མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱུང་ལྷོ་ཚེ་བརྟན་སྒྲོལ་དཀར་ནས།

བོད་ཀྱི་དུས་བབ།
༢༠༠༨/༡༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་རྩ་དོན་སྐོར་ལ་དཔྱད་ཞིབ་མདོར་བསྡུས།

 

ཁྱུང་ལྷོ་ཚེ་བརྟན་སྒྲོལ་དཀར།

དམིགས་བསལ་ཚོགས་ཆེན་འདིར་ཕེབས་པའི་བོད་མི་སྤུན་ཟླ་ཚང་མ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་གཅིག་སྐབས་འབྲེལ་གྱི་བརྗོད་གཞི་མདོར་ཙམ་ཞུ་ན།

དང་པོར་བར་ལམ་བོད་ནང་ཛ་དྲག་གི་གནས་ཚུལ་བྱུང་བའི་རྐྱེན་ལ་ཁོ་བོས་རྐྱེན་གཙོ་བོ་གསུམ་ཡོད་པ་མཐོང་ཞིང༌། དེ་རྣམས་འདི་ལོའི་གཟིངས་འཁྲུག་གི་རྐྱེན་ཙམ་དུ་མ་ཟད་ད་བར་བོད་ནང་བྱུང་བའི་ངོ་རྒོལ་སྒེར་ལངས་ཐམས་ཅད་ལ་ཐུན་མོང་དུ་ཡོད་པའི་རྐྱེན་དུ་ངོས་འཛིན་བྱེད་ཆོག །
 
བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་སེམས་ཁམས་སུ་རྒྱ་བོད་གཉིས་རྒྱལ་རབས་ལོ་རྒྱུས་ཀྱི་ཐོག་ནས་རྒྱལ་ཁབ་ཐ་དད་དང་མི་རིགས་སོ་སོ་ཡིན་པའི་ངེས་ཤེས་བརྟན་པོ་ཡོད་ཅིང༌། འདས་ལོ་ང་བདུན་ལྷག་ཙམ་རིང་གི་གནས་སྟངས་འཕོ་འགྱུར་ནང་ངེས་ཤེས་དེ་ལ་འགྱུར་ལྡོག་གང་ཡང་ཕྱིན་མེད། ཐུན་མོང་གི་འདུ་ཤེས་བརྟན་པོ་འདིའི་གཞི་རྩའི་ཐོག་དབང་ཤུགས་ཆེ་བའི་རྒྱ་གཞུང་ནས་བོད་མི་རིགས་ལ་དྲག་གནོན་དང་མི་རིགས་ཀྱི་ངོ་བོར་གནོད་པའི་སྲིད་བྱུས་ལག་བསྟར་བསྟུན་མར་བྱེད་བཞིན་པ་དང༌། དེའི་སྟེང་བོད་མི་རྣམས་ཀྱིས་རང་གི་གཞི་རྩའི་ཐོབ་ཐང་ཁྲིམས་ཐོག་ནས་ལེན་ཐབས་བྲལ་བའི་རྐྱེན་གྱིས་སྒེར་ལངས་ཡང་ཡང་ཡོང་ཡོད།།

རྒྱུ་མཚན་གསུམ་ལས་དང་པོ་ནི་བསྒྲུབ་མི་དགོས་པར་ཚང་མས་མཁྱེན་གསལ་ལྟར་ཡིན་ལ། གཉིས་པ་བསྒྲུབ་པ་ལ་སྤྱིར་རྒྱ་གཞུང་ནས་གྲངས་ཉུང་མི་རིགས་ཚགས་དམ་པའི་ས་ཁུལ་དུ་མི་རིགས་དེའི་ཐུན་མོང་མིན་པའི་ངོ་བོ་སྲུང་ཆེད་རང་སྐྱོང་གི་གནས་བབས་བསྤྲད་ཡོད་ཅེས་བརྗོད་ཀྱི་ཡོད་ནའང༌། ལག་ལེན་ངོ་མའི་ཐོག་གྲངས་ཉུང་མི་རིགས་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་རྣམས་བདག་གཅེས་བྱ་རྒྱུ་ལྟ་གཞོག་དེ་རྣམས་ལ་གནོད་པའི་སྲིད་བྱུས་མང་དག་ཅིག་ལག་བསྟར་བྱས་ཡོད། དཔེར་ན་མི་རིགས་ཀྱི་ཐུན་མོང་མིན་པའི་ངོ་བོ་མཚོན་བྱེད་ཀྱི་ཁྱད་ཆོས་ནི་དེའི་རིག་གཞུང་དང༌། སྐད་ཡིག །གོམས་གཤིས། མི་རིགས་དེའི་ཆོས་དང་ལྟ་གྲུབ། འཚོ་ཐབས་སོགས་ཡིན་ནའང༌། བོད་དབང་བསྒྱུར་བྱས་པ་ནས་བཟུང་ད་བར་རྒྱ་གཞུང་ནས་བོད་ལ་འཛིན་པའི་སྲིད་བྱུས་བརྒྱུད་བོད་མིའི་ངོ་བོ་མཚོན་བྱེད་ཀྱི་ཁྱད་ཆོས་སྤྱི་དང་ཁྱད་པར་དུ་ཆོས་དང་སྐད་ཡིག་དང་འཚོ་ཐབས་སོགས་རྩ་བསྒྱུར་རྩ་སྟོང་འགྲོ་བའི་ཐབས་ཤེས་བྱས་ཡོད། དེ་ནི་མི་རིགས་ཀྱི་ངོ་བོ་སྲུང་བའི་ཆེད་དུ་རང་སྐྱོང་གི་གནས་བབས་བསྤྲད་ཡོད་ཅེས་བཤད་པ་དང་རྒྱབ་འགལ་ཏག་ཏག་ཏུ་ཕྱིན། རྒྱུ་མཚན་གསུམ་པ་ཡང་འཐད་དེ་རྒྱ་གཞུང་ནས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཡང་ཡང་སྙད་དེ་སྒེར་གྱི་ཐོབ་ཐང་རྡོག་རོལ་གཏོང་ཡོད་ཅིང༌། ཁྱད་པར་དུ་གྲངས་ཉུང་མི་རིགས་ལ་ཐུག་སྐབས་རྒྱལ་ཁབ་ཀྱི་ཆིག་སྒྲིལ་ལ་གནོད་པར་སྙད་འདོགས་ཏེ་རང་དབང་དང་ཐོབ་ཐང་རྣམས་རང་འགར་འཕྲོག་གི་ཡོད།

སྤྱིར་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་དེའི་རྩ་ཁྲིམས་ནང་གསལ་བའི་གཞི་རྩའི་ཐོབ་ཐང་རྣམས་མི་དམངས་ལ་ངེས་པར་འཐོབ་དགོས་ཤིང༌། ཅི་སྟེ་གཞུང་ངམ་འགོ་འཁྲིད་ངན་པ་ལ་སོགས་པའི་རྐྱེན་གྱིས་ཐོབ་ཐང་ལོངས་སུ་སྤྱོད་པར་འགེགས་བྱུང་ཚེ། རྒྱལ་ཁབ་ཀྱི་ཁྲིམས་གཞི་ལྷན་ཁང་བརྒྱུད་ནས་ཐོབ་ཐང་རྩོད་པའི་གོ་སྐབས་ངེས་པར་ཡོད་དགོས། དེ་ལྟར་མ་བྱུང་ཚེ་མི་དམངས་རྣམས་ནམ་ཡང་མནར་གཅོད་དང་སྡུག་སྦྱོང་ལས་ཐར་མི་སྲིད། དེ་བས་ན་ཁྲིམས་ཀྱི་ཐོག་ནས་ཐོབ་ཐང་ལེན་མ་ཐུབ་ཚེ་ཡུལ་མི་རྣམས་ཀྱིས་གཞུང་ལ་ངོ་རྒོལ་གྱི་བྱ་སྤྱོད་སྤེལ་བ་ཡོང་གི་ཡོད་ཅིང༌། མཚམས་རེ་བྱ་སྤྱོད་རྣམས་དྲག་པོའི་རྣམ་པར་འཐོན་པ་ཡང་ཡོང་གི་ཡོད། འདི་ལོ་བོད་ནང་གཞི་རྒྱ་ཆེ་བའི་སྒེར་ལངས་བྱུང་བ་ཡང་རྒྱུ་རྐྱེན་འདི་རྣམས་ལ་བརྟེན་ནས་བྱུང་བ་ཁོ་བོས་འདོད་ཅིང༌། གཞི་རྒྱ་ཆེན་པོར་བྱུང་བ་དེས་བོད་ཆོལ་ཁ་གསུམ་ཡོངས་རྫོགས་ལ་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ་དང་བོད་མིའི་སེམས་སུ་རྒྱ་གཞུང་གི་སྲིད་བྱུས་ལ་འཁོན་འཛིན་ཇེ་ཆེར་འགྲོ་བཞིན་པ་མཚོན།།

བོད་ཀྱི་རྩ་དོན་སྐོར་ལ་དཔྱད་ཞིབ་མདོར་བསྡུས།

སྤྱིར་འཛམ་གླིང་གི་ལོ་རྒྱུས་ལ་བལྟས་ན་རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་དོན་འཁྱོལ་ཡོང་བར་གཙོ་བོ་སྒྲུབ་པའི་ཆ་རྐྱེན་གཉིས་དང་དགག་པའི་ཆ་རྐྱེན་གཅིག་བཅས་གསུམ་ལ་བརྟེན་ནས་བྱུང་བར་མངོན་ཏེ། དེ་ཡང་སྒྲུབ་པའི་ཆ་རྐྱེན་དང་པོ་ནི་རྒྱལ་ཁབ་དང་མི་རིགས་དེས་བསྒྲུབ་བྱ་མ་ཐོབ་བར་འཐབ་རྩོད་མུ་མཐུད་བྱ་དགོས་པ་དང༌། གཉིས་པ་ནི་འཐབ་རྩོད་དེ་ལ་སྟོབས་ཆེན་རྒྱལ་ཁབ་ཁག་གི་དོན་དམ་གྱི་རྒྱབ་སྐྱོར་འཐོབ་དགོས་པ་བཅས་ཡིན། ད་ལྟ་བོད་མིའི་གནས་སྟངས་ནི་ཆ་རྐྱེན་འདི་གཉིས་ཀ་དང་བྲལ་ཏེ། གཞིས་སུ་ལུས་པའི་བོད་མི་རྣམས་ནི་རྒྱ་འོག་ཏུ་ཚུད་ནས་ཡོད་པས་རྒྱུན་མཐུད་དེ་འཐབ་རྩོད་བསྟེན་རྒྱུ་ཤིན་ཏུ་དཀའ་བ་དང༌། ཕྱིས་རང་དབང་རྒྱལ་ཁབ་ཏུ་གནས་པའི་བོད་མི་ཚོས་ངོ་རྒོལ་སྐད་འབོད་སོགས་ཀྱི་ལས་འགུལ་སྤེལ་ཀྱང་མཉམ་བཞུགས་བྱེད་མི་ཉུང་བས་ཁྱབ་ཆུང་བ་དང༌། གནས་ཚང་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་འཛུགས་དང་བསྟུན་དགོས་པས་རྒྱུན་གནས་མི་ཐུབ་པ་ཆགས་ཡོད། ཆ་རྐྱེན་གཉིས་པའང་ཚང་བར་དཀའ་སྟེ། རྒྱ་ནག་ལ་གདོང་ལེན་གྱིས་བོད་ཀྱི་རྩ་དོན་ལ་དོན་དམ་པའི་རྒྱབ་སྐྱོར་བྱེད་པའི་སྟོབས་ཆེན་རྒྱལ་ཁབ་མེད་པའི་ཕྱིར། སྤྱིར་དངོས་ཡོད་ཆབ་སྲིད་ལག་བསྟར་སྐབས་སྟོབས་ཆེན་རྒྱལ་ཁབ་ཚོས་རང་གི་དོན་དང་རང་གི་ཁེ་ཕན་ཁོ་ན་ལ་བལྟས་ནས་སྟོབས་ཞན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱས་པ་ལས་བཟང་སྤྱོད་དང་དྲང་བདེན་ཙམ་ལ་བརྟེན་ནས་རྒྱབ་སྐྱོར་བྱེད་པའི་ལོ་རྒྱུས་དཀོན། དགག་ཕྱོགས་ཀྱི་ཆ་རྐྱེན་ནི་དབང་སྒྱུར་བ་པོའི་གཞུང་དེའི་སྟོབས་ཧ་ཅང་ཉམ་པ་ལས་རང་འོག་ཏུ་ཚུད་པའི་མི་རིགས་རྣམས་ལ་འཛིན་སྐྱོང་བྱེད་མི་ཐུབ་པའི་གནས་སྟངས་དེ་ཡིན། དེ་འདྲའི་གནས་སྟངས་ནང་འཐབ་རྩོད་བྱེད་མཁན་གྱི་མི་རིགས་དེ་ལ་རྒྱལ་ཁ་ཐོབ་པའི་སྐབས་ཡོང་གི་ཡོད། འོན་ཀྱང་ད་ལྟའི་ཆབ་སྲིད་ཀྱི་དངོས་ཡོད་གནས་སྟངས་ལ་བོད་མིར་རྐྱེན་གསུམ་པ་ཡང་ཚང་མེད་པ་ཧ་ཅང་གསལ། ཆ་རྐྱེན་གསུམ་པོ་མ་ཚང་ཁར་ཁ་དད་རྒྱལ་ཁབ་དབང་ཤུགས་ཆེ་བའི་གནས་སྟངས་སུ་རྩ་དོན་སྒྲུབ་མཁན་གྱི་མི་རིགས་དེའི་འདོད་པ་ཇི་བཞིན་ཡོང་རྒྱུ་ཤིན་ཏུ་དཀའ་བས། མི་རིགས་དེས་སྔོན་འགྲོའི་ཆ་རྐྱེན་ཉུང་ཤས་ཤིག་ཁས་མ་ལེན་རང་ལེན་དུ་འགྱུར་གྱི་ཡོད། དེ་ནི་རང་སྐྱོང་གི་གནས་བབས་བཟུང་བའི་གྲངས་ཉུང་མི་རིགས་དུ་མའི་ལོ་རྒྱུས་སུ་གསལ་ལ། ད་ལྟ་བོད་གཞུང་གིས་དབུ་མའི་ལམ་བསྟེན་པའི་གནས་ཚུལ་ཡང་དེ་ཡིན་ནོ།། དེར་བརྟེན་གོང་གི་གནས་སྟངས་དེ་འདྲའི་ནང་བོད་མི་རིགས་ཀྱི་དཀའ་རྙོག་སེལ་བའི་ཐབས་ལམ་ལེགས་ཤོས་ནི་རྒྱ་གཞུང་དང་ཐད་ཀར་ཞི་མོལ་འགྲོ་བཞིན་པའི་དབུ་མའི་ལམ་ཡིན་པར་སེམས།

དབུ་མའི་ལམ་ལ་དོན་འབྲས་མེད་པས་ལམ་དེ་ལས་ཕྱིར་ལྡོག་དགོས་ཞེས་བསམ་ཚུལ་ཡོད་ནའང༌། དེ་ལ་འབྲས་བུ་མེད་པ་མི་མཐོང་སྟེ། ཕྱི་ལོ་ ༢༠༠༢ ནས་ད་བར་ལོ་དྲུག་གི་ནང་རྒྱ་གཞུང་གི་སྐུ་ཚབ་དང་༧གོང་ས་མཆོག་གི་སྐུ་ཚབ་བར་གདོང་ཐུག་གིས་གཏམ་བཤད་ཐེངས་བརྒྱད་བྱས་པའི་གྲུབ་འབྲས་དངོས་རྡོག་ཅིག་བསྟན་རྒྱུ་མེད་ནའང༌། གཏམ་བཤད་དེ་རྣམས་ལས་བོད་མིས་རྒྱ་གཞུང་གི་ཕུགས་བསམ་ཚོད་དཔག་ཐུབ་ཡོད་ལ། རྒྱ་གཞུང་ནས་བོད་མིའི་དགོས་མཁོ་གང་ཞིག་ཡིན་པའང་ཤེས་ཡོད། དེ་ནི་གཏམ་བཤད་བྱས་པའི་གྲུབ་འབྲས་ཡིན་ལ་འགྲིག་འཇགས་བརྒྱུད་རིམ་གྱི་སྔོན་འགྲོའི་ལས་དོན་ཡང་ཡིན། ངེས་དགོས་པ་ཞིག་ལ་ཕྱི་ལོ་ ༢༠༠༢ ནས་ད་བར་ལོ་དྲུག་གི་ནང་ཛ་དྲག་གི་ཐུག་འཕྲད་གཅིག་ཐེ་བས་ཐུག་འཕྲད་ཐེངས་བརྒྱད་བྱུང་ཡོད་པ་དེས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱ་གཞུང་ནས་ཡ་ལེན་མ་བྱེད་ཀ་མེད་ཆགས་པར་མཚོན་ཐུབ་ཅིང༌། མ་བྱེད་ཀ་མེད་ཆགས་པ་དེས་རྒྱ་གཞུང་ལ་རྒྱལ་སྤྱིའི་གནོན་ཤུགས་ཡོད་པར་ཡང་མཚོན་པས་གོང་གི་ཆ་རྐྱེན་གཉིས་པ་སྟོབས་ཆེན་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དང་ལྡན་དགོས་ཞེས་པ་དེ་རྫོགས་པར་ཚང་མེད་ཀྱང་ཆ་ཤས་ཤིག་ཡོད་པ་བརྩི་ཆོག །

འོ་ན་ཉེ་ཆར་རྒྱ་གཞུང་ནས་དབུ་མའི་ལམ་གྱི་དོན་ཚན་གཅིག་རེ་གཉིས་རེ་ནས་སྐྱོན་བརྗོད་དང་དགག་པ་བྱེད་ཡོད་པས་ཇི་ལྟར་བྱ་ཞེ་ན། དེར་ལན་འདེབས་མ་བྱེད་གོང་དུ་སྐྱོན་བརྗོད་བྱས་པ་རྣམས་ཁ་གསལ་འགོད་ན། དང་པོ། དབུ་མའི་ལམ་གྱི་སྲིད་བྱུས་ནང་བོད་འདི་རྒྱལ་རབས་ལོ་རྒྱུས་ཀྱི་ཆ་ནས་རྒྱ་ཁོངས་མིན་པར་གསལ་ཡོད་པས་དབུ་མའི་ལམ་དུ་རང་བཙན་ཡིབ་ནས་ཡོད་ཅེས་དང༌། གཉིས་པ། བོད་ཆེན་པོའི་བསྒྲུབ་བྱ་བཟུང་བ་ནི་རྒྱལ་རབས་དང་འགལ་བ་ཡིན་ཞེས་དང༌། གསུམ་པ། ཚད་མཐོ་བའི་རང་སྐྱོང་གི་གནས་བབས་འདོད་པས་ཞིང་བྲན་ལམ་ལུགས་བསྐྱར་གསོ་བྱ་བ་ཡིན་ཞེས་དང༌། བཞི་པ། བོད་ཆེན་པོ་ལས་རྒྱ་མིའི་དམག་དཔུང་ཕྱིར་འཐེན་དགོས་པར་འདོད་པས་ས་ཁུལ་གྱི་བརྟན་ལྷིངས་དང་བདེ་འཇགས་ལ་གནོད་རྒྱུ་རེད་ཅེས་དང༌། ལྔ་པ། བོད་ཆེན་པོ་ལས་ཧཱན་མི་རིགས་གཞན་ཕྱིར་འཐེན་དགོས་པར་འདོད་པས་མི་རིགས་ཀྱི་དབྱེ་འབྱེད་འབྱུང་བ་ཡིན་ཞེས་སྐྱོན་བརྗོད་བྱས་ཏེ། འདོད་བྱ་དེ་རྣམས་བསྒྲུབ་ཏུ་མེད་པའི་འདོད་ཚུལ་རེད་ཅེས་གསལ་བསྒྲགས་བྱས་ཡོད།

སྐྱོན་བརྗོད་དེ་ལ་བརྟེན་ནས་བོད་མིའི་ཁྲོད་དུ་དབུ་མའི་ལམ་ལ་དྭོགས་པ་ཆེན་པོ་ཞིག་འབྱུང་བཞིན་ཡོད་ནའང༌། རེ་ཞིག་དེའི་སྐོར་དཔྱད་ཞིབ་གསལ་པོ་ཞིག་དགོས་མཁོ་ཆེ་བས་ཅུང་ཟད་དཔྱད་ན། ༡ ཕྱི་ལོ་ ༡༩༨༧ ལོའི་ཞི་བའི་དོན་ཚན་ལྔའི་ནང་༧གོང་ས་མཆོག་ནས་བོད་འདི་རྒྱལ་རབས་ལོ་རྒྱུས་ཀྱི་ཆ་ནས་རང་བཙན་ཡིན་པ་གསལ་པོར་གསུངས་ཡོད་པ་དེར་ཐབས་ཕྱོགས་གཅིག་འགྱུར་གྱི་འགོ་འཁྲིད་ཡང་མིན་ཕུ་ཡིས་དོན་ཚན་ལྔ་འཁོད་པའི་གནས་བྲིས་ཤིག་ཕུལ་བའི་ནང་༧གཽང་ས་མཆོག་གིས་ཁ་བྲལ་གྱི་ཕྱག་ལས་མུ་མཐུད་དེ་གནང་ན་བོད་ནང་དམ་བསྒྲགས་ཤུགས་ཆེ་བྱ་རྒྱུའི་ཉེན་བརྡ་ཕུལ་ཡོད། ༢ བོད་ཆེན་པོ་ཞེས་པའི་སྐྱོན་བརྗོད་འདི་གཏམ་གསར་པ་ཞིག་མིན་ཏེ་བརྒྱད་ཅུ་རྒྱ་གཉིས་དང་རྒྱ་བཞིའི་ནང་བོད་མིའི་སྐུ་ཚབ་བོད་དུ་ཕེབས་པའི་སྐབས་ནས་རྒྱ་མི་དང་མཉམ་དུ་འདོད་བྱ་འདི་རྣམས་ལ་གླེང་སློང་བྱུང་ཡོད་ཅིང༌། ཁྱད་པར་དུ་ཐབས་ཕྱོགས་གཅིག་འགྱུར་གྱི་དཔོན་རིགས་ཅང་པིང་གིས་བོད་ཆེན་པོའི་འདོད་བྱ་མ་དོར་ཚེ་འགྲིག་འཇགས་ཀྱི་གོ་སྐབས་མེད་ཅེས་སོགས་བཤད་ཡོད། ༣ གནད་དོན་ལྷག་མ་རྣམས་སི་ཊ་སི་སྦག་གི་གྲོས་ཆོད་ནང་འཁོད་ཡོད་ལ། དེར་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པས་རང་བཙན་དང༌། ཕྱེད་རང་བཙན། མི་མངོན་པའི་རང་བཙན་གང་ཡང་ཁས་ལེན་མི་ཐུབ་ཅེས་ནན་བཤད་བྱས་ཤིང༌། སི་ཊ་སི་སྦག་གི་གྲོས་ཆོད་དེས་ཞི་མོལ་གྱི་གཞི་རྟེན་མི་རུང་ཞེས་དགག་པའང་བྱས་ཡོད། ༤ གནས་སྤོས་ཟིན་པའི་མི་རིགས་གཞན་ཕྱིར་འཐེན་དགོས་པའི་གནད་དོན་དེ་དབུ་མའི་ལམ་དུ་གསལ་གྱི་མེད་པས་སྐྱོན་བརྗོད་དེ་ནི་གཞི་མེད་པའི་སྐྱོན་བརྗོད་ཙམ་ཡིན། དེར་བརྟེན་རྒྱ་གཞུང་ནས་སྐྱོན་བརྗོད་བྱེད་པར་བོད་མི་ཚོ་སྒྲོག་མི་དགོས་ཤིང༌། བློ་ཕམ་དང་དྭཽགས་པ་ཡང་སྐྱེ་མི་དགོས་སོ།། ཡང་སྤྱི་ཚོགས་ནང་རྒྱ་ནག་གཞུང་གིས་ལྷག་བསམ་དང་དྲང་བདེན་མི་བྱེད་པས་གྲོས་མོལ་བྱེད་པར་དགོས་པ་མེད་ཅེས་བརྗོད་མཁན་ཡོད་ཀྱང༌། རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ནང་དབང་ཤུགས་ཆེ་བའི་རྒྱལ་ཁབ་ཀྱིས་ལྷག་བསམ་དང་དྲང་བདེན་བྱེད་པ་ལོ་རྒྱུས་གང་ན་ཡོད། དེ་མེད་ཀྱང་འཐབ་རྩོད་བྱེད་མཁན་གྱི་མི་རིགས་དེས་འབད་རྩོལ་རྒྱུན་འཁྱོངས་ཀྱི་སྒོ་ནས་གནོན་ཤུགས་སྤྲོད་དེ་ཡ་ལེན་མ་བྱེད་ཀ་མེད་བཟོ་དགོས་པ་ནི་འཐབ་རྩོད་ཀྱི་རང་བཞིན་ཡིན་པས་ང་ཚོས་ཀྱང་དེ་ལྟར་བྱ་འོས་པ་ཡིན།

འོ་ན་གོང་གི་སྐྱོན་བརྗོད་དེ་རྣམས་ཇི་ལྟར་བཟློག་རྒྱུ་ཡིན་ནམ་ཞེ་ན། མདོར་བསྡུས་ཏེ་ཞུ་བར་བྱ་སྟེ་ཇི་སྲིད་བོད་ཀྱི་གནས་བབས་གསལ་པོ་མ་བཟོ་བར་དུ་རྒྱ་མིས་དེར་སྙད་འདོགས་བྱ་རྒྱུ་ངེས་པས་རང་གཞུང་ནས་བོད་ཀྱི་ལོ་རྒྱུས་སུ་འཁོད་པ་གཅིག་པུར་ཆ་འཇོག་མི་བྱེད་པར་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་དེ་ཚོའི་ཆིངས་ཡིག་རྣམས་ལ་ཞིབ་འཇུག་གིས་བོད་རང་བཙན་ཡིན་པའི་གནས་བབས་བསྒྲུབ་པའི་ཡིག་ཆ་ཕྱོགས་བསྒྲིག་བྱ་སྟེ་འཛམ་གླིང་གི་མདུན་སར་སྤྱན་འབུལ་ཐུབ་པ་བྱ་རྒྱུ་དང༌། ལྷག་པར་དུ་རྒྱ་མི་རིགས་ལ་ངོ་སྤྲོད་ཐུབ་པ་བྱ་གལ་ཆཻ། དེས་རྒྱ་གཞུང་གིས་བོད་འདི་ལོ་རྒྱུས་ཀྱི་ཆ་ནས་རྒྱ་ཁོངས་ཡིན་པའི་ཁས་ལེན་དགོས་པའི་ཆ་རྐྱེན་དེ་དོན་ལ་མི་གནས་པ་དང༌། བོད་གཞུང་གི་དབང་ཚད་ལས་བརྒལ་བ་ཡིན་པ་ཁ་གསལ་སྟོན་ཐུབ་ཅིང༌། བོད་ཀྱི་འདས་པའི་གནས་བབས་བསྒྱུར་ན་བོད་ཀྱི་ལོ་རྒྱུས་བསྒྱུར་དགོསཔ་མ་ཟད་བོད་དང་འབྲེལ་བ་བྱུང་བའི་རྒྱལ་ཁབ་རྣམས་ཀྱི་ལོ་རྒྱུས་དང་ཆིངས་ཡིག་སོགས་ཀྱང་བསྒྱུར་དགོས་པར་འགྱུར་བས་དེའི་དབང་ཚད་སུ་ལའང་མེད་པས་དེ་ནི་ཧ་ཅང་ཐལ་ཆེས་པའི་རྒྱུ་མཚན་བྲལ་བའི་གཏམ་དུ་མཐོང་ངོ།།

གཉིས་པ་བོད་ཆེན་པོའི་གནས་བབས་འདོད་བྱར་བཟུང་བ་དེ་རྒྱལ་རབས་དང་འགལ་ཞེས་རྒྱ་གཞུང་ནས་སྨྲ་བ་དེ་ཡང་དོན་དངོས་ཐོག་བསྒྲུབ་པར་ཤིན་ཏུ་དཀའ། འདོད་བྱ་དེའི་དགོས་པ་གཙོ་བོ་ནི་བོད་མི་རིགས་ཚགས་དམ་པོ་ཡོད་པའི་ས་ཁུལ་ཐམས་ཅད་མཉམ་སྡེབས་ཀྱི་རང་སྐྱོང་གི་ས་ཁུལ་ཆེན་པོ་གཅིག་བསྐྲུན་ཐུབ་པའི་ཆེད་ཡིན། དེ་ལྟར་བྱུང་ན་བོད་མི་རིགས་ཀྱི་ངོ་བོ་ཉར་འཚག་དང་གོང་སྤེལ་གཏོང་ཐུབ་པའི་ཁྱད་པར་ཡོད་པས། རྒྱ་གཞུང་དང་རྒྱ་མི་རིགས་ལ་དགོས་པ་དེ་འདྲ་ཡིན་པ་བསྒྲུབ་ཐུབ་པ་བྱ་དགོས། གསུམ་པ་ཚད་མཐོ་བའི་རང་སྐྱོང་བྱུང་ན་ཞིང་བྲན་ལམ་ལུགས་བསྐྱར་གསོ་ཐེབས་རྒྱུ་ཡིན་ཞེས་པ་ནི་རྒྱུ་མཚན་མེད་པའི་གཏམ་ཞིག་ཡིན། བཙན་བྱོལ་དུ་བོད་མི་རྣམས་ཀྱིས་དམངས་གཙོའི་གཞུང་བཙུགས་ནས་ལོ་བཞི་བཅུ་ལྷག་ཙམ་ཕྱིན་ཡོད་ལ། དེའི་རིང་དམངས་གཙོའི་ཚད་གཞི་ཇེ་མཐོ་ཇེ་མཐོར་གཏོང་ཡོད་པ་དེར་གཞིགས་ན་ཞིང་བྲན་ལམ་ལུགས་བསྐྱར་གསོ་ཐེབས་རྒྱུའི་གོ་སྐབས་ཡོང་མི་ཐུབ། དགག་པ་ཐ་མ་དེ་ཡང་དོན་ལ་མི་གནས་པའི་དགག་པ་ཙམ་དུ་ཟད་དེ་དབུ་མའི་ལམ་དུ་མི་རིགས་གཞན་བོད་ས་ནས་ཕྱིར་འཐེན་དགོས་པའི་དོན་ཚན་འཁོད་མེད་དོ།།

དབུ་མའི་ལམ་གྱི་ཐོག་ནས་གྲོས་མོལ་གནང་བའི་སྐབས་བོད་གཞུང་ནས་ལྷག་པར་དུ་ཐུགས་སྣང་དགོས་པའི་དོན་གནད་གཙོ་བོ་གཉིས་མཐོང་སྟེ། མི་རིགས་ཀྱི་ངོ་བོ་སྲུང་རྒྱུ་ནི་གནད་ཀྱི་དམ་པ་ཡིན་པས་དེར་གནོད་པའི་ཆ་རྐྱེན་གྱི་རིགས་གང་ལ་ཡང་བོད་གཞུང་ནས་འགྲིག་འཇགས་ཀྱི་ཆེད་དུ་ཁས་ལེན་བྱ་མི་རུང༌། གཉིས་པ་འགྲིག་འཇགས་ཡོང་བའི་མཚམས་སུ་ཐ་མའི་ཐག་གཅོད་ཀྱི་དབང་ཚད་བོད་མི་ས་ཡ་དྲུག་གི་ལག་ཏུ་འཇོག་དགོས་པ་ནི་ཤིན་ཏུ་གལ་ཆེ་བར་མཐོང༌། གནད་དོན་འདི་གཉིས་པོར་ཐུགས་གཟབ་མ་གནང་ཚེ་འཐབ་རྩོད་ཀྱི་དགོས་པ་བརླག་ཉེན་ཡོད་ཅིང༌། མ་ཟད་མི་རིགས་ནང་ཁུལ་བར་འཁོན་འཛིན་དང་ནང་འཁྲུག་ཡོང་བའི་ཉེན་ཁའང་མཐོང༌། ལྷག་པར་དུ་མ་འོངས་པར་བོད་ནང་དམངས་གཙོའི་གཞུང་འཛུགས་རྒྱུ་ནི་བོད་གཞུང་དང་དབུ་མའི་ལམ་གྱི་ཆེས་མཐོ་བའི་འདུན་པ་ཡིན་པས་བོད་ཀྱི་ཆབ་སྲིད་ཀྱི་ཐག་གཅོད་མི་དམངས་ཀྱི་ལག་ཏུ་འཇོག་གལ་ཆེ། མང་མོས་ཐག་གཅོད་ཀྱི་ལམ་དུ་ཆས་པར་དམིགས་བསལ་གྱི་ཁེ་ཕན་འདི་རྣམས་ཀྱང་ཡོད་དེ། འགྲན་བསྡུར་ལྷུག་པོ་ཡོང་ཐུབ་པ་དང༌། ཆབ་སྲིད་ཀྱི་གནད་དོན་ནང་མི་དམངས་གང་མང་གི་མཉམ་བཞུགས་ཐུབ་པ། མི་སེར་གྱི་གཞི་རྩའི་རང་དབང་ལོངས་སུ་སྤྱོད་ཐུབ་པ་བཅས་ཚང་གི་ཡོད། འདི་གསུམ་ནི་དམངས་གཙོ་ཡང་དག་པའི་ཀ་རྟེན་ལྟ་བུ་ཡིན་པས་ལམ་འདིའི་ཐོག་བསྐྱོད་ན་བོད་ནང་དམངས་གཙོའི་སྤྱི་ཚོགས་འཛུགས་རྒྱུའི་འདུན་པ་བསྒྲུབ་ཐུབ་པ་དང༌། འཛིན་སྐྱོང་བརྟན་པ་ཡོང་ཐུབ་པ། གཞུང་དེ་མི་དམངས་ཀྱི་གཞུང་ཡིན་པར་མཚོན་ཐུབ་པ་བཅས་ཡོང་ངེས།། །།

འབྲེལ་ཡོད་གསར་འགྱུར།

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

སྐར་མ ༥༧ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese