མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་ཐག་གཅོད་ཐད་ཀྱི་བལྟ་ཚུལ་ལྔ།

བོད་ཀྱི་དུས་བབ།
༢༠༠༨/༡༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གི་སློབ་ཆེན་པ་ ༡༥༠ ལྷག་གིས་བོད་དོན་ཐག་གཅོད་ཐད་བཏོན་པའི་སྤྱི་མོས་བལྟ་ཚུལ་ལྔ།

༧གོང་ས་མཆོག་གཙོ་བྱས་པའི་རྒྱང་རིང་ས་མཐའ་ན་ཞེན་ཆགས་ཀྱི་ཕྱིར་མིག་དམར་པོ་ནམ་ཡང་རང་ཡུལ་དུ་འཕེན་གྱིན་པའི་བྱེས་གྱར་བོད་མི་ཡོངས་ཀྱི་སྙན་ལམ་དུ།

ལོ་རྒྱུས་ཀྱི་གོད་ཆག་ཞིག་གིས་རྒྱུན་རིང་བའི་ལོ་ཟླ་སོ་མཚམས་ནས་ང་ཚོ་བོད་གཞིས་བྱེས་གཉིས་སུ་གྱེས་པ་ནས་བཟུང་། ཁྱེད་ཅག་བྱེས་གྱར་ཕུ་ནུ་ཡོངས་ཀྱིས་རྒྱ་གཞུང་གི་བཙན་གནོན་འོག་ན་རང་དབང་ལ་ཉམས་རྨས་བྱུང་བའི་བོད་གཞིས་སྡོད་ནང་མི་ཡོངས་གཙོ་བྱས་པའི་བོད་མི་ས་ཡ་དྲུག་གི་སྐྱིད་སྡུག་གི་ཆེད་དུ་དཀའ་ལས་རབ་དང་རིམ་པ་མྱངས་ཤིང་། ལས་འགུལ་སྣ་ཚོགས་བསླངས་པར་དུས་དང་རྣམ་པ་ཀུན་ཏུ་ཡི་རངས་གོང་བཀུར་དང་། དེར་མཐུན་གྱི་བོད་དོན་བྱ་བ་སྣ་ཚོགས་ལ་ངོ་བོ་གཅིག་མཐུན་རང་བཞིན་གྱིས་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཡིན་ནའང་། དམར་པོའི་སྲིད་གཞུང་གི་ཁ་སྒོ་ལག་འོག་ན་འགྲོ་བ་མིའི་མ་མཐའི་ཁེ་དབང་ཙམ་ཡང་མེད་པའི་ངེད་ཅག་གིས་བདེན་པའི་སྐད་འབོད་ཇི་ལྟར་བརྒྱབ་ནའང་ཡོད་ཚད་འཁྱོག་སྒྱུར་དང་བཙན་གནོན། གཡོ་སྒྱུ་དང་རྫུན་བཟོར་གོམས་པའི་རྒྱ་གཞུང་གིས་ང་ཚོའི་གནས་བབས་ལ་ཐུགས་ཁུར་གནང་རྒྱུ་ཕར་ཞོག ལྡོག་སྟེ་མ་ཉེས་ཁ་གཡོག་གི་སྲིད་བྱུས་རྫུན་མས་བོད་པ་མང་བོ་ཞིག་ད་ལ་ཐུག་གི་བར་དུ་བཙན་གསོད་དང་། བཀག་ཉར་བྱས་ཏེ་ཐོན་པ་རེད། འདི་འདྲའི་ཉམ་ང་བའི་གནད་འགག་གི་དུས་བབ་ཞིག་ལ་བོད་དོན་ཐག་གཅོད་ཐད་མང་གཙོའི་ལམ་ལུགས་སྒོས་ཕྱི་ནང་གི་བོད་པ་མང་ཚོགས་ཀྱི་བལྟ་ཚུལ་རྒྱུས་ལོན་བྱེད་རྒྱུ་ཤིན་ཏུ་ནས་ཀྱང་གལ་ཆེན་ཞིག་རེད། ཐེངས་འདིར་ཁྱེད་ཅག་གིས་མང་གཙོ་དང་འདྲ་མཉམ་གྱི་བྱེད་ཐབས་བཟུང་སྟེ་བོད་དོན་ལ་བཟུང་བའི་རང་སེམས་ཀྱི་བལྟ་ཚུལ་འདོན་རྒྱུ་བྱུང་བར་དགའ་བ་ཚད་མེད་སྐྱེ་བཞིན་ཡོད། གཤམ་དུ་ང་ཚོ་སློབ་ཆེན་པའི་མིང་འཁུར་མཁན་མི་གྲངས་ ༡༥༠ ལྷག་གིས་བོད་དོན་ཐག་གཅོད་ཐད་དུ་བཟུང་བའི་སྤྱི་མོས་བལྟ་ཚུལ་དོན་ཚན་ལྔ་བྱུང་བ་བརྗོད་དོན།

གཅིག སྤྱི་ཕྱོགས་ནས་རང་བཙན་གཙང་ལེན་བྱེད་པར་ཧ་ཅང་འཐད་མོད། ༧གོང་ས་མཆོག་གི་དབུ་མའི་བལྟ་སྟངས་ལ་ཡང་མཐའ་གཅིག་ཏུ་རྒོལ་བ་བྱ་རྩིས་མིན། ནང་ཁུལ་གྱི་མང་ཚོགས་ཕལ་བོ་ཆེའི་འདོད་ཕྱོགས་ཀྱང་རང་བཙན་གཙང་མ་བྱེད་རྒྱུ་དེ་རེད། ད་དུང་སྔར་གྱི་སྲིད་ཕྱོགས་རྒྱུན་སྐྱོང་བྱ་རྒྱུ་ཡིན་ཕྱིན། མཇུག་འབྲས་ལེགས་པོ་ཞིག་མི་འབྱུང་བ་ནི་སྔར་སོང་གྲོས་མོལ་བརྒྱད་ཀྱི་མཇུག་འབྲས་ལས་ར་སྤྲད་འདུག་ལ། རྗེས་ཕྱོགས་ཀྱི་ལམ་བུ་ཡང་གོང་བཞིན་སོང་ཚེ། ནང་ཁུལ་གྱི་བོད་མིར་གཉའ་གནོན་དང་ཚེ་སྲོག་རྩིས་ཐར་མི་སྤྲོད་པའི་སྦྱོར་བ་དམར་ཕྱོགས་པས་མི་རྩོམ་པའི་ངེས་པ་གཏན་ནས་མེད།

གཉིས། རྒྱལ་ནང་གི་གསར་འགོད་པ་ཚོ་ཕར་ཞོག རྒྱལ་སྤྱིའི་གསར་འགོད་པ་ཚང་མས་ཀྱང་རྒྱ་ཆེ་བའི་བོད་མང་ཚོགས་ཀྱི་བསམ་ཚུལ་ངོ་མ་ཇི་བཞིན་སྔོག་ཐུབ་ཀྱིན་མེད་པས། རེ་བ་ཡིན་ན། རྒྱལ་སྤྱིའི་གསར་འགོད་པ་དག་གིས་གསར་འགྱུར་འཁྱོག་བསྒྱུར་མི་བྱེད་པར་དྲང་མོ་གསལ་བོ་ཞིག་སྒྲོག་ཐུབ་པ་གལ་ཆེ། དེ་མིན། དྲག་གནོན་དང་རྡུང་རྡེག་གི་མངའ་འོག་ནས་མང་ཚོགས་ལ་ཁོག་ཏུ་གནོན་མི་ཐུབ་པའི་ན་ཟུག་དང་དྲན་ཚུལ་ཡོད་ཀྱང་། ཇི་བཞིན་དུ་བརྗོད་ཐུབ་ཀྱི་མེད།

གསུམ གལ་སྲིད་ཐེངས་འདིའི་ཚོགས་འདུ་ལས་དབུ་འཁྲིད་གསར་བ་འདེམས་རྩིས་ཡིན་ན། སྲིད་དོན་འགན་ཁུར་ཞིང་སྲིད་ཕྱོགས་ལ་མཐའ་གཅིག་ཏུ་གཞོལ་མཁན་ཞིག་ཡིན་ན་འགྲིག ཆོས་སྲིད་ཟུང་འབྲེལ་ལྟ་བུ་ཡིན་ན་མི་འགྲིག

བཞི། ཡོད་ཚད་མང་གཙོ་དང་རང་དབང་། འདྲ་མཉམ་གཙོས་རྒྱལ་སྤྱིའི་བསམ་བློའི་མཁའ་དབུགས་ཀྱི་ཚད་གཞི་ལྟར་ཐག་བཅད་ན་འགྲིག

ལྔ། བོད་དོན་འདི་ཀྲུང་གོའི་ཆ་བ་སྲིད་ཀྱི་མངའ་ཁོངས་ལས་བརྒལ་ཏེ། རྒྱལ་སྤྱིའི་གནད་དོན་དུ་འགྱུར་རྒྱུར་ཤུགས་སྣོན་རྒྱག་དགོས།

མཆན། སྤྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༨ ཉིན་སྤྱི་མོས་ཐག་གཅོད་ཀྱིས་ཡིག་ཐོག་ལ་ཕབ་ནས་བསྐུར་ཐབས་བྱས་པ་ལས། རིམ་པས་ཚང་མས་མིང་རྟགས་བཀོད་ནས་དཀྲམ་ཐབས་བྱེད་རྒྱུ་ཡིན།

 

རྩོམ་འདི་མཁོ་སྤྲོད་པ་ཀླུ་འབུམ་བཀྲ་ཤིས་ཡིན།

འབྲེལ་ཡོད་གསར་འགྱུར།

མ་རྩོམ་ཐོག་འཁོད་པའི་རྩོམ་པ་པོའི་པར།
Mobile App

ཞི་ཅིན་ཕིང་གི་དུས་སྐབས་ཀྱི་བོད་ནང་གི་གཉའ་གནོན་ནི་མུན་ནག་གི་ས་མཚམས་ཤིག་ཡིན།

སྐར་མ ༤༢ སྔོན་ལ།
TT
Mobile App

རྒྱ་ནག་གཞུང་གིས་བདེ་ཆེན་རྫོང་དེ་ས་གནས་གཞན་ལ་གནས་སྤོ་བཞིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
ཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཀྱི་ཚོགས་འདུ་ཐེངས་ ༨ པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༨
Mobile App

བཙན་བྱོལ་བོད་མིའི་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་གསར་འཛུགས་གནང་།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

༢༠༢༦/༠༨/༢༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

༢༠༢༦/༠༨/༢༧
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

༢༠༢༦/༠༨/༢༧

མཆན། 3

  1. སྨོན་ལམ་མཐར་ཕྱིན། says:
    ལོ་ 18 སྔོན།

    ས྄ློབ་མ་དེ་དག་གིས་བསམ་འཆར་བཏོན་གནང་བ་ལ་དགའ་བསུ་ཞུ་ར྄ྒྱུ་དང༌། ཁོང་ར྄ྣམས་ཀྱིས་ཆོས་ས྄ྲིད་ཟུང་འབྲེལ་ལ྄ྟ་བུ་ཡིན་ན་མི་འགྲིག་གསུངས་འདུག་ཀྱང་མི་འགྲིག་པའི་ར྄ྒྱུ་མཚན་ཡང་དག་གང་ཡང་བཀོད་གནང་མེད་པ་དང༌། དམིགས་བསལ་ར྄ྒྱ་གཞུང་གིས་ཆོས་ས྄ྲིད་ཟུང་འབྲེལ་ཞེས་བཤད་པ་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་གསལ་བའི་ཆོས་ས྄ྲིད་ཟུང་འབྲེལ་གཉིས་ཀྱི་གནད་དོན་སོ་སོར་མ་དགོངས་པ་མིན་ནམ་ས྄ྙམ།

    Reply
  2. གད་སྙིགས་ཁྲོད་ཀྱི་ནོར་བུ། says:
    ལོ་ 18 སྔོན།

    རེད། ངས་བལྟས་ན་གོང་གི་བོད་ནང་གི་སློབ་ཆེན་པ་ ༡༥༠ ལྷག་གིས་བོད་དོན་ཐག་གཅོད་ཐད་བཏོན་པའི་སྤྱི་མོས་བལྟ་ཚུལ་ཞེས་པའི་གནས་ཚུལ་འདི་བོད་ནས་ཡིན་མིན་ཆ་མ་འཚལ་ཡང་དོན་དངོས་ཀྱི་གནས་ཚུལ་དང་མི་འཐུན་པར་སྐཔས་ཐོག་བཀའ་བློན་ཁྲི་བར་མི་འདོད་པའི་དཀྲོགས་གཏམ་དག་སྤྱི་ཚོགས་སྟེང་གླེང་བ་ཞིག་རེད་འདུག། ངོམ་དེ་རིགས་ནམ་ཡང་སྟོང་པར་སྨོན།
    གསུམ
    གལ་སྲིད་ཐེངས་འདིའི་ཚོགས་འདུ་ལས་དབུ་འཁྲིད་གསར་བ་འདེམས་རྩིས་ཡིན་ན། སྲིད་དོན་འགན་ཁུར་ཞིང་སྲིད་ཕྱོགས་ལ་མཐའ་གཅིག་ཏུ་གཞོལ་མཁན་ཞིག་ཡིན་ན་འགྲིག ཆོས་སྲིད་ཟུང་འབྲེལ་ལྟ་བུ་ཡིན་ན་མི་འགྲིག་ཟེར་ཁྱེད་ནས་དོན་དངོས་གོང་ས་མཆོག་ཆོས་སྲིད་ཟུང་འབྲེལ་ལྟ་བུར་བོད་ཀྱི་དབུ་འཛིན་མི་རུང་ཟེར་བ་མ་ཡིན་ནམ།
    ངོ་མ་སློབ་ཆེན་པ་དེ་ཚོས་བསམ་བློ་ཇི་འདྲ་རེད། ཧ་ཧ་ཧ་ཧ་ཧ་ཧ་ཧ།

    Reply
  3. གནས་ཚང་། says:
    ལོ་ 18 སྔོན།

    གཉའ་ཁྲི་ལགས་དགོངས་དག

    གཉའ་ཁྲི་ལགས་དགོངས་དག
    བོད་བསྐྱལ་ཚར་སོང་།
    ས་པཎ་ལགས་དགོངས་དག
    རང་སྐྱོང་བརླག་ཚར་སོང་།
    དགའ་ལྡན་ཕོ་བྲང་ལགས་བཞུད་རོགས།
    ཕྱིར་བལྟས་མེད་པར་བཞུད་རོགས།
    ལ་ཁའི་ཉི་ཟེར་དང་ལྷན་དུ་བདེ་བར་གཟིམས།

    གཞིས་ལུས་བོད་མི་ལགས་དགོངས་དག
    འཕྲུལ་སྣང་སྤར་མོ་གང་བོ་གནམ་ལ་གཏོར།
    རང་ཁ་རང་གསོ་མ་གཏོགས་ཅི་ཡང་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese