སོའི་གྱོང་མ་རེད་པས།

    Reply
  2. ནགས་ཕྲན་པ་བསོད་ནམས་ཚེ་རིང་། says:
    ལོ་ 17 སྔོན།

    གནས་ཚང་ལགས།་་ ངས་ཀྱང་ཁྱེད་ཀྱི་བག་ལེབ་ཞིག་ཟ་འདོད་འདུག འོན་ཀྱང་ལ་རང་བཙན་དང་དབུ་མ་གང་ཡང་མིན་པོ་བག་ལེབ་ཞིག་དགོས་ཀྱི་ཡོད། ཁྱེད་ཀྱི་ལྟོས་དང་ཚོར་དེ་ལས་མེད་པ་ག་ལ་ཡིན།

    Reply
  3. དཀོན་མཆོག་དར་རྒྱས། says:
    ལོ་ 17 སྔོན།

    བཀའ་བློན་ཁྲི་པ་ལགས།

    ཁྱེད་ཀྱིས་གསུངས་ཡས་ལ། སྐབས་བརྒྱད་པའི་བོད་རྒྱའི་འབྲེལ་མོལ་གྱི་ནང་དོན་སྐད་འདི་བོད་ཀྱི་མི་དམངས་ཚོགས་འདུ་བར་གསར་རྒྱ་བྱེད་དགོས་ཟེར། འདིའི་དགོས་པ་གང་རེད། ང་ཚོ་ཚོགས་འདུ་ཚོགས་པའི་དམིགས་ཡུལ་འདི་རྒྱའི་འབྲེལ་མོལ་འདིར་འབྲས་བུ་ཡོད་མེད་ལ་བལྟས་ནས་ལམ་གསར་པ་འཚོལ་རྒྱུ་མ་རེད་པས། གལ་ཏེ་རྒྱ་བོད་ཀྱི་ཚོགས་འདུའི་ནང་དོན་མ་ཤེས་ན་ཚོགས་འདུ་འདི་ཇི་ལྟར་ཚོགས་ཐུབ་བམ།

    ཁྱེད་རང་དེང་སང་སྨན་ནོར་ནས་མཆོད་ཀྱི་ཡོད་དོག་མེད་དམ། ལས་ཀ་ཚང་མ་སྔ་ཕྱི་ལྡོག་ནས་བྱེད་ཀྱི་འདུག ཁྱེད་ཀྱི་ཞལ་ལག་འདིར་ནོར་འཁྲུལ་མེད་དམ། བསམ་བློ་ཚང་མ་མིའི་རྣམ་དཔྱོད་དང་དངོས་ཡོད་ཀྱི་ལམ་ལུགས་དང་འགལ་ནས་གཏོང་གི་འདུག

    བཀའ་བློ་ཁྲི་པ་ལགས། ང་ཚོར་ཡང་ཨ་རིའི་ལྟ་བུའི་སྒྱུར་བཅོས་བྱེད་ཕོད་མཁན་གྱི་མི་རབས་གསར་པའི་དབུ་ཁྲིད་ཤིག་དགོས་ཀྱི་འདུག ཁྱེད་ཀྱིས་ང་ཚོའི་དམིགས་ཡུལ་སྒྲུབ་ཆེད་དགོངས་པ་ཞུས་ནས་སྒོམ་རྒྱག་པར་ཕེབས་སྲིད་དམ།

    Reply
  4. གནས་ཚང་། says:
    ལོ་ 17 སྔོན།

    ངས་ཚོགས་ཆེན་འདི་ང་རང་ལ་ཚོང་ལྷ་འཁོར་བར་ངོས་འཛིན་བྱེད་ཀྱི་ཡོད། རྒྱུ་མཚན་ནི་པཱ་ལེ་མང་པོ་འཚོང་ཐུབ་ས་རེད། སྐབས་དེར་ངས་པཱ་ལེ་ཁག་གཉིས་སུ་དབྱེ་ནས་བཙོང་ཡིན་ལ། དེ་ནི་༼རང་བཙན་པཱ་ལེ༽དང་༼རང་སྐྱོང་པཱ་ལེ་༽ཡིན། ཁག་གང་བྲིན་པོ་བྱུང་ན། དེ་ནས་བསམ་ཚུལ་ཞུ་རྒྱུ་རག་གི་རེད།

    Reply
  5. ནགས་ཕྲན་པ་བསོད་ནམས་ཚེ་རིང་། says:
    ལོ་ 17 སྔོན།

    ཁྱེད་ཀྱིས་བཤད་པ་བདེན་པ་རེད། ངས་ཁྱེད་ལ་རྩོད་པ་ནམ་ཡང་བྱེད་ཀྱི་མེད། ཡིན་ན་ཡང་རྒྱ་ནག་གིས་ྋགོང་ས་མཆོག་ནི་ཆོས་གོས་གྱོན་པའི་སྤྱང་གི་ཡིན་པ་དང༌། ཉེ་བའི་བོད་ནང་གི་བྱུང་རྐྱེན་རྒྱུད་སྐུལ་བ་ཏྭ་ལའི་བླ་མ་ཡིན་པ་སོགས་ལྟ་བུའི་གང་བཤད་ལ་ཡིད་ཆེ་འོས་པའི་གཞི་འཛིན་ས་ཞིག་ངས་མཐོང་མ་སོང༌། དེ་བཞིན་མི་ཞིག་གིས་རྒྱན་གོས་གཡོགས་པ་ནི་མཛེས་པའི་ཆེད་དུ་ཡིན་པས་དགོས་དབང་ཞིག་ཡིན་མོད། རིན་ཐང་མེད་པའི་རྒྱན་གོས་ནི་མཚན་སྙན་ལ་གཞི་ངོ་མ་ཞིག་རེད། ཨོ་དྲ་གྲོགས་གནས་ཚང་ལགས། ཁྱེད་ཀྱིས་ད་ལོའི་དམིགས་བསལ་ཚོགས་ཆེན་གྱི་བརྗོད་གཉིས་པོར་དགོངས་ཚུལ་གང་ཡོད། གཅིག་གསུངས་དང༌། འུ་གཉིས་ཀྱི་འདིའི་ཐོག་ནས་བསམ་ཚུལ་བརྗེ་རེས་བྱེད་ཆོག

    Reply
  6. གནས་ཚང་། says:
    ལོ་ 17 སྔོན།

    རྒྱ་ནག་གཞུང་གི་ཕྱི་བསྒྲགས་ལ་རིམ་པ་གཉིས་སུ་དབྱེ་ནས་བལྟ་དགོས་ཀྱི་ཡོད་པ་རེད།

    ༡ དོན་དག་གང་དང་གང་ཡང་གཞི་འཛིན་ས་མེད་པར་བསྒྲགས་སྲིད་ཀྱི་མ་རེད་ལ། དེ་ནི་རྒྱ་གཞུང་རང་གི་མཚན་སྙན་ལ་གནོད་ཀྱི་ཡོད་པས་ཡིན།
    ༢ དོན་དག་དང་འབྲེལ་བའི་སྡིག་དམོད་ལ་ཆ་འཇོག་ཡོད་པ་མ་རེད། དེ་ནི་འཐབ་རྩོད་སྒྱུ་རྩལ་རེད་ལ། དཔེར་ན། མི་ཞིག་ལ་རྒྱན་གོས་གཡོགས་པ་ལྟ་བུ་རེད། མི་ངོ་མ་ཡིན་ཞིང་། རྒྱན་གོས་སྐབས་འཕྲལ་གྱི་དགོས་དབང་རེད།

    Reply
  7. ནགས་ཕྲན་པ་བསོད་ནམས་ཚེ་རིང་། says:
    ལོ་ 17 སྔོན།

    དྲ་གྲོགས་གནས་ཚང་ལགས། ཁྱེད་ཀྱིས་རྒྱ་ནག་གིས་ཕྱིར་བསྒྲགས་བྱས་པར་ཆ་འཇོག་བྱེད་ཀྱི་ཡོད་པ་འདྲ། ངས་ཁྱེད་ལ་འདི་ནས་གསལ་བཤད་བྱེད་འདོད་པ་ཞིག་ལ། རྒྱ་ནག་གིས་ཕྱིར་བསྒྲགས་བྱས་པ་དང་བོད་ཕྱོགས་ནས་གསལ་བསྒྲགས་བྱས་པ་གཉིས་ལ་ནམ་ཡིན་ཡང་ཁྱད་པར་ཆེན་པོ་རེ་འདུག་མོད། གྲུབ་འབྲས་ངོ་མ་ཞིག་ཕྱོགས་གཉིས་ནས་བཤད་མི་འདུག་བསྙམ། འོན་ཀྱང་སྐུ་ཚབ་ཁོ་ཚོས་ཏྭ་ལའི་བླ་མར་དང་བཀའ་ཤག་ལ་བཀའ་འདྲི་གང་ཡང་མེད་པར་བོད་མི་རྩ་དོན་ཐོག་རྒྱ་ནག་དང་ལྷན་དུ་ཐག་ཆོད་རེ་བྱས་ཡོད་ཚེ་དེ་ནི་ནམ་ཡང་ཁོ་ཚོའི་དབང་ཚད་ལས་བརྒལ་ཡོད་པ་རེད། ད་དུང་ཞིབ་མོར་བཤད་ན་ྋགོང་ས་མཆོག་གིས་བོད་ཀྱི་རྩ་དོན་མཐའ་མའི་ཐག་གཅོད་ནི་བོད་རྒྱ་ཆེའི་མང་ཚོགས་ཀྱིས་བྱེད་ཀྱི་རེད་ཅེས་གསུངས་པ་དེའི་དོན་ངོ་མའི་དབང་ཚད་སུ་ལ་ཡོད་མེད་དེ་ཡང་གསལ་བོ་རེད།

    Reply
  8. གནས་ཚང་། says:
    ལོ་ 17 སྔོན།

    བསོད་ནམས་ལགས།

    ཁྱེད་རང་བདེན་པ་ཡིན་པའི་ཆ་བཞག་ན། ༼དེ་མིན་པའི་ལས་ཀ་ཞིག་སྒྲུབ་རྒྱུ་གང་ཡང་ཡོད་པ་མ་རེདལ་དབང་ཚད་ཀྱང་ཡོད་པ་མ་རེད། ༽ འོ་ན། བྱ་ཚང་ལ་བལྟ་དུས་དགོངས་བསྐོར་ཙམ་ཡང་ཞུས་མི་འདུག་པས། དེ་ནི་སྐུའི་དབང་ཚད་ལས་བརྒལ་མེད་དམ།

    གཞན་གཅིག་དེ་སྐུ་ཚབ་ཀྱིས་༼རྒྱབ་བསྐྱོར་མི་བྱེད་པ་བཞི༽ལ་ཏཱ་ལའི་བླ་མས་ངོས་ལེན་བྱེད་པར་དཀའ་ཁག་མི་འདུག་ལ། ང་ཚོས་ཞུ་ཆོག་ཅེས་དབང་ཚད་ཡོད་པའི་སྐད་ཆ་བཤད་ཡོད་པ་རྒྱ་གཞུང་གིས་ཕྱི་བསྒྲགས་བྱས་ཡོད་ན། དེ་དབང་ཚད་ལས་བརྒལ་ཡོད་པ་མ་རེད་དམ།

    Reply
  9. ནགས་ཕྲན་པ་བསོད་ནམས་ཚེ་རིང་། says:
    ལོ་ 17 སྔོན།

    ཨོ་དྲ་གྲོགས་ཚོ་དགོངས་དག་གོང་གི་བསམ་ཚུལ་ནང་ཆད་ལྷག་ཤོར་འདུག
    ་་་་་་་འདིར་བསྐྱར་དུ་བྲིས་ཡོད་པར་གཟིགས་འཚལ། སྐུ་ཚབ་ནི་ང་ཚོའི་སྐུ་ཚབ་རེད། དེ་ཡང་རྒྱ་ནག་གིས་ག་འདྲ་ཞིག་ལ་ངོས་བྱས་ཀྱང་འདྲ། ང་ཚོས་༸གོང་ས་མཆོག་གིས་དབུ་ཁྲིད་པའི་རྒྱ་ནག་གི་དྲང་བདེན་མིན་པའི་དབང་སྒྱུར་ལ་བདེན་པའི་འཐབ་རྩོད་བྱེད་མཁན་གངས་ཅན་པ་ཚང་མའི་སྐུ་ཚབ་ཞིག་དུ་ངོས་འཛིན་བྱེད་དགོས་ཀྱི་རེད། ཁོང་ཚོའི་ལས་ཀ་ནི་༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་འགྲེལ་བཤད་བྱེད་རྒྱུ་དེ་ཡིན་པ་དང་། ད་དུང་བོད་མའི་བདེ་སྡུག་གསལ་བཤད་བྱེད་རྒྱུ་ཡིན་པ་གསལ་བོ་རེད། དེ་མིན་པའི་ལས་ཀ་ཞིག་སྒྲུབ་རྒྱུ་གང་ཡང་ཡོད་པ་མ་རེདལ་དབང་ཚད་ཀྱང་ཡོད་པ་མ་རེད། ཁོ་ཚོ་ནི་ཏྭ་ལའི་བླ་མའི་སྐུ་ཚབ་དང་བོད་མིའི་མགྲིན་ཚབ་པ་ཙམ་རེད། ང་ཚོས་ངེས་པར་དུ་ཤེས་དགོས་པ་ནི་རྒྱ་བོད་གཉིས་ཀྱི་ཕྱོགས་ཡོངས་ཀྱི་གནས་བབས་དང་གནས་བབས་དེའི་འོག་གི་འབྲེལ་མོལ་བའི་གནས་བབས་ཀྱང་ཤེས་དགོས་རྒྱུ་གལ་ཆེན་རེད།
    བསམ་འཆར་འདོན་པ།

    Reply
  10. ནགས་ཕྲན་པ་བསོད་ནམས་ཚེ་རིང་། says:
    ལོ་ 17 སྔོན།

    སྐུ་ཚབ་ནི་ང་ཚོའི་སྐུ་ཚབ་རེད། དེ་ཡང་རྒྱ་ནག་ག་གིས་འདྲ་ཞིག་ལ་ངོས་བྱས་ཀྱང་འདྲ། ང་ཚོས་༸གོང་ས་མཆོག་གིས་དབུ་ཁྲིད་པའི་རྒྱ་ནག་གི་དྲང་བདེན་མིན་པའི་དབང་སྒྱུར་ལ་བདེན་པའི་འཐབ་རྩོད་བྱེད་མཁན་གངས་ཅན་པ་ཚང་མའི་སྐུ་ཚབ་ཞིག་དུ་ངོས་འཛིན་བྱེད་དགོས་ཀྱི་རེད། ཁོང་ཚོའི་ལས་ཀ་ནི་༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་དང་འགྲེལ་བཤད་བྱེད་རྒྱུ་དེ་ཡིན་པ་དང་། ད་དུང་བོད་མའི་བདེ་སྡུག་གསལ་བཤད་བྱེད་རྒྱུ་ཡིན་པ་གསལ་བོ་རེད། དེ་མིན་ལས་ཀ་ཞིག་སྒྲུབ་གང་ལྷག་ཡོད་པ་མ་རེདལ་དབང་ཚད་ཀྱང་ཡོད་པ་མ་རེད། ཁོ་ཚོ་ནི་ཏྭ་ལའི་བླ་མའི་སྐུ་ཚབ་དང་བོད་མིའི་མགྲིན་ཚབ་པ་ཙམ་རེད། ང་ཤེས་དགོས་པ་ནི་རྒྱ་བོད་གཉིས་ཀྱི་ཕྱོགས་ཡོངས་ཀྱི་གནས་བབས་དང་གནས་བབས་དེའི་འོག་གི་འབྲེལ་མོལ་བའི་གནས་བབས་ཀྱང་ཤེས་དགོས་རྒྱུ་གལ་ཆེན་རེད།

    Reply
  11. ཡོན་བྷེ། says:
    ལོ་ 17 སྔོན།

    སྐུ་ཚབ་ཚོ་སུའི་སྐུ་ཚབ་རེད། སྐུ་ཚབ་ཚོ་༸གོང་ས་མཆོག་གི་སྐུ་ཚབ་རེད་དམ། བོད་པ་སྐྱབས་བཅོལ་སྲིད་གཞུང་གི་སྐུ་ཚབ་རེད། དེ་མིན་བོད་མི་ས་ཡ་དྲུག་གི་སྐུ་ཚབ་རེད། ཁོང་ཚོས་སྐུ་ཚབ་ཀྱི་ལས་དཀའ་ཅི་ཞིག་བྱེད་ཀྱི་ཡོད་ནི་རེད། རྒྱ་ནག་མི་དམངས་སྲིད་གཞུང་གི་མགོ་ཁྲིད་ཚོའི་སར་བཀའ་སློབ་ཞུ་རུ་སོང་བ་རེད་དམ། འབྲེལ་མོལ་བྱེད་དུ་སོང་བ་རེད། འབྲེལ་མོལ་གྱི་སྐད་ཆའི་ནང་སྙིང་ཇི་ལྟར་གསང་བ་བྱས་ཀྱང་གང་ལྟར་རྒྱ་ནག་ཕྱོགས་ནས་ཕྱི་གསལ་ནང་གསལ་བྱས་སོང་།

    Reply
  12. འབྲོང་ར་བཟི། says:
    ལོ་ 17 སྔོན།

    ཡིན་ན་ཡང་རྒྱ་ནག་གིས་གསར་ལམ་ཁག་དུ་འདི་ལྟར་ཁྱབ་བསྒྲགས་བྱས་འདུག
    ཏུའུ་ཆིང་ལིན་གྱིས་འདི་སྐད་དུ། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ། མི་རིགས་ས་ཁོངས་ཀྱི་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་བཅས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་ཁ་གསལ་བའི་སྒོ་ནས་གཏན་འབེབས་གནང་ཡོད་ལ། ད་ལྗོངས་ཀྱི་ཆེས་ཆེ་བའི་ཆབ་སྲིད་དངོས་དོན་ཞིག་ཀྱང་ཡིན། “རྒྱུན་འཁྱོངས་བྱེད་པ་གསུམ”ཞེས་བྱ་བ་ཁས་མི་ལེན་ཞིང་རྩ་ཁྲིམས་དང་རྩ་ཁྲིམས་ལས་འགལ་བའི་བྱ་སྤྱོད་མཐའ་དག་ནི་གཏན་ནས་མི་ཆོག “རྒྱུན་འཁྱོངས་བྱེད་པ་གསུམ”ཞེས་བྱ་བ་དེ་ནམ་ཡང་འགྱུར་བ་མེད་པ་དང་། སྔར་བཞིན་ལག་བསྟར་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད། ཅེས་རྒྱ་ནག་གི་ལངས་ཕྱོགས་ལ་འགྱུར་བ་མེད་པའི་གོ་བསྐོན་བྱས་འདུག་ ད་དུང་།

    ཏུའུ་ཆིང་ལིན་གྱིས་འདི་སྐད་དུ། རྩ་འཛུགས་གང་དང་མི་སྒེར་གང་རུང་ཞིག་ཡིན་རུང་ངེས་པར་དུ་རྩ་ཁྲིམས་གཞི་རྩར་བཟུང་ནས་བྱེད་སྒོ་སྤེལ་བ་དང་། རྩ་ཁྲིམས་ཀྱི་ཟིལ་ཤུགས་སྲུང་ཅི་ཐུབ་བྱས་ནས། རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་དགོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ཞེས་པ་ལག་བསྟར་བྱས་ནས་ངེས་པར་དུ་རྒྱལ་ཁབ་ཀྱི་ཁེ་ཕན་དང་ཀྲུང་ཧྭ་མི་རིགས་ཀྱི་ཁེ་ཕན་དེ་ཡོད་ཚད་ལས་མཐོ་བའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། མཐའ་གཅིག་ཏུ་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། མི་རིགས་ས་ཁོངས་རང་སྐྱོང་བཅས་ལ་བརྩི་སྲུང་བྱེད་པ་ནི། རང་རྒྱལ་གྱི་སྣ་གཅིག་པའི་ལམ་ལུགས་ཀྱི་རྒྱལ་ཁབ་སྒྲིག་གཞིའི་རྣམ་པ་བྱེ་བྲག་གིས་མཚོན་པ་ཞིག་ཡིན་པ་དང་། རྒྱལ་ཁབ་ཁ་ཤས་ཤིག་གིས་ལག་བསྟར་བྱེད་བཞིན་པའི་རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་དང་རྒྱལ་ཁག་མཉམ་འབྲེལ་ལམ་ལུགས་དང་མི་མཐུན་ལ། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནི་རང་རྒྱལ་གྱི་མི་རིགས་གནད་དོན་སྐོར་ཐག་གཅོད་བྱེད་པའི་རྩ་བའི་སྲིད་ཇུས་ཡིན་པ་དང་། རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཤིག་ཀྱང་ཡིན། རྒྱལ་ཁབ་ཀྱིས་ཞང་ཀང་དང་ཨའོ་མོན་གཉིས་ལ་ལག་བསྟར་བྱེད་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཞེས་པ་དང་མི་འདྲ་བ་ཡིན། མི་རིགས་ས་ཁོངས་རང་སྐྱོང་ནི་མི་རིགས་རང་སྐྱོང་དང་ས་ཁོངས་རང་སྐྱོང་ཟུང་འབྲེལ་དམ་ཚགས་བྱེད་པ་ཡིན་ཞིང་། “ངེས་པ་དོན་གྱི་མི་རིགས་རང་སྐྱོང”ཞེས་པའི་དར་ཆ་འཁྱེར་ནས་མི་རིགས་ཁ་བྲལ་དང་མི་རིགས་མཐུན་སྒྲིལ་ལ་གནོད་པའི་ལས་དོན་གཏན་ནས་སྤེལ་མི་ཆོག་ཅེས་གསུངས་པ་རེད།
    ཅེས་བཙན་བྱོལ་བོད་གཞུང་གི་དབུ་མའི་ལམ་གྱི་བསྙག་བྱའི་ས་གནས་མི་རིགས་རང་སྲིད་རང་སྐྱོང་ནི་རྒྱལ་ཁབ་ད་མི་རིགས་ཁ་བྲལ་གཏོང་བྱེད་ཀྱི་ལམ་ཐབས་ལམ་ཞིག་དུ་ངོས་འཛིན་བྱས།་ ད་དུང་དེའི་ག་ལ་ཚད།་
    ཏུའུ་ཆིང་ལིན་གྱིས་འདི་སྐད་དུ། མེས་རྒྱལ་གཅིག་གྱུར་དང་མངའ་ཁོངས་འཐུས་ཚང་དུ་གཏོང་བའི་རྩ་དོན་ཀྱི་གནད་དོན་འདིའི་སྟེང་། དུས་ནམ་ཞིག་དང་གནས་ཚུལ་གང་རུང་ཞིག་གི་འོག་ཏུའང། འགྱུར་བ་དང་ཡོ་གཟིར་སྤུ་ཙམ་ཡང་མེད་པ་ཡིན་ལ། བོད་ལྗོངས་རང་བཙན་བྱས་མི་ཆོག་ལ་རང་བཙན་ཕྱེད་ཙམ་ཡང་བྱས་མི་ཆོག རྣམ་པ་འགྱུར་བའི་རང་བཙན་ཀྱང་མི་ཆོག་པ་ཡིན། ཏཱ་ལའི་བླ་མས་ངེས་པར་དུ་ལོ་རྒྱུས་ལ་བརྩི་བཀུར་བྱེད་དགོས་པ་དང་། དངོས་དོན་གནས་ཚུལ་ལ་དོ་སྣང་བྱེད་པ། དུས་རབས་དང་བསྟུན་ནས་རང་ཉིད་ཀྱི་ཆབ་སྲིད་འདོད་བློ་རྦད་དེ་བཅོས་སྒྱུར་བྱེད་པ་དང་། དྲག་ཤུལ་སྤྱོད་པའི་ཚུལ་གྱིས་བྱས་ཉེས་གསོག་པའི་བྱེད་སྒོ་དང་། ལྐོག་ཇུས་ལྡན་པའི“བོད་རང་བཙན།” མེས་རྒྱལ་ཁ་བྲལ་དུ་གཏོང་བའི་འདོད་བློ་དང་བྱེད་སྒོ་མཐའ་དག་ལ་ངེས་པ་དོན་གྱིས་རྒྱབ་སྐྱོར་མི་བྱེད་པ། ད་ལོའི་ཟླ༧པའི་ནང་པེ་ཅིང་དུ་གྲོས་མོལ་གནང་སྐབས་བཏོན་པའི་དམ་བཅའ་ལག་ཏུ་བསྟར་ནས་གྲོས་མོལ་གོང་འཕེལ་ཡོང་བར་ཕན་འབྲས་ལྡན་པའི་ཆ་རྐྱེན་ལེགས་པོ་ཞིག་བསྐྲུན་དགོས་ཞེས་ཏན་ཏན་ཏིག་ཏིག་གིས་གསུངས་པ་རེད།

    ཏུའུ་ཆིང་ལིན་གྱིས་འདི་སྐད་དུ། ཀྲུང་དབྱང་གིས་ཏཱ་ལའི་བླ་མར་འཛིན་པའི་སྲིད་ཇུས་ནི་ཐོག་མཐའ་བར་གསུམ་དུ་གཅིག་མཚུངས་ཡིན་ལ། གླེང་མོལ་བྱེད་པའི་སྒོ་ཆེན་ནམ་ཡང་ཕྱེས་ཡོད། ད་ལོའི་ཚུན་ལ་རྡུང་བཅོམ་འཕྲོགས་བསྲེག་གི་དྲག་ཤུལ་སྤྱོད་པའི་ཚུལ་གྱིས་བྱས་ཉེས་བསགས་པའི་བྱེད་སྒོ་སྤེལ་ནའང་ང་ཚོས་སྔར་བཞིན་སྔ་ཕྱི་ཐེངས་གསུམ་ལ་ཏཱ་ལའི་བླ་མ་མི་སྒེར་གྱི་འཐུས་མི་ཕྱིར་རང་རྒྱལ་དུ་ལོག་ནས་གྲོས་མོལ་གནང་བར་བཀོད་སྒྲིག་གནང་བ་དེས། ཀྲུང་དབྱང་གི་ལྷག་བསམ་ཟོལ་མེད་དང་ཐུགས་སྐྱེད་ཡངས་པ་བཅས་མཚོན་ཡོད་པ་རེད། རེ་བ་ནི་ཏཱ་ལའི་བླ་མས་རྒྱལ་ཁབ་དང་མི་རིགས། ལོ་རྒྱུས། རང་ཉིད་བཅས་ལ་ཕན་པ་ཡོད་པའི་གདམ་གསེས་ཡག་པོ་ཞིག་བྱས་ན་ལེགས་ཞེས་གསུངས་པ་རེད།

    ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ཆུན་དང་པུའུ་ཀྲང་གཞོན་པ་སྲི་ཐར། བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་པད་མ་འཕྲིན་ལས་བཅས་ཀྱིས་རྒྱ་རི་བློ་གྲོས་འཁོར་དང་བཅས་པར་གྲོས་མོལ་གནང་ཞིང་། གྲོས་མོལ་གནང་བའི་སྐབས་སུ་འདི་སྐད་དུ། ཀྲུང་དབྱང་གིས་ཏཱ་ལའི་བླ་མས་རྒྱལ་གཅེས་ལངས་ཕྱོགས་འཛིན་པའི་སྒོ་ཆེན་ནམ་ཡང་ཕྱེ་ཡོད་ལ་རྗེས་ཕྱོགས་ཀྱང་སྒོ་ཕྱེ་ངེས། འོན་ཀྱང་བོད་རང་བཙན་དང་། རང་བཙན་ཕྱེད་ཀ རྣམ་པ་འགྱུར་བའི་རང་བཙན་ཞེས་པའི་སྒོ་ཆེན་དེ་རིགས་འདས་ཟིན་པའི་ནང་དུ་ཕྱེ་མྱོང་མེད་ལ། རྗེས་ཕྱོགས་ཀྱང་ཕྱེ་མི་སྲིད་པ་ཡིན།
    ཅེས་བོད་ཐོག་འཛིན་པའི་སྲིད་ཇུས་དང་ལ་ནམ་ཡང་འགྱུར་བ་མེད་པར་བསྟན་འདུག

    Reply
  13. ཁྱུང་ལྡིང༌། says:
    ལོ་ 17 སྔོན།

    ད་བཤད་ན་མ་བཤད་ན། བཀའ་ཁྲིས་རྒྱ་ནག་གིས་འགན་ཁུར་དགོས་ཟེར། རྒྱ་ནག་གིས་ཏཱ་ལའི་རུ་ཚོགས་ཀྱིས་འགན་ཁུར་དགོས་ཟེར། དོན་དམ་པ་བོད་དོན་འདི་ཕར་གཡུག་ཚུར་གཡུག་བྱེད་བཞིན་པ་ཞིག་མ་རེད་དམ།

    Reply
  14. མྱི་སྨྱོན། says:
    ལོ་ 17 སྔོན།

    རེད་ཡ་་་་ སྐུ་ཚབ་ཚོ་དང་ཟམ་གདོང་བླ་མ་མི་མངོན་པའི་དབྱིངས་ནས་འགྲོ་འདོད་ཡོད་རེད། ༸གོང་ས་མཆོག་གིས་ཕྱི་གསལ་ནང་གསལ་ཞེས་པ་ཁོ་ཚོས་ཕྱིར་སྒྲོག་ནང་གསང་ཞེས་པར་གོ་བ་ལེན་གྱི་ཡོད་པ་འདྲ།

    Reply
  15. འཁྱམས་པོ། says:
    ལོ་ 17 སྔོན།

    རྒྱ་ནག་གི་ནམ་ཡང་ང་ཚོ་ལ་སྐྱག་རྫུན་རྐྱང་རྐྱང་ལམ་ནས་ས་བརམངོན་འགྱུར་བཞིདང་རྒྱུན་འཁྱོངས་གསུམ་སོགས་རྩ་བའི་ལྕགས་གྲ་བསྲ་ཐག་ཆོད་ཞིག་གི་ནང་དུ་བཅུགས་བསྡད་པ་རེད། ད་དུང་་་རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཤིག་ཀྱང་ཡིན། ་་ མདོར་རྩ་བཤད་ན་ཁོང་ཚོ་ལ་རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཤིག་གང་དུ་ཡོད།

    Reply
  16. དབྱངས་ཅན་རོལ་བའི་འོ་མཚོ་། says:
    ལོ་ 17 སྔོན།

    ཁ་སང་ཕྱི་དྲོའི་ཆུ་ཚོད་༣ དང་ཕྱེད་ཀའི་ཐོག་བོད་གཞུང་གི་མགྲིན་ཚབ་པ། ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་གོང་གི་གསར་འགོད་གསལ་བསྒྲགས་དེ་སྒྲོག་སྦྱོང་དང་ཆབས་གཅིག གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད ་ཡོད་ནའང༌རྒྱུན་འཁྱོངས་བྱེད་པ་གསུམ”ཞེས་བྱ་བ་ཁས་མི་ལེན་ཞིང་རྩ་ཁྲིམས་དང་རྩ་ཁྲིམས་ལས་འགལ་བའི་བྱ་སྤྱོད་མཐའ་དག་ནི་གཏན་ནས་མི་ཆོག “རྒྱུན་འཁྱོངས་བྱེད་པ་གསུམ”ཞེས་བྱ་བ་དེ་ནམ་ཡང་འགྱུར་བ་མེད་པ་དང་། སྔར་བཞིན་ལག་བསྟར་བྱེད་རྒྱུ་ཡིན་ཞེས་དང༌།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese