ཝང་ལིས་ཤོན
ཀུན་ཐར་གྱིས་བོད་བསྒྱུར་ཞུས།
དང་པོ། ས་བྱི་ལོའི་བོད་ཀྱི་དོན་རྐྱེན་ནི་ཆུ་དབར་ཕྱེས་པའི་རི་བོ་ཞིག།
༡། དཔོན་རིགས་རུ་ཚོགས་དེ་གཙོ་ཁྲིད་མཁན་དུ་གྱུར་པ།
ལམ་ཡིག་འདི་ཉིད་ཆུ་དབར་ཕྱེས་པའི་རི་བོ་ནས་འགོ་འཛུགས་བྱེད་རྒྱུ། ཕྱི་ལོ་༢༠༠༨ ལོར་བོད་ཀྱི་དོན་རྐྱེན་མ་བྱུང་སྔོན། ངས་བོད་རང་བཙན་གྱི་གནད་དོན་དེར་གཟབ་ནན་གྱི་སྒོ་ནས་བལྟས་མྱོང་མེད། དོན་རྐྱེན་འདི་ནི་ཆུ་དབར་ཕྱེས་པའི་རི་བོ་ཞིག་རེད། ང་ལ་ཐེངས་དང་པོར་བོད་ལ་རང་བཙན་འཐོབ་སྲིད་པའི་ལྟ་ཚུལ་དེ་བྱུང༌། གལ་ཏེ་བོད་རང་བཙན་ནི་དེ་སྔ་རྨི་ལམ་ལྟ་བུ་ཞིག་ཡིན་ན། འདིའི་རྗེས་བོད་རང་བཙན་དངོས་སུ་ཇེ་གསལ་དུ་གྱུར་ཏེ་ཀུན་གྱིས་མཐོང་ལམ་དུ་མངོན་ཡོད། འདི་ལྟ་བུའི་འགྱུར་ལྡོག་གི་འབྱུང་རྐྱེན་ནི་གཞན་ཞིག་མ་ཡིན་པར། རྒྱ་ནག་གི་དབང་འཛིན་མ་ལག་ཁྲོད་དུ་བྱབྱཁ་བྲལ་ལ་ངོ་རྒོལ་བྱབྱབྱེད་པའི་ལས་འགན་འཁུར་མཁན་དཔོན་རིགས་རུ་ཚོགས་དེ་ཡིན།
དུས་རབས་བཅུ་དགུ་པའི་དུས་དཀྱིལ་ནས་དུས་རབས་ཉི་ཤུ་པའི་དུས་དཀྱིལ་བར་གྱི་རྒྱ་ནག་དེ་ནི། བཙན་རྒྱལ་རིང་ལུགས་ཀྱི་མནར་གཅོད་དང་བརྙས་བཅོས་མྱོང་མཁན་གྱི་གཟུགས་བརྙན་ཞིག་ཡིན། ཉེ་རབས་ཀྱི་རྒྱ་ནག་པ་རྣམས་ཀྱི་སེམས་སུ་བརྙས་བཅོས་དེ་དག་བརྟན་པོར་ཉར་ཡོད་པ་ལས། རྒྱ་ནག་དེ་སྔོན་ཆད་བཙན་རྒྱལ་རིང་ལུགས་པ་ཞིག་ཡིན་པར་བསམ་མཁན་ཤིན་ཏུ་ཉུང་ཉུང་རེད། དུས་རབས་བཅུ་བདུན་དང་བཅོ་བརྒྱད་པའི་ནང་རྒྱ་ནག་གིས་མངའ་ཁོངས་རྒྱ་བསྐྱེད་ཆེན་པོ་བྱས་ཤིང༌། དེ་རྗེས་བཙན་རྒྱལ་གཞན་གྱིས་ཕམ་ཉེས་དང་བཅད་བགོས་བྱས་པའི་ངོ་ཚ་ཡོད་ནའང༌། ད་ལྟ་བར་བཙན་དབང་རྒྱལ་ཁབ་ཀྱི་ཤུལ་བཞག་ངེས་ཅན་ཞིག་ད་དུང་ཡང་རྒྱུན་འཛིན་བྱས་ཡོད། དེའི་ནང་དུ་བོད་འདི་ཉིད་ཀྱང་ཚུད་ཡོད།
དེང་སྐབས། བོད་ཀྱི་ས་ཁོངས་ཀྱིས་རྒྱ་ནག་བཙན་རྒྱལ་གྱི་མངའ་ཁོངས་ཀྱི་བཞི་ཆ་གཅིག་ཟིན་ཞིང༌། བོད་ཀྱི་གནད་དོན་དེ་བཙན་རྒྱལ་ཆབ་སྲིད་ཁྲོད་གལ་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད། རྒྱ་ནག་གི་ཏང་སྲིད་དབང་འཛིན་མ་ལག་ཁྲོད་བོད་དང་འབྲེལ་བའི་སྡེ་ཁག་མང་པོ་ཞིག་ཡོད་པའི་ཁྲོད། ཞིང་ཆེན་པུའུ་བློན་ཆེན་རིམ་པ་ཡན་གྱི་སྡེ་ཁག་བཅུ་གསུམ་ཡོད་པ་གཤམ་གསལ།
༡། བོད་རང་སྐྱོང་ལྗོངས།
༢། མཚོ་སྔོན་ཞིང་ཆེན།
༣། ཀན་སུའུ་ཞིང་ཆེན།
༤། ཟི་ཁྲོན་ཞིང་ཆེན།
༥། ཡོན་ནན་ཞིང་ཆེན།
༦། དམར་ཤོག་དབུས་ཀྲུང་གུང་ཀྲུང་དབྱང་བོད་ལྗོངས་ལས་དོན་འདུམ་སྒྲིག་ཚོགས་ཆུང༌།
༧། དམར་ཤོག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས།
༨། དབུས་སྤྱི་བདེ་ལས་ཁུངས།
༩། རྒྱལ་ཁབ་བདེ་འཇགས་ལས་ཁུངས།
༡༠། དམག་དཔུང༌།
༡༡། དྲག་ཆས་ཉེན་རྟོག་དམག་དཔུང༌།
༡༢། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང༌།
༡༣། རྒྱལ་སྲིད་སྤྱི་ཁྱབ་ཁང་ཆོས་ལུགས་ལས་དོན་ཅུའུ།
ལས་ཁུངས་འདི་དག་ནང་ཆེད་མངགས་བོད་ཀྱི་གནད་དོན་ཐད་ལས་དོན་གཉེར་བའི་སྡེ་ཚན་ཟུར་བཙུགས་བྱས་ཡོད། སྡེ་ཚན་དེ་དག་ནང་དུས་ཡུན་རིང་བོར་དང་ཐ་ན་ཚེ་གང་བོར་ལས་དོན་འདི་རིགས་སྒྲུབ་མཁན་གྱི་དཔོན་རིགས་ཁག་ཅིག་ཀྱང་ཡོད། ལས་ཁུངས་བཅུ་གསུམ་པོ་འདི་དག་གིས་མ་ཚད། ད་དུང་གཤམ་གསལ་གྱི་ལས་ཁུངས་བཅུ་གཅིག་དེ་བོད་དོན་དང་ཐད་ཀར་འབྲེལ་བ་མེད་ནའང་བྱབྱཁ་བྲལ་ལ་ངོ་རྒོལ་བྱབྱབྱེད་པའི་ལས་འགན་གཅིག་མཚུངས་དང༌། ཆེད་མངགས་བྱབྱཁ་བྲལ་ལ་ངོ་རྒོལ་བྱབྱབྱེད་པའི་སྡེ་ཚན་དང་ལས་བྱེད་ཁག་གི་ལས་ཁུངས་ནི།ཞིང་ཆེན་པུའུ་རིམ་པ།
༡། རྒྱ་ནག་དབུས་ཆབ་སྲིད་ཁྲིམས་ལུགས་ལྷན་ཁང༌།
༢། དམར་ཤོག་དབུས་ཤིན་ཅིང་ལས་དོན་འདུམ་སྒྲིག་ཚོགས་ཆུང༌།
༣། ཤིན་ཅིང་རང་སྐྱོང་ལྗོངས།
༤། ཤིན་ཅིང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ།
༥། ནང་སོག་རང་སྐྱོང་ལྗོངས།
༦། ཕྱི་འབྲེལ་ལས་ཁུངས།
༧། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང༌།
༨། རྒྱལ་སྲིད་སྤྱི་ཁབ་ཁང་ཐེ་ཝན་ལས་དོན་གཞུང་སྒྲུབ་ཁང༌།
༩། རྒྱལ་སྲིད་སྤྱི་ཁྱབ་ཁང་ཧོང་ཀོང་དང་ཨོ་མེན་ལས་དོན་གཞུང་སྒྲུབ་ཁང༌།
༡༠། ཧོང་ཀོང་དང་རྒྱ་ནག་མཉམ་འབྲེལ་གཞུང་སྒྲུབ་ཁང༌།
༡༡། ཨོ་མེན་དང་རྒྱ་ནག་མཉམ་འབྲེལ་གཞུང་སྒྲུབ་ཁང༌།
གོང་གསལ་རྣམས་ཕྱོགས་བསྡོམས་བྱས་ན། རྒྱ་ནག་གི་དཔོན་རིགས་མ་ལག་ཁྲོད་བྱབྱཁ་བྲལ་ལ་ངོ་རྒོལ་བྱབྱབྱེད་པའི་ལས་འགན་འཁྱེར་མཁན་གྱི་ལས་ཁུངས་ཁག་ཉི་ཤུ་རྩ་བཞི་ཡོད་པ་དེ་ནི། གཞི་རྒྱ་ཧ་ཅང་ཆེ་བའི་རུ་ཚོགས་ཤིག་ཏུ་གྱུར་ཡོད་ཅིང༌། རུ་ཚོགས་དེ་རྣམས་ལ་ཡོད་པའི་དབང་ཆ་དང༌། མི་དང་རྒྱུ་དངོས་ཀྱི་ནུས་ཤུགས་ཆུང་ཆུང་ཞིག་གཏན་ནས་མིན། ཐེངས་འདིའི་བོད་ཀྱི་དོན་རྐྱེན་ལ་ཐག་གཅོད་བྱེད་སྐབས། རུ་ཚོགས་དེ་དག་མནའ་འབྲེལ་བྱས་ཏེ། དོན་རྐྱེན་ཐག་གཅོད་བྱེད་པའི་བརྒྱུད་རིམ་དེ་གཙོ་འཁྲིད་བྱས་ཡོད། ལས་དོན་སྒྲུབ་སྟངས་འདི་མའོ་དང་ཏིན་གྱི་དུས་སྐབས་དང་འདྲ་ས་མེད། སྔོན་ཆད་བོད་ཀྱི་ཐོག་བྱབྱའཐབ་ཕྱོགས་གཅིག་གྱུར་བྱབྱདང༌། བྱབྱངོ་ལོག་ཟིང་འཁྲུག་ཞི་འཇགས།བྱབྱ ཡང་ན་བྱབྱཟིང་སེལ་ཡོ་བསྲང༌།བྱབྱ བྱབྱཉེན་ཟོན་དམ་དྲགབྱབྱསོགས་གང་ཞིག་ཡིན་ཡང་ཆེས་མཐོའི་དབང་འཛིན་པས་ཐག་གཅོད་བྱས་ཏེ། དཔོན་རིགས་རུ་ཚོགས་ཀྱིས་ལག་བསྟར་བྱས། འོན་ཀྱང་ཐེངས་འདིའི་བོད་ཀྱི་དོན་རྐྱེན་ཐོག ཆེས་མཐོའི་དབང་འཛིན་པ་ཚོས་ཧ་ལམ་གང་ཡང་བྱས་མེད་པར། ལས་དོན་ཡོད་ཚད་དཔོན་རིགས་རུ་ཚོགས་ཀྱིས་རང་ངོས་ནས་ཐག་གཅོད་བྱས་ཡོད།
དཻ་ནི་སྟབས་བདེའི་སྒོ་ནས་རྒྱ་ནག་གོང་རིམ་གྱིས་དབང་ཆ་མར་སྤྲད་པ་ཙམ་ལ་ངོས་འཛིན་བྱ་མི་རུང༌། དོན་དངོས་ཐོག ལྷ་སའི་དོན་རྐྱེན་བྱུང་བའི་ཟླ་དེའི་ནང༌། རྒྱ་ནག་གི་སྲིད་བློན་ཝུན་ཅ་པོ་ལཱའོ་སི་རྒྱལ་ཁབ་ཏུ་མའེ་ཀོང་གཙང་པོའི་ས་ཁུལ་ཉེ་འདབས་ཀྱི་དབུ་ཁྲིད་ཚོའི་ཚོགས་འདུ་ཐེངས་གསུམ་པར་3rd Summit of the Great Mekong Subregion countriesཚོགས་ཞུགས་སྐབས་ཁོང་གིས། ཏཱ་ལའི་བླ་མས་ཁོང་གི་སྙན་གྲགས་དབང་ཐང་ལ་བརྟེན་ནས་བོད་ནང་གི་དོན་རྐྱེན་ཞི་འཇགས་གཏོང་གནང་ཡོང་བའི་འབོད་སྐུལ་བྱས་ཡོད། སྔ་ན་མ་གྲགས་པའི་བཤད་སྟངས་འདིར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱས་ཏེ། དེ་ནི་རྒྱ་ནག་འགོ་འཁྲིད་པ་རྣམས་ཀྱི་བསམ་བློ་གསར་པ་ཞིག་ཡིན་པར་ངོས་འཛིན་བྱས་ཡོད། འོན་ཀྱང༌། དེར་རྗེས་མཐུད་ཀྱི་སྐད་ཆ་ཅི་ཡང་བྱུང་མེད། བྱབྱཁ་བྲལ་ལ་ངོ་རྒོལ་བྱབྱ བྱེད་མཁན་གྱི་དཔོན་རིགས་རུ་ཚོགས་ཀྱིས་དོན་རྐྱེན་ཐག་གཅོད་བྱེད་སྟངས་ལ་འགྱུར་ལྡོག་གང་ཡང་བྱུང་མེད། འདིའི་ཐོག་ནས་ཤེས་ཐུབ་པ་ཞིག་ནི། དེང་སྐབས་རྒྱ་ནག་དམར་ཤོག་གིས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་སྐབས། ཆེས་མཐོའི་དབང་འཛིན་པས་ཐག་གཅོད་བྱེད་དགོས་ཀྱི་མེད་པར་མ་ཟད། ཐ་ན་ཆེས་མཐོའི་དབང་འཛིན་པས་ཐག་གཅོད་གནང་ཡོད་ནའང༌། དཔོན་རིགས་རུ་ཚོགས་ཀྱི་དགོས་འདོད་དང་མ་མཐུན་ན་ནུས་པ་ཅི་ཡང་ཐོན་གྱི་མེད། གནས་སྟངས་འདི་རིགས་ཕྱིན་ཆད་སྒྲིག་སྲོལ་ཞིག་ཏུ་འགྱུར་ཉེན་ཆེ། འདི་ལྟ་བུའི་འགྱུར་ལྡོག་གིས་བྱུང་རྐྱེན་ཅི་ཡིན་པ། ཕྱིས་སུ་རིམ་པས་ངོ་སྤྲོད་བྱེད་ཆོག་པ་ཞུ།
ཆེས་མཐོའི་དབང་འཛིན་པས་སྒེར་དབང་སྤྱོད་ཐུབ་པའི་སྐབས་སུ། ཕྱོགས་གཅིག་ནས་གཏུམ་སྤྱོད་དང༌། གདུག་རྩུབ། ནོར་འཛོལ་འབྱུང་སྲིད་ལ། ཕྱོགས་གཞན་ནས་གཟིགས་རྒྱང་རིང་པོ་དང༌། ཟིང་སེལ་ཡོ་བསྲང༌། བཀག་རྒྱ་ལས་བརྟོལ་བ་དང་གནས་སྟངས་འཕོ་འགྱུར་གཏོང་བ་སོགས་འབྱུང་སྲིད་པ་ཞིག་ཡིན། ཕྱོགས་དེ་གཉིས་དབར་བར་ཐག་གོམ་གང་ལས་མེད་ཅིང༌། སྐབས་འགར་དབང་འཛིན་པའི་བསམ་བློ་འཁོར་ཐེངས་གཅིག་ལ་རག་ལས་ཡོད། འོན་ཀྱང༌། དཔོན་རིགས་རུ་ཚོགས་དེ་གཙོ་ཁྲིད་མཁན་དུ་གྱུར་སྐབས། དེ་ལྟ་བུའི་ཟློས་གར་འཁྲབ་སྟོན་རང་བཞིན་གྱི་གནས་ཚུལ་མི་འབྱུང་བར། མངོན་གསལ་ལྡན་པའི་སྒྲིག་གཞིའི་སྒྲོམ་གཞིའི་ནང་ལྷུང་འགྲོ་བ་ཡིན། དཔོན་རིགས་རུ་ཚོགས་ནི་ཕན་ཚུན་སྟངས་འཛིན་དང༌། གཏན་འབེབས་རྒྱུན་འཛིན། ལུགས་རྙིང་མཁྲེགས་འཛིན་བཅས་ཀྱི་སྒོ་ནས་གྲུབ་ཡོད། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། དཔོན་རིགས་རུ་ཚོགས་ནི་ཁེ་ཕན་གཙོ་གཉེར་བྱེད་པའི་རུ་ཚོགས་ཞིག་ཡིན། གལ་སྲིད་རྒྱལ་ཁབ་ཀྱི་སྲིད་ཇུས་ཐག་གཅོད་རྣམས་རུ་ཚོགས་དེར་སྟངས་འཛིན་བྱེད་བཅུག་ན། སྲིད་ཇུས་ཐག་གཅོད་གང་བྱས་ཁོ་ཚོའི་ཁེ་ཕན་དང་མཐུན་པ་ཞིག་བྱ་ངེས་ཡིན། གལ་སྲིད་རང་གི་ཁེ་ཕན་དང་སྤྱི་ཚོགས་ཀྱི་ཁེ་ཕན་དབར་འགལ་བ་བྱུང་སྐབས། དཔོན་རིགས་རུ་ཚོགས་དེ་གཏོར་ཞིག་གཏོང་མཁན་དུ་གྱུར་ཏེ། མང་ཚོགས་ཀྱི་ཁེ་ཕན་ལ་གཏོར་བཤིག་གཏོང་རྒྱུ་མ་ཟད། མ་གཞི་ཁོ་ཚོས་ཞབས་འདེགས་ཞུ་བྱའི་དབང་སྒྱུར་གྱི་དམིགས་ཡུལ་ལའང་གཏོར་བཤིག་གཏོང་ངེས་ཡིན། བྱབྱཁ་བྲལ་ལ་ངོ་རྒོལ་བྱབྱ བྱེད་མཁན་གྱི་དཔོན་རིགས་རུ་ཚོགས་ནི་འདི་འདྲ་ཞིག་རེད། ཁོ་ཚོས་རང་ལ་ཁེ་ཕན་བསྒྲུབ་རྒྱུར་དམིགས་ཏེ་བྱབྱཁ་བྲལ་ལ་ངོ་རྒོལ་བྱབྱབྱེད་པའི་ལས་དོན་སྤེལ་བའི་མཇུག་འབྲས་སུ། རྒྱ་ནག་རྒྱལ་ཁབ་དེ་སྔར་བས་ཉེན་ཁ་ཆེ་བའི་ཁ་བྲལ་གྱི་གནས་སུ་བསྐྱལ་ཡོད། ང་ཚོས་ལྟ་ཕྱོགས་འདི་གཞིར་བཟུང་ཐོག་ཐེངས་འདིའི་བོད་ཀྱི་དོན་རྐྱེན་དེའི་བྱུང་རིམ་ལ་ལྟ་ཞིབ་ཅིག་བྱེད་ཆོག
ལྷ་སའི་བྱབྱ༣་༡༤བྱབྱཁྲོམ་སྲང་གི་ངོ་རྒོལ་དང་དྲག་སྤྱོད་དོན་རྐྱེན་ལྟ་བུ་དོན་དངོས་ཐོག་རྒྱ་ནག་ནང་ཁུལ་དུ་མཚམས་མ་ཆད་པར་ཡོང་གིན་ཡོད། རྒྱ་ནག་ནང་ཁུལ་དུ་དོན་རྐྱེན་དེ་རིགས་ཐག་གཅོད་བྱེད་སྟངས་ཧ་ཅང་སྐྱོ་བོ་རེད། ཡིན་ནའང་བྱབྱ༣་༡༤བྱབྱདོན་རྐྱེན་ལའང་རྒྱ་ནག་ནང་ཁུལ་གྱི་ཐག་གཅོད་བྱེད་སྟངས་གསར་འགྱུར་བཀག་སྡོམ། དོན་ཆེན་དོན་ཆུང་དུ་སྒྱུར་བའི་ཐབས། འགལ་བ་རྣོ་ངར་ཅན་དུ་མི་སྒྱུར་བའི་ཐབས། དྲག་གནོན་དང་ཆབས་ཅིག་སེམས་གསོ་གཏོང་བ། གཤམ་འོག་དཔོན་རིགས་ཐོག་ངན་ཁག་གཡོགས་ཏེ་མི་དམངས་ཀྱི་ཁོང་ཁྲོ་ཞི་འཇགས་གཏོང་ཐབས་སོགས་བེད་སྤྱོད་བཏང་བ་ཡིན་ན། དེ་རྗེས་བོད་ས་ཡོངས་སུ་ཁྱབ་པའི་གཅིག་རྗེས་གཉིས་མཐུད་ཀྱི་ལས་འགུལ་དེ་རིགས་མི་འབྱུང་བའང་ཡོང་སྲིད། འོན་ཀྱང༌། བོད་ཀྱི་གནད་དོན་ཐོག་དཔོན་རིགས་ཚོས་དེ་ལྟ་བུའི་སྤྱིར་བཏང་གི་བསམ་བློ་ཞིག་འཁྱེར་མི་སྲིད། གང་ཡིན་ཞེ་ན། ཐོག་མར་བོད་ཐོག་འཛམ་གླིང་གིས་དོ་སྣང་བྱེད་ཀྱི་ཡོད་པས། དོན་རྐྱེན་དེས་རྒྱལ་སྤྱིའི་ཐོག་གླེང་སློང་འབྱུང་ངེས་པ་དང༌། དེ་ནས་བོད་ནང་ཟིང་ཆ་ལངས་ཚེ་དེ་སྔ་བོད་ཀྱི་གཙོ་འགན་བཞེས་མྱོང་མཁན་གྱི་རྒྱ་ནག་དམར་ཤོག་འགོ་ཁྲིད་ཧུའུ་ཅིན་ཐོའང་ཁ་སྐྱེངས་ཆགས་ངེས་ཡིན་ལ། རིམ་པ་ཁག་གི་དཔོན་རིགས་ཚོར་ཉེས་ཆད་བཏང་མི་ཡོང་ངམ་བསམ་པའི་འཇིགས་སྣང་ཡང་ཡོད། རྒྱུ་མཚན་གསུམ་པ་ནི། རྒྱ་ནག་གཞུང་ཕྱོགས་ནས་བོད་ནི་ལོ་རྒྱུས་ཐོག་སྔར་བྱུང་མ་མྱོང་བའི་དུས་སྐབས་ཡག་པོ་ཞིག་ནང་གནས་ཡོད་ཅེས་དྲིལ་བསྒྲགས་ཐེངས་མང་བྱས་ཡོད་པས། རང་གིས་རང་ལ་འགྲམ་ལྕག་གཞུ་བ་ལྟ་བུའི་རང་ཁུངས་རང་སྐྱེལ་གྱི་འགྲེལ་བརྗོད་ཅིག་བྱེད་དགོས་ཡོད། རྒྱ་ནག་གི་དཔོན་རིགས་ནང་ཁུལ་ནས་མི་ཉུང་ཤས་ཤིག་གམ་སྡེ་ཁག་རེ་ཟུང་གིས་འགན་འཁུར་དགོས་པའི་ལས་དོན་ཞིག་ཐོག ངན་ཉེས་གཡོག་ས་ཞིག་བཙལ་ཏེ་ཐག་གཅོད་ཀྱི་བྱེད་ཐབས་སྤེལ་ཆོག་ལ། དཔོན་རིགས་དབར་འཐབ་རྩོད་བྱུང་སྐབས་ཀྱང་ལོ་ངན་སྒང་ལ་ཆར་ཞོད་ཟེར་བ་ལྟ་བུ་འབྱུང་རྒྱུ་ཡིན། འོན་ཀྱང་བོད་ལྗོངས་ཀྱི་དོན་རྐྱེན་དེ་ནི་བོད་ལྗོངས་གཅིག་པུའི་གནད་དོན་ཞིག་མ་ཡིན་པར། བོད་ཐོག་དངུལ་གྲོན་ཧ་ལས་པ་ཞིག་བཏང་ཞིང༌། དུས་ཡུན་དེ་འདྲ་རིང་བོ་ཞིག་གི་ནང༌། དཀའ་ལས་ཧ་ལས་པ་ཞིག་བརྒྱབ་པའི་རྗེས་སུ། སླར་ཡང་འདི་ལྟ་བུའི་གཞི་རྒྱ་ཆེ་བའི་མང་ཚོགས་ཀྱི་ངོ་རྒོལ་བྱུང་ཡོད་པ་དེ། སྤྱིར་བཏང་གི་རྒྱུན་ཤེས་ལྟར་བྱས་ནའང༌། རྒྱ་གཞུང་གིས་བོད་ཐོག་བསྟར་བའི་སྲིད་ཇུས་ལ་ཕམ་ཉེས་བྱུང་བ་ཤེས་ཐུབ། དེ་ལྟ་ནའང༌། བོད་ཐོག་བསྟར་བའི་སྲིད་བྱུས་དེ་ནི་ལས་ཁུངས་དང་སྡེ་ཁག་མང་པོ་མཉམ་རུབ་ཀྱིས་སྐུལ་འདེད་དང་ལག་བསྟར་བྱས་ཡོད་སྟབས། ལམ་ཕྱོགས་དེ་ཕམ་ཉེས་བྱུང་བར་ངོས་ལེན་བྱས་ཚེ། བོད་དང་འབྲེལ་བའི་སྡེ་ཁག་བཅུ་གསུམ་པོ་ཚང་མའི་ལས་འགན་གཡོལ་ཐབས་མེད་པར་མ་ཟད། བྱབྱཁ་བྲལ་ལ་ངོ་རྒོལ་བྱབྱབྱེད་པའི་ལས་ཁུངས་གཞན་རྣམས་ལའང་དེ་འབྲེལ་གྱིས་གནོད་སྐྱོན་འབྱུང་ངེས་ཡིན། འཁུར་འགན་འདི་རིགས་ནི་ཐུན་མོང་རང་བཞིན་ཅན་ཞིག་ཡིན། འགན་ཤོར་རྩད་ཞིབ་བྱེད་སྐབས་སུ་དཔོན་རིགས་ཕན་ཚུན་དབར་ཕུད་རེས་གཡུག་རེས་བྱས་ནས་སེལ་ཐབས་མེད་ལ། དཔོན་རིགས་མང་པོ་ཞིག་གི་མདུན་ལམ་ལ་གནོད་སྐྱོན་ཕོག་ངེས་ཡིན། དེ་བསབྱབྱཁ་བྲལ་ལ་ངོ་རྒོལ་བྱབྱབྱེད་པའི་དཔོན་རིགས་རྣམས་ངེས་པར་མཐུན་སྒྲིལ་བྱས་ཏེ་མནའ་འབྲེལ་གྱི་སྒོ་ནས་ལྷན་ཅིག་ལས་དོན་སྤེལ་ཏེ། བོད་ལྗོངས་ཀྱི་དཔོན་རིགས་ཚོར་རྒྱབ་སྐྱོར་གྱིས་འགན་མེད་བཟོ་ཐུབ་ན། ད་གཟོད་ཁོ་ཚོའང་ལྷན་ཅིག་ཏུ་ཐར་བ་ཐོབ་ཡོད།
འགན་མེད་གཙང་མ་ཞིག་ཇི་ལྟར་བཟོ་དགོས་ཤེ་ན། ཏཱ་ལའི་རུ་ཚོགས་ཐོག་ལ་འགན་གཡོག་རྒྱུར་བསམ་བློ་གཏོང་ཐུབ་པ་ཞིག་རེད། གང་ཡིན་ཞེ་ན། རྒྱུ་རྐྱེན་གང་འདྲ་ཞིག་ཡིན་རུང༌། བོད་ཀྱི་ས་ཁུལ་དུ་བྱུང་བའི་དོན་རྐྱེན་ཞིག་ཡིན་ཕྱིན་དཔོན་རིགས་རང་ཉིད་ཀྱི་འགན་འཁུར་ལས་གཡོལ་ཐབས་མེད། འོན་ཀྱང༌། འགན་ཡོད་ཚད་རྒྱལ་ཁབ་ཕྱི་ལོགས་སུ་གཡུག་ཐུབ་ན། དཔོན་རིགས་ཚོ་གཞི་ནས་རང་ཉིད་ཀྱི་འགན་འཁྲི་ལས་ཐར་གྱི་ཡོད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ལྷ་སར་དོན་རྐྱེན་བྱུང་བའི་ཉིན་དེར་ཤིན་ཧྭ་གསར་ཁང་ལ། བྱབྱདཔང་རྟགས་འདང་ངེས་ཀྱིས་བདེན་དཔང་བྱེད་ཐུབ་པ་ཞིག་ལ་འདི་ནི་ཏཱ་ལའི་རུ་ཚོགས་ཀྱིས་རྩ་འཛུགས་ལྡན་ཞིང༌།་ ངན་ཇུས་སྔོན་འགོད། ཞིབ་ཕྲའི་ཇུས་འགོད་བྱས་ཏེ་སྤེལ་བ་ཞིག་ཡིན་བྱབྱཞེས་བསྒྲགས་ཡོད། བསྒྲགས་གཏམ་འདི་ཐོན་འཕྲལ་བོད་འབྲེལ་ལས་ཁུངས་ཁག་དང་བྱབྱཁ་བྲལ་ལ་ངོ་རྒོལ་བྱབྱསྡེ་ཁག་ཡོད་ཚད་འདིའི་རྗེས་སུ་འབྲངས་ཏེ་བཤད་ཚུལ་གཅིག་གྱུར་བཟོས་ཡོད། དཔོན་རིགས་ཚོས་བྱབྱདཔང་རྟགས་འདང་ངེས་བྱབྱཡོད་ཟེར་བ་དེ་ད་བར་མི་རྣམས་ཀྱི་མིག་མདུན་དུ་འགྲེམས་སྟོན་བྱེད་ཐུབ་མེད་པས། དེ་ནི་འགན་གཡོལ་ཐབས་ཀྱི་རྫུན་གཏམ་ཁོ་ན་ཞིག་ཡིན་པ་མཐོང་ཐུབ། འོན་ཀྱང་ཁོ་ཚོས་དཔང་རྟགས་སྟོན་ཐུབ་མིན་ལ་དོ་སྣང་བྱེད་ཀྱི་མེད། ཁོ་ཚོའི་དམིགས་ཡུལ་ནི་ཆེས་ཐོག་མར་གླེང་ཕྱོགས་གཙོ་འཁྲིད་བྱེད་རྒྱུ་དེ་ཡིན། དེ་ལྟ་བུ་ཞིག་དངོས་སུ་ལམ་ལྷོང་ངང་འགྲུབ་ཐུབ་བྱུང་ཡོད། ཁོ་ཚོའི་རྫུན་གཏམ་དེ་རྒྱ་ནག་གླེང་ཕྱོགས་ཀྱི་མི་བརྒྱ་ཁ་གཅིག་ལྟ་བུར་གྱུར་ཏེ། འདྲི་རྩོད་ནམ་ཡང་བྱེད་མི་རུང་བའི་བརྗོད་སྟངས་ཤིག་ཏུ་གྱུར་ཏེ། བསླུ་འཁྲིད་དངསྤྱི་ཚོགས་ལ་ཆེས་མཐོའི་དབང་འཛིན་པ་ཚུད་པའིགནོན་ཤུགས་སྤྲད་དེ་བརྗོད་སྟངས་འདིའི་རྗེས་སུ་འབྲང་བཅུག་པའི་ནུས་པ་ཐོན་ཡོད།
འགོ་བཙུགས་པ་དེས་རྗེས་ཀྱི་ཁ་ཕྱོགས་ཐག་གཅོད་བྱེད་པ་ཇི་བཞིན། ཧེ་བག་ཏིལ་འབྲུ་ཙམ་ལ་ཁྱད་པར་རི་རབ་ཅེས་པའི་མཇུག་འབྲས་འབྱུང་རྒྱུ་ཡིན། ལས་ཁུར་གཡོལ་ཐབས་བྱེད་པའི་དཔོན་རིགས་ཀྱི་བཤད་ཚུལ་འདིས། རྗེས་འབྲེལ་གྱི་ལས་དོན་བྱེད་ཕྱོགས་ཀྱི་སྒྲོམ་གཞི་ཐག་གཅོད་བྱས་ཡོད་ལ། དོན་རྐྱེན་དེའི་འཕེལ་ཕྱོགས་ཀྱང་ཐག་གཅོད་བྱས་ཡོད། དཔེར་ན། ཕྱི་ཟླ་༣ ཚེས་༡༤ ཉིན་ལྷ་སར་ཟིང་འཁྲུག་བྱུང་ས་འགའ་ཞིག་ལ་ཆུ་ཚོད་ཁ་ཤས་རིང་སྟངས་འཛིན་གང་ཡང་མེད་པར་རང་དགར་བཞག་འདུག སྐབས་དེར་ཕྱི་སྐོར་དུ་བསྐོང་ཚོགས་བྱས་པའི་དམག་དཔུང་དང་ཉེན་རྟོག་པ་ལྷ་སའི་ནང་མི་འཛུལ་བ། དྲག་སྤྱོད་ཀྱི་རིགས་ཇི་ལྟར་ཚབས་ཆེ་རུ་སོང་ཡང་གྲགས་འགུལ་ཅི་ཡང་མེད་པར་སྡོད་ཀྱི་ཡོད། མི་མང་པོ་ཞིག་གནས་ཚུལ་ཡ་མཚན་ཅན་འདིས་མགོ་འཐོམ་བཅུག་ཡོད། རིགས་མི་འདྲ་བའི་འགྲེལ་བརྗོད་ཁྲོད། དྲག་གནོན་བྱེད་ཆེད་དུ་རྒྱུ་མཚནབྱབྱགསོག་ཉར་བྱབྱདང༌། བྱབྱདྲིལ་བསྒྲགས་ཐོག་ནས་ཕར་རྒོལ་བྱབྱ བྱ་རྒྱུར་དགོས་པའི་བརྙན་འཕྲིན་ལེན་པའི་ཕྱིར་རེད་ཅེས་པའི་ལྟ་ཚུལ་དེར་ང་རང་ཅུང་ཙམ་འདོད་པ་ཡོད། ཕྱོགས་གཅིག་ནས་བརྙན་འཕྲིན་ཚོགས་ཆུང་ཟིང་ཆ་ལངས་སར་བཀོད་སྒྲིག་བྱས་ཏཻ་བརྙན་པར་ལེགས་གྲུབ་བྱེད་དགོས་ན་དེ་ལ་དུས་ཚོད་མཁོ་བ་དང༌། ཕྱོགས་གཞན་ནས་དྲག་སྤྱོད་ལ་ཚོད་འཛིན་མ་བྱས་ཚེ་མུ་མཐུད་ཇེ་སྡུག་ཏུ་འགྲོ་ངེས་ཡིན་ལ། ཇེ་སྡུག་ཏུ་སོང་བ་ཡིན་ན་དྲག་གནོན་བྱ་རྒྱུར་ཁྲིམས་ལུགས་ཐོག་རྒྱུ་མཚན་འདང་ངེས་ཤིག་མཁོ་སྒྲུབ་བྱེད་ཐུབ་ཡོད་པ་མ་ཟད། ལས་སླ་བོའི་སྒོ་ནས་ཉེན་ཚབས་སྔར་བས་ཆེ་བའི་དྲག་སྤྱོད་ཀྱི་དཔར་རིས་བརྙན་འཕྲིན་ནང་འཐེན་ཏེ་བདེན་དཔང་གི་རྒྱུ་ཆ་བྱེད་ཐུབ།
གལ་ཏེ་ཟིང་ཆ་ལངས་མ་ཐག་ཉེན་རྟོག་པའི་ནུས་ཤུགས་ཀྱིས་སྟངས་འཛིན་བྱས་ན། དོན་རྐྱེན་དེ་གཞི་རྒྱ་ཆེན་པོར་འགྱུར་མི་ཐུབ་ལ། སྤྱི་ཡོངས་ལའང་དགེ་ཕན་ཡོད། འོན་ཀྱང་འབྲེལ་ཡོད་དཔོན་རིགས་རྣམས་ལ་ཕན་ཐོགས་གང་ཡང་མེད། གང་ཡིན་ཞེ་ན། དོན་རྐྱེན་བྱུང་ཟིན་པས། ཉེན་ཚབས་ཆེར་མེད་པའི་སྐབས་དྲག་གནོན་བྱས་ན་གླེང་རྙོག་དང་སྐྱོན་བརྗོད་འབྱུང་སྲིད། སྐབས་འདིར་པེ་ཅིང་ཕྱོགས་ནས་ཀྱང་འདོད་བློ་མི་ཁེངས་པ་འབྱུང་སྲིད་ལ། གནས་སྟངས་དེ་ལྟ་བུའི་འོག་དཔོན་རིགས་ཚོས་དོན་རྐྱེན་གྱི་འགན་འཁུར་གཞན་ལ་ཁག་དཀྲི་དཀའ་བ་མ་ཟད། ལས་དོན་ཐག་གཅོད་འཚམས་པོ་མ་བྱུང་བའི་ཉེས་མིང་ཡང་ཕོག་སྲིད། དེའི་སྟབས་ཀྱིས། དོན་རྐྱེན་རྒྱ་ཆེ་རུ་སོང་རུང་དམག་དཔུང་འགུལ་སྐྱོད་མ་བཏང་བར། དོན་རྐྱེན་ཧ་ཅང་ཉེན་ཚབས་ཆེ་བའི་གནས་ཚད་ལ་སླེབས་པར་ངང་སྒུག་བྱས་ཏེ། ཁོ་ཚོའི་འདོད་ཐོག་ཏུ་སླེབས་སྐབས་གཞི་ནས་དེ་ནི་བྱབྱརྩ་འཛུགས་ཡོད་པ། ངན་ཇུས་སྔོན་འགོད། ཞིབ་ཕྲའི་ཇུས་འགོད་བྱས་ཏེ་སྤེལ་བ་ཞིག་ཡིན་བྱབྱཔ་ངོས་འཛིན་གྱིས་རྗེས་མཐུད་དེ་དྲག་གནོན་བྱས་ན་ཕྱི་རོལ་ནས་སྐྱོན་བརྗོད་བྱེད་ཐབས་མེད་ལ། པེ་ཅིང་ཕྱོགས་ནས་ཀྱང་ཉེས་ཆད་ཕོག་དཀའ་བ་ཡིན།
འདི་ནི་སྒེར་གཅོད་སྒྲིག་འཛུགས་ཀྱི་ཁྱད་ཆོས་རེད། དབང་ཆའི་མ་ལག་ཁྲོད་ཀྱི་འགན་འཁུར་མཁན་སུ་ཡིན་རུང་རང་ཉིད་ཀྱི་ཁེ་ཕན་གཙོ་བོར་བཟུང་སྟེ། སྒེར་ངོས་ཀྱི་ཐོབ་ཤོར་ལ་དཔགས་ནས་ལས་དོན་ཐག་གཅོད་བྱེད་ཀྱི་ཡོད། དཔོན་རིགས་ཀྱིས་སྒེར་ངོས་ཀྱི་འདོད་པ་བསྐོང་ཐབས་སུ། ལས་དོན་རྣམས་ངན་ཕྱོགས་དང་སྡུག་ཕྱོགས་སུ་ཁ་ལོ་བསྒྱུར་དགོས་བྱུང་ཡང༌། དེར་མཇུག་འབྲས་ངན་པ་ཅི་འབྱུང་ལ་སྣང་འཇོག་མི་བྱེད། ཐེངས་འདིའི་བོད་ཀྱི་དོན་རྐྱེན་གྱི་བྱུང་རིམ་ལ་ཕྱི་མིག་བལྟ་སྐབས། ལྷ་སར་དགེ་འདུན་པས་ཞི་བའི་རེ་འདུན་ཞུས་པ་ནས་གོམ་པ་རེ་རེ་བཞིན་འཕེལ་རྒྱས་ཀྱིས་བོད་ཁམས་ཡོངས་སུ་ཁྱབ་པའི་ཟིང་ཆ་དང་དྲག་གནོན་ཞིག་ཏུ་གྱུར་ཏེ། མཐར་གོ་ལ་ཧྲིལ་པོར་ཁྱབ་པའི་ངོ་རྒོལ་དང༌། ངོ་རྒོལ་ལ་ཁ་གཏད་གཅོག་པའི་གནས་ཚུལ་ཞིག་ཏུ་གྱུར་ཡོད། བརྒྱུད་རིམ་འདིའི་ཁྲོད་གནད་དོན་མང་པོ་ཞིག་གིས་དོན་རྐྱེན་འདི་ཉིད་ངན་ཕྱོགས་སུ་འཕེལ་བར་ནུས་པ་ཐོན་ཡོད།
གཉིས་པ། མི་རིགས་ཀྱི་འགལ་བ་དེ་རིགས་རྒྱུད་བར་གྱི་ཁ་གཏད་དུ་གྱུར་པ།
༣་༡༤ དོན་རྐྱེན་བྱུང་རྗེས། དཔོན་རིགས་ཚོས་ཐོག་མར་ཆེས་མཐོའི་དབང་འཛིན་པ་དང༌། རྒྱལ་ནང་མི་དམངས། རྒྱལ་སྤྱིའི་སྤྱི་ཚོགས་ལ་དྲག་གནོན་བྱེད་པའི་དགོས་མཁོ་དང་ཁྲིམས་མཐུན་རང་བཞིན་བདེན་དཔང་བྱ་དགོས། སྐབས་དེར་ཁོ་ཚོའི་བྱེད་ཐབས་ནི་སྔོན་ལ་ཕར་རྒོལ་བྱ་རྒྱུ་དེ་ཡིན། གླེང་ཕྱོགས་ཀྱི་བྱེད་ཐབས་ཡོད་དགུ་སྤྱད་དེ་བསྐྱར་ལྡབ་ཡང་ལྡབ་ཀྱིས་དྲིལ་བསྒྲགས་བྱེད་པ་དང་དུས་མཚུངས་སུ་དོན་རྐྱེན་བྱུང་སའི་ས་ཁུལ་ལ་དམ་དྲག་གིས་བརྡ་འཕྲིན་བཀག་སྡོམ་བྱས་ཏེ། རང་ཕྱོགས་ལ་མི་ཕན་པའི་དཔང་རྟགས་ཁ་གཏད་པའི་ལག་ཏུ་མི་འགྲོ་བར་བྱས་པ་བརྒྱུད། གླེང་ཕྱོགས་ལ་སྒེར་སྡེམ་བྱ་བའི་དམིགས་ཡུལ་སྒྲུབ་ཐབས་བྱས་ཡོད། རྒྱ་ནག་གི་ས་ཁུལ་གཞན་དུ་དོན་རྐྱེན་འདི་འདྲ་བྱུང་སྐབས་གསར་འཕྲིན་བརྒྱུད་ལམ་གྱིས་ཕལ་ཆེ་དྲིལ་བསྒྲགས་མི་བྱེད་པའམ། གང་ཉུང་ཉུང་བྱེད་པའི་བྱེད་ཐབས་དང་བསྡུར་ན། ཐེངས་འདིར་ལྷ་སར་བྱུང་བའི་དྲག་སྤྱོད་ལ་སྔར་དང་མ་འདྲ་བར། རྒྱ་གཞུང་གིས་དུས་ཚོད་བཅུ་གྲངས་ཤིག་ནང་བརྙན་འཕྲིན་གསར་འགྱུར་བརྒྱུད་དེ་དཔར་རིས་རྒྱལ་ཡོངས་ནས་འཛམ་གླིང་ཡོངས་ལ་བསྐྱལ་ཡོད། བརྙན་འཕྲིན་དེ་དག་ནང་བོད་མིས་རྒྱ་མིར་དྲག་ཤུགས་སྤྱོད་པའི་གནས་ཚུལ་འབུར་དུ་བཏོན་ཏེ། དོན་རྐྱེན་གྱི་འབྱུང་རྩ་མི་གླེང་བར་ཆེད་དུ་བོད་མིས་རྒྱ་རིགས་ཐོག་དྲག་སྤྱོད་སྤེལ་བའི་ཕྱོགས་གཅིག་ཁོ་ན་བཏོན་ཏེ། རྒྱལ་ཁབ་ཕྱི་ལོགས་ནས་ཇུས་འགོད་བྱས་པའི་ཁ་བྲལ་ལ་ངན་ཁག་གཡོགས་ཏེ། བོད་མིའི་མི་རིགས་རིང་ལུགས་ཀྱི་བསམ་འདུན་ཐོག་རྒྱ་རིགས་རྟིང་བསྐུལ་བྱས་ཏེ་ཁ་གཏད་གཅོག་ཏུ་བཅུག་ཡོད།
མི་རིགས་བར་ཁ་གཏད་དུ་ལངས་པ་ནི་རྒྱལ་ཁབ་ཅིག་ཁ་བྲལ་འགྲོ་བའི་གཞི་རྩའི་རྒྱུ་རྐྱེན་ཞིག་ཡིན། དེ་འདྲ་བའི་ཁ་བྲལ་ལས་མ་གཞི་ཐོག་མ་ནས་གཡོལ་དགོས་པ་ཤིག་རེད། འོན་ཀྱང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འགན་ནུས་ཡོད་པའི་དཔོན་རིགས་རུ་ཚོགས་ཀྱིས་ཐེངས་འདིའི་བོད་ཀྱི་དོན་རྐྱེན་ཁྲོད་དེ་འདྲ་བའི་ཁ་བྲལ་ཆེད་དུ་བཟོས་ཡོད། ཁོ་ཚོས་མཇུག་འབྲས་ལ་ཚོད་དཔག་བྱེད་མ་ཐུབ་པ་མིན་པ་མ་ཟད། ཤེས་རྟོགས་གསལ་པོ་ཡོད་པའི་སྒོ་ནས་ཁ་གཏད་འདི་རིགས་བེད་སྤྱོད་བཏང་ན། ཁོ་ཚོར་དགོས་པའི་མཇུག་འབྲས་ཀྱང་དེ་རེད། གལ་སྲིད་རྒྱ་ནག་གི་གཙོར་གྱུར་མི་རིགས་ཏེ་རྒྱ་རིགས་རིང་ལུགས་ཀྱི་བསམ་བློ་རྟིང་བསྐུལ་བྱས་ཏེ། སྤྱི་ཚོགས་སྤྱི་ཡོངས་ཀྱི་ངོས་ནས་དགྲར་འཛིན་གྱི་རྣམ་པ་ཞིག་གྲུབ་ན། ཁོ་ཚོ་རྒྱབ་ཡོལ་འོག་ནས་བསྡད་དེ། ཕྱོགས་གཅིག་ནས་མི་དམངས་ཀྱིས་དོགས་འདྲི་དང་རྩད་གཅོད་ལས་གཡོལ་ཐབས་བྱེད་ཐུབ་ལ། ད་རུང་དགུང་དུ་འཕྱུར་བཞིན་པའི་མི་དམངས་ཀྱི་བསམ་འདུན་དང་བསྟུན་ཏེ་ཆེས་མཐོའི་དབང་འཛིན་པ་རྣམས་ཀྱང་ཁོ་ཚོའི་བགྲོད་ལམ་ནང་འཐེན་ཆོག ལྐོག་ངན་གཡོ་ཇུས་ལ་གང་ཡང་རུང་བའི་དོགས་འདྲི་དང་རང་གཞན་ལ་ལྟ་རྟོག ལྷོད་འཇམ་གྱིས་ཐག་གཅོད་བྱེད་སྟངས་ལ་བརྟེན་ནས་འགལ་ཟླ་ཞི་འཇགས་བྱེད་འདོད་ཀྱི་བསམ་བློ་གང་ཡིན་ཡང༌། ངར་སེམས་རབ་ཏུ་འབར་བའི་མི་དམངས་ཀྱི་མངོན་འདོད་འཇིགས་ཟིལ་འོག་ཇི་ཡང་བརྗོད་ཐབས་བྲལ་ཡོད། ལྷག་ཡོད་པ་ཞིག་ནི་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་དཔོན་རིགས་ཀྱྀ་རྫུན་གཏམ་དེ་དོགས་སློང་བྱེད་དབང་མེད་པའི་ཐག་གཅོད་ཆགས་ཡོད། མུ་མཐུད་རྒྱ་བསྐྱེད་ཀྱིས་བསམ་འདུན་ཡོད་ཚད་དང་བྱ་འགུལ་ཅི་ཡོད་རྫུན་གཏམ་དེའི་ནང་བཅུག་ཡོད།
དྲིལ་བསྒྲགས་འདི་འདྲ་བས་དོན་རྐྱེན་ཞི་འཇགས་མི་ཡོང་བ་མ་ཟད། མེ་ཐོག་སྣུམ་བླུག་དང་གཅིག་མཚུངས་ཡིན། ལོ་རབས་བརྒྱད་ཅུའི་ནང་བོད་མིའི་ངོ་རྒོལ་བྱས་པ་ལྷ་སའི་ཁུལ་ཁོ་ན་རེད། ཡིན་ནའང༌། ཐེངས་འདིར་བོད་ས་ཡོངས་སུ་ཁྱབ་ཡོད། དེ་ལྟར་ཁྱབ་དགོས་པའི་རྒྱུ་རྐྱེན་གཅོ་བོ་དེ་ནི་བརྙན་འཕྲིན་རེད། དེ་སྔར་མཚོན་ན། བརྙན་འཕྲིན་ཕྱོགས་ཀུན་ཏུ་དར་ཁྱབ་སོང་མེད། བོད་མིས་རྒྱ་རིགས་ཐོག་རྒོལ་བའི་དཔར་རིས་དེས་རྒྱ་རིགས་ཀྱིས་བོད་ཐོག་དྲག་གནོན་ལ་མོས་མཐུན་བྱེད་སྲིད་ཀྱང༌། བོད་མི་ལ་མཚོན་ན་དེ་ལས་ལྡོག་པའི་ནུས་པ་ཐོན་ཡོད། ས་ཁུལ་སོ་སོའི་བོད་མི་རྣམས་ཀྱི་ནམ་རྒྱུན་འཚོ་བའི་ཁྲོད་ནས་རིམ་བསགས་བྱས་ཡོད་པའི་མི་འདོད་པའི་བསམ་ཚོར་རྣམས་བརྙན་འཕྲིན་ནང་ཐད་ཀར་མཐོང་བཞིན་པའི་དཔར་རིས་ཀྱིས་ལས་སླ་བོའི་སྒོ་ནས་སྣེ་འཁྲིད་ཡོང་ཐུབ། བརྙན་འཕྲིན་དེ་ཚད་ངེས་ཅན་ཞིག་གི་ཐོག་ནས་བོད་ས་ཡོངས་ཀྱི་ངོ་རྒོལ་སྣེ་འཁྲིད་པའི་འབོད་བརྡ་ལྟ་བུར་གྱུར་ཡོད་ཅེས་བརྗོད་ཆོག བོད་མི་ཞིག་ལ་མཚོན་ན། ལྷ་སའི་སྲང་བར་བྱུང་བཞིན་པའི་བྱ་སྤྱོད་ལ་རྒྱུས་ལོན་དང་གདོང་སེམས་མཉམ་བསྐྱེད་བྱེད་རྒྱུ་མ་ཟད། མི་ཁ་ཤས་ཤིག་ལ་བརྙན་འཕྲིན་གྱི་ནང་དོན་གྱིས་ནོར་འཁྲིད་བྱས་ཏེ། དེ་འདྲ་བའི་ཐབས་ལམ་སྤྱད་དེ་ངོ་རྒོལ་བྱེད་དགོས་པར་འདོད་ཡོད། བོད་ས་ཁ་ཤས་ཤིག་ཏུ་ཆེད་དུ་མི་རིགས་གཞན་ལ་རྒོལ་བའི་དོན་རྐྱེན་དེ་ནི་ལྷ་སའི་སྲང་བར་གྱི་བརྙན་འཕྲིན་དཔར་རིས་མཐོང་བའི་རྗེས་ནས་བྱུང་ཡོད་པ་རྐྱང་རེད། སྲིད་གཞུང་ནས་བོད་ས་ཡོངས་སུ་དུས་མཉམ་དུ་འབྱུང་བཞིན་པའི་ངོ་རྒོལ་ལ་བྱབྱརྩ་འཛུགས་ལྡན་ཞིང༌། ངན་ཇུས་སྔོན་འགོད། ཞིབ་ཕྲའི་ཇུས་འགོད་བྱས་ཏེ་སྤེལ་བ་ཞིག་ཡིན་བྱབྱཔའི་དཔང་རྟགས་སུ་བགྲང་མུས་ཀྱང༌། དོན་དངོས་ཐོག་བརྗོད་ན། རྩ་འཛུགས་ལྡན་ཞིང༌། ངན་ཇུས་སྔོན་འགོད། ཞིབ་ཕྲའི་ཇུས་འགོད་ཅིག་ག་ལ་དགོས། བོད་མི་རྣམས་ལ་དུས་མཉམ་དུ་ལྷ་སའི་མི་རྣམས་ཡར་ལངས་པའི་དཔར་རིས་གསོན་པོ་དེ་ཚོ་མཐོང་དུ་བཅུག་ན། ཁོ་ཚོ་ཡང་དུས་མཉམ་དུ་སྲང་ལ་བསྐྱོད་ངེས་ཡིན། འོན་ཀྱང༌། འདི་འདྲ་བའི་འབོད་བརྡ་དེ་ནི་སྲིད་གཞུང་རང་ཉིད་ཀྱིས་བཏང་བ་ཞིག་རེད།
ཕྱོགས་གཞན་ཞིག་ནས། ཕྱོགས་གཅིག་ཁོ་ནས་རྒྱུ་ཆ་འདོར་ལེན་དང༌། རྒྱུ་མཚན་ལ་རྩད་ཞིབ་མི་བྱེད་པར་དོན་རྐྱེན་གྱི་རྣམ་པ་ཆེར་བརྗོད་ཀྱིས་གླེང་ཕྱོགས་རྟིང་བསྐུལ་བྱས་ན། དོན་རྐྱེན་དེ་ཐད་ཀར་དུ་བོད་མི་ཚོས་རྒྱ་རིགས་ཐོག་སྤེལ་བའི་དོན་མེད་ཞེ་འཁོན་རྩོད་པ་ལྟ་བུའི་རྣམ་པར་འགྱུར་ངེས་ཡིན། དེས་བོད་མི་དང་རྒྱ་མི་གཉིས་རིགས་རྒྱུད་ཐད་ནས་དུམ་བུར་བཅད་པའི་མཇུག་འབྲས་བཟོས་ཡོད། ཉེ་བའི་ལོ་ཤས་ནང་རྒྱ་མི་རིགས་ཀྱིས་བོད་ཀྱི་རིག་གཞུང་ལ་ཡིད་སྨོན་དང་ཉེ་བོ་བྱེད་པའི་བསམ་བློ་ལ་གོ་ལྡོག་པའི་འགྱུར་བ་བྱུང་སྟེ། བོད་མི་སྤྱི་ཡོངས་ལ་འཇིགས་སྣང་དང་དགྲར་འཛིན་བྱེད་རྒྱུ་མ་ཟད། བོད་མི་ནི་དྲིན་ལན་འཁོན་འཇལ་བྱེད་པའི་མི་རིགས་ཤིག་ལ་ངོས་འཛིན་བྱས་ཡོད། དྲ་རྒྱའི་ནང་རྒྱ་ནག་གི་གཞོན་སྐྱེས་ཞེ་སྡང་རབ་ཏུ་འབར་བ་མང་བོས་བོད་མིའི་ཐོག་བཏོན་ཡོད་པའི་སྨྱོན་འཚབ་འཕྱ་དམོད་དང་བོད་མི་ཁེར་རྐྱང་དུ་བཟོ་རྒྱུ་དེ་སྤྱི་ཚོགས་གང་སར་ཁྱབ་པའི་སྤྱོད་ཚུལ་དུ་གྱུར། བོད་མི་ལ་མཐོང་ཆུང་དང་དྲང་བདེན་མི་བྱེད་པའི་བྱ་སྤྱོད་གང་སར་བྱུང་ཞིང༌། གནམ་ཐང་དང་མགྲོན་ཁང༌། སྔོག་བཤེར་བྱེད་སའི་འགག་སྒོ་སྣ་ཚོགས། གང་ནས་བོད་མི་མཐོང་ཚེ། ཐ་ན་དཔོན་གནས་མཐོན་པོ་བཟུང་ཡོད་པའི་དཔོན་ཆེན་གྱི་རིགས་ལའང་ཟུར་ཟ་དང་ངོ་ཚ་བཟོས་ཡོད། ལྷག་པར་དུ་སློབ་གྲྭར་བོད་རིགས་བྱིས་པ་ཆུང་ཆུང་རྣམས་ལའང་རྒྱ་རིགས་སློབ་གྲོགས་ཀྱིས་གཉའ་གནོན་དང་ཟུར་ཟ་བྱས་ཤིང༌། རྒྱ་རིགས་སྤྱི་ཡོངས་ཀྱི་ཆ་ནས་བོད་མིར་དགྲར་འཛིན་བྱས་པའི་བྱ་སྤྱོད་དེས། བོད་མི་ཡོད་ཚད་རྒྱ་རིགས་ཀྱི་ཁ་གཏད་དུ་དེད་ཡོད། བོད་མི་རྣམས་རྒྱ་ནག་དཔོན་ཕྱོགས་ཀྱི་དྲིལ་བསྒྲགས་ལ་ཞེན་པ་ལོག་སྟེ་ཡོད་ཚད་ལ་ཁ་གཏད་བྱེད་པའི་དུས་མཚུངས་སུ་རྒྱ་མིས་བོད་ཐོག་བཟུང་ཡོད་པའི་ཞེ་འཁོན་གྱི་ལན་དུ་ཞེ་འཁོན་སྤྲོད་ཀྱིན་ཡོད། ཐེངས་འདིའི་དོན་རྐྱེན་གྱི་རྗེས་ཕྱོགས་ནས་རྒྱ་བོད་གཉིས་བར་ཁྲག་རྒྱུད་ཀྱིས་དབྱེ་བའི་རིགས་རྒྱུད་བར་གྱི་ཁ་གཏད་དུ་གྱུར་ཡོད་པར་བརྗོད་ཆོག ཆེས་དཔེར་འོས་ཀྱི་དཔེར་མཚོན་ཞིག་ནི་དེའི་རྗེས་སུ་པེ་ཅིང་ནས་འཚོགས་པའི་ཨོ་རྩལ་སྐབས་སུ། མི་རིགས་ཀྱི་དབྱེ་མཚམས་མེད་པའི་བོད་རིགས་བྱིས་པ་རྣམས་དེ་སྔ་རྒྱ་ནག་ལ་ཤུགས་རྒྱོབ་ཟེར་བའི་ཚབ་ཏུ་རྒྱ་ནག་གིས་གསེར་གྱི་རྟགས་མ་རེ་ཤོར་ཚེ་དགའ་སྤྲོ་བྱེད་པའི་རྣམ་པར་གྱུར་ཡོད། བྱིས་པའི་འཕོ་འགྱུར་དེ་ནི། བོད་ཀྱི་གནད་དོན་རྒྱང་རིང་དུ་བགྲོད་བཞིན་པའི་ཁ་ཕྱོགས་ཀྱི་ལུང་བསྟན་རེད།
ཐེངས་འདིའི་བོད་ཀྱི་དོན་རྐྱེན་མ་བྱུང་སྔོན་ལ། བོད་རང་བཙན་བྱེད་རྒྱུའི་ཆ་རྐྱེན་རྣམས་དེ་སྔ་ནས་ཚང་ཡོད་དེ། མི་རིགས་གཅིག་པ་དང༌། ཆོས་ལུགས་དང་རིག་གཞུང་གཅིག་པ། ས་ཁྱོན་གྱི་དབྱེ་མཚམས་དང་ལོ་རྒྱུས་ཀྱི་གོ་གནས་གསལ་བ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚད་མཐོའི་ངོས་ལེན་བྱེད་པ། མང་ཚོགས་ཀྱིས་མཐའ་གཅིག་ཏུ་བརྩི་བཀུར་བྱེད་པའི་དབུ་ཁྲིད་དང་ལོ་མང་རིང་འཁོར་སྐྱོད་བྱས་ཡོད་པའི་སྲིད་གཞུང་སོགས་ཡོད་པ་ལས། མ་ཚང་བའི་ཆ་རྐྱེན་ནི་ཆ་རྐྱེན་ཆེས་གལ་ཆེན་ཞིག་སྟེ། བོད་མི་གཙོར་གྱུར་གྱི་བོད་ནང་གི་བོད་མི་རྣམས་ལ་རང་བཙན་རྩོད་ལེན་བྱེད་པའི་ནུས་ཤུགས་འདང་ངེས་མེད་པ་དེའོ། བོད་ཀྱི་གནད་དོན་དེ་ཡུན་རིང་དུ་གནས་ཡོད་ཀྱང༌། དེ་གཙོ་བོར་ཆབ་སྲིད་དང་ལོ་རྒྱུས། རིག་གཞུང་གི་ཁྱབ་ཁོངས་སུ་འདུས་ཡོད་སྟབས། ཕྱོགས་གཉིས་རྙོག་འཛིང་ནང་ཞུགས་མཁན་གཙོ་བོ་ནི་དཔོན་ཕྱོགས་དང་མི་རིགས་ཀྱི་མཐོ་རིམ་མི་སྣ། ཤེས་ཡོན་ཅན་རྣམས་དང་རྒྱལ་སྤྱིའི་སྤྱི་ཚོགས་རེད། ཐ་ན་༡༩༥༠ ལོ་རབས་སུ་བོད་མིས་དྲག་པོའི་ངོ་རྒོལ་དང་ཏཱ་ལའི་བླ་མ་ཕྱིར་ཕེབས་གནང་བ་ལའང་མའོ་ཙེ་ཏུང་གིས་གྲལ་རིམ་འཐབ་རྩོད་ཀྱིས་སེལ་ཐབས་བྱས་ཏེ། རིགས་རྒྱུད་བར་གྱི་ཁ་གཏད་དུ་གྱུར་མེད། ༡༩༨༠ ལོ་རབས་སུ་བྱུང་བའི་ལྷ་སའི་ངོ་རྒོལ་ཡང་བོད་ས་གཞན་ཁུལ་དུ་ཁྱབ་མེད་སྟབས། སྤྱི་ཡོངས་ཀྱི་ཆ་ནས་བོད་རྒྱའི་འབྲེལ་བ་ལ་ཤུགས་རྐྱེན་ཐེབས་མེད་ལ། མི་རིགས་གཉིས་ཀྱི་མི་དམངས་དཀྱུས་མ་རྣམས་དོན་རྐྱེན་འདིའི་ཡར་སྔོན་དུ་ཅུང་འཆམ་མཐུན་དུ་གནས་ཡོད་ལ་ཉེ་བོའང་ཡིན་ཞེས་ཀྱང་བརྗོད་ཆོག བོད་ནང་གི་མི་དམངས་རྣམས་ལ་བོད་རང་བཙན་གྱི་རེ་འདུན་མེད་ན། བོད་རང་བཙན་ལ་ཕན་པའི་ཆ་རྐྱེན་ག་ཚོད་མང་བོ་ཡོད་ཀྱང༌། ནུས་པ་ཐོན་མི་ཐུབ། དེ་སྔ་ངས་བོད་རང་བཙན་གྱི་མདུན་ལྗོངས་ལ་ཞིབ་ལྟ་བྱས་མེད་པའི་རྒྱུ་རྐྱེན་ཡང་གནད་དོན་འདིར་ཐུག་ཡོད།
འོན་ཀྱང་ཐེངས་འདིའི་བོད་ཀྱི་དོན་རྐྱེན་གྱིས་བོད་རྒྱ་མི་རིགས་གཉིས་བར་དུ་སྤྱི་ཡོངས་ཀྱི་ཆ་ནས་བར་སྟོང་ཞིག་ཕྱེས་ཡོད། མི་རིགས་ཀྱི་འབྲེལ་བ་དེ་རིགས་རྒྱུད་བར་གྱི་ཁ་གཏད་དུ་གྱུར་ཚེ། གནད་དོན་ལ་ངོ་བོའི་ཐོག་ནས་འཕོ་འགྱུར་ཐེབས་ཡོད། མཐོ་རིམ་དང་རྩེ་ཕུད་མི་སྣ་བར་གྱི་འགལ་ཟླ་ལྟོས་ས་ལྟོས་འཇོག་གིས་བརྗོད་ན་ཞི་འགྲིག་བྱེད་སླ། སྲིད་ཇུས་འགྱུར་བ་དང༌། སྒྲིག་འཛུགས་བཅོས་སྒྱུར། ནག་ཉེས་དཀར་འདོན་བྱེད་པ་སོགས་གང་ཡིན་ཡང་ལམ་ཁ་ཞིག་ཆགས་སྲིད། འོན་ཀྱང་ཁྲག་རྒྱུད་ཀྱིས་དབྱེ་བའི་རིགས་རྒྱུད་གཉིས་བར་གྱི་འགལ་ཟླ་དེ་མི་རེ་རེ་ལ་འབྲེལ་བ་ཆགས་ཏེ། མི་རིགས་གཉིས་བར་གྱི་ནམ་རྒྱུན་གྱི་ཕན་ཚུན་འགྲོ་འོང་གི་ཕྱོགས་གང་ས་གང་དུ་ཁྱབ་ཡོད་སྟབས། ཕྱོགས་གཉིས་ཀྱི་མི་སུ་ཞིག་དང་འབྲེལ་ཐུག་གང་འདྲ་ཞིག་ཡིན་ཡང་འགལ་རྐྱེན་འབྱུང་ཡུལ་དུ་འགྱུར་སྲིད། འོན་ཀྱང༌། འགལ་རྐྱེན་དེ་ཚོས་མུ་མཐུད་དུ་འབོད་བརྡ་གཏོང་བའི་ནུས་པ་ཐོན་ཏེ། རིགས་རྒྱུད་བར་གྱི་ཞེ་འཁོན་འཕར་སྣོན་གྱིས་བསྟུད་མར་ཞེ་འཁོན་རྩོད་རེས་ཀྱི་སྦྱོར་བ་སྤེལ་ཞིང༌། འགལ་ཟླ་ཆེ་ལས་ཆེ་རུ་སོང་སྟེ། མི་རིགས་གཉིས་ཀྱི་བར་ཐག་ཀྱང་རིང་ནས་རིང་དུ་སོང་བའི་མཐའ་མཇུག་ཏུ་ཕྱིར་འོང་མེད་པའི་ལམ་ཁ་ཞིག་ལ་བསྐྱོད་རྒྱུ་རེད། དུས་དེ་འདྲ་ཞིག་ལ་སླེབས་ན། གཉའ་གནོན་དང་མཐོང་ཆུང་མྱངས་དང་མྱོང་བཞིན་པའི་མི་རིགས་ཉམ་ཆུང་གི་ཕྱོགས་ནས། རང་བཙན་གྱི་དགོས་འདུན་འདོན་རྒྱུ་དེ་ནི་ཧ་ལམ་ལུགས་མཐུན་རྩོད་མེད་ཅིག་ཏུ་ཆགས་ཡོད། གལ་སྲིད་བོད་ནང་གྀ་བོད་མི་རྣམས་ཀྱིས་ཕྱོགས་ཡོངས་ནས་བོད་རང་བཙན་བྱེད་རྒྱུ་དེ་རྒྱང་རིང་གི་དམིགས་ཡུལ་ཞིག་ཏུ་བརྩིས་ན། བོད་ལ་མ་གཞི་ནས་ཚང་ཡོད་པའི་རང་བཙན་གྱི་ཆ་རྐྱེན་རྣམས་དེ་མ་ཐག་ནུས་པ་ཐོན་ངེས་ཡིན། འདི་ལྟ་བུའི་འཕོ་འགྱུར་ཆེན་པོས། བོད་ཀྱི་རང་བཙན་དེ་དངོས་སུ་ཕྱིར་མངོན་ཡོད། མཐར་རང་བཙན་ཐོབ་མིན་དེ་ལོ་རྒྱུས་ཀྱི་གོ་སྐབས་དང་ཕྱིའི་ཁོར་ཡུག་ཀུན་ལ་རག་ལས་ཡོད་ཀྱང༌། མ་མཐར་ཡང་བོད་མི་རང་ངོས་ནས་བཤད་ན། ཆ་རྐྱེན་ཚང་ཐག་ཆོད་ཡོད། འདི་ནི་ཐེངས་འདིའི་བོད་ཀྱི་དོན་རྐྱེན་གྱིས་བསྒྲུབས་པའི་འགྱུར་བ་རེད། གལ་སྲིད་བོད་རང་བཙན་ཐོབ་ཕྱོགས་ཀྱིས་འབྲས་བུའི་མཐོ་དམན་བཞིན་དེ་ལ་བྱ་དགའ་གནང་བ་ཡིན་ན། བྱ་དགའ་ཨང་དང་པོ་དེ་བོད་རྒྱ་མི་རིགས་གཉིས་བར་རིགས་རྒྱུད་ཀྱི་ཁ་གཏད་བྱེད་དུ་འཇུག་མཁན་ཁ་བྲལ་ལ་ངོ་རྒོལ་བྱེད་མཁན་གྱི་དཔོན་རིགས་རུ་ཚོགས་ལ་གནང་དགོས་པ་དེ་ནི་འོས་ཞིང་འཚམ་པ་ཞིག་ཀྱང་རེད།
༣། རང་ཉིད་མངོན་འགྱུར་གྱི་ཚོད་རྩིས།
ཐོག་མར་འགོ་བརྩམས་པ་ནས་བཟུང་དོན་རྐྱེན་གྱི་ངོ་བོ་ལ་གཏན་འཁེལ་བྱས་ཏེ་བྱབྱཏཱ་ལའི་རུ་ཚོགས་ཀྱིས་རྩ་འཛུགས་ཡོད་པ། ངན་ཇུས་སྔོན་འགོད། ཞིབ་ཕྲའི་ཇུས་འགོད་བྱས་ཏེ་སྤེལ་བའི་ཁ་བྲལ་གྱི་ལས་འགུལ་ཞིག་ཡིན་བྱབྱན། གཅིག་གྱུར་ནི་ཆེས་མཐོའི་རྩ་དོན་དུ་བཀུར་མཁན་གྱི་སྲིད་དབང་ལ་མཚོན་ན། ཐག་གཅོད་བྱེད་སྟངས་ནི་མཐའ་གཅིག་ཏུ་དྲག་གནོན་བྱེད་རྒྱུ་མ་གཏོག྄ས་ལྷོད་ཡངས་བྱེད་རྒྱུ་གཏན་ནས་མེད། འདི་ནི་བོད་ཀྱི་ས་ཁུལ་སོ་སོའི་སྲིད་གཞུང་དང་དཔོན་རིགས་ཀྱི་རྒྱབ་འགལ་མི་རུང་བའི་ལངས་ཕྱོགས་ཞིག་ཡིན་ལ། དམག་དཔུང་དང་ཉེན་རྟོག་པས་དྲག་གནོན་བྱེད་སྐབས་ཀྱི་བསམ་བློའི་ཁ་ཕྱོགས་ཀྱང་རེད། ལྷ་སའི་དོན་རྐྱེན་བྱུང་རྗེས། བོད་ཀྱི་ས་ཁུལ་སོ་སོའི་སྲིད་གཞུང་དང༌། དམག་དཔུང། ཉེན་རྟོག་པ་བཅས་ཀྱིས་གཞི་རྒྱ་ཆེན་པོའི་སྒོ་ནས་འཛིན་བཟུང་དང༌། དྲག་ཤུགས་ཀྱིས་བཙན་གནོན། ཉེས་རྡུང་ཚ་འདྲི། དགོན་པ་བཀག་སྡོམ། བཙུན་པར་མནར་གཅོད། མི་རེ་རེ་ངོས་ནས་ཁས་ལེན་དཀར་འདོན་བྱེད་བཅུག་པ་སོགས་ཚད་ལས་བརྒལ་བའི་རྣམ་འགྱུར་གྱིས་ཡོད་ཚད་དགྲ་རུ་བཟུང་བ་དེར། བོད་མིའི་ནང་ཡོངས་ཁྱབ་ཏུ་མ་དགའ་བར་གྱུར་སྟབས། བོད་མི་དཀྱུས་མ་མང་པོ་ཞིག་དེའི་ནང་ཚུད་དེ། ངོ་རྒོལ་དེ་བོད་རིགས་ཡོངས་སུ་ཁྱབ་པ་དེ་ནི་ཐེངས་འདིའི་བོད་ཀྱི་དོན་རྐྱེན་འདི་ལྟ་བུར་རྒྱ་བསྐྱེད་དུ་འགྲོ་དགོས་པའི་རྒྱུ་རྐྱེན་གཙོ་བོ་གཞན་དེ་རེད།
གཞུང་ཕྱོགས་ཀྱི་བཙན་ཐབས་དྲིལ་བསྒྲགས་འོག ཕྱོགས་མཐའ་ནས་བོད་དུ་དྲག་གནོན་ཆེད་བཏང་བའི་རྒྱ་རིགས་དམག་མི་རྣམས་ཀྱིས་བོད་མི་ཡོངས་རྫོགས་ བྱབྱརྒྱལ་ཁབ་ཁ་བྲལ་གཏོང་མཁན་བྱབྱ གྱི་དགྲ་བོར་ངོས་འཛིན་བྱས་ཡོད་སྟབས། འཁོན་འཛིན་དང་ངན་སེམས་ཀྱི་སྒོ་ནས་བོད་མིའི་ཐོག་དྲག་སྤྱོད་སྤེལ་བ་དེས། མ་གཞི་འབྱུང་མི་དགོས་པའི་འགལ་བ་མང་པོ་བྱུང་ཡོད། དཔེར་ན་རྒྱ་རིགས་དམག་མིས་བོད་མིའི་ཁྱིམ་ཚང་དུ་ བྱབྱཁ་བྲལ་གྱི་འགོ་གཙོ་ཏཱ་ལའི་བླ་མའི་བྱབྱ སྐུ་པར་བཤམས་ཡོད་པ་མཐོང་སྐབས། གདུག་རྩུབ་ཀྱིས་གཏོར་བརླག་གཏོང་བ། ཐ་ན་བཙན་དབང་གིས་བོད་པ་རང་ཉིད་ལ་གཏོར་བརླག་གཏོང་བཅུག་ཡོད་པ་དེ། ཏཱ་ལའི་བླ་མ་བླ་མེད་དུ་བཀུར་བཞིན་པའི་བོད་མི་ཚོར་མཚོན་ན་ངོས་ལེན་བྱེད་མི་ཐུབ་པ་ཞིག་རེད། གལ་སྲིད་བོད་མི་རྒན་པ་ཞིག་ལ་ཏཱ་ལའི་བླ་མའི་སྐུ་པར་སྲུང་སྐྱོབ་ཆེད་དམག་མིའི་ཉེས་རྡུང་ཕོག་ན། རྒན་རབས་དེའི་བུ་ཕྲུག་རྣམས་ཁོང་ཁྲོ་ལངས་ངེས་ཡིན་ལ། ཉེ་འབྲེལ་དང་གྲོང་མི་ཚོས་ཀྱང་དགའ་སྣང་བྱེད་མི་སྲིད། དེ་བཞིན་དོན་རྐྱེན་དེའི་ནང་ཚུད་མཁན་སྔར་བས་མང་དུ་སོང་ཡོད། འགལ་བ་ནི་འདི་བཞིན་འབྱུང་ཞིང་གཞི་རྒྱ་ཆེར་སོང་སྟེ་དོན་རྐྱེན་དུ་གྱུར་ཡོད། ཐ་ན་དམག་མི་དང་ཉེན་རྟོག་པས་བོད་མིར་མེ་མདའ་བརྒྱབ་སྟེ་བསད་རྨས་བཏང་ཡོད་པའི་ཐོག དེ་ནི་བྱབྱརྩ་འཛུགས་ཡོད་པ། ངན་ཇུས་སྔོན་འགོད། ཞིབ་ཕྲའི་ཇུས་འགོད་བྱས་ཏེ་སྤེལ་བའི་ཁ་བྲལ་གྱི་ལས་འགུལ་ཞིག་ཡིན་བྱབྱ་པའི་ཉེས་ཁག་བསྐྱར་དུ་གཡོགས་ཏེ་དྲག་གནོན་བྱས་ཡོད། འདི་འདྲའི་དོན་དག་མང་པོ་ཞིག་བོད་ཁུལ་གང་སར་བྱུང་ཡོད་ལ། དོན་དངོས་ཐོག་དེ་ཚོའི་གྲས་ནི་ཆབ་སྲིད་ཀྱི་ནང་དོན་མེད་པའི་འུ་ཐུག་ཐབས་ཟད་ལས་བྱུང་བའི་མི་དམངས་ཀྱི་ངོ་རྒོལ་རེད།
༡༩༨༩ ལོའི་དྲུག་བཞིའི་དོན་རྐྱེན་རྗེས་སུ། རྒྱ་ནག་དམར་ཤོག་གིས་ བྱབྱབདེ་འཇགས་ལ་གནོད་པའི་རྒྱུ་རྐྱེན་ཡོད་ཚད་མགོ་འབུར་མ་ཐག་རྩ་མེད་བཟོ་དགོས་བྱབྱ ཞེས་པའི་བསྡོམས་ཚིག་དེ་དེང་སང་དཔོན་རིགས་རུ་ཚོགས་ཀྱི་བསམ་བློའི་རྨང་གཞིར་གྱུར་ཏེ། དཔོན་ངན་ཐམས་ཅད་ཀྱི་བརྩི་སྲུང་སྒྲིག་གཞིར་གྱུར་ཡོད། དབང་ཆ་ལ་དད་མོས་བྱེད་པའི་ཁོ་ཚོའི་སེམས་ཁམས་ལྟར་ན། གལ་ཏེ་དབང་ཆ་ཡོད་ཚེ། ཡོད་ཚད་ཐོག་གང་འདོད་ཀྱིས་བེད་སྤྱོད་བྱེད་ཆོག་པའི་ཧམ་སེམས་བཅངས་ཡོད། ཁོ་ཚོས་མི་རིགས་ས་ཁུལ་དུ་ལག་ལེན་བསྟར་བཞིན་པའི་སྲིད་ཇུས་ནི། བྱབྱརང་འགུལ་གྱིས་ཕར་རྒོལ་དང༌། མགོ་འབུར་མ་ཐག་རྡུང་རྒྱུ། ལག་སྔ་བརྩད་དེ་དགྲ་བོ་འདུལ་བྱབྱ རྒྱུ་བཅས་ཡིན། ཕྱིས་སུ་ལག་ལེན་ཁྲོད་བྱབྱམགོ་མ་འབུར་ཡང་རྡུང་རྒྱུ་དང༌། བདས་ཏེ་རྡུང་བྱབྱབཞིན་ཡོད། འདི་འདྲའི་ཡ་ང་བའི་གདུག་རྩུབ་དེ་ཐེངས་འདིའི་བོད་ཀྱི་དོན་རྐྱེན་ཁྲོད་ནས་ཡོངས་ཁྱབ་ངང་ལག་ལེན་བཀལ་ཡོད། དུས་ཆེན་གྱི་དགའ་སྟོན་དང་རྟ་རྒྱུག ཆོས་ལུགས་ཀྱི་ཆོ་ག་སོགས་མ་གཞི་ནས་ཆབ་སྲིད་དང་འབྲེལ་བ་མེད་པའི་མི་དམངས་འདུ་འཛོམས་རིགས་ནི་སྲོལ་རྒྱུན་གོམས་གཤིས་ཡིན་ལ་གནའ་སྔ་མོ་ནས་དར་ཡོང་བ་ཞིག་ཡིན་རུང༌། བྱབྱརང་གི་མི་རིགས་མིན་ན། སེམས་ཁམས་ངེས་པར་ཐ་དད་ཡིན་བྱབྱཔར་ངོས་འཛིན་བྱེད་པའི་དཔོན་རིགས་ཀྱི་མཐོང་སྣང་དང༌། ལྷག་པར་བོད་ཀྱི་ཡུལ་སྲོལ་ལ་རྩ་བ་ནས་ཆ་རྒྱུས་མེད་པའི་ཕྱོགས་མཐའི་དམག་མི་དང་ཉེན་རྟོག་པའི་མཐོང་སྣང་དུ་མི་དམངས་འདུ་འཛོམས་བྱས་པ་ཙམ་གྱིས་དོན་དག་འབྱུང་སྲིད་པར་འདོད་ཡོད། ངེས་པར་བྱབྱལག་སྔ་བརྩད་དེ་དགྲ་བོ་འདུལ་དགོས་བྱབྱཔ་དང་བྱབྱམགོ་མ་འབུར་ཡང་རྡུང་དགོས་བྱབྱ ཡོད་ན། ཆེས་བརྟན་ཤོས་ནི་རྣམ་པ་གང་རུང་གི་མི་དམངས་འདུ་འཛོམས་རིགས་བཀག་སྡོམ་གྱིས་དམངས་ཁྲོད་འདུ་འཛོམས་རིགས་ཡོད་ཚད་རྩ་མེད་གཏོང་རྒྱུ་དེ་རེད། ཡང་ན་བཀག་སྡོམ་བྱས་མེད་ཀྱང༌། དམག་མི་མང་པོས་འགོག་སྲུང་དང་ཉེན་རྟོག་པས་མཐའ་བསྐོར་བ། དྲག་ཆས་སྣ་ཚོགས་བཤམས་ཏེ་འཇིགས་སྣང་བསྐུལ་བ་སོགས་བྱེད་ཀྱིན་ཡོད། བོད་མི་ཚོས་རྒྱ་གཞུང་གི་བྱ་སྤྱོད་དེ་དག་ལ་བསྟན་པའི་རྣམ་འགྱུར་ནི། བྱབྱཁྱོད་ཚོས་ཨོ་རྩལ་འགྲན་ཚོགས་བསྐོང་ཆོག་ན། ང་ཚོས་རྟ་རྒྱུག་བྱེད་མི་ཆོག་པའི་རྒྱུ་མཚན་ཅི་ཡིན།བྱབྱ ཞེས་འདོད་ཀྱིན་ཡོད། ངར་ཤུགས་རྒྱས་པའི་བོད་མི་ཚོས་དགྲ་ཟླ་ཆེན་པོར་ངོ་ཡ་བྱེད་པ་ལྟ་བུའི་གདུག་རྩུབ་འཛིན་པའི་དམག་མི་ཚོར་གདོང་ལེན་བྱེད་དགོས་ལ། ཚིག་གཅིག་བརྡ་མ་འཕྲོད་ཚེ་འགལ་བ་ཡོང་རྒྱུ་ཡིན་ལ་དོན་རྐྱེན་དུའང་འགྱུར་སྲིད་པ་ཞིག་རེད། སྲིད་གཞུང་ལ་མཚོན་ན། འདུ་འཛོམས་བྱུང་ན་དོན་དག་འབྱུང་རྒྱུ་ཡིན་པ་དེ་བདེན་དཔང་ཏན་ཏན་བྱེད་ཐུབ་ཡོད། དེའི་སྟབས་ཀྱིས་དམངས་ཁྲོད་ཀྱི་འདུ་འཛོམས་ལ་བཀག་སྡོམ་སྔར་བས་ཤུགས་ཆེར་བྱེད་ཀྱིན་ཡོད། འོན་ཀྱང༌། དོན་དག་འབྱུང་དགོས་པའི་རྒྱུ་རྐྱེན་ནི་ཁོ་རང་ཚོའི་ཚོད་དཔག་བྱེད་སྟངས་དེ་ལས་བྱུང་བ་ཞིག་ཡིན་པ་ཁོ་ཚོས་རྩ་བ་ནས་ཚོར་མེད།
དོན་དངོས་ཐོག དབང་སྒྱུར་བའི་ཕྱོགས་ནས་བརྗོད་ཀྱང༌། འགལ་བ་ཡོད་ཚད་ བྱབྱམགོ་འབུར་མ་ཐག་ནས་རྩ་མེད་བཟོ་བྱབྱ རྒྱུའང་ཐབས་ཤེས་བཟང་པོ་ཞིག་མིན། རྒྱུ་མཚན་ནི་བྱབྱམགོ་འབུར་བ་བྱབྱཙམ་གྱིས་དངོས་ཡོད་ཀྱི་ཐོག་ནས་བྱ་དངོས་ཀྱི་རང་བཞིན་མཐོང་མི་ཐུབ་ལ། བྱབྱམགོ་འབུར་བྱབྱབཞིན་པ་ཁ་ཤས་ཤིག་ནི་མ་གཞི་ནས་བྱབྱབདེ་འཇགས་མི་ཡོང་བའི་རྒྱུ་རྐྱེན་བྱབྱམིན། དེ་དག་མུ་མཐུད་དུ་མགོ་འབུར་དུ་བཅུག་ན། བདེ་འཇགས་ལ་ཕན་ཐོགས་ཡོད་པ་ལས་དེ་ཚོར་གདུག་རྩུབ་ཀྱིས་བྱབྱརྩ་མེད་བྱབྱ་བཟོས་ན་དགྲ་ཕྱོགས་སུ་ཕར་དེད་དེ་དགྲ་གསར་པ་ཞིག་བཟོས་པ་དང་ཡོངས་སུ་མཚུངས། འདི་འདྲའི་དྲག་གནོན་གྱིས་དུས་ཐུང་ཞིག་གི་ནང་ཕྱིའི་རྣམ་པའི་ཐོག་ནས་བདེ་འཇགས་ལྟ་བུ་ཞིག་ཡོང་སྲིད་ཀྱང༌། རྒྱང་རིང་ནས་བལྟས་ན། དྲག་གནོན་དེ་དག་གིས་བདེ་འཇགས་མིན་པའི་རྒྱུ་རྐྱེན་རྩ་མེད་བཟོ་ཐབས་མེད་པ་མ་ཟད། བོད་མིའི་རེ་འདོད་གནོན་འགོག་ཐུབ་ཙམ་དང་ཞེ་འཁོན་རིམ་གསོག་བྱས་ཏཻ། སྔར་ལས་ཆེ་བའི་ངོ་རྒོལ་ཞིག་འབྱུང་རྒྱུའི་གོ་སྐབས་ལ་བསྒུགས་ཡོད།
གྲྭ་བཙུན་ནི་བོད་དུ་མ་གཞི་ནས་བསམ་ཤེས་དང་ཞི་བདེ་ལྡན་པའི་སྡེ་ཞིག་རེད། ཁོ་ཚོས་ཞི་བའི་རེ་འདོན་གྱི་སྒོ་ནས་འདོད་པ་མ་ཁེངས་པའི་རྣམ་འགྱུར་བསྟན་པའི་སྐབས་སུ། སྲིད་གཞུང་གིས་ཁེངས་སྐྱུང་གིས་ཉན་འཇོག་བྱས་ཏེ། བཟང་ཕྱོགས་ནས་ཐག་གཅོད་བྱས་ན། བོད་ཁུལ་གྱི་རྒྱང་རིང་བདེ་འཇགས་ལ་ཕན་ཐག་ཆོད་རེད། ཡིན་ནའང༌། སྲིད་གཞུང་གིས་སེམས་གཏིང་དུ་གྲྭ་བཙུན་རྣམས་རང་ཉིད་ཀྱིས་རྩོད་པ་མི་བྱེད་པར་གཞན་བརྟེན་སྲིན་འབུ་ལྟ་བུ་དང༌། ཏཱ་ལའི་བླ་མའི་བོད་དུ་རྐང་པ་འཛུགས་སའི་རྨང་གཞི། བོད་རང་བཙན་བྱེད་པའི་ས་ཞིང༌། ཟིང་འཁྲུག་བཟོ་མཁན་དང་དཀྲུག་ཤིང་རྒྱག་མཁན་སོགས་སུ་བརྩིས་ཏེ། མདོར་ན་ཡོད་ཚད་ལ་ངན་ཕྱོགས་ནས་བསམ་བློ་གཏོང་བཞིན་ཡོད། དེའི་སྟབས་ཀྱིས། གྲྭ་བཙུན་ཚོའི་ལས་འགུལ་དེ་རིགས་ལ་འཕྲད་མ་ཐག བསམ་ཤེས་སྤུ་ཙམ་མེད་པར་གདུག་རྩུབ་ཀྱི་བྱ་སྤྱོད་སྤེལ་ཡོད། ཟླ་༣ ཚེས་༡༤ ཉིན་ལྷ་སའི་སྲང་ལམ་དུ་བྱུང་བའི་དྲག་སྤྱོད་དོན་རྐྱེན་དེ་ནི། དེའི་སྔོན་ཉིན་ཤས་རིང་བསྟུད་མར་བྱུང་བའི་དམག་མི་དང་ཉེན་རྟོག་པས་ཞི་བའི་ངོ་རྒོལ་བྱེད་མཁན་གྱི་གྲྭ་བཙུན་ལ་རྡུང་རྡེག་བཏང་བ་དང་ཐད་ཀར་འབྲེལ་བ་ཡོད། དེ་ནི་ཧ་ལམ་༡༩༨༧ ལོའི་ལྷ་སའི་དོན་རྐྱེན་གྱི་བྱུང་རྐྱེན་ཇི་མ་ཇི་བཞིན་བསྐྱར་བཏོན་བྱས་པ་ཞིག་རེད། སྲིད་གཞུང་གིས་དེའི་ཁྲོད་ནས་ཉམས་མྱོང་བསྡུ་ལེན་མི་བྱེད་པའི་རྣམ་གཡེང་ལ་མི་རྣམས་ཡ་མཚར་སྐྱེ་བཞིན་ཡོད། བོད་མི་ཚོར་ཆ་རྒྱུས་ཅུང་ཙམ་ཡོད་མཁན་ཞིག་ཡིན་ན་ཤེས་ཐུབ་པ་ཞིག་ནི། བོད་མི་ཚོར་མཚོན་ན་རྒྱ་ནག་དཔོན་རིགས་ཀྱིས་གྲྭ་བཙུན་ཐོག་མཐོང་ཆུང་དང་ཞེན་ལོག་བྱས་པ་ལས་ལྡོག་སྟེ། བོད་མི་ཚོའི་སེམས་ནང་གྲྭ་བཙུན་གྱི་གོ་གནས་བླ་ན་མེད་ལ། བོད་བརྒྱུད་ནང་བསྟན་གྱི་མཆོག་གསུམ་གྱི་ཡ་གྱལ་ཞིག་ཡིན་པ་མ་ཟད། བོད་ཀྱི་རིག་གཞུང་གི་སྲོལ་རྒྱུན་ཤེས་ཡོན་པའང་ཡིན། བོད་མིའི་བསམ་བློའི་འཇིག་རྟེན་གྱི་སྣེ་འཁྲིད་མཁན་དང་མགོན་སྐྱོབ་ཡིན་པའི་ཆ་ནས། བོད་མི་རྣམས་ཀྱིས་བླ་ན་མེད་པའི་བརྩི་བཀུར་བྱེད་བཞིན་ཡོད། དེར་བརྟེན། བོད་མི་ཚོས་བཟོད་སྒོམ་ཆེས་བྱེད་དཀའ་བ་ཞིག་ནི་གྲྭ་བཙུན་ཚོར་རྡུང་རྡེག་དང་དམའ་འབེབས་ཚད་མེད་བཏང་བ་དེ་ཡིན་ལ། དམག་མི་དང་ཉེན་རྟོག་པས་གྲྭ་བཙུན་ཐོག་སྤེལ་བའི་དྲག་སྤྱོད་ཀྱིས་བོད་མིས་ཟིང་འཁྲུག་སྣ་འདྲེན་ངེས་པ་དེའང་ཆོས་ཉིད་ལྟ་བུར་གྱུར་ཡོད། གོ་དབང་གི་ང་རྒྱལ་གྱིས་མཐོང་རྒྱ་བསྒྲིབས་པའི་བཙན་རྒྱལ་གྱི་དཔོན་རིགས་ཚོས་ད་རུང་མཇུག་འབྲས་འདི་དག་མཐོང་ཐུབ་ཀྱི་མེད།
ཡིན་ནའང༌། སྲིད་གཞུང་གིས་བསམ་ཞིབ་མི་བྱེད་པར་མ་ཟད། ད་དུང་སྔར་ཐོག་བསྐྱར་གནོན་བྱེད་ཀྱིན་ཡོད། ས་ཁུལ་སོ་སོའི་གྲྭ་བཙུན་རྣམས་རྡུང་རྡེག་བྱེད་སའི་མིག་འབེན་གཙོ་བོར་གྱུར་ཏེ། གོ་བབ་མཐོན་པོ་ཡོད་པའི་དགོན་པ་གྲྭ་ཚང་མང་པོ་དམག་མི་དང་ཉེན་རྟོག་པས་བརྙས་གཙེར་གྱིས་བསྔོག་བཤེར་བྱས་ཤིང༌། ངོ་རྒོལ་ནང་ཞུགས་ཡོད་པའི་གྲྭ་དམངས་འཛིན་བཟུང་བྱས་ཡོད་པ་མ་ཟད་ལྷག་ལུས་གྲྭ་བཙུན་མང་པོའི་འགྲོ་འོང་རང་དབང་ལའང་ཚད་བཀག་བཟོས་ཡོད། དགོན་པ་ཁ་ཤས་ཡུན་རིང་པོར་སྒོ་བརྒྱབ་སྟེ། ས་ཁུལ་གཞན་གྱི་ཁྱིམ་ཐོ་ཅན་གྱི་གྲྭ་བཙུན་རྣམས་དགོན་པ་ནས་ཕྱིར་འབུད་བྱས་ཡོད། དགོན་པ་ཐམས་ཅད་ལ་བཀའ་རྒྱ་བཏང་སྟེ་བྱབྱརྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་བྱབྱསྤེལ་ཏེ། གྲྭ་བཙུན་རྣམས་ལ་བཙན་དབང་གིས་ཏཱ་ལའི་བླ་མར་མངོན་གསལ་གྱིས་སྐྱོན་བརྗོད་བྱེད་དུ་བཅུག་ཡོད། གྲྭ་བཙུན་མང་པོ་ཞིག་མི་རེ་རེ་བྱས་ནས་དཀར་འདོན་བྱེད་དགོས་པའི་བྱ་སྤྱོད་ལས་གཡོལ་ཐབས་སུ་དགོན་པ་ནས་བྲོས་ཡོད་པས། དགོན་པ་ཁ་ཤས་སུ་ཧ་ལམ་སྟོང་པ་ལྟ་བུར་གྱུར་ཡོད། གལ་སྲིད་ཐེངས་འདིའི་བོད་ཀྱི་དོན་རྐྱེན་མ་བྱུང་སྔོན་ལ། གྲྭ་བཙུན་མང་ཆེ་བ་ཞིག་གིས་ཆབ་སྲིད་ལ་འདྲི་རྩད་མི་བྱེད་པར། བློ་གཅིག་སེམས་གཅིག་གིས་ཉམས་ལེན་བྱེད་ཀྱི་ཡོད་པ་དང༌། མི་འདོད་པའི་བསམ་བློ་ཡོད་པ་དེའང་སྲིད་ཇུས་ཀྱི་ཐོག་ལྷག་ཡོད་པ་ཙམ་ལས། སྤྱི་ཡོངས་ཀྱི་ཆ་ནས་རྒྱ་ནག་གི་དབང་སྒྱུར་ལ་ཁས་ལེན་མི་བྱེད་པའི་རྒྱུ་རྐྱེན་དུ་གྱུར་མེད་པའི་དབང་དུ་བཏང་ན། ཐེངས་འདིའི་དོན་རྐྱེན་གྱིས་བོད་ཀྱི་གྲྭ་བཙུན་རྣམས་སྤྱི་ཡོངས་ཀྱི་ཆ་ནས་བོད་ཀྱི་མདུན་ལམ་གྱི་ཆབ་སྲིད་ལ་བསམ་གཞིགས་བྱེད་དགོས་པའི་ཕྱོགས་ལ་ཁ་འཁོར་ཏེ། བོད་རང་བཙན་རྩོད་ལེན་བྱེད་དགོས་པར་འདོད་མཁན་གྱི་བསྡུར་ཚད་སྤྱི་ཡོངས་ཀྱི་ཆ་ནས་ཇེ་མང་དུ་སོང་ཡོད།
རྒྱ་ནག་དབང་སྒྱུར་བས་བོད་ཀྱི་གྲྭ་བཙུན་ཡོད་ཚད་དགྲ་ཟླའི་ཕྱོགས་སུ་དེད་པ་དེས། རང་གིས་རང་ལ་ཕམ་པར་བྱེད་ དཀའ་བའི་དགྲ་ཟླ་ཞིག་བཟོས་པ་དང་གཅིག་མཚུངས་ཡིན། བོད་ཀྱི་སྲོལ་རྒྱུན་དམངས་གཞས་ཁྲོད་གྲྭ་བཙུན་ལ་འདི་ལྟར་དཔེར་འཇོག་བྱས་ཡོད་ བྱབྱཡར་བཞེངས་ན་སྤོས་རྐང་གཅིག མར་འགྱེལ་ན་སྤོས་རྐང་གཅིག མགོ་ནས་འཇུས་ན་སྐྲ་དང༌། རྐུབ་ནས་འཇུས་ན་ལྷན་པ་བྱབྱ ཟེར་བ་དེས་གྲྭ་བཙུན་ལ་ཁྱིམ་གྱི་སེམས་ཁྲེལ་ཅི་ཡང་མེད་པ་དང༌། ཕྱིར་འདང་རྒྱག་མི་དགོས་སྟབས། འཇིགས་དངངས་གང་ཡང་མེད་པར་ངོ་རྒོལ་དང་འགན་སློང་བྱེད་ཕོད་ཀྱི་ཡོད་པ་ཞིག་མཚོན། བོད་ཀྱི་དོན་རྐྱེན་རིམ་བྱུང་ཁྲོད་གྲྭ་བཙུན་ནི་ནམ་ཡིན་ཡང་འགོ་འཁྲིད་མཁན་དུ་གྱུར་ཡོད་པའི་རྒྱུ་མཚན་གཙོ་བོའང་དེར་ཐུག་ཡོད། དེ་དང་ཆབས་ཅིག་གྲྭ་བཙུན་གྱིས་བོད་མིའི་སེམས་ཁམས་སུ་ཟིན་ཡོད་པའི་གལ་ཆེའི་གོ་གནས་དང་བོད་ཀྱི་དམངས་ཁྲོད་དང་ཕྱོགས་ཡོངས་ནས་འབྲེལ་འདྲིས་ཡོད་པ་བཅས་ཀྱིས་རྒྱ་ནག་གི་དབང་སྒྱུར་ལ་མི་འདོད་པའི་བསམ་བློ་དང་རང་བཙན་རྩོད་ལེན་བྱེད་རྒྱུའི་རེ་འདུན་དེ་རང་ཉིད་གཅིག་པུ་ཙམ་མ་ཡིན་པར། ངེས་པར་བོད་མི་མང་ཚོགས་ཁྲོད་ཕྱོགས་ཡོངས་ནས་ཤུགས་རྐྱེན་ཐེབས་ངེས་ཡིན། དཔོན་རིགས་རུ་ཚོགས་ཀྱི་བྱ་སྤྱོད་གཞན་ཞིག་ནི་བྱབྱཏཱ་ལའི་རུ་ཚོགས་ཀྱིས་རྩ་འཛུགས་ལྡན་ཞིང༌། འཆར་གཞི་ལྡན་པ། ཇུས་འགོད་ཞིབ་ཕྲ་བྱས་ཏེ་སྤེལ་བ་ཞིག་ཡིན་བྱབྱ པའི་དཔང་རྟགས་སྟོན་པར་བྲེལ་ཏེ། བོད་མི་འབོར་ཆེན་འཛིན་བཟུང་བྱས་ཏེ། ཉེས་རྡུང་ཚ་འདྲི་བྱེད་པ། མ་ཉེས་ཁ་གཡོགས་ཀྱིས་ཉེས་མིང་རྫུན་སྒྲིག་བྱེད་པ་སོགས་ཐེངས་འདིའི་བོད་ཀྱི་དོན་རྐྱེན་ཁྲོད་བོད་མི་མང་པོ་དང་དེ་ཚོའི་ཁྱིམ་མི་དང་བཅས་པ་འབྲེལ་ཐོགས་སུ་གྱུར་ཏེ། གཞི་རྒྱ་ཆེ་བའི་བློ་འགལ་སེམས་འགལ་གྱི་རྐྱེན་དུ་གྱུར། མནར་གཅོད་མང་པོ་ཞིག་བཏང་བའི་མཐར། རང་གིས་རང་ལ་ཁུངས་སྐྱེལ་བྱེད་ཐུབ་པའི་དཔང་རྟགས་གང་ཡང་འདོན་ཐུབ་མེད། གསར་ལམ་ཁག་གིས་ཏཱ་ལའི་བླ་མར་སྐྱོན་བརྗོད་གང་བྱས་ཐམས་ཅད་བོད་མིའི་རྣ་བར་རྫུན་གཏམ་ཁོ་ནར་གྱུར་ཡོད། ངོ་རྒོལ་བྱས་མེད་པའི་བོད་ས་གཞན་གྱི་མང་ཚོགས་རྣམས་ཀྱང་ཞེན་པ་ལོག་ཡོད། དེ་ལྟ་བུའི་ཁྱབ་ཆེ་བའི་འགལ་རྐྱེན་དང་ཞེ་འཁོན་བཟོས་པའི་མཇུག་འབྲས་ཀྱིས། ལྡོག་ཕྱོགས་ཀྱི་ནུས་པ་ཐོན་ཏེ་བོད་མི་མང་པོ་ཞིག་ནས་འདི་ལྟར་སྡོད་རྒྱུ་ལས་རྒྱ་ནག་དང་བྱབྱཁ་བྲལ་བྱབྱན་ཡག་ས་རེད་སྙམ་པའི་བསམ་ཚུལ་ཡོང་གི་ཡོད། སྲིད་གཞུང་གིས་བྱབྱཁ་བྲལ་ལ་ངོ་རྒོལ་བྱབྱབྱེད་པའི་དྲིལ་བསྒྲགས་ཁག་གིས་ཁ་བྲལ་གྱི་བསམ་བློར་རྒྱུ་ཆ་མཁོ་སྤྲོད་བྱེད་ཀྱི་ཡོད། བོད་རང་བཙན་ཞེས་པའི་བོད་པའི་ཐ་སྙད་འདི་དེ་སྔ་བོད་མི་མང་ཚོགས་ཕལ་ཆེ་བར་གསལ་ཆ་མེད་ལ། ཐ་སྙད་འདིའང་མེད། འོན་ཀྱང༌། དུས་ཡུན་རིང་པོས་བྱབྱཁ་བྲལ་ལ་ངོ་རྒོལ་གྱི་སློབ་གསོ་བྱབྱབྱས་པ་དེས། དེང་སང་བོད་རང་བཙན་ཟེར་བའི་ཐ་སྙད་དེ་མི་ཚང་རེ་རེར་ཁྱབ་ཡོད་པ་མ་ཟད། ཕོ་མོ་རྒན་གཞོན་ཀུན་གྱིས་ཧ་གོ་ཡོད། ཐེངས་འདིའི་བོད་ཀྱི་དོན་རྐྱེན་ཁྲོད་དུ། གྲྭ་བཙུན་ནས་གྲོང་མི་དཀྱུས་མ། ཞིང་འབྲོག་མང་ཚོགས་དང་ཐ་ན་སློབ་ཆུང་གི་སློབ་མ་ཚོས་ཀྱང་བོད་རང་བཙན་གྱི་སྐད་འབོད་བྱས་ཡོད།
འདི་ནི་བྱབྱརང་ཉིད་མངོན་འགྱུར་གྱི་ཚོད་རྩིས་བྱབྱ ཟེར་བ་སྟེ། བོད་མི་རྣམས་དགྲ་རུ་བཟུང་ན། མཐའ་མཇུག་དགྲ་ངོ་མར་འགྱུར་ངེས་ཡིན་པ་དང༌། དུས་དང་རྣམ་པ་ཀུན་ཏུ་བོད་མིའི་བྱབྱཁ་བྲལ་བྱབྱལ་དོགས་ཟོན་བྱས་ན། བོད་མི་ཚོས་མཐའ་མཇུག་དངོས་སུ་ཁ་བྲལ་བྱེད་ངེས་ཡིན། ཐེངས་འདིའི་བོད་སྤྱི་ཡོངས་ལ་ཁྱབ་ཡོད་པའི་བོད་ས་ཁུལ་གྱི་ལས་འགུལ་གྱི་རང་བཞིན་ལ་ལྟ་རྟོག་པ་ཚོར་གཟིགས་ཚུལ་འདྲ་མིན་ཡོད་ལ། དེ་དག་ལས་གཟིགས་ཚུལ་མི་འདྲ་བ་གཙོ་བོ་དེ་ནི་དངོས་གནས་དྲང་གནས་བོད་རང་བཙན་རྩོད་ལེན་གྱིས་ལས་འགུལ་ཞིག་ཡིན་ནམ། ཡང་ན་དཔལ་འབྱོར་གྱི་གནས་བབ་དང་གཞུང་ཕྱོགས་ཀྱི་སྲིད་ཇུས་ལ་མི་འདོད་པའི་བསམ་འདུན་བཏོན་པ་ཙམ་གྱི་ལས་འགུལ་ཞིག་ཡིན་པ་དེ་རེད། ངས་བལྟས་ན། ཐེངས་འདིའི་དོན་རྐྱེན་གྱི་བརྒྱུད་རིམ་ཁྲོད་བོད་རང་བཙན་གྱི་རེ་འདུན་གསལ་པོ་ཞིག་མཐོང་མི་ཐུབ་ཀྱང༌། རྒྱུ་རྐྱེན་མང་པོ་ཞིག་སྦྲེལ་ནས་བྱུང་བ་ཞིག་རེད། དེའི་ཁོངས་སུ་འཕེལ་རྒྱས་ཀྱིས་བཟོས་པའི་ཧེ་བག་དང༌། དཔལ་འབྱོར་ཐད་ཀྱི་འདོད་པ་མ་ཁེངས་པ། མི་སེར་སྤེལ་བ། ཕྱི་རོལ་གྱི་ཤུགས་རྐྱེན། བྱབྱལུག་ཁྱུ་བཞུར་བ་ལྟ་བུའི་ནུས་པ་བྱབྱ སོགས་འདུས་ཡོད། གཞུང་ཕྱོགས་ཀྱིས་ལྡོག་ཕྱོགས་ཀྱི་སྐུལ་མ་དང་དྲག་གནོན་ལས་བྱུང་བའི་ཕྱིར་ལྡོག་ལ་ཆར་པ་ཆུ་གྲོགས་ཀྱི་ནུས་པ་ཐོན་ཡོད། ཡིན་ནའང༌། ཐེངས་འདིའི་དོན་རྐྱེན་གྱི་མཇུག་འབྲས་ནི། བོད་མི་ཚོར་སྤྱི་ཡོངས་ཀྱི་ཆ་ནས་བོད་རང་བཙན་གྱི་འདུ་ཤེས་སྐྱེས་ཏེ། ཕྱོགས་ཡོངས་ཀྱི་ངོས་འཛིན་ཞིག་ཆགས་ཡོད། དེའི་སྟབས་ཀྱིས། ཐེངས་རྗེས་མར་འདི་འདྲའི་དོན་རྐྱེན་ཞིག་ཡང་བསྐྱར་བྱུང་ཚེ། བོད་རང་བཙན་བྱེད་རྒྱུ་དེ་བོད་མི་མང་ཆེ་ཤོས་ཀྱིས་སྤྱི་ཡོངས་ཀྱི་རེ་འདུན་དུ་འགྱུར་རྒྱུ་རེད་ལ་རང་དགར་གྱིས་ལས་འགུལ་ཞིག་ཏུའང་འགྱུར་ངེས་རེད། དེས་མ་ཚད་འཕེལ་རིམ་ཁྲོད་དུ་སྐུལ་འདེད་བྱེད་པའི་ནུས་ཤུགས་དང་བསམ་བློའི་སློབ་སྟོན་གཙོ་བོར་འགྱུར་ངེས་ཡིན།
༤། རྒྱ་ནག་དམངས་ཁྲོད་དང་ནུབ་ཕྱོགས་དམངས་ཁྲོད་གཉིས་བར་འབྲེལ་བ་སྡུག་ཏུ་སོང་བ།
རྒྱ་ནག་དམངས་ཁྲོད་དང་ནུབ་ཕྱོགས་ཀྱི་དམངས་ཁྲོད་དབར་དེ་སྔ་ཡིན་ན་འགལ་བ་དེ་ཙམ་མེད། རྒྱ་ནག་པས་ནུབ་ཕྱོགས་ཀྱི་མི་ལ་དགའ་སྣང་མང་ཙམ་དང་ནུབ་ཕྱོགས་ཀྱི་གསར་ལམ་ཁག་ལའང་ལྟོས་ས་ལྟོས་འཇོག་གིས་ཡིད་ཆེས་བྱེད་བཞིན་ཡོད། མི་རིགས་རིང་ལུགས་ཀྱི་ཕྱོགས་ཞེན་དྲག་ཏུ་འཕྱུར་བའི་སྐབས་སུའང་ཐད་ཀར་ནུབ་ཕྱོགས་ཀྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པ་ཙམ་རེད། ནུབ་ཕྱོགས་པར་མཚོན་ནའང་རྒྱ་ནག་པར་ཞེན་པ་ལོག་པའི་ཚོར་བ་མེད། ནུབ་ཕྱོགས་སྤྱི་ཚོགས་དང་གསར་ལམ་ཁག་གིས་དུས་རྒྱུན་རྒྱ་ནག་གི་སྲིད་གཞུང་ལ་སྐྱོན་བརྗོད་བྱས་ཡོད་ཀྱང༌། རྒྱ་ནག་གི་མང་ཚོགས་རྣམས་གཅིག་སྡུད་སྲིད་དབང་གིས་གནོད་འཚེ་ཐེབས་ཡུལ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། ཡིན་ནའང༌། ཐེངས་འདིའི་བོད་ཀྱི་དོན་རྐྱེན་ཁྲོད་དུ། ཕྱོགས་གཉིས་ཀའི་དམངས་ཁྲོད་ཀྱིས་ཐད་ཀར་ཁ་གཏད་ལངས་རེས་ཀྱིས་དགྲ་ཟླར་གྱུར་ཡོད། རྒྱ་ནག་གི་མང་ཚོགས་ཀྱིས་ནུབ་ཕྱོགས་གསར་ལམ་ཁག་ལ་སྐྱོན་བརྗོད་ཤུགས་ཆེར་བྱེད་པ་དང་ནུབ་ཕྱོགས་ཀྱི་མང་ཚོགས་སྟེང་ལའང་ཚིག་མཚོན་བཏབ་ཡོད། རྣམ་འགྱུར་འདི་ལྟར་འགྱུར་དགོས་དོན་ནི་རྒྱ་ནག་དཔོན་རིགས་རུ་ཚོགས་ཀྱིས་གླེང་ཕྱོགས་འཐབ་འཁྲུག་ཁྲོད་རྒྱལ་ཁ་ཐོབ་པ་དེ་ཡིན། འོན་ཀྱང༌། གླེང་ཕྱོགས་འཐབ་འཁྲུག་བརྟེན་སའི་ཆ་རྐྱེན་དེ། གཞུང་ཕྱོགས་ནས་གནས་ཚུལ་སྒེར་སྡོམ་བྱས་པ་དེས། ལམ་ལྷོང་ཆེན་པོས་རྒྱ་ནག་མི་མང་ངན་སྐུལ་ཐད་ངེས་པར་མཁོ་བའི་ཆ་རྐྱེན་ཡིན་ཡང༌། དེ་དང་ཆབས་ཅིག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོགས་སློང་བྱེད་རྐྱེན་དུའང་གྱུར་ཡོད།
གནས་ཚུལ་བཀག་སྡོམ་བྱེད་ཆེད། སྲིད་གཞུང་གིས་ཟླ་ ༣་༡༤ དོན་རྐྱེན་བྱུང་བའི་ཉིན་དེར་ལྷ་ས་ནས་ཕྱི་རྒྱལ་བ་རྣམས་རང་དབང་འགྲོ་འོང་ལ་ཚད་བཀག་བཟོས་ཏེ། དེ་རྗེས་ཕྱི་རྒྱལ་བ་རྣམས་ལྷ་ས་ནས་ཕྱིར་འབུད་བྱས་ཡོད། དེ་ནས་བོད་ས་ཁག་ཏུ་དུས་ཡུན་རིང་པོར་ཕྱི་རྒྱལ་བ་འགྲོ་ཆོག་གི་མེད་ལ། གང་སར་ཞིབ་བཤེར་འགག་སྒོ་བཟོས་ཏེ་བསྔོག་བཤེར་བྱེད་ཀྱི་ཡོད། དཔར་གྱི་རིགས་རྣམས་དོ་སྣང་ཆེན་པོ་བྱེད་སའི་རྒྱུ་ཆར་གྱུར་ཡོད། བཀའ་རྒྱ་ལག་བསྟར་བྱེད་བཞིན་པའི་དམག་མི་དང་ཉེན་རྟོག་པས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚད་མེད་བཏང་ཞིང༌། ཕྱི་མིའི་ལག་ཏུ་དཔར་གྱི་རིགས་མི་ཐོབ་ཆེད། བོད་མི་ཁ་ཤས་ཤིག་གིས་ལག་འཁྱེར་ཁ་པར་གྱིས་དཔར་བརྒྱབ་པ་ཙམ་གྱིས་ཀྱང་གདུག་རྩུབ་ཚད་མེད་ཀྱིས་རྡུང་རྡེག་དང་ཡུན་རིང་བཀག་ཉར་བྱས་ཡོད། རྒྱ་རིགས་ཡིན་ཡང་བོད་ཡུལ་ནས་ཚོར་བ་རྣོ་བོའི་རིགས་ཀྱི་དཔར་བརྒྱབ་ཚེ། འདྲི་རྩད་དང༌། འཕྲུལ་ཆས་རིགས་འཕྲོག་པའམ་ཡང་ན་དཔར་རིགས་མེད་པར་བཟོ་བ་ཡིན། གནས་ཚུལ་བཀག་སྡོམ་ཚགས་ཚུད་བྱས་པ་དེས་ནུབ་ཕྱོགས་པའི་གསར་ལམ་ཁག་ལ་གནས་ཚུལ་ངོ་མ་ཞིག་ཧ་ལམ་ཐོབ་ཐབས་མེད་པ་ལྟ་བུར་གྱུར་ཡོད་སྟབས། ཐད་ཀར་མ་ཡིན་པའི་སྒོ་ནས་ཐོབ་པའི་གནས་ཚུལ་རྣམས་རྒྱང་བསྒྲགས་བྱེད་ཀྱིན་ཡོད། གནས་ཚུལ་དེ་དག་ལ་གོ་ནོར་ཐེབས་སྲིད་ལ་གལ་སྲིད་གོ་ནོར་ཐེབས་པ་ཡིན་ན། མི་ལ་ཁ་གཡར་ས་ཞིག་ཀྱང་རང་བཞིན་གྱི་ལྷག་ཡོང་བ་ཡིན། དེའི་སྟབས་ཀྱིས་ནུབ་ཕྱོགས་ཀྱི་གསར་ལམ་ཁག་རྒྱ་ནག་གི་མང་ཚོགས་ཀྱི་སེམས་ནང་ཕྱོགས་ཡོངས་ནས་ནག་པོ་ཆགས་ཤིང༌། རྒྱ་ནག་དྲིལ་བསྒྲགས་ལས་ཁུངས་དང་ནུབ་ཕྱོགས་གསར་ལམ་དབར་ལོ་མང་རིང་འཐབ་རྩོད་བྱས་ཏེ་ཐེངས་དང་པོར་རྒྱ་གཞུང་ལ་རྒྱལ་ཁ་ཐོབ་ཡོད་པ་དེ་ལ། རྒྱ་གཞུང་དགའ་སྣང་ཆེན་པོ་སྐྱེས་ཡོད།
འོན་ཀྱང༌། དེ་ཙམ་གྱིས་ནུབ་ཕྱོགས་གསར་ལམ་ཁག་གིས་ངོས་ལེན་བྱེད་ག་ལ་སྲིད། རྒྱ་ནག་མང་ཚོགས་རྣམས་ཕྱོགས་མཐའ་གཅིག་ཏུ་ལྷུང་བའི་ངན་དམོད་དང་འཇིགས་སྐུལ་བྱེད་བཞིན་པའི་ཐོག་རྒྱ་ནག་སྲིད་གཞུང་གིས་ནུབ་ཕྱོགས་པའི་གསར་ལམ་ཁག་ལ་བཀག་སྡོམ་དང་གནོན་ཤུགས་སྤྲད་དེ། བྱབྱདབང་ཆ་ཨང་བཞི་པ་བྱབྱ ཞེས་བརྗོད་པའི་ནུབ་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཡོངས་རྫོགས་དུས་ཡུན་རིང་པོར་རྒྱ་ནག་ལ་ཁ་གཏད་གཅོག་མཁན་གྱི་ཕྱོགས་སུ་དེད་ཡོད། རྒྱ་ནག་མི་མང་གི་དགྲར་འཛིན་གྱི་བསམ་བློའི་རྐྱེན་གྱིས། ནུབ་ཕྱོགས་གསར་ལམ་ཁག་གིས་གསར་འགྱུར་བརྒྱུད་བསྒྲགས་བྱེད་སྐབས་སྔར་བས་ཞིབ་ཚགས་དང༌། སྔར་བས་བརྟག་དཔྱོད་མང་པོ། དོ་སྙོམས་པོ་ཡོང་ཐབས་བྱེད་ངེས་ཀྱང༌། རྒྱ་ནག་ལ་ཞེན་པ་ལོག་པའི་ཚོར་ཤུགས་ཀྱང་ཇེ་དྲག་ཏུ་འགྲོ་བ་ཡིན། གཅིག་སྡུད་ཅན་གྱི་སྲིད་དབང་ལ་ཞེན་པ་ལོག་པ་མ་ཟད། རྒྱ་ནག་མི་མང་གི་རྣམ་འགྱུར་སྟེང་མངོན་བཞིན་པའི་སྨྱོ་འཚབ་དང་གདུག་རྩུབ་ལའང་ཞེན་པ་ལོག་ཡོད། ང་ཚོས་ཡིད་ཆེས་བྱེད་ཐུབ་པ་ཞིག་ལ། དེང་ཕྱིན་གལ་སྲིད་གོ་སྐབས་བྱུང་ན། འདི་འདྲ་བའི་ནུབ་ཕྱོགས་གསར་ལམ་ཁག་མཉམ་འབྲེལ་གྱིས་རྒྱ་ནག་ལ་ཕྱོགས་ཡོངས་ནས་སྐྱོན་བརྗོད་བྱེད་པ་འདི་འདྲ་ད་དུང་འབྱུང་ངེས་ཡིན། འོན་ཀྱང༌། ནུབ་ཕྱོགས་པའི་མང་ཚོགས་ཀྱི་རྣམ་འགྱུར་དེ་ཚད་ངེས་ཅན་ཞིག་གི་ཐོག་གསར་ལམ་ཁག་གིས་སྣེ་འཁྲིད་བྱས་ཡོད་སྟབས། ནུབ་ཕྱོགས་པའི་གསར་ལམ་ཁག་ལ་ཕོག་ཐུག་བཏང་སྟེ། དེ་ཚོར་ཁ་གཏད་ཀྱི་ཕྱོགས་སུ་དེད་པའི་མཇུག་འབྲས་སུ། མཐའ་མར་ནུབ་ཕྱོགས་མང་ཚོགས་མིག་ནང་གི་རྒྱ་ནག་དེ་སྔར་ལས་གདོན་འདྲེ་ལྟ་བུར་འགྱུར་ངེས་རེད།
དོན་དངོས་ཐོག རྒྱ་ནག་གིས་གསར་འགྱུར་བཀག་སྡོམ་བྱས་ཡོད་སྟབས། ནུབ་ཕྱོགས་པའི་མང་ཚོགས་ཀྱིས་རང་གི་རྒྱལ་ཁབ་ཀྱི་གསར་ལམ་ཁག་ནས་གནས་ཚུལ་ཨང་དང་པོ་དེ་ཐོབ་ཐབས་མེད། ཡིན་ནའང༌། རྒྱ་ནག་གི་གསར་ལམ་ཁག་ལ་ཡིད་ཆེས་བྱེད་མི་སྲིད། དེས་མི་ཚད་རྒྱ་ནག་གཞུང་ཕྱོགས་ཀྱིས་བོད་ཀྱི་གནད་དོན་ཐོག་སྤེལ་བའི་གཏམ་བརྗོད་ཇི་ཡོད་ལ་དོགས་སློང་བྱེད་ཀྱིན་ཡོད། དེའི་རྒྱུ་མཚན་ནི་ཁོང་ཚོར་མཚོན་ན། དེ་ནི་རྒྱུན་ཤེས་ལས་སླ་བོ་ཞིག་རེད། རྫུན་གཏམ་ཡིན་སྟབས་གནས་ཚུལ་བཀག་སྡོམ་བྱེད་ཀྱིན་ཡོད་པ་རེད་ཅེས་འདོད་ཡོད། བཀག་སྡོམ་བྱས་ཏེ་རྫུན་གཏམ་གྱི་ཞིབ་ཕྲའི་ནང་དོན་མི་གཞན་ལ་ཤེས་འཇུག་འདོད་མེད་ན། ཐབས་ལམ་ཡག་ཤོས་ནི་གནས་ཚུལ་བཀག་སྡོམ་བྱེད་མཁན་ཚོས་གང་བརྗོད་པ་དེ་ཚང་མ་རྫུན་གཏམ་ཡིན་པར་ངོས་འཛིན་རྒྱུ་དེ་རེད། ནུབ་ཕྱོགས་པའི་མང་ཚོགས་ཀྱིས་པེ་ཅིང་གི་ཨོ་རྩལ་དཔལ་འབར་ལ་ངོ་རྒོལ་ཤུགས་དྲག་བྱེད་དགོས་པའི་རྒྱུ་མཚན་ནི། བསམ་འདུན་བརྗོད་སའི་བརྒྱུད་ལམ་གཞན་མེད་སྟབས། དཔལ་འབར་ལ་བསྟུན་ཏེ་རྒྱ་ནག་སྲིད་གཞུང་གིས་དངོས་ཡོད་གནས་ཚུལ་བཀག་སྡོམ་བྱས་པར་བཏོན་པའི་ཁོང་ཁྲོ་རེད།
རྒྱ་ནག་དཔོན་རིགས་རུ་ཚོགས་ཀྱིས་ནུབ་ཕྱོགས་པའི་དམངས་ཁྲོད་ཀྱི་ལྟ་སྟངས་ལ་དེ་ཙམ་དོ་སྣང་བྱེད་ཀྱི་མེད་ལ། ཁོ་ཚོར་དགོས་པ་ནི་རྒྱ་ནག་མང་ཚོགས་དང་ནུབ་ཕྱོགས་སྤྱི་ཚོགས་དབར་གྱི་འགལ་བ་དེ་རེད། འགལ་བ་དེ་བརྒྱུད་རང་ཉིད་ལ་མང་ཚོགས་ཀྱི་ཕྱོགས་ནས་རྒྱབ་སྐྱོར་ཐོབ་པ་བདེན་དཔང་བྱེད་ཀྱི་ཡོད། དེ་རྗེས་བསྐྱར་དུ་ཨོ་རྩལ་གྱི་དཔལ་འབར་ཐད་ནུབ་ཕྱོགས་སུ་ངོ་རྒོལ་བྱས་པ་དེས། རྒྱ་ནག་མང་ཚོགས་ཀྱིས་ནུབ་ཕྱོགས་དགྲ་འཛིན་གྱི་བསམ་བློ་མུ་མཐུད་ཤུགས་ཆེར་སོང་ཡོད། མང་ཚོགས་ཀྱི་ལས་འགུལ་དང་ལས་འགུལ་གྱི་མང་ཚོགས་གཉིས་ལ་སྲིད་དབང་ཐལ་སྤྱོད་རིང་ལུགས་ཚོར་བྱང་ཞིང་གོམས་ཡོད། ཁྱོན་རྒྱ་ཆེ་བའི་གནད་དོན་ལ་གདོང་གཏུག་བྱེད་སྐབས། མང་ཚོགས་ལ་འདང་ངེས་ཀྱི་གནས་ཚུལ་དང་ཤེས་བྱས་རང་རྐྱ་ཕེར་བའི་ངང་བསམ་གཞིགས་བྱེད་པའི་ནུས་པ་མེད་སྟབས། སྲིད་གཞུང་གིས་ལས་སླ་བོའི་སྒོ་ནས་ངན་སྐུལ་དང་སྟངས་འཛིན་བྱེད་ཐུབ། རྒྱ་ནག་མང་ཚོགས་ཀྱིས་གནད་དོན་མང་ཆེ་བ་ཞིག་གི་སྟེང་ནས་སྲིད་གཞུང་ལ་དེ་ཙམ་ངོས་ལེན་མེད་རུང༌། རྒྱལ་ཁབ་གཅིག་གྱུར་རྩ་བའི་རིན་ཐང་དུ་བརྩིས་ཏེ་ངོས་ལེན་བྱས་ཡོད། རང་ཉིད་ཀྱི་ཉིན་རྒྱུན་འཚོ་བ་དང་རྒྱང་ཐག་རིང་བའི་བོད་དོན་ཐད་ལ། རྒྱ་ནག་པ་མང་ཆེ་བའི་ཁ་བྲལ་བ་ཡིན་མིན་ཐད་ནས་ལས་སླ་བོས་ངོས་འཛིན་བྱེད་ཀྱིན་ཡོད། གཞུང་ཕྱོགས་གསར་ལམ་ཁག་ནས་སྐད་གདངས་གཅིག་གིས་ནུབ་ཕྱོགས་པས་རྒྱ་ནག་ལ་དགྲར་འཛིན་བྱས་ཏེ། བོད་ཀྱི་རང་བཙན་ལ་རྒྱབ་རོགས་བྱེད་ཀྱིན་འདུག་ཅེས་སྐྱོན་བརྗོད་བྱེད་སྐབས། རྒྱ་ནག་པའི་དགྲར་འཛིན་གྱི་བསམ་བློ་ངན་སྐུལ་བྱེད་དགོས་ན་དཀའ་ངལ་ཆེར་མེད། ཐེངས་འདིའི་བོད་ཀྱི་དོན་རྐྱེན་དེས་བོད་རྒྱ་རིགས་གཉིས་དབར་གྱི་འབྲེལ་བ་དེ་རིགས་རྒྱུད་གཉིས་ཕན་ཚུན་ཁ་གཏད་དུ་ལངས་བཅུག་ཡོད་པ་དང་ཆབས་ཅིག་རྒྱ་ནག་དམངས་ཁྲོད་དང་ནུབ་ཕྱོགས་ཀྱི་དམངས་ཁྲོད་གཉིས་ཀྱང་ཕན་ཚུན་ཁ་གཏད་དུ་ལངས་རྒྱུའི་ལམ་ཁའི་འཕེལ་ཕྱོགས་སུ་དེད་ཡོད།
ངོ་མ། ཐེངས་འདིར་རྒྱ་ནག་མང་ཚོགས་ཀྱིས་སྲིད་གཞུང་ལ་རྒྱབ་སྐྱོར་བྱས་པ་དེ་ནི་སྔ་ན་མ་བྱུང་བ་ཞིག་རེད། དྲ་རྒྱ་དང་ཡང་ན་ཕྱི་རྒྱལ་གྱི་སྲང་ལམ་གང་ཡིན་ཡང༌། རྒྱ་ནག་རྒྱལ་གཅེས་པ་དང་ནུབ་ཕྱོགས་པ་ཐད་ཀར་གདོང་ཐུག་བྱས་ཡོད། རྒྱ་ནག་པ་རྣམས་ཀྱིས་CNN བརྙན་འཕྲིན་ལ་བལྟ་མི་ཆོག་ཀྱང༌། སྨྱོ་འཚབ་ཆེན་པོས་ CNN ལ་ངོ་རྒོལ་བྱེད་པ་དང༌། རང་གི་རྒྱལ་ཁབ་ནང་རྔམ་སྟོན་བྱེད་པའི་རང་དབང་མེད་ཀྱང༌། གཞན་གྱི་རྒྱལ་ཁབ་ནང་འདུ་འཛོམས་ཀྱིས་ཡང་བསྐྱར་རིག་གནས་གསར་བརྗེའི་བྱ་སྤྱོད་སྤེལ་ཡོད། བྱ་སྤྱོད་འདི་དག་ལ་རྒྱ་ནག་གཞུང་ཕྱོགས་ཀྱིས་རྒྱབ་སྐྱོར་དང་གཞུང་ཚབ་ཆེན་མོས་རྒྱབ་ཡོལ་འོག་ནས་རྩ་འཛུགས་ཀྱང་བྱས་ཡོད་སྲིད། ཕྱོགས་གཅིག་ནས་ནུབ་ཕྱོགས་པས་རིན་ཐང་གི་ལྟ་བའི་ཐད་རྒྱ་ནག་ཁས་ལེན་མི་བྱེད་ལ། ཕྱོགས་གཞན་ཞིག་ནས་ནུབ་ཕྱོགས་པའི་མང་ཚོགས་ཀྱི་ངོས་ནས་རྒྱ་ནག་ནི་དགྲ་འཛིན་གྱི་བསམ་བློ་ཤུགས་ཆེར་ཡོད་མཁན་ཞིག་དང༌། དུས་ནམ་ཞིག་ལ་རང་ཉིད་ལ་འཇིགས་ཉེན་བཟོ་རྒྱུ་ཡིན་པའི་སེམས་ཚོར་བསྐུལ་ཏེ། དེ་སྔ་ནང་བཞིན་རྒྱ་ནག་མི་མང་དང་སྲིད་གཞུང་གཉིས་དབྱེ་བ་འབྱེད་དེ། ཐ་དད་ཀྱི་ལྟ་སྟངས་འཛིན་རྒྱུ་མ་རེད།
སྒར་ཁའི་རང་བཞིན་གྱི་དགྲ་འཛིན་ཁ་གཏད་ལངས་ས་དེར་གནས་ལུགས་བཤད་ས་མེད། ཕྱོགས་གཉིས་ཀྱིས་ལས་སླ་བོའི་སྒོ་ནས་ཕན་ཚུན་ངོས་འཛིན་བྱེད་ངེས་ཡིན། དཔེར་ན་རྐང་རྩེ་སྤོ་ལོར་ལྟ་མཁན་གྱི་མི་ཚོགས་འཁྱམ་པོ་འདུ་འཛོམས་ཀྱིས་ཕ་རོལ་ ལ་འཕྱ་དམོད་བྱེད་པ་དང༌། གནས་ལུགས་རྒྱུ་མཚན་མི་འདྲི་བ། བཟང་ངན་དབྱེ་འབྱེད་མི་བྱེད་པ་ཇི་བཞིན། གལ་ཏེ་ནུབ་ཕྱོགས་པའི་མང་ཚོགས་དང་གསར་ལམ་ཁག་ནས་རྒྱ་ནག་མི་མང་ཁྲོད་བོད་ལ་མི་སེར་སྤེལ་བའི་རིང་ལུགས་ཀྱི་སེམས་ཁམས་རྒྱ་ཁྱབ་ངང་ཡོད་པར་ངོས་འཛིན་བྱས་པ་ཡིན་ན། རྒྱ་ནག་སྲིད་དབང་གི་ངོ་བོ་ལ་མ་འོངས་པར་འགྱུར་བ་ག་ཚོད་སོང་ཡང༌། ཁོ་ཚོས་ངེས་པར་དུ་བོད་དེ་རྒྱ་ནག་གིས་དབང་སྒྱུར་འོག་ནས་བཅིངས་འགྲོལ་གཏོང་དགོས་པར་ངོས་འཛིན་བྱེད་རྒྱུ་རེད། རྒྱ་ནག་དམངས་གཙོ་དོན་གཉེར་བའི་ནན་བརྗོད་བྱེད་པ་བཞིན་རྒྱ་ནག་དམངས་གཙོར་གྱུར་ན་བོད་ལ་རང་དབང་སྤྲོད་རྒྱུ་ཡིན་ཞེས་པའི་ཁས་ལེན་ལའང་ཡིད་ཆེས་བྱེད་མི་སྲིད། དེ་གང་ཡིན་ཞེ་ན། སྒྲིག་འཛུགས་ལ་འཕོ་འགྱུར་སོང་བ་ཙམ་གྱིས་མང་ཚོགས་ཀྱི་སེམས་ཁམས་ལ་འགྱུར་བ་འགྲོ་བའི་ངེས་པ་མེད། རྒྱུ་རྐྱེན་དེ་དག་གིས་རྒྱ་ནག་གིས་མ་འོངས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུའི་ཐད་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན།
དེ་རིང་གི་རྒྱ་ནག་ནི་དེ་སྔ་ལྟ་བུའི་བསམ་བློའི་འདུ་ཤེས་གཙོར་འཛིན་བྱེད་པའི་གསར་བརྗེ་ཚོགས་པ་དེ་མ་ཡིན་པར། སྐབས་འཚོལ་བྱེད་མཁས་པའི་ཁེ་འཚོལ་དངོས་ཡོད་རིང་ལུགས་ཀྱི་རུ་ཚོགས་ཤིག་ཏུ་གྱུར་ཡོད། ལུགས་མཐུན་ངང་བརྗོད་ན། རང་ཉིད་ཀྱི་ཁེ་ཕན་ཆ་ནས་བརྗོད་ཀྱང༌། ནུབ་ཕྱོགས་དང་སྒར་ཁ་རང་བཞིན་གྱི་ཁ་གཏད་གཅོག་རེས་བྱེད་རྒྱུ་ལས་གཡོལ་དགོས་པ་ཞིག་རེད། འོན་ཀྱང༌། ལས་དོན་གྱི་ཁ་ཕྱོགས་གང་འདྲ་ཞིག་ལ་བགྲོད་རྒྱུ་དེ་ནམ་རྒྱུན་ནང་གི་གཏན་ཚིགས་ལ་རག་ལས་ཡོད། སྒེར་གཅོད་སྒྲིག་འཛུགས་ཀྱི་ཁྱད་ཆོས་ནི་ཁྱབ་ཆུང་ས་ནས་སོ་སོས་ལུགས་མཐུན་ངང་འགུལ་སྐྱོད་བྱེད་ཐུབ་ཀྱང༌། སྤྱི་ཡོངས་ཀྱི་མཇུག་འབྲས་དེ་གཅིག་བྱས་ན་ལུགས་མཐུན་དང་རིང་དུ་བྲལ་ཡོད་པར་མ་ཟད། སྤྱི་ཡོངས་ཀྱི་ཁེ་ཕན་ལའང་མཐུན་གྱི་མེད། འདི་ལྟ་བུའི་ཁྱབ་ཆུང་སའི་ལུགས་མཐུན་གྱིས་སྤྱི་ཡོངས་ཀྱི་ཆ་ནས་ལུགས་མཐུན་དུ་མི་ཆགས་པའི་བྱབྱནཱ་ཧྲི་དོ་མཉམ་ལུགས་སྲོལ་གྱིས་བྱབྱ དངོས་པོའི་སྤྱིའི་བགྲོད་ཕྱོགས་ལ་ནམ་རྒྱུན་དུ་སྔར་ལས་ཤུགས་ཆེ་བའི་ཐག་གཅོད་ཀྱི་རང་བཞིན་ལྡན་ཡོད། གཤམ་ནས་ང་ཚོས་མཐོང་ཐུབ་པ་ནི། བྱབྱཁ་བྲལ་ལ་ངོ་རྒོལ་བྱབྱབྱེད་མཁན་གྱི་དཔོན་ངན་རུ་ཚོགས་ཀྱིས་རང་ཉིད་ཀྱི་ཆེད་དུ་ལུགས་མཐུན་ཚོད་རྩིས་དང་ཁེ་འཚོལ་གནོད་གཡོལ་བྱས་པ་དེ། ཐེངས་འདིའི་བོད་ཀྱི་དོན་རྐྱེན་ཁྲོད་ནས་སྤྱི་ཡོངས་ཀྱིས་བཟོས་པའི་རྒྱ་ནག་དཔོན་ཕྱོགས་ཀྱི་ནོར་འཁྲུལ་དུ་གྱུར་ཡོད།
གཉིས་པ། བཙན་རྒྱལ་སྲིད་སྒྲོམ་གྱི་དཀའ་སྡུག་གནས་སྟངས།
༡། “ཁ་བྲལ་ལ་ངོ་རྒོལ”འཚོ་རྟེན་དུ་གྱུར་སྐབས།
བཙན་རྒྱལ་སྲིད་དབང་གི་ཆེས་གལ་ཆེ་བའི་ནུས་འགན་ནི་བཙན་རྒྱལ་གྱི་རྒྱ་ཁྱོན་ཆ་ཚང་བདག་སྐྱོང་བྱེད་རྒྱུ་དེ་རེད། དེའི་སྟབས་ཀྱིས་”ཁ་བྲལ་ལ་ངོ་རྒོལ་”ཆེད་བཙུགས་ཡོད་པའི་ལས་ཁུངས་དེ་དག་གི་གོ་གནས་ཀྱང་གལ་ཆེར་གྱུར་ཡོད། དེ་སྔ་རྒྱ་ནག་དམར་ཤོག་གི་དཔོན་ཆེན་བྱས་ཏེ་བོད་ཀྱི་དམར་ཤོག་གི་སྲོལ་འབྱེད་མཁན་སྐུ་ཞབས་ཕུན་ཚོགས་དབང་རྒྱལ་གྱིས་ལས་ཁུངས་དེ་དག་དང་དེའི་ལས་མི་ལ་”ཁ་བྲལ་རིང་ལུགས་ལ་བརྟེན་ནས་ཟས་བཟའ་བ་དང༌། ཁ་བྲལ་རིང་ལུགས་ལ་བརྟེན་ནས་དཔོན་གནས་འཕར་བ། ཁ་བྲལ་རིང་ལུགས་ལ་བརྟེན་ནས་རྒྱུ་ནོར་ཧམ་ཟ་”ཞེས་བརྗོད་ཡོད། དེའི་རྒྱུ་མཚན་ནི་”ཁ་བྲལ་”ཞེས་པ་ཚབས་ཆེན་ག་ཚོད་ཡོད་ན། བཙན་རྒྱལ་གྱིས་སྤྲད་པའི་ལས་ཁུངས་དེ་དག་དང་ལས་མི་བཅས་པའི་དབང་ཚད་དེ་མཚུངས་སུ་ཇེ་ཆེར་འགྲོ་གིན་ཡོད་ལ། རྒྱུ་དངོས་རྒྱབ་རོགས་ཀྱང་དེ་བཞིན་ཇེ་མང་འགྲོ་གིན་ཡོད། དེའི་སྟབས་ཀྱིས་”ཁ་བྲལ་”གྱི་གནད་དོན་དེ་དུས་ནམ་ཡང་གནས་བསྡད་ན་བསམ་པའི་རེ་འདུན་ཞིག་ངང་ངམ་ཤུགས་ཀྱིས་སླེབས་ཡོད། ལས་ཁུངས་ཀྱི་ཁེ་ཕན་དང་སྒེར་ངོས་ཀྱི་ཁེ་ཕན་ཆེད་དུ། མི་རིགས་ཀྱི་གནད་དོན་དེ་མཐའ་མའི་ཐག་གཅོད་བྱེད་མི་འདོད་པར་མ་ཟད། ཆེད་དུ་འགལ་ཟླ་ཆེར་བཏང་སྟེ། “ཁ་བྲལ་”ཉེན་ཁ་ཆེ་རབས་བརྗོད་ནས་རྩ་དོན་དང་འབྲེལ་བ་བསྟུད་མུར་བཟོས་ཤིང་དོན་དག་མེད་ས་ནས་དོན་དག་འཚོལ་བ་དང་ཡང་ན་དོན་ཆུང་དོན་ཆེར་བཟོ་ཐབས། ཡང་མིན་ན་ཆབ་སྲིད་ཀྱི་གྲུབ་འབྲས་མངོན་ཐབས་ཀྱིས་དོན་རྐྱེན་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་སྟེ་འགལ་རྐྱེན་རྒྱ་ཆེར་བསྐྱེད་པར་ཤུགས་སྣོན་དང༌། ཡང་མིན་ན་འགན་ལས་གཡོལ་ཐབས་ཀྱིས་ནོར་འཁྲུལ་གཏན་ནས་ངོས་ལེན་མི་བྱེད་པར། སྔར་ལས་ཆེ་བའི་ནོར་འཁྲུལ་བཟོས་ཏེ་ནོར་འཁྲུལ་ཆུང་རིགས་འགེབས་ཐབས་བྱེད་ཀྱིན་ཡོད། གཞུང་ངོས་ནས་ཐེངས་འདིའི་དོན་རྐྱེན་ཐོག་ནས་ཕྱིར་མངོན་པའི་བྱ་སྤྱོད་ལ། མི་ཁ་ཤས་ཀྱིས་ལག་བསྟར་དཔོན་པོའི་བླུན་རྟགས་རེད་ཅེས་བརྗོད་ཀྱིན་ཡོད། དོན་དངོས་ཐོག་བརྗོད་སྟངས་དེ་བདེན་པ་མ་རེད། དཔོན་པོ་དེ་ཚོ་བློ་རིག་གསལ་ཐག་ཆོད་ཡོད། ཁོ་རང་ཚོས་རང་ཉིད་ཀྱི་བྱ་སྤྱོད་དེ་དག་སྤྱི་ཡོངས་ལ་གནོད་ཀྱི་ཡོད་པ་ཧ་གོ་བཞིན་དུ་མུ་མཐུད་སྤེལ་དགོས་པ་དེ་ནི་དོན་དག་དེ་ཁོ་ན་ལེགས་འགྲུབ་ཀྱི་ཆེད་མ་ཡིན་པར། དོན་དག་དེ་བརྒྱུད་ནས་རང་ཉིད་ལ་ཁེ་ཕན་བསྒྲུབ་རྒྱུའི་ཆེད་དུ་ཡིན། དཔེར་ན་ཕྱི་ལོགས་ན་ཡོད་པའི་རྒྱ་མི་དང་རྒྱ་ནག་གི་ཕྱི་སྐྱོད་སློབ་གཉེར་བར་རྩ་འཛུགས་ཀྱིས་”རྒྱ་མཚོ་དམར་བོ་”ཞེས་པའི་ལས་འགུལ་སྤེལ་མཁན་གྱི་ཕྱི་སྡོད་དཔོན་པོ་མང་ཆེ་བས་ནུབ་ཕྱོགས་ནས་སློབ་གཉེར་བྱས་ཡོད་ལ་ཡུན་རིང་བོར་ཕྱིའི་རྒྱལ་ཁབ་ནས་འཚོ་བ་བསྐྱེལ་ཡོད། དེ་འདྲ་བའི་ལས་འགུལ་རྩ་འཛུགས་བྱས་ན་ཕྱིའི་རྒྱལ་ཁབ་ཀྱི་མང་ཚོགས་དང་གསར་ལམ་ཁག་ཞེན་པ་ལོག་སྟེ་རྒྱ་ནག་གི་ཆེ་མཐོང་ལ་གནོད་རྒྱུ་ཡིན་པའང་གསལ་བོར་ཤེས་ཡོད། འོན་ཀྱང༌། ཕྱིའི་རྒྱལ་ཁབ་ཀྱི་མང་ཚོགས་དང་གསར་ལམ་ཁག་གི་ལྟ་སྟངས་བཟང་ངན་ཙམ་གྱིས་རང་ཉིད་ཀྱི་གོ་གནས་དང་ཐད་ཀར་འབྲེལ་བ་མེད་ལ། གལ་སྲིད་རང་ཉིད་ཀྱི་གོ་གནས་འཕར་དགོས་ན་ངེས་པར་དུ་རྒྱ་ནག་དབུ་ཁྲིད་དང་གཙོ་སྐྱོང་ལས་ཁུངས་ཀྱི་འདོད་པ་བསྐོང་དགོས་རྒྱུ་དེ་ཆགས་ཡོད་སྟབས། རྒྱ་ནག་དབུ་ཁྲིད་ཚོས་བརྙན་འཕྲིན་ནང་ནུབ་ཕྱོགས་རྒྱལ་ཁབ་གང་སར་ཁེབས་ཡོད་པའི་རྒྱ་དམར་གྱི་རྒྱལ་དར་དང་རྒྱ་ནག་རྒྱལ་གཅེས་པ་རྣམས་མཐོང་སྟེ། གདོང་ལ་འཛུམ་དམུལ་ཞིང་སྙིང་རླུང་ཞི་འཇམ་སོང་དུས། ཕྱི་སྡོད་དཔོན་པོའི་གོ་ས་འཕར་རྒྱུའི་རེ་བ་ཆེན་པོ་ཡོད། དེ་ནི་ཁོ་ཚོའི་ལས་དོན་སྒྲུབ་སྐབས་ཀྱི་ཀུན་སློང་ཐོག་མ་དེ་རེད། ཡིན་ནའང༌། རྒྱལ་ཁབ་ལ་བཟོས་པའི་གྱོང་གུད་ཁོ་ཚོའི་སྒེར་ཐོག་ལ་ལྷུང་གི་མ་རེད་ལ། འགན་ཡང་འཁུར་དགོས་མེད། དེ་བས་ཁོ་ཚོས་དེ་ལ་སེམས་ཁུར་བྱེད་དགོས་ཆགས་མེད།
གོང་ནས་བརྗོད་ཟིན་པ་བཞིན་བོད་དང་འབྲེལ་བ་ཡོད་པའི་དཔོན་རིགས་རུ་ཚོགས་ཀྱིས་དོན་རྐྱེན་གྱི་འབྱུང་རྐྱེན་བྱབྱཏཱ་ལའི་རུ་ཚོགས་བྱབྱལ་ཡོངས་སུ་གཡོགས་ཏེ། ཁོ་ཚོར་འགན་མེད་གཙང་མ་བཟོས་ཡོད། ཡིན་ནའང༌། ཉུང་མཐར་དེའི་ཁོངས་སུ་ཡོད་པའི་སྤྱི་བདེ་དང་རྒྱལ་ཁབ་བདེ་སྲུང༌། དྲག་ཆས་ཉེན་རྟོག་པའི་ལས་ཁུངས་རྣམས་དེ་འདྲ་མིན། ཁོ་ཚོའི་འགན་ནུས་ནི་ཐོག་མ་ནས་བྱབྱདགྲ་ཟླའི་སྟོབས་ཤུགས་བྱབྱདང་བྱབྱརྒྱལ་ཁབ་ཕྱི་ལོགས་ཀྱི་སྟོབས་ཤུགས་བྱབྱཀྱི་གནོད་སྐྱོན་སྔོན་འགོག་བྱེད་རྒྱུ་དེ་ཆགས་ཡོད་ན། བྱབྱཏཱ་ལའི་རུ་ཚོགས་ཀྱིས་རྩ་འཛུགས་ལྡན་པ། ངན་ཇུས་སྔོན་འགོད། ཞིབ་ཕྲའི་ཇུས་འགོད་བྱབྱཅེས་པ་ལྟ་བུའི་ལམ་ལྷཽང་བྱུང་བ་དེས། སྤྱིར་ཡིན་ན་འགན་ཆེས་ཆེ་ཤོས་ཁུར་དགོས་ཆགས་ཡོད། འོན་ཀྱང༌། ལས་ཁུངས་རང་ཉིད་ལ་གནོད་པའི་བཤད་ཚུལ་དེ་ལ་འཇམ་ཐང་ཐང་གིས་ངོས་ལེན་བྱེད་དགོས་པའི་རྒྱུ་མཚན་གང་ལ་ཐུག་ཡོད་ཅེ་ན། ཁེ་ཕན་གྱིས་མཉམ་དུ་སྦྲེལ་ཡོད་པའི་རུ་ཚོགས་ལ་དགོས་ངེས་ཀྱི་འགན་ཁུར་བྱེད་རྒྱུ་དེ་མ་གཏོགས། དཔོན་རིགས་རུ་ཚོགས་ཀྱི་ཐབས་རྩལ་གཞན་ཞིག་ཀྱང་ཕྱིར་མངོན་བྱེད་ཐུབ་ཡོད། འགན་ཙམ་ལས་གཡོལ་ཐབས་ནི་དཔོན་རིགས་ཚོའི་ཐོག་མའི་རང་ནུས་ཁོ་ན་རེད། དེ་ལས་ཀྱང་ཐབས་མཁས་པ་ཞིག་ནི་ཉེན་ཁ་དེ་རང་ཉིད་ལ་ཁེ་ཕན་སྒྲུབ་པའི་གོ་སྐབས་སུ་བསྒྱུར་ཡོད། གསང་གནས་བདེ་འཇགས་དང་དྲག་གནོན་བྱེད་མཁན་གྱི་ལས་ཁུངས་ཀྱིས་རང་ཉིད་ཀྱི་སྐྱོན་འགན་ཁུར་ལེན་བྱེད་མི་སྲིད་པར་མ་ཟད། རྒྱུ་དངོས་དང་འགྲོ་སོང་གིས་འདང་ངེས་མེད་པ་དང་དབང་ཆར་ཚད་བཀག་མང་དྲགས་པ། སྲིད་ཇུས་འཇམ་དྲགས་པ་སོགས་ཕྱིའི་རྒྱུ་རྐྱེན་ལ་ཁ་གཡར་ཏེ། ནུས་ཤུགས་ཡོད་ཚད་ཀྱིས་བོད་མིའི་ངོ་རྒོལ་དྲག་གནོན་བྱས་ཚར་རྗེས་བྱབྱདགྲ་བོར་འཐབ་རྩོད་བྱེད་མཁན་གྱི་དཔའ་བོར་བྱབྱགྱུར་ཡོད། དེ་ལ་སྐྱོན་མེད་པར་མ་ཟད། བྱས་རྗེས་ཆེན་པོར་བགྲངས་ཡོད། དུས་མཉམ་དུ་བཙན་མཁྲེགས་ཀྱིས་དྲག་གནོན་བྱས་པ་དེ་ནི་ཕན་ནུས་ལྡན་པའི་ནོར་བུར་བརྗོད་པ་དེར་བསྐྱར་དུ་བདེན་དཔང་བྱས་ཡོད། སྐབས་དེ་དུས། ཁ་ཕྱིར་འཁོར་ནས་དེ་སྔའི་རྒྱུ་དངོས་དང་འགྲོ་སོང་གིས་འདང་ངེས་མེད་པ་དང་དབང་ཆར་ཚད་བཀག་མང་དྲགས་པ། སྲིད་ཇུས་འཇམ་དྲགས་པ་སོགས་ཀྱི་ཉམས་མྱོང་ལ་མཇུག་བསྡོམས་ཀྱིས། གོང་རིམ་ལ་སྔར་ལས་མང་བའི་རྒྱུ་དངོས་དང་དབང་ཚད་མཁོ་བ་དང་ཁོ་ཚོའི་གོ་དབང་ཤུགས་ཆེར་གཏོང་རྒྱུའི་བཙན་མཁྲེགས་ཀྱི་སྲིད་ཇུས་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན་ན། སྤྱིར་བཏང་གི་ཆ་ནས་བརྗོད་ན། ཐབས་ཤེས་དེ་ལེགས་འགྲུབ་འབྱུང་ངེས་ཡིན། དེ་གང་ཡིན་ཞེ་ན། འདྲ་མཚུངས་མིན་པའི་གནས་ཚུལ་བེད་སྤྱད་དེ་དོན་རྐྱེན་གཏུམ་དྲག་ཆེ་ཚུལ་དང་བྱབྱཁ་བྲལ་གྱི་ཉེན་ཁ་བྱབྱཤུགས་ཆེར་བརྗོད་ན། ལས་སླ་བོའི་སྒོ་ནས་བཙན་རྒྱལ་གྱི་ཆེས་མཐོའི་དབང་འཛིན་པ་རྣམས་ལ་འཇིགས་དངངས་བཟོ་ཐུབ། ཆེས་མཐོའི་དབང་འཛིན་པ་རྣམས་ལ་མཚོན་ན། རྒྱལ་ཁབ་ཀྱི་ས་ཁྱོན་གོང་བུ་སྲུང་སྐྱོབ་བྱེད་ཆེད་དུ་རིན་ཐང་ག་ཚོད་ཅིག་ཤོར་དགོས་ཀྱང་ཕངས་པ་མེད།
སྔོན་དཔག་བྱེད་ཐུབ་པ་ཞིག་ལ། ཐེངས་འདིའི་བོད་ཀྱི་དོན་རྐྱེན་གྱིས་ཚད་ངེས་ཅན་ཞིག་གི་ཐོག་ནས་རྒྱ་ནག་གི་སྲིད་དབང་གུ་ཡངས་ཅན་དུ་འགྲོ་རྒྱུའི་ཡུན་ཚད་ལ་བར་གཅོད་བྱས་ཡོད། རྒྱ་ནག་འདི་ཉིད་ཉེན་རྟོག་པའི་རྒྱལ་ཁབ་ཅིག་ལས་ཁ་འབྲལ་ཐབས་སུ་ནུས་ཤུགས་དང་རེ་བ་རྒྱག་བཞིན་པའི་བཅོས་སྒྱུར་དེ་ལའང་བར་ཆད་བྱེད་སྲིད། ལྷག་པར་དུ་མི་རིགས་ས་ཁུལ་ལ་མཚོན་ན། དེ་སྔ་ལག་བསྟར་བྱེད་བཞིན་པའི་ཅུང་ལྷོད་པའི་སྲིད་ཇུས་རིམ་བཞིན་ཕྱིར་འཐེན་བྱེད་མུས་ཡིན། ཅུང་འཇམ་པའི་དབང་ཆ་ཡང་བསྐྱར་མཁྲེགས་སུ་གྱུར་ཡོད་པ་མ་ཟད། བསྐྱར་དུ་གཅིག་སྡུད་བྱས་ཡོད། བྱབྱཁ་བྲལ་ལ་ངོ་རྒོལ་བྱབྱདང་བྱབྱའཇིགས་སྐུལ་ལ་ངོ་རྒོལ་བྱབྱབྱེད་པའི་མིང་ཐོག་ནས། རྒྱ་ནག་གི་མི་རིགས་ས་ཁུལ་གྱི་མ་འོངས་ཆབ་སྲིད་གནས་སྟངས་དེ་ཧཕ་ཤི་སིའི་ལམ་ཁར་བགྲོད་ཕྱོགས་ལས་གཡོལ་ཐབས་བྱེད་མི་ཐུབ་ཅིང༌། འདི་རྣམས་ནི་ཚད་ཆེན་པོ་ཞིག་གི་ཐོག་ནས་བརྗོད་ན། དཔོན་རིགས་རུ་ཚོགས་ཀྱིས་བྱབྱཁ་བྲལ་ལ་ངོ་རྒོལ་བྱབྱབྱས་པའི་གྲུབ་འབྲས་རེད།
དཔོན་རིགས་ཚོས་སྒྲིག་འཛུགས་གང་འདྲ་ཞིག་གི་གནས་སྟངས་འོག་ཡིན་ཡང་རང་ཉིད་ཀྱི་ཁེ་ཕན་མཁོ་སྒྲུབ་བྱེད་ངེས་ཀྱང༌། དེ་ལ་ཡ་མཚན་སྐྱེ་དགོས་དོན་མེད། འོན་ཀྱང་སྒྲིག་འཛུགས་བཟང་བོ་ཞིག་གིས་དཔོན་རིགས་ཀྱིས་རང་ཉིད་ཀྱི་ཁེ་ཕན་མཁོ་སྒྲུབ་བྱེད་པ་དེ་བཟང་ཕྱོགས་ཀྱི་སྒྲིག་སྲོལ་ཞིག་ཏུ་འགྱུར་ཐུབ་ལ། སྒྲིག་འཛུགས་ངན་པ་ཞིག་གིས་དཔོན་རིགས་ཀྱིས་རང་ཉིད་ཀྱི་ཁེ་ཕན་མཁོ་སྒྲུབ་བྱེད་པ་དེ་འབྲས་བུ་ངན་པ་ཞིག་ཏུ་བསྒྱུར་ཐུབ། དཔོན་རིགས་སྤྱང་པོ་ཚོས་བློ་དང་ལྡན་པའི་སྒོ་ནས་སྲིད་གཞུང་དང་རྒྱལ་ཁབ་བླུན་རྨོངས་འགྱུར་བའི་བྱ་བ་བསྒྲུབས་པ་དེ་ནི། སྒེར་གཅོད་སྒྲིག་འཛུགས་ཀྱི་ཞན་ཆ་རེད་ལ། མཐའ་མཇུག་ཏུ་སྒེར་གཅོད་སྲིད་དབང་རང་ཉིད་ནང་ཁུལ་ནས་འཐོར་རྒྱུའི་རྒྱུ་རྐྱེན་ཡང་ཡིན།
༢། དཔོན་རིགས་རུ་ཚོགས་ཀྱི་དམངས་གཙོའི་རང་བཞིན།
གཅིག་བྱས་ན། མི་རྣམས་ཡ་མཚར་སྐྱེ་སྲིད། སྒེར་གཅོག་སྲིད་དབང་གི་ཁྱད་ཆོས་ནི་གོང་རིམ་གྱིས་འོག་རིམ་ཐག་གཅོད་བྱེད་རྒྱུ་དེ་ཡིན་ལ། དཔོན་རིགས་ཀྱིས་རང་ཉིད་ཀྱི་ཁེ་ཕན་དང་ལས་ཁུངས་ཀྱི་ཁེ་ཕན་འཚོལ་སྒྲུབ་བྱེད་སྲིད་མོད། ཆེས་མཐོའི་དབང་འཛིན་པས་འོག་རིམ་ནས་ཁྱོན་ཡོངས་ལ་བསམ་བློ་མི་གཏོང་བའི་བྱ་སྤྱོད་ལ་ཉན་བསྟུན་གྱིས། ཐེ་གཏོགས་དང་གཅིག་གྱུར་གྱིས་འཆར་འགོད་འཛིན་སྐྱོང་མི་བྱེད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། འདིར་སྲིད་དབང་སྒེར་གཅོད་མཁན་མགོ་རྨོངས་སྲིད་པར་ཚོད་དཔག་བྱེད་རྒྱུ་མིན། རྒྱུ་མཚན་ནི་སྒེར་གཅོད་ཀྱི་ལོ་རྒྱུས་ཐོག་གནས་ཚུལ་རྫུན་མས་མགོ་བསྐོར་ཏེ་སྲིད་དབང་སྒེར་གཅོད་མཁན་མགོ་རྨོངས་ནས་ཡོད་པ་དེ་ནམ་རྒྱུན་བློ་རིག་གསལ་བོའི་སྒོ་ནས་རྒྱལ་ཁབ་འཛིན་སྐྱོང་བྱས་པ་ལས་མང་མོད་ཀྱང༌། འོན་ཀྱང༌། དེ་ལས་ཀྱང་རྒྱ་ནག་གི་དབང་ཤུགས་མ་ལག་གི་ངོ་བོ་གསལ་བརྗོད་བྱེད་ཐུབ་པ་ཞིག་ནི། སྲིད་དབང་སྒེར་གཅོད་མཁན་རང་ཉིད་བློ་རིག་གསལ་པ་ཞིག་ཡིན་ཡང༌། འོག་རིམ་སྤྱི་ཡོངས་ཀྱིས་མཉམ་རུབ་བྱས་ཏེ་གྲུབ་ཡོད་པའི་གནས་སྟངས་ལ་འཕོ་འགྱུར་བྱེད་ཐབས་མེད། དེའི་རྒྱུ་མཚན་ནི། སྒེར་གཅོད་ཀྱི་སྒྲིག་འཛུགས་ཁྲོད་དུ། སྒེར་གཅོད་མཁན་གྱི་ཐབས་ཇུས་རྣམས་དཔོན་རིགས་མ་ལག་ཁྲོད་ནས་དངོས་སུ་ལག་ལེན་བྱས་ན་གཞི་ནས་ལག་བསྟར་བྱེད་ཐུབ་ཀྱིན་ཡོད། འདིའི་ཐོག་ནས་ཐག་གཅོད་བྱས་ཡོད་པ་ནི། སྒེར་གཅོད་དབང་ཤུགས་ཀྱིས་ཕྱི་ཕྱོགས་སུ་མཐའ་གཅིག་ཏུ་སྒེར་གཅོད་བྱེད་ཐུབ་ཀྱང༌། ནང་ཁུལ་དུ་སྒེར་གཅོད་ལ་ནུས་པ་ཉམས་སྲིད་པ་ཞིག་རེད། དཔོན་རིགས་རུ་ཚོགས་སྤྱི་ཡོངས་ཀྱི་ཁེ་ཕན་ལ་གནོད་སྐྱོན་མེད་པའི་ཆ་རྐྱེན་འོག་ཏུ་སྒེར་གཅོད་མཁན་གྱིས་གཞི་ནས་དཔོན་རིགས་རུ་ཚོགས་ལ་བཀའ་བཙན་པོ་དང་ཁ་ཐག་གཅིག་ཆོད་བྱེད་པའི་སྒེར་གཅོད་ཀྱི་ངོ་བོ་ཡོད་པ་ལས། དཔོན་རིགས་རུ་ཚོགས་ཀྱྀ་ཁེ་ཕན་ལ་གནོད་སྐྱོན་ཕོག་ཚེ། དཔོན་རིགས་ཚོ་ཚོགས་རྣམས་མཉམ་གྲོས་མཉམ་འབྲེལ་གྱིས་དུས་ཚོད་ཕྱིར་འགྱངས་དང་འཁྱོག་བརྗོད། ཐག་གཅོད་མི་བྱེད་པར་རང་སོར་འཇོག་པ་སོགས་ཀྱི་ཐབས་ལམ་སྤྱད་དེ། དངོས་སུ་ལག་ལེན་བྱེད་པའི་རྒྱུད་རིམ་ཁྲོད་ནས་སྒེར་གཅོད་མཁན་གྱི་ཐབས་ཇུས་བར་སྣང་དུ་སྟོང་འཇོག་བྱས་ཏཻ། སྐུལ་སྤེལ་དང་ལག་ལེན་བསྟར་ཐབས་མེད་པའི་སྐབས་སུ། སྒེར་གཅོད་དབང་ཤུགས་ཀྱི་སྒེར་གཅོད་ངོ་བོ་ཉམས་ཆག་འགྲོ་ངེས་ཡིན། ངས་འདི་ནས་དེ་ལྟ་བུའི་གནས་སྟངས་ལ་བྱབྱདཔོན་རིགས་རུ་ཚོགས་ཀྱྀ་དམངས་གཙོའི་རང་བཞིན་བྱབྱཞེས་བརྗོད་རྒྱུ་ཡིན།
གནའ་སྔ་མོའི་རྒྱལ་ཁབ་དང་ཡང་ན་ཉེ་རབས་ཀྱི་སྒེར་གཅོད་སྒྲིག་འཛུགས་གང་ཡིན་ཡང༌། བྱབྱདཔོན་རིགས་རུ་ཚོགས་ཀྱྀ་དམངས་གཙོ་བྱབྱལྟ་བུའི་གནས་སྟངས་ཡོངས་ཁྱབ་ཏུ་གནས་ཡོད་པ་ཞིག་རེད། དེ་སྒྲིག་གཞི་དང་གོ་རིམ་ཐོག་ནས་ཕྱིར་མངོན་བྱེད་མི་ཐུབ་ཀྱང༌། དེ་དག་དཔོན་སའི་མི་མངོན་པའི་བྱེད་སྟངས་ཐོག་ནས་ནུས་པ་འདོན་ཀྱིན་ཡོད། དེ་ནི་དངོས་པོའི་འགྲན་རྩོད་ཀྱི་རང་བྱུང་གདམ་གའི་རིགས་ལྟ་བུའི་རིམ་འགྱུར་སྒྲིག་གཞི་ཞིག་རེད། དཔོན་རིགས་བར་དུ་ཞིབ་ཕྲའི་གནད་དོན་ཐོག་ནས་འགྲན་རྩོད་བྱེད་རུང༌། སྤྱི་ཡོངས་ཀྱི་ཆ་ནས་ཕན་ཚུན་མཉམ་དུ་སྒྲིལ་ཡོད་པའི་ཐུན་མོང་གི་ཚོ་ཚོགས་ཤིག་རེད། ཁོ་ཚོས་རང་ཉིད་ཀྱི་ཁེ་ཕན་ཐོབ་ཤོར་ཐད་ཚོར་བ་རྣོན་པོ་བྱུང་ཡོད་ལ། ཐབས་བཀོད་ལ་མཁས་པ། ལས་སླ་བོར་ལྟ་སྟངས་གཅིག་པ་གྲུབ་ཐུབ་པ་མ་ཟད། གཅིག་གིས་གཅིག་ལ་ངོས་སུ་གདོང་ཐུག་སྟེ་རྩ་འཛུགས་བྱེད་དགོས་མེད། སྔར་ཡོད་ཀྱི་དཔོན་རིགས་མ་ལག་བེད་སྤྱོད་བྱས་ན་རང་བཞིན་གྱིས་མཉམ་དུ་སྒྲིལ་ཐུབ་ལ། ཕན་ཚུན་འགེབས་སྲུང་དང་མ་རྩ་དམའ་ཞིང་ཉེན་ཁ་ཆུང་བར་བྱེད་ཐུབ། དེའི་སྟབས་ཀྱིས། སྒེར་གཅོད་མཁན་གྱིས་རང་ཉིད་ཀྱི་དབང་ཆ་ལག་བསྟར་བྱེད་དགོས་ན། བྱབྱདཔོན་རིགས་རུ་ཚོགས་ཀྱི་དམངས་གཙོ་བྱབྱའདི་དང་སྟབས་བསྟུན་བྱེད་དགོས་ཆགས་ཡོད། དཔོན་རིགས་རུ་ཚོགས་ཀྱི་ཁེ་ཕན་གྱི་རེ་འདོད་ཁེངས་ན། གཞི་ནས་རང་ཉིད་ཀྱིས་གང་འདོད་སྒོས་བཀོལ་སྤྱོད་བྱེད་ཐུབ་པའི་ལག་ཆར་འགྱུར་རྒྱུ་ལས། ཉིན་མོའི་ལྷ་དང་མཚན་མོའི་འདྲེ་ལྟ་བུར་ཆགས་མི་ཐུབ།
དེར་བརྟེན། ལོ་རྒྱུས་ཐོག་ནས་དཔོན་རིགས་རུ་ཚོགས་ལ་གཅིག་བཤད་ན་གཉིས་མི་བྱེད་པར་བསམ་པའི་སྒེར་གཅོད་མཁན་བྱུང་མྱོང་ཡོད་ཀྱང༌། དེ་ལ་དམིགས་བསལ་གྱིས་དབང་ཐང་ལྡན་དགོས་པར་མ་ཟད། ངེས་པར་དུ་ཐལ་དྲགས་པའི་བྱེད་ཐབས་སྤྱོད་དགོས། དེར་ཧམ་སེམས་ཅན་གྱི་མི་གསར་གདུག་རྩུབ་ཅན་དཔོན་སར་བསྐོས་ཏེ། དཔོན་རིགས་རུ་ཚོགས་གཙང་དག་བཟོས་ཏེ། རྩ་མེད་བཟོ་རྒྱུའི་འཇིགས་སྐུལ་འོག་ནས་རང་ཉིད་ཀྱི་སྲིད་དབང་ངོས་ལེན་བྱེད་དུ་འཇུག་རྒྱུ་དེ་ཡིན། འོན་ཀྱང༌། བྱེད་ཐབས་དེ་དུས་ཡུན་ཐུང་ཐུང་ནང་ཕན་ཐོགས་སྲིད་ཀྱང༌། ཧམ་ཤེད་བཙན་དབང་གི་གདུག་རྩུབ་ཅན་གྱི་དཔོན་ངན་དེ་ཚོར་ཧ་ལམ་མཇུག་འབྲས་ཡག་པོ་ཞིག་བྱུང་མྱོང་མེད། གཏུམ་དྲག་ཅན་གྱི་རྒྱལ་བོ་དེ་མཐར་འཆི་རྒྱུ་དང་ཡང་ན་གཉིད་སད་སྐབས་སུ་ཧ་གོ་ཐུབ་པ་ནི། འཇིགས་སྐུལ་བྱེད་རྒྱུ་ལས་ཁེ་ཕན་གྱིས་སེམས་བཀུག་ན་དཔོན་རིགས་རུ་ཚོགས་ཀྱིས་རྣམ་དག་ངང་ལས་དོན་བསྒྲུབ་རྒྱུ་ཡིན་པ་དེ་གསལ་བོར་ཤེས་ཡོད། ཁེ་ཕན་དང་དབང་ཆ་ཁོ་ན་བསམ་པའི་སྒེར་གཅོད་པ་མང་ཆེ་བར་མཚོན་ན། དཔོན་རིགས་རུ་ཚོགས་དང་མཉམ་དུ་ཁེ་ཕན་མཉམ་རོལ་བྱས་ན། རང་ཉིད་སེམས་ལྷོད་པོར་ཤིང་རྟའི་ནང་སྡོད་ཐུབ་པར་མ་ཟད། དཔོན་རིགས་རྣམས་ལ་ཤེད་ཤུགས་ཡོད་ཚད་ཀྱིས་ཤིང་རྟ་འདྲུད་དུ་འཇུག་ཐུབ་ལ། དེ་ནི་དཔོན་རིགས་རྣམས་དང་ཕྱོགས་ཐ་དད་དུ་ལངས་ཏེ་འཐབ་རྩོད་བྱེད་རྒྱུ་ལས་སེམས་སྡུག་བྱེད་མི་དགོས་པར་ཁེ་ཕན་ལེན་ཐུབ་པའི་ཐབས་ལམ་ཞིག་མ་རེད་དམ།
མའོ་ཙེ་ཏུང་གི་དབང་ཐང་གིས་རྒྱ་ནག་དམར་ཤོག་དཔོན་རིགས་རུ་ཚོགས་ལ་མཚོན་ཡང༌། ཁོས་དཔོན་རིགས་རུ་ཚོགས་ལ་ཕོག་ཐུག་ཤོར་བའི་ལས་འགུལ་སྤེལ་སྐབས། ཐ་ན་རང་ཉིད་སྡོད་སའི་པེ་ཅིང་ནས་རྩོམ་ཡིག་ཅིག་ཀྱང་འདོན་ཁག་པོ་ཆགས་ཡོད། དེ་ལས་ཀྱང་དཔོན་རིགས་རུ་ཚོགས་ཀྱི་ནུས་ཤུགས་ག་ཚོད་ཡོད་མེད་ཚོད་དཔག་བྱེད་ཐུབ་ངེས་ཡིན། མའོ་ཡིས་མཐའ་མཇུག་ཏུ་བེད་སྤྱོད་བྱས་པའི་ཐབས་ལམ་ནི་དཔོན་རིགས་རུ་ཚོགས་ཟུར་དུ་བཞག་སྟེ། ཐད་ཀར་དུ་གཞི་རིམ་མང་ཚོགས་ལ་འབོད་སྐུལ་གྱིས་ངོ་རྒོལ་བྱེད་དུ་བཅུག་ཡོད་པར་མ་ཟད། ཁོའི་བསམ་འདུན་མངོན་འགྱུར་ཐད་བཀག་འགོག་བྱེད་མཁན་གྱི་དཔོན་རིགས་རུ་ཚོགས་གཏོར་ཐབས་བྱས་ཡོད། དེ་ལྟ་བུའི་མིང་ལ་བྱབྱརིག་གནས་གསར་བརྗེ་ཆེན་པོ་བྱབྱཟེར་བའི་ཐབས་ལམ་ལོ་རྒྱུས་ཐོག་བྱུང་མྱོང་མེད་ལ་དེ་ནི་ཐབས་ཀྱི་ཡང་རྩེར་སོན་པ་ཞིག་ཀྱང་རེད། འོན་ཀྱང༌། མཇུག་མཐར་ཕམ་ཁ་ཉོས་ཡོད། རྒྱུ་མཚན་ནི་མའོ་རང་ཉིད་དཔོན་རིགས་རུ་ཚོགས་དང་འབྲལ་ཐབས་མེད་པའི་སྟབས་ཀྱིས་རེད། རིག་གནས་གསར་བརྗེ་ཡིས་དཔོན་རིགས་རུ་ཚོགས་རྙིང་བ་རྣམས་རྩ་གཏོར་བྱེད་ཐུབ་ཀྱང༌། འོན་ཀྱང་དཔོན་རིགས་རུ་ཚོགས་གསར་བ་བཙུགས་ཏེ་ཁོ་རང་གི་དབང་ཤུགས་ལག་བསྟར་བྱེད་དགོས་བྱུང་ཡོད། དཔོན་རིགས་རུ་ཚོགས་གང་འདྲ་ཞིག་ཡིན་ཡང༌། མཐའ་མཇུག་ཏུ་ཁེ་ཕན་རུ་ཚོགས་ཤིག་ཏུ་འགྱུར་རྒྱུ་ནི་ཆོས་ཉིད་ལྟ་བུ་རེད། བྱབྱདཔོན་རིགས་རུ་ཚོགས་ཀྱི་དམངས་གཙོའི་རང་བཞིན་བྱབྱདེ་འདྲ་བྱས་ཏེ་ནུས་པ་ཐོན་ཡོད། མའོ་ཙེ་ཏུང་མཐའ་མཇུག་ཏུ་འུ་ཐུག་སྟེ་བྱབྱལོ་བདུན་བརྒྱད་ནང་ཡང་བསྐྱར་ལས་འགུལ་རེ་སྤེལ་རྒྱུ་ཡིན་བྱབྱཔའི་འཇིགས་བསྐུལ་གྱིས། ཁོ་རང་གི་རིག་གནས་གསར་བརྗེ་ཆེན་པོ་ཞེས་པ་དེའི་ཚད་དམའ་རུ་བཏང་སྟེ་གཏུམ་དྲག་དཔོན་པོ་ལྟ་བུའི་བྱེད་ཐབས་སྤྱད་ཡོད།
རིག་གནས་གསར་བརྗེའི་ཁྲོད་ཕམ་ཁ་ཁུར་མྱོང་བའི་དཔོན་རིགས་རུ་ཚོགས་ཚོར་དུས་དེ་ནས་བརྗེད་ཐབས་མེད་པའི་དྲན་པ་ཞིག་བཞག་ཡོད། ཁོ་ཚོས་སེམས་ཐག་རྦད་ཆོད་ཀྱིས་དཔོན་རིགས་རུ་ཚོགས་གཏོར་ཐུབ་པའི་གཙོ་འཛིན་ཞིག་བསྐྱར་དུ་ཡོང་གི་འཇུག་རྒྱུ་མིན་པའི་དམ་བཅའ་བཞག་ཡོད། མའོ་རྗེས་ཀྱི་ལོ་ངོ་བཅུ་ཕྲག་ཁ་ཤས་ཁྲོད་དུ། རྒྱ་ནག་དམར་ཤོག་གིས་བྱབྱཏང་གི་འཛུགས་སྐྲུན་བྱབྱདང་བྱབྱཏང་ནང་དམངས་གཙོ་གོང་སྤེལ་གཏོང་དགོས་བྱབྱསོགས་བྱས་པ་ནི། དམར་རྗེན་དུ་བརྗོད་ན། བྱབྱདཔོན་རིགས་རུ་ཚོགས་ཀྱི་དམངས་གཙོའི་རང་བཞིན་བྱབྱཐོག་ཤུགས་སྣོན་བརྒྱབ་སྟེ། གཙོ་འཛིན་གྱིས་དཔོན་རིགས་རུ་ཚོགས་ལ་བསྐྱར་དུ་གནོད་འཚེ་བྱེད་ཐབས་མེད་པའི་རང་ཉིད་སྲུང་སྐྱོབ་ཀྱི་བྱ་ཐབས་ཤིག་རེད། རྒྱ་ནག་བཅོས་སྒྱུར་བྱས་པའི་ནང་དོན་གཙོ་བོ་ཞིག་ནི་དབང་ཤུགས་མར་སྤྲད་པ་དེ་རེད། ངོ་བོའི་ཆ་ནས་བརྗོད་ན་དེ་ནི་དཔོན་རིགས་རུ་ཚོགས་ཚོར་དབང་ཚད་སྔར་ལས་མང་བ་ཞིག་སྤྲད་ཡོད་པ་དེ་རེད། ད་བར་དུ་རྒྱ་ནག་ནང་ཁུལ་ནས་ཚགས་ཚུད་པའི་གཅིག་གིས་གཅིག་ལ་ཚོད་འཛིན་བྱེད་སྟངས་ཤིག་གྲུབ་ཡོད་ལ། དཔོན་རིགས་རུ་ཚོགས་ལའང་འདང་ངེས་ཀྱི་ནུས་ཤུགས་ལྡན་ཡོད། ནུས་ཤུགས་དེས་ཕྱོགས་གཅིག་ནས་དམར་ཤོག་ནང་ཁུལ་ནས་གདུག་རྩུབ་ཅན་གྱིས་གཙང་འཁྲུད་བསྐྱར་ཡོང་བྱེད་དུ་མི་འཇུག་པ་མ་ཟད། རིག་གནས་གསར་བརྗེ་ཆེན་པོ་ལྟ་བུའི་མང་ཚོགས་ཀྱི་ལས་འགུལ་ཡང་བསྐྱར་དུ་ལངས་འཇུག་རྒྱུ་མིན། ཐ་ན་དམར་ཤོག་ནང་ཁུལ་ནས་དམར་ཤོག་ཁ་བྲལ་དུ་གཏོང་སྲིད་པའི་ལམ་ལུགས་བར་གྱི་འཐབ་རྩོད་ཀྱང་ཡོང་འཇུག་གི་མིན། དེང་སང་ལྟ་བུར་མཚོན་ན་རྒྱ་ནག་དམར་ཤོག་ནང་ཁུལ་དུ་མཐོ་རིམ་དབང་རྩོད་ལོ་རྒྱུས་ཐོག་གི་དུས་སྐབས་ནམ་ཞིག་དང་བསྡུར་ན་ཆེས་ཉམ་ཆུང་ཤོས་དེ་ཆགས་ཡོད་ལ། དབང་ཆ་བརྒྱུད་སྤྲོད་བྱེད་སྟངས་ལའང་གོ་རིམ་ངེས་ཅན་ཞིག་ལྡན་ཡོད། དེ་དག་གི་ཕུགས་རྐྱེན་ནི་བྱབྱདཔོན་རིགས་རུ་ཚོགས་ཀྱི་དམངས་གཙོའི་རང་བཞིན་བྱབྱགྱིས་ནུས་པ་ཐོན་ཡོད།
དེ་ནི་ངོ་བོའི་ཐོག་ནས་འཕོ་འགྱུར་བྱུང་བ་ཞིག་རེད། བསམ་བློའི་འདུ་ཤེས་གཙོར་འཛིན་གྱི་དུས་རབས་སུ་ལམ་ལུགས་འཐབ་རྩོད་ལ་ཁ་གཡར་ཏེ་མཐོ་རིམ་བར་ནས་དབང་རྩོད་ཁྲོད། དཔོན་རིགས་ཚོ་གཞན་དབང་གི་གནས་སྟངས་འོག་བསྡད་ཡོད། ལམ་ལུགས་མི་འདྲ་བའི་སྐུ་ཚབ་མི་སྣ་ཞིག་བདམས་ཏེ་རྗེས་འབྲངས་ཀྱིས། མི་དེའི་ཐོབ་ཤོར་ལ་བརྟེན་ཏེ་རང་ཉིད་ཀྱི་ཐོབ་ཤོར་ཐག་གཅོད་བྱེད་གྱིན་ཡོད། སྲིད་སྐྱོང་དང་ཁེ་ཕན་ཐོབ་མཁན་སྲུང་སྐྱོབ་བྱེད་རྒྱུ་དེ་རྒྱ་ནག་དམར་ཤོག་གི་དམིགས་ཡུལ་གཙོ་བོར་ཆགས་ཡོང་དུས། དངོས་སུ་སྲིད་དབང་སྐྱོང་མཁན་དང་ཁེ་ཕན་འཚོལ་སྒྲུབ་བྱེད་མཁན་དཔོན་རིགས་རུ་ཚོགས་གཉིས་རང་བཞིན་གྱིས་དམར་ཤོག་པའི་འགན་ཁུར་མཁན་གཙོ་བོར་གྱུར་ཡོད། བསམ་བློའི་འདུ་ཤེས་ཀྱི་རྒྱབ་ལྗོངས་ཤོར་ཚར་བའི་དམར་ཤོག་ནང་ཁུལ་འཐབ་རྩོད་དེ་མིང་དོན་གཉིས་ཀྱི་ཕྱོགས་ནས་བདེན་པ་མེད་པར་གྱུར་པས། ཁྲིམས་མཐུན་གྱི་གར་སྟེགས་ཀྱང་ཡོད་པ་མ་རེད། བྱབྱདཔོན་རིགས་རུ་ཚོགས་ཀྱི་དམངས་གཙོའི་རང་བཞིན་བྱབྱཐོག་མུ་མཐུད་དུ་ཤུགས་སྣོན་བྱས་པར་བརྟེན་ནས། རུ་ཚོགས་སྤྱི་ཡོངས་ལ་མི་ཕན་པའི་དམར་ཤོག་ནང་ཁུལ་འཐབ་རྩོད་དེ་ཚད་ངེས་ཅན་ཞིག་གི་ཐོག་ནས་མཉམ་དུ་སྦྲེལ་ཡོད་པའི་དཔོན་རིགས་རུ་ཚོགས་ཀྱིས་བཀག་འགོག་བྱས་ཡོད། འདིའི་སྐབས་ཀྱི་རྒྱ་ནག་དམར་ཤོག་ལ་མཚོན་ན། དེ་སྔ་དང་བསྡུར་ན་ཁ་བྲལ་དུ་འགྲོ་རྒྱུ་ཤིན་ཏུ་ནས་ཉུང་ཉུང་དང༌། སྔར་ལས་དངོས་དོན་གཉེར་མཁན་ཞིག་ཏུ་གྱུར་ཡོད། ཆེས་མཐོའི་དབང་འཛིན་པ་དེ་ཡང་སྔར་བཞིན་གྱི་དཔོན་རིགས་རུ་ཚོགས་ཀྱི་ཐོག་ལ་ཞོན་པའི་སྲིད་དབང་སྒེར་གཅོད་པ་ཞིག་མ་ཡིན་པར། དཔོན་རིགས་རུ་ཚོགས་ཀྱི་འདུམ་སྒྲིག་བྱེད་མཁན་དང་མགྲིན་ཚབ་པར་གྱུར་ཡོད། སྐབས་འདིའི་ཆེས་མཐོའི་དབང་འཛིན་པས་ངེས་པར་དུ་དཔོན་རིགས་རུ་ཚོགས་ཀྱིས་ཁེ་ཕན་མཁོ་སྒྲུབ་ག་ཚོད་ཆེ་རུ་བཏང་ཐུབ་ན། ད་གཟོད་དེའི་ཚོད་ཀྱིས་དཔོན་རིགས་རུ་ཚོགས་ཀྱི་རྒྱབ་སྐྱོར་འཐོབ་ངེས་ཡིན་ལ་རང་ཉིད་ཀྱི་གོ་དབང་ཡང་བརྟན་པོར་གནས་ཐུབ་རྒྱུ་ཡིན།
དཔོན་རིགས་རུ་ཚོགས་དེ་སྲིད་དབང་འཕྲུལ་ཆས་ལ་རྒྱུས་ལོན་གསལ་བོ་ཡོད་ལ་བདག་སྐྱོང་ཡང་བྱེད་མཁས་པོ་ཡོད། གལ་སྲིད་ཆེས་མཐོའི་དབང་འཛིན་པར་ཚད་འགོག་བྱེད་ཐུབ་པའི་སྒྲིག་གཞི་ཞིག་བསྐྲུན་ཐུབ་ཚེ། སྒྲིག་གཞི་དེ་བེད་སྤྱོད་ཡག་ཐག་གཅོད་གཏོང་ངེས་ཡིན། ཁོ་ཚོས་གཟུགས་མེད་ཀྱི་ཁྲོད་ནས་ཆེས་མཐོའི་དབང་འཛིན་པའི་གོ་དབང་གི་ཐོབ་ཤོར་དང་དཔོན་གནས་བརྗེ་སྤོར། སྲིད་ཇུས་ཀྱི་ཁ་ཕྱོགས་བཅས་ལ་ཐག་གཅོད་བྱེད་ཐུབ། གལ་སྲིད་ཁོ་ཚོར་དེ་ལྟ་བུའི་དབང་ཤུགས་ཐོབ་ཚེ། ཚོགས་པ་ནང་ཁུལ་གྱི་གཙང་འཁྲུད་དང་རིག་གནས་གསར་བརྗེ་ལས་གཡོལ་ཐབས་བྱེད་རྒྱུ་ཙམ་མ་ཡིན་པར། རང་ཉིད་ལ་མི་ཕན་པའི་ལས་དོན་གང་ཡིན་ལས་གཡོལ་ཐབས་དང་རྒྱ་བསྐྱེད་བྱེད་རྒྱུ་ཡིན། དེས་མི་ཚད་རང་ཉིད་ཀྱི་ཁེ་ཕན་འཚོལ་སྒྲུབ་ལ་སྨན་པར་བེད་སྤྱོད་གང་ཐུབ་བྱེད་ངེས་ཡིན། དེའི་སྟབས་ཀྱིས། བྱབྱདམར་ཤོག་ནང་ཁུལ་གྱི་དམངས་གཙོ་བྱབྱདེ་རྒྱ་ནག་དམངས་གཙོའི་གོ་རིམ་ལྟ་བུ་ལ་ངོས་འཛིན་བྱས་པ་དེ་ནིེ། རྩ་བ་ནས་ནོར་འཁྲུལ་རེད། བྱབྱདམར་ཤོག་ནང་ཁུལ་གྱི་དམངས་གཙོ་བྱབྱཟེར་བ་ནི་དེ་སྔའི་བྱབྱདཔོན་རིགས་རུ་ཚོགས་ཀྱི་དམངས་གཙོའི་རང་བཞིན་དུ་བྱབྱའབོད་པའི་མིང་གཞན་ཞིག་རེད་ལ། རྒྱ་ནག་དམངས་གཙོ་དང་མི་དམངས་དམངས་གཙོ་གཉིས་ལ་འབྲེལ་བ་གང་ཡང་མེད།
༣། བོད་ཀྱི་གནད་དོན་སེལ་ཐབས་མེད་པའི་རྒྱུ་མཚན།
དཔོན་རིགས་རུ་ཚོགས་ཀྱི་དམངས་གཙོའི་རང་བཞིན་དང་རྒྱ་ནག་དམར་ཤོག་ནང་ཁུལ་གྱི་ནུས་པ་ཧ་གོ་ཚེ། རྒྱ་ནག་གིས་ད་ལྟ་ལག་ལེན་བྱེད་བཞིན་པའི་བོད་ཀྱི་སྲིད་ཇུས་ལ་འགྱུར་བ་མི་གཏོང་བའི་རྒྱུ་རྐྱེན་མཐོང་ཐུབ། དེས་བོད་དང་འབྲེལ་བ་ཡོད་པའི་ཞིང་ཆེན་པུའུ་རིམ་པའི་ལས་ཁུངས་༡༣ དང་ཡང་ན་ཞིང་ཆེན་པུའུ་རིམ་པའི་བྱབྱཁ་བྲལ་ལ་ངོ་རྒོལ་བྱབྱགྱི་ལས་ཁུངས་༢༤ དང་འབྲེལ་བ་ཡོད། རྒྱ་ནག་གི་གནས་ཚུལ་རྒྱུས་ལོན་ཡོད་པའི་མི་རྣམས་ཀྱིས་ཧ་གོ་ཡོད་པ་ཞིག་ལ། བྱབྱགོང་ལ་མགོ་བསྐོར་དང་འོག་ལ་གཉའ་གནོན་བྱབྱཞེས་དང༌། བྱབྱགོང་ལ་སྲིད་ཇུས་ཡོད་ན་འོག་ནའང་ཁ་གཏད་ཀྱི་ཐབས་ལམ་ཡོད་བྱབྱཅེས་དང༌། བྱབྱནར་འགྱངས་ཀྱིས་དུས་ཚོད་ཆོད་ཐབས་བྱབྱཞེས་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། ཞིང་ཆེན་པུའུ་རིམ་པའི་ལས་ཁུངས་གཅིག་གིས་དབུས་གཞུང་གིས་ཐག་བཅད་པའི་སྲིད་ཇུས་ལག་བསྟར་མ་བྱས་ན། དབུས་གཞུང་ཡང་ཅི་བྱ་གཏོལ་མེད་དུ་གྱུར་པའི་གནས་ཚུལ་མཐོང་དཀོན་པོ་མིན་ན། ལས་ཁུངས་༢༤ མཉམ་སྦྲེལ་བྱས་ན་ནུས་པ་གང་འདྲ་ཞིག་ཡོད་པ་ཀུན་གྱིས་མཁྱེན་གསལ་རེད།
མའོ་ཙེ་ཏུང་དང་ཏིང་ཞའོ་ཕིན་གཉིས་དང་ལྟོས་ས་ལྟོས་འཇོག་གིས་བརྗོད་ན། དེ་གཉིས་དང་དེང་སང་གི་ཀྲུང་གོའི་དབུ་ཁྲིད་ཚོའི་དབང་ཐང་གི་ངོ་བོ་བསྡུར་ཐབས་མེད། ཕྱོགས་གཅིག་ནས་དེ་ཚོ་ལྟ་བུའི་ཆབ་སྲིད་ཀྱི་མ་རྩ་དང་རྒྱུད་རིམ། ཆབ་སྲིད་ཀྱི་གྲུབ་འབྲས་མེད་ལ། གཉིས་ནས་དམིགས་བསལ་གྱི་མི་གཤིས་དང་དབང་ཐང་ཁྱད་པར་བ་ལ་བརྟེན་ཏེ་གཞན་དབང་དུ་འགུག་ཐུབ་པའི་ནུས་པའང་མེད། དེ་ཚོ་ནི་དཔོན་རིགས་ལས་བྱུང་བ་རྐྱང་རེད། དཔོན་རིགས་མ་ལག་ཁྲོད་ནས་ལོ་མང་རིང་བསྡད་ཡོད་སྟབས། དཔོན་སའི་འགྲོ་སྟངས་ལ་རྒྱུས་མངའ་ཡོད། ཁ་ཕྱོགས་ལྡོག་ན་ཕྱིར་འབུད་བྱེད་པའི་དཔོན་རིགས་ཀྱི་གོ་རིམ་དང་བསྟུན་ཏེ་རིམ་བཞིན་དུ་གོ་དབང་མཐོ་སར་སླེབས་པ་ཡིན་པས། དཔོན་རིགས་རུ་ཚོགས་ཀྱི་གདུག་རྩུབ་ཅི་འདྲ་ཞིག་ཡིན་མིན་གསལ་བོར་ཧ་གོ་ཡོད། ཁོ་ཚོར་ལམ་ཕྱོགས་གཞན་ཞིག་ལ་འགྲོ་འདོད་ཡོད་མེད་གནས་སྐབས་རིང་མ་བརྗོད་ཀྱང༌། གལ་སྲིད་བསྐྱོད་འདོད་ཡོད་པའི་དབང་དུ་བྱས་རུང༌། དཀའ་ལས་འཕྲད་ཚེ་ངོས་ཟིན་ནས་ཕྱིར་འཐེན་བྱེད་དགོས་པ་གསལ་བོར་ཤེས་ཡོད། དེ་ཚོ་ངོ་བོའི་ཆ་ནས་བརྗོད་ན་གཙོ་འཛིན་མ་ཡིན་པར་གོ་དབང་གི་སྣེ་མོར་སླེབས་པའི་དཔོན་རིགས་ཙམ་ཡིན། དེ་ལས་བརྒལ་ཐབས་མེད། དེ་ཚོའི་དམིགས་ཡུལ་ཡོད་ཚད་ནི་དབང་འཛིན་བྱེད་རྒྱུ་དེ་ཡིན་སྟབས། འགྲོ་སྟངས་ལས་གོམ་གོང་བརྒལ་རྒྱུ་མིན། དེ་བས། མའོ་དང་ཏིང་འདྲ་བའི་སྲིད་དབང་སྒེར་གཅོད་པའི་ལུས་སྟེང་ནས་བྱུང་ཟིན་པའི་ཐག་གཅོད་དང་རང་འཐད་ཀྱི་འཕོ་འགྱུར་དེ་ཚོ། ཁོ་ཚོའི་ལུས་སྟེང་ནས་མངོན་ཐུབ་པའི་རེ་བ་མེད། ཐེངས་འདིའི་བོད་ཀྱི་དོན་རྐྱེན་བྱུང་རྗེས་དུས་ཡུན་རིང་པོ་ཞིག་ལ་རྒྱ་ནག་དམར་ཤོག་མཐོ་རིམ་གྱི་རྣམ་འགྱུར་མཐོང་ཐུབ་མེད། ཕྱོགས་ཡོངས་ནས་བྱབྱཁ་བྲལ་ལ་ངོ་རྒོལ་བྱབྱབྱེད་མཁན་གྱི་ལས་ཁུངས་ཁག་གིས་རང་ངོས་ནས་ཐག་གཅོད་བྱས་ཡོད། དེ་ནི་ཐེངས་འདིའི་དོན་རྐྱེན་ཁྲོད་ཀྱི་དམིགས་བསལ་ཞིག་ཆགས་ཡོད། བྱབྱཁ་བྲལ་ལ་ངོ་རྒོལ་བྱབྱབྱེད་པའི་ལས་ཁུངས་༢༤ དབང་ཤུགས་ཕྱོགས་ཀུན་ཏུ་ཁྱབ་སྟེ། བཀའ་ཐམ་དང་མེ་མདའ། སྨྱུ་གུ་གང་དགོས་པ་ཐམས་ཅད་ཚང་ཡོད། དེ་ཚོའི་ཕན་ཚུན་བར་ནས་ཐག་གཅོད་སྲིད་ཇུས་དང་ལག་བསྟར། འདུམ་སྒྲིག་བཅས་སྦྲེལ་ཐག་ཆ་ཚང་གྲུབ་ཡོད་སྟབས། ཆེས་མཐོའི་དབང་འཛིན་པས་གཙོ་སྐྱོང་མ་བྱས་ཀྱང༌། རང་ཉིད་ཀྱིས་རང་ལ་འདུམ་འགྲིག་བྱས་ཏེ་རང་འཐད་ཀྱིས་འཁོར་སྐྱོད་བྱེད་ཐུབ།
དེ་མིན་ད་རུང་དེང་སང་གི་རྒྱ་ནག་དམར་ཤོག་རང་ཉིད་ཀྱིས་བཟོས་པའི་རྙི་དོང་ནང་ལྷུང་ཡོད། གསར་བརྗེ་ཚོགས་པ་ཞིག་ནས་དབང་ཆའི་རུ་ཚོགས་ཤིག་ལ་འཕོ་འགྱུར་སོང་སྟེ། དབང་ཆའི་གཙོ་བོར་གྱུར་ཡོད་པའི་བདག་དབང་དང་བདག་དབང་དེ་སྲུང་བྱེད་ཀྱི་མི་རིགས་རིང་ལུགས་ཁོ་ཚོའི་མིང་དོན་ཚང་བའི་བསམ་བློའི་འདུ་ཤེས་ཁོ་ན་ཆགས་ཡོད། དེ་རྒྱལ་ཁབ་སྤྱི་ཡོངས་ཀྱི་བསམ་བློའི་ནང་བླུགས་ཏེ། སུན་སྣང་མེད་པར་ལོ་རྒྱུས་འཁྱོག་བྲིས་ཀྱིས། རྒྱ་ནག་གི་མི་མང་ཕལ་མོ་ཆེ་དེ་སྔ་བཙན་རྒྱལ་གྱི་རྣམ་པའི་ཐོག་ནས་བཙན་བཟུང་བྱས་ཡོད་པའི་མངའ་ཁོངས་བྱབྱགནའ་སྔ་མོ་ནས་ཀྲུང་གོར་དབང་བ་བྱབྱཟེར་བར་ཡིད་ཆེས་ཤིག་སྐྱེས་བཅུག་ཡོད། རྣམ་པ་འདིའི་བྱབྱཁ་བྲལ་ལ་ངོ་རྒོལ་བྱབྱབྱེད་པའི་དཔོན་རིགས་ཚོས་བྱབྱཆབ་སྲིད་དྲང་བདེན་བྱབྱཡིན་པའི་གོ་གནས་ཟིན་ཡོད། དེ་ལ་དམངས་སེམས་ཀྱིས་རྒྱབ་སྐྱོར་ཐོབ་ཡོད་པར་མ་ཟད། དེའི་སྐད་ཤུགས་ཆེར་སོང་སྟེ་ཤོར་རྒྱུ་མེད་པའི་རྣམ་པ་ཞིག་གྲུབ་ཡོད། ལག་ལེན་དུ་བསྟར་བཞིན་པའི་བྱབྱཁ་བྲལ་ལ་ངོ་རྒོལ་བྱབྱདེ་ཁོ་ཚོའི་ཕུབ་ལྟ་བུར་གྱུར་ཡོད་པར་མ་ཟད། ད་དུང་ཁོ་ཚོའི་ལག་ཆའང་ཆགས་ཡོད། མི་རྣམས་ཀྱིས་ཁོ་ཚོར་མི་མཐུན་པ་མ་བརྗོད་རུང༌། ཁོ་ཚོས་དུས་དང་བསྟུན་ནས་ཕར་རྒོལ་བྱེད་ཐུབ། ལས་ཁུངས་༢༤ མཉམ་སྦྲེལ་བྱས་པ་དེ་དང༌། མིང་དོན་ཚང་བའི་བསམ་བློའི་འདུ་ཤེས་ཁོ་ནས་བཙན་ས་བཟུང་ཡོད་པ་དེ་དེའི་ཐོག་བསྣན་ན། ཁོ་ཚོའི་ནུས་སྟོབས་ཆེན་པོ་སོང་ཡོད། དེས་མི་ཚད་བྱབྱདམར་ཤོག་ནང་ཁུལ་གྱི་དམངས་གཙོའི་གོ་རིམ་བྱབྱའགོ་བཙུགས་ཏེ་སྲིད་དབང་འགྱུར་བ་གཏོང་བའི་ནུས་པ་ཡོད། རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོབ་ལ་གནོད་པའི་མིང་ཐོག་ནས་ཁོ་ཚོ་དང་ལྟ་བ་གཅིག་མཐུན་མིན་པའི་ཆེས་མཐོའི་དབུ་ཁྲིད་ཀྱི་གོ་དབང་ནས་ཕྱིར་འབུད་བྱེད་ཐུབ་པར་མ་ཟད། ལས་སློ་བོར་དམར་ཤོག་ཕྱི་ནང་གི་དམངས་སེམས་ཀྱི་རྒྱབ་སྐྱོར་ཐོབ་ཐུབ། དེ་བས། གོ་དབང་ཆེས་གལ་ཆེན་དུ་ངོས་འཛིན་བྱེད་པའི་རྒྱ་ནག་གི་དབུ་ཁྲིད་ཚོར་འདི་འདྲ་བའི་འཇིགས་སྐུལ་འོག ཆབ་སྲིད་ཁ་གཏད་པས་རང་ཉིད་ཀྱི་ཉེས་སྐྱོན་འཛིན་མི་ཐུབ་པའི་ཆེད་དང་མང་ཚོགས་ཀྱི་གླེང་ཕྱོགས་ཀྱིས་རྒོལ་བ་སོགས་ལས་གཡོལ་ཐབས་སུ། ནམ་ཡིན་ཡང་གཡོན་ཐལ་ཆེ་དྲགས་ཀྱང་གཡས་ཕྱོགས་སུ་འཁོར་འདོད་མེད། ལྷག་པར་དུ་རང་ཉིད་ཀྱི་གོ་དབང་ལ་གནོད་སྲིད་པའི་བསམ་བློ་གསར་བ་བསྡུ་ལེན་བྱེད་འདོད་མེད། དེ་ལྟར་སོང་ན་མ་འོངས་པར་དེ་ལས་ཆེ་བའི་ཉེན་ཁ་ཡོད་པ་ཧ་གོ་ཡོད་ཀྱང༌། ཁོ་ཚོས་བསྒྲུབ་ཐུབ་པ་ནི་ཉེན་ཁ་འབྱུང་བའི་དུས་ཡུན་དེ་གང་ཐུབ་ཀྱིས་ཕྱིར་འགྱངས་བྱེད་རྒྱུ་དེ་རེད། རྒྱ་ནག་གི་དབུ་ཁྲིད་མི་སྣའི་གོ་དབང་ཚེ་གང་བོར་ཟིན་པ་ནས་ཕན་ཚུན་བརྗེ་རེས་ཀྱིས་སྟེགས་བུ་གཙོ་སྐྱོང་བྱེད་རྒྱུར་འཕོ་འགྱུར་ཐེབས་ཡོད་པ་དེ། ཕྱིའི་རྣམ་པའི་སྟེང་ནས་བལྟས་ན་སྔོན་ཐོན་ཞིག་ཡིན་ཡང༌། དོན་དངོས་ཐོག་གར་སྟེགས་ཐོག་ནས་བྱབྱརྔ་རྡུང་མེ་ཏོག་གཏོར་བ་བྱབྱལྟ་བུའི་ནུས་པ་ཐོན་ཙམ་གྱིས། རང་གི་སྲིད་དབང་འཛིན་པའི་དུས་སྐབས་ནང་བདེ་འཇགས་བྱུང་ན། དབང་འཛིན་པ་རྗེས་མའི་སྐབས་སུ་ཟིང་འཁྲུག་ཅི་འབྱུང་དེ་རང་ཉིད་དང་འབྲེལ་བ་མེད།
དེའི་སྟབས་ཀྱིས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གི་དབུ་ཁྲིད་མི་སྣ་དང་ཏཱ་ལའི་བླ་མ་མཇལ་འཕྲད་བྱེད་དགོས་པའི་སྐུལ་འདེད་བྱས་ཡོད་ལ། ཏཱ་ལའི་བླ་མས་ཀྱང་དེའི་བར་གྱི་ལས་ཁུངས་རིམ་པའི་མི་སྣ་དག་ལས་གཡོལ་ཏེ་ཐད་ཀར་དུ་རྒྱ་ནག་གི་དབུ་ཁྲིད་དང་བགྲོ་གླེང་བྱེད་རྒྱུའི་རེ་བ་བཅངས་ཡོད། བོད་མི་རྩེ་ཕུད་པས་རྒྱ་ནག་མཐོ་རིམ་ལ་ཡི་གེ་བྲིས་ཏེ་རེ་འདུན་ཞུས་ཡོད། ངས་བལྟས་ན་ཀུན་གྱིས་ཐག་གཅོད་ཀྱི་ནུས་པ་ལྡན་པའི་རྒྱུ་རྐྱེན་ངོ་མ་ངོས་འཛིན་བྱེད་ཐུབ་མེད། བོད་དོན་ཇི་ལྟར་ཐག་གཅོད་བྱེད་རྒྱུ་དེ་རྒྱ་ནག་མཐོ་རིམ་སྒེར་ངོས་ནས་ཐག་ཆོད་བྱེད་ཐུབ་པ་ཞིག་མ་ཡིན་ལ། འོན་ཀྱང་དམིགས་བསལ་གྱི་གནས་སྟངས་འོག་ནས་རྒྱ་ནག་གི་མཐོ་རིམ་གྱིས་བོད་དོན་ཐད་གཅིག་བྱས་ན་དམིགས་བསལ་གྱི་ཐག་གཅོད་ག་གེ་མོ་ཞིག་བྱེད་སྲིད་ཀྱང༌། དེ་ནི་ཐབས་ཇུས་ཀྱི་རྣམ་པའི་སྟེང་ནས་བྱེད་རྒྱུ་ཙམ་ལས། བོད་དོན་གྱི་ངོ་བོ་ལ་འགྱུར་བ་འགྲོ་མི་ཐུབ། བྱབྱཁ་བྲལ་ལ་ངོ་རྒོལ་བྱབྱགྱི་སྟོབས་ཤུགས་དེ་རྒྱ་ནག་གི་དབང་ཤུགས་གྲུབ་ཆའི་ཁྲོད་ཅི་འདྲའི་གལ་ཆེན་དང་གཞི་རྒྱ་ཆེ་བའི་གོ་གནས་ཤིག་ཟིན་ཡོད་པ་ཧ་གོ་ན། རྒྱ་ནག་གི་དབུ་ཁྲིད་པ་༼གུ་ཡངས་ཅན་ག་ཚོད་ཅིག་ཡིན་ཡང་༽གང་ཟག་སྒེར་ཞིག་ལ་བརྟེན་ཏེ་བོད་དོན་ཐག་གཅོད་བྱེད་པར་རེ་ལྟོས་བྱས་པ་དེ་ནི་དོན་དངོས་དང་མི་མཐུན་པའི་འཆར་སྣང་ཞིག་ཡིན་པའང་གསལ་བོ་ཆགས་ངེས་ཡིན།
གསུམ་པ། བོད་ཇི་ལྟར་རང་བཙན་ཕྱོགས་ལ་བསྐྱོད་དམ།
༡། ཁྲག་དང་རང་བཙན།
བྱབྱཁ་བྲལ་ལ་ངོ་རྒོལ་བྱབྱགྱི་དཔོན་རིགས་རུ་ཚོགས་ཀྱིས་རྒྱ་ནག་ནང་ཁུལ་དུ་བོད་ཀྱི་གནད་དོན་ཐག་གཅོད་ཀྱི་འགྲོ་ལམ་བཀག་སྟེ། རྒྱུན་མཐུད་དེ་བྱུང་བའི་འགལ་ཟླ་དེ་བར་མ་ཆད་པར་རིམ་བསགས་དང་སྐྱུར་ལངས་པ་ལྟ་བུ་ཆགས་ཏེ། མཐའ་མཇུག་བོད་དེ་རང་བཙན་བརྩོན་ལེན་གྱི་ཕྱོགས་ལ་འདེད་ཀྱི་ཡིན། ཡིན་ནའང༌། མི་མང་པོ་ཞིག་གིས་བོད་དང་རྒྱ་ནག་བར་གྱི་སྟོབས་ཤུགས་ལ་ཧེ་བག་ཧ་ཅང་ཆེན་པོ་ཡོད་སྟབས། བོད་མི་ཡོད་ཚད་ཡར་ལངས་ཏེ་རང་བཙན་ཆེད་འཐབ་འཛིང་བྱེད་པའི་དབང་དུ་བཏང་རུང༌། དམིགས་ཡུལ་འགྲུབ་ཐབས་མེད་པ་འདོད་སྲིད་ཀྱང༌། གལ་སྲིད་ཁེར་རྐྱང་གི་སྒོ་ནས་བོད་དང་རྒྱ་ནག་ལ་བལྟས་ན། མིག་སྔར་གྱི་གནས་སྟངས་འདི་འགྱུར་བ་མི་གཏོང་བའི་དབང་དུ་བཏང་སྟེ་བསྡུར་བ་ཡིན་ན། དངོས་གནས་དེ་འདྲ་རེད། འོན་ཀྱང་གོ་ལ་ཧྲིལ་བོ་འགྱུར་བའི་དུས་རབས་སུ། བོད་དང་རྒྱ་ནག་གཉིས་ལ་ཚད་ངེས་ཅན་ཞིག་གི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཤུགས་རྐྱེན་ཐེབས་ཀྱི་ཡིན་ན། སྟོབས་ལྡན་གྱི་རྒྱ་ནག་དེའང་ནམ་ཡང་འགྱུར་བ་འགྲོ་རྒྱུ་མེད་པ་ཞིག་ག་ལ་ཡིན། ཉེ་ཆར་རང་བཙན་ཐོབ་ཡོད་པའི་ཏུང་ཏིས་ཝུན་དང་ཁེ་སི་ཝའོ་སྟོབས་ཤུགས་ཀྱི་ཐད་ནས་ཧ་ཅང་ཞན་རུང༌། ཚང་མས་རང་བཙན་གྱི་དམིགས་ཡུལ་གྲུབ་ཡོད། ཁོང་ཚོ་དང་བསྡུར་ན། བོད་རང་བཙན་བྱེད་སྲིད་པའི་རེ་བའང་དེ་ཚོ་ལས་ཆུང་བ་ཞིག་ག་ལ་ཡིན།
ཏུང་ཏིས་ཝུན་དང་ཀེ་སི་ཝའོ་གཉིས་དངོས་སུ་རང་བཙན་ལེན་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཡིན་ལ། ལྷག་པར་དུ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཡིན། ས་ཁུལ་གཉིས་ཀྱི་རང་བཙན་ལ་དེ་ལྟ་བུའི་རྒྱབ་སྐྱོར་ཐོབ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ས་ཁུལ་དེ་གཉིས་ཀྱི་མི་དམངས་ཀྱིས་མི་སྤྱོད་ལས་འདས་པའི་སྡུག་བསྔལ་མྱོང་ཡོད་པའི་རྐྱེན་གྱིས་རེད།ཉུང་མཐར་ཅོག་ཙེའི་ཐོག་གི་རྒྱུ་མཚན་འདི་འདྲ་ཡིན། འགྲོ་བ་མིའི་ཐོབ་ཐང་དེ་བདག་དབང་ལས་མཐོ་བ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ལྟ་སྟངས་ཤིག་ཆགས་སྐབས་སུ། རིགས་རྒྱུད་ཀྱི་འགལ་ཟླའི་རྐྱེན་ལས་བྱུང་བའི་ཞེ་འཁོན་གསོད་རེས་དེ་མི་རིགས་རང་བཙན་ཁས་ལེན་བྱེད་པའི་གཞི་འཛིན་ས་གཙོ་བོ་ཆགས་རྒྱུ་ཡིན། ནུབ་ཕྱོགས་སྤྱི་ཚོགས་ཀྱིས་སྔ་མོ་ནས་བོད་ནང་མི་སྤྱོད་ལས་འདས་པའི་སྡུག་བསྔལ་རྒྱ་ཁྱབ་ཏུ་བྱུང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་ནི་རྒྱུན་ལྡན་མིན་པར་ཤི་བའི་བོད་མིའི་གྲངས་འབོར་ས་ཡ་གཅིག་ཟིན་ལ་ཉེ་ཞིང༌། བོད་ཀྱི་དགོན་སྡེ་ཚང་མ་དེ་སྔ་རྩ་མེད་བཟོས་པ་སོགས་འདི་འདྲའི་རྨང་གཞིའི་ཐོག་མ་འོངས་བོད་ནས་མི་སྤྱོད་ལས་འདས་པའི་སྡུག་བསྔལ་བྱུང་ཚེ། ཏུང་ཏིས་ཝུན་དང་ཀེ་སི་ཝའོ་གཉིས་ལྟ་བུའི་གདུག་རྩུབ་མེད་ཀྱང༌། ནུབ་ཕྱོགས་ཀྱིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚད་འདང་ངེས་ཡོད།
མ་འོངས་པར་བོད་ནས་བསྐྱར་དུ་མི་སྤྱོད་ལས་འདས་པའི་སྡུག་བསྔལ་འབྱུང་སྲིད་དམ་ཞེ་ན། ངས་བལྟས་ན་འབྱུང་སྲིད་པ་ཞིག་རེད། ཐེངས་འདིར་བོད་ཀྱི་དོན་རྐྱེན་ཐོག་བཙན་གནོན་བྱས་པ་དེ། དུས་འདི་ནས་མཚམས་འཇོག་པའི་ངེས་པ་མེད་པར་མ་ཟད། ཐེངས་རྗེས་མའི་སྔར་ལས་ཆེ་བའི་དོན་རྐྱེན་གྱི་འབྱུང་རྐྱེན་ཆགས་ཀྱི་རེད། ཐེངས་འདིའི་དོན་རྐྱེན་༡༩༨༠ ལོའི་ལྷ་སའི་དོན་རྐྱེན་དང་བསྡུར་ན་གཞི་རྒྱ་ཆེ་ཞིང༌། ཐེངས་རྗེས་མར་བྱུང་ཚེ་ཐེངས་འདི་ལས་ད་རུང་གཞི་རྒྱ་ཆེན་པོ་ཆགས་རྒྱུ་རེད། འདི་ནི་ཁུངས་ལུང་མེད་པའི་ཚོད་དཔག་ཅིག་མིན། ཐ་ན་ངས་ཐེངས་རྗེས་མའི་འབྱུང་དུས་ཀྱང་ལུང་བསྟན་བྱེད་ཐུབ། འབྱུང་སྲིད་པའི་དོན་རྐྱེན་གཞན་རྣམས་གནས་སྐབས་རིང་ཟུར་དུ་བཞག་ཀྱང༌། མ་མཐར་ཡང་ཏཱ་ལའི་བླ་མ་སྐུ་མྱ་ངན་ལས་འདས་པའི་སྐབས་སུ། བོད་དོན་ད་རུང་སྔར་བཞིན་འཕེལ་རྒྱས་མེད་པ་དང༌། ཏཱ་ལའི་བླ་མའང་བོད་ལ་ཕྱིར་ཕེབས་མ་ཐུབ་ཚེ། ངོ་རྒོལ་ཆེན་པོ་དེ་ལས་གཡོལ་ཐབས་མེད་པར་བོད་ནང་ལོགས་ཀྱི་བོད་མིས་ཕྱོགས་ཡོངས་ནས་དོན་རྐྱེན་བཟོ་རྒྱུ་ཡིན་ལ། རྒྱ་ནག་གི་དྲག་གནོན་འཕྲུལ་ཆས་ཀྱིས་རྩ་བ་ནས་སྔོན་འགོག་བྱེད་ཐབས་མེད། རྒྱུ་མཚན་ནི་ཆ་འཕྲིན་གྱི་དུས་རབས་སུ་ཏཱ་ལའི་བླ་མ་སྐུ་མྱ་ངན་ལས་འདས་པའི་གནས་ཚུལ་དེ་བཀག་སྡོམ་བྱེད་མི་ཐུབ་ཅིང༌། བོད་མི་ཡར་ལངས་བྱེད་དགོས་ནའང་ཕན་ཚུན་འགྲོ་འོང་གིས་འབྲེལ་བ་བྱེད་མི་དགོས་པར། གནས་ཚུལ་དེ་ཉིད་ལ་བརྟེན་ནས་བོད་ས་ཀུན་གྱི་བོད་མི་རྣམས་མ་བསྐུལ་ཡང་མཉམ་ལངས་བྱེད་ངེས་ཡིན།
གཙོ་འཛིན་སྐུ་མྱ་ངན་ལས་འདས་ན། མང་ཚོགས་ཀྱིས་གཞི་རྒྱ་ཆེ་བའི་ངོ་རྒོལ་སློང་རྒྱུ་ཡིན། རྒྱ་ནག་ཏུ་ཕྱི་ལོ་༡༩༧༦ ལོར་ཀྲུའུ་ཨན་ལེ་དགོངས་པ་རྫོགས་རྐྱེན་གྱིས་བཞི་ལྔའི་ལས་འགུལ་བྱུང་ཡོད་ལ། ༡༩༨༩ ལོ་ཧུའུ་ཡའོ་པཱང་དགོངས་པ་རྫོགས་རྐྱེན་གྱིས་དྲུག་བཞིའི་དོན་རྐྱེན་བྱུང་ཡོད། དེའི་གཡོ་འགུལ་གྱིས་རྒྱ་ནག་གི་ལོ་རྒྱུས་ལ་འགྱུར་བ་ཆེན་པོ་ཐེབས་ཡོད། ཏཱ་ལའི་བླ་མ་སྐུ་མྱ་ངན་ལས་འདས་ཚེ་བོད་ནས་གཡོ་འགུལ་ཆེན་མོ་ཞིག་འབྱུང་རྒྱུ་ཡིན་པའི་དབང་དུ་བཏང་བ་དེ་ནི་འཇིགས་སྐུལ་གྱི་གཏམ་བརྗོད་ཞིག་མིན། བོད་ལ་རྒྱུས་མངའ་ཅུང་ཙམ་ཡོད་མཁན་ཞིག་ཡིན་ན་ཤེས་གསལ་རེད། ཏཱ་ལའི་བླ་མའི་ལས་དབང་དེ་བོད་མི་ཚང་མའི་སྙིང་གི་རྨ་ཁ་ཆགས་ཡོད། བོད་ཀྱི་ཆོས་ལུགས་ཀྱི་བླ་ན་མེད་པའི་དབུ་ཁྲིད། འཇིག་རྟེན་དུ་དངོས་སུ་འཚོ་ཞིང་གཞེས་པའི་བྱང་ཆུབ་སེམས་དཔའ་ཆེན་མོ། ཏཱ་ལའི་བླ་མས་བོད་རང་བཙན་དོར་ཏེ། ཚད་མཐོའི་རང་སྐྱོང་ཁོ་ནའི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུའི་རེ་འདུན་གནང་ཡོད། དེ་འདྲའི་ཁེངས་སྐྱུང་ཉམས་དམའ་བོ་གནང་རུང་ལན་དུ་བརྙས་བཅོས་འཕྱ་སྨོད་ལས་ཐོབ་མེད། ཞལ་བཞུགས་སྐབས་རང་ཡུལ་དུ་ཕེབས་མ་ཐུབ་པར། མི་ཚེ་ཧྲིལ་པོར་ཁོང་ལ་ཕེབས་སྒུག་ཞུ་བཞིན་ཡོད་པའི་མང་ཚོགས་དང་དད་ལྡན་པར་མཇལ་འཕྲད་མ་གནང་བར་དུས་དེ་ནས་བོད་མི་དམངས་དང་གཏན་བྲལ་གནང་དགོས་ཚེ། དེ་ལྟ་བུའི་སྡུག་བསྔལ་ལ་དཔེ་མཚོན་འཇོག་ཐབས་བྲལ། ཏཱ་ལའི་བླ་མ་སྐུ་བཞུགས་པའི་སྐབས་སུ། བོད་མིར་ཕམ་ཉེས་ཇི་འདྲ་བྱུང་རུང༌། བོད་མི་ཚོར་ད་དུང་རེ་བ་ཞིག་ཡོད་པ་རེད། གལ་སྲིད་ཁོང་མྱ་ངན་ལས་འདས་ཚེ། རེ་བ་དེ་སྟོང་ཟད་དུ་གྱུར་ཏེ། ཞེ་འཁོན་གྱིས་འཇིགས་སྣང་བསྣན་ཞིང། ཛ་དྲག་པོའི་ཡར་ལངས་སྔ་ན་མ་བྱུང་བ་ཞིག་འབྱུང་རྒྱུ་ཡྀན་ལ། བོད་རང་བཙན་ཡང་དེ་སྔའི་ཁ་གཡང་ཙམ་ནས་དངོས་ཡོད་ཀྱི་ལས་འགུལ་ཞིག་ཏུ་འགྱུར་རྒྱུ་ཡིན།
དེར་བརྟེན། རྔམ་སྟོན་ཙམ་གྱིས་རང་བཙན་མངོན་འགྱུར་བྱེད་མི་ཐུབ། གང་ཡིན་ཟེར་ན་རྒྱ་ནག་གི་དམག་མི་དང་དྲག་ཆས་ཉེན་རྟོག་པའི་སྤྱིའི་གྲངས་འབོར་དེ་བོད་མི་སྤྱིའི་མི་འབོར་དང་འདྲ་བོ་ཡོད་པ་དང༌། དེས་མི་ཚད་གང་ཡོད་འཇིག་པར་ནུས་པའི་དྲག་མཚོན་གྱིས་ལག་སྟོང་ལ་ཁ་གཏད་འཇལ་གྱི་ཡོད་ཀྱང༌། ཁོང་ཁྲོ་རབ་ཏུ་འབར་བའི་བོད་མི་རྣམས་ལས་སླ་བོས་དྲག་གནོན་བྱེད་ག་ལ་ཐུབ། ཁ་རྒྱུན་ལ་བྱབྱམི་གཅིག་གིས་ཤི་འཛིང་བྱས་ན། མི་བཅུ་ཡིས་ཁ་གཏད་མི་ཡོང༌། མི་ཁྲི་ཤི་ངེས་ཡིན་ན། གནམ་འོག་ནས་གང་འདོད་བྱེད་ཐུབ་བྱབྱཟེར་བ་ཇི་བཞིན། བོད་མི་ཚོར་ད་དུང་ས་ཡ་དྲུག་ཡོད། སྐབས་དེར་རྒྱ་ནག་སྲིད་གཞུང་གིས་བསྐྱར་དུ་རིགས་རྒྱུད་རིང་ལུགས་ལ་སྐྱབས་བཅོལ་ནས་ནུས་པ་ཐོན་པའི་རེ་བ་བརྒྱབ་སྟེྟེ།༼དད་པ་འཐོར་ཟིན་པའི་རྒྱ་ནག་ལ་བསམ་བློའི་འདུ་ཤེས་དེ་ལས་གཞན་ལྷག་མེད།༽རྒྱ་རིགས་གཙོ་བོར་གྱུར་བའི་རྒྱ་ནག་གི་དམག་མི་དང་དྲག་ཆས་ཉེན་རྟོག་པར་ངན་བསྐུལ་གྱིས་མི་གསོད་ཁྲག་སྦྱོར་གྱི་དྲག་སྤྱོད་སྤེལ་བའི་དུས་མཚུངས་སུ་མང་ཚོགས་ལ་བསླུ་འབྲིད་ཀྱིས་བྱབྱཁ་བྲལ་ལ་ངོ་རྒོལ་བྱབྱབྱེད་པའི་དམར་གསོད་ཆེན་མོར་རྒྱབ་སྐྱོར་བྱེད་དུ་འཇུག་རྒྱུ་ཡིན།
བོད་མི་མང་པོ་ཞིག་དེའི་རྒྱུད་རིམ་ཁྲོད་དུ་ཚེ་སྲོག་འཆོར་ངེས་ཀྱང༌། ཡིན་ནའང་མི་རིགས་རང་བཙན་གྱི་ལམ་ཁ་དེ་དུས་ནམ་ཡང་དམར་བོའི་ཁྲག་གིས་འཁྲུད་ཀྱི་ཡོད་ན། དྲག་གནོན་གྱིས་བོད་མི་རྣམས་ཕྱི་ནུར་བྱེད་མི་ནུས་པར་མ་ཟད། རང་འཐད་ཀྱིས་དྲག་སྤྱོད་ལ་གདོང་གཏུག་ཀྱང་བྱེད་སྲིད། ཕྱོགས་གཅིག་ནས་བོད་ཀྱི་སྲོལ་རྒྱུན་ཆོས་ལུགས་ཀྱི་དཀའ་ཐུབ་སྤྱད་པའི་ལྟ་སྒོམ་ལས་འདི་ལྟ་བུའི་ནུས་ཤུགས་འབྱུང་སྲིད་ལ། ཕྱོགས་གཞན་ཞིག་ནས་འཚེ་མེད་ཞི་བའི་འཐབ་རྩོད་ལའང་འདི་འདྲ་བའི་ནང་དོན་ཡོད། བཙན་བྱོལ་བོད་མིའི་སྡོད་ཡུལ་རྒྱ་གར་ནི་འཚེ་བ་མེད་པའི་འཐབ་རྩོད་ཀྱི་འབྱུང་གནས་ཡིན་ཞིང༌། སྐྱེས་བུ་དམ་པར་བསྔགས་པའི་གྷན་རྡིས་ཁོང་གི་རྗེས་འབྲང་བར་བྱབྱའཆི་བའི་སྒྱུ་རྩལ་ལ་སློབ་སྦྱོང་བྱབྱབྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད། དབྱེ་ཞིབ་བྱེད་མཁན་ཁ་ཤས་ཀྱི་འགྲེལ་བརྗོད་ལྟར་ན། གྷན་རྡི་ཡི་ལྟ་བ་ནི་རང་ཐོག་ཏུ་སྤེལ་བའི་དྲག་སྤྱོད་ལ་ངོ་རྒོལ་མི་བྱེད་པའི་བྱབྱངང་སྒུག་བྱེད་རྒྱུའི་འཚེ་མེད་ཞི་བ་བྱབྱཞིག་མ་ཡིན་པར། རང་འཐད་ཀྱིས་ཕ་རོལ་བའི་དྲག་སྤྱོད་བསློངས་ཏེ་རང་ཉིད་ཀྱི་སྟེང་ལ་སྤེལ་དུ་འཇུག་རྒྱུ་དེ་ཡིན་པར་བརྗོད། དེ་ལྟར་གནང་ན་ད་གཟོད་བྱབྱརང་ཉིད་ཀྱིས་དཀའ་སྡུག་མྱོང་སྟེ་བཅོས་སྒྱུར་གྱི་དམིགས་ཡུལ་སྒྲུབ་ཐུབ་བྱབྱཔར་བཤད། ཕུགས་བསམ་དེ་ལྟ་བུ་བཅངས་ཡོད་པའི་བོད་རང་བཙན་པར་མཚོན་ན། རྒྱ་ནག་གིས་བོད་མི་དམར་གསོད་ཤུགས་ཆེར་བྱས་པ་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་རང་བཙན་ལ་རྒྱབ་སྐྱོར་ཐོབ་བྱེད་ཀྱི་ལོ་རྒྱུས་ཀྱི་གོ་སྐབས་ཤིག་ཡིན། དེའི་སྟབས་ཀྱིས་དེ་ལས་གཡོལ་ཐབས་མི་བྱེད་པར་མ་ཟད། ཆེད་དུ་བེད་སྤྱོད་གཏོང་ཐབས་བྱེད་ངེས་ཡིན། ལྷག་པར་དུ་རྒྱ་ནག་གི་དམར་གསོད་དེ་རིགས་རྒྱུད་རྩ་མེད་བཟོ་བའི་ཚད་གཞིའི་ཐོག་སླེབས་ན། ད་གཟོད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔ་ན་མེད་པའི་གདུུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་འཐོབ་ངེས། བོད་རང་བཙན་པ་ཞིག་གི་ཆ་ནས་བརྗོད་ན། བྱེད་ཐབས་དེ་ནི་བོད་མིའི་ཚེ་སྲོག་ལ་སྣང་མེད་བྱས་པ་མ་ཡིན་པར་མ་ཟད། གྷན་རྡི་ཡིས་བཏོན་གནང་བའི་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་བསམ་བློའི་ཉིང་བཅུད་བྱབྱརང་ཉིད་ཀྱིས་བདེན་པར་འཛིན་པའི་ལས་དོན་ཆེད་ཚེ་སྲོག་འབུལ་དགོས་བྱབྱཔའི་བསླབ་བྱ་ལག་ལེན་དུ་བསྟར་བ་ཡིན། བོད་མིའི་ཟུངས་ཁྲག་ཅི་ཙམ་གྱིས་མང་དུ་བཞུར་ན། དེ་ཙམ་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་འགྲོ་ངེས་ཡིན། རྒྱུ་མཚན་དེ་འདྲ་ཞིག་གི་ཐོག་ནས་བལྟས་ན། རྒྱ་ནག་གི་དྲག་ཆས་ཀྱིས་དྲག་གནོན་བྱས་པ་དེ་ནུས་པ་ཉམས་རྒྱུ་ཡིན་པར་མ་ཟད་ལྡོག་ཕྱོགས་ནས་བོད་ལ་རོགས་རམ་བྱས་ཏེ་རང་བཙན་ལེན་རྒྱུར་ནུས་པ་ཐོན་རྒྱུ་རེད།
རིགས་རྒྱུད་བར་དུ་ཟུངས་ཁྲག་གིས་ཁ་གཏད་གཅོག་རེས་དང་རིགས་རྒྱུད་རྩ་མེད་འགྲོ་རྒྱུའི་འཇིག་པ་བྱུང་ན། རིགས་རྒྱུད་ཐ་དད་པ་གཉིས་མཉམ་གནས་བྱེད་མི་ཐུབ་པའི་བདེན་དཔང་རེད་ལ། རྒྱལ་སྤྱིའི་སྤྱི་ཚོགས་གདོང་དུ་ཐོན་ཏེ་གཉའ་གནོན་མྱོང་མཁན་གྱི་མི་རིགས་སྲུང་སྐྱོབ་བྱེད་པའི་སྐུལ་འདེད་དང༌། རྗེས་མཐུད་ཀྱིས་གཉའ་གནོན་མྱོང་བཞིན་པའི་མི་རིགས་ལ་རྒྱབ་སྐྱོར་བྱས་ཏེ་རང་བཙན་རྒྱལ་ཁབ་གསར་འཛུགས་བྱེད་པའི་རྒྱུ་མཚན་གཙོ་བོ་ཡང་རེད། རྒྱ་ནག་གི་བྱབྱཁ་བྲལ་ལ་ངོ་རྒོལ་བྱབྱབྱེད་པའི་དཔོན་རིགས་རུ་ཚོགས་ཀྱིས་སྤྱོད་བཞིན་པའི་རིགས་ལམ་ཐོག་ནས་མུ་མཐུད་དུ་སོང་ན། མ་འོངས་པའི་བོད་འདི་དེ་འདྲ་བའི་འཇིག་པ་ལས་གཡོལ་ཐབས་མེད་པ་ཞིག་རེད། སྐབས་དེར། རང་བཙན་ལ་མ་འདང་བའི་ཆ་རྐྱེན་གཉིས་ལས་ལྷག་མེད། དེ་ལས་གཅིག་ནི་ནུབ་ཕྱོགས་རྒྱལ་ཁབ་གདོང་དུ་ཐོན་ཏེ་བོད་རང་བཙན་ལ་རོགས་སྐྱོར་དང་བོད་རྒྱལ་ཁབ་ཀྱི་གོ་གནས་ངོས་ལེན་བྱེད་རྒྱུ་དེ་ཡིན་ལ། གཉིས་ནི་རྒྱ་ནག་རང་ཉིད་ཟིང་འཁྲུག་ཁྲོད་ལྷུང་སྟེ། ནུབ་ཕྱོགས་ལ་ཁ་གཏད་དང་བོད་ཐོག་ལ་དྲག་གནོན་བྱེད་པའི་ནུས་པ་ཉམས་གུད་འགྲོ་རྒྱུ་དེ་རེད།
༢། བོད་ནི་ནུབ་ཕྱོགས་ཀྱི་ཆབ་སྲིད་ཡང་དག་དེ་ཡིན།
ད་ལྟ་བར། ནུབ་ཕྱོགས་སྲིད་གཞུང་གིས་རྒྱ་ནག་གིས་བཙན་རྒྱལ་གྱི་རྗེས་ཤུལ་རྒྱུད་འཛིན་བྱས་ཡོད་པར་བསམ་འཆར་མི་འདྲ་བ་བཏོན་མེད་ལ། ཡོངས་ཁྱབ་ཏུ་བོད་རང་བཙན་ལའང་རྒྱབ་སྐྱོར་བྱས་མེད། བོད་ཀྱི་གནད་དོན་ཐོག་རྒྱ་ནག་དང་ཁ་གཏད་ལངས་མཁན་ནི་གཙོ་བོ་ནུབ་ཕྱོགས་ཀྱི་མང་ཚོགས་དང་གསར་འགྱུར་བརྒྱུད་ལམ་ཡིན། ནུབ་ཕྱོགས་ཀྱི་སྤྱི་ཚོགས་ནི་སྣ་མང་རང་བཞིན་ཅན་ཞིག་ཡིན་སྟབས། ཕལ་ཆེར་གནད་དོན་རེ་རེའི་ཐོག་ལའང་རྩོད་གླེང་ཡོང་གིན་ཡོད། ཡིན་ནའང་བོད་ཀྱི་གནད་དོན་ཐོག་སྔ་ན་མ་མཆིས་པའི་གཅིག་མཐུན་གྱི་ལྟ་བ་བཟུང་ཡོད། རྒྱ་ནག་པར་མཚོན་ན། འདི་ལ་ཡ་མཚན་སྐྱེ་བཞིན་ཡོད། གང་ཡིན་ཟེར་ན། ནུབ་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་མང་ཆེ་བས་བོད་ལ་རྒྱུས་མངའ་རྩ་བ་ནས་མེད་རུང༌། དུས་རྟག་ཏུ་དཀར་ནག་དབྱེར་མེད་ཀྱི་མཇུག་བསྡོམས་བྱེད་ཀྱིན་ཡོད། ནུབ་ཕྱོགས་པ་མང་པོ་ཞིག་བོད་ལ་འགྲོ་མྱོང་མེད་རུང༌། བོད་ཀྱི་མགྲིན་ཚབ་པ་དང་སྲུང་སྐྱོབ་བྱཻད་མཁན་ཞིག་ཡིན་པའི་རྣམ་འགྱུར་འདོན་གྱིན་ཡོད། རྒྱ་ནག་པ་ཚོས་འདི་ལྟར་དོགས་འདྲི་བྱེད་བཞིན་ཡོད། རྒྱ་ནག་གིས་བཙན་རྒྱལ་གྱི་རྗེས་ཤུལ་རྒྱུད་འཛིན་བྱས་ཡོད་པའི་དབང་དུ་བཏང་ནའང༌། རྒྱ་ནག་ལ་བརྙས་བཅོས་བྱས་མྱོང་མཁན་གྱི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བཙན་རྒྱལ་གྱི་རྗེས་ཤུལ་དེ་ལས་མང་བ་ཞིག་རྒྱུད་འཛིན་བྱས་ཡོད། ལྷག་པར་དུ་དེང་སང་གི་འཛམ་གླིང་ཐོག་གི་རྒྱལ་ཁབ་མང་པོ་ཞིག་ནི་སྐབས་དེའི་ནུབ་ཕྱོགས་པ་མི་སེར་སྤེལ་མཁན་གྱི་བུ་རྒྱུད་ཀྱིས་བཙུགས་པ་ཞིག་ཡིན་ལ། ནུབ་ཕྱོགས་པས་བོད་ཀྱི་གནད་དོན་ཐོག་དྲང་བདེན་གྱི་ངོ་བོར་བརྫུས་ཏེ་རྒྱ་ནག་ལ་སྐྱོན་བརྗོད་བྱེད་པའི་ཐོབ་ཐང་དེ་གང་ནས་ཡོང་བ་ཡིན་ཞེས་དྲི་ཚིག་བཏོན་ཡོད།
དུས་ཚོད་ནི་འགྲེལ་བརྗོད་བྱེད་སྟངས་ཞིག་རེད། མི་སེར་སྤེལ་པའི་དུས་རབས་ཀྱི་མཇུག་བསྡུས་ཡོད་སྟབས། ནུབ་ཕྱོགས་པའི་དེ་སྔའི་ནོར་འཁྲུལ་དེ་རྒྱ་ནག་གིས་དེ་རིང་གི་རྒྱུ་མཚན་དུ་བགྲངས་ག་ལ་རུང༌། ངོ་མ་རེད། དུས་ཚོད་རྒྱུ་རྐྱེན་ཞིག་ཏུ་ཆགས་དགོས་ཡོད། དེ་མིན་ན་དཔང་རྟགས་གང་འདྲ་ཞིག་ཡིན་ཡང༌། ཚད་མེད་པར་ཁུངས་འདེད་རྩད་གཅོད་བྱས་ན། སུ་ཡིན་ཡང་བདེན་པ་མེད་པ་ལྟ་བུ་ཆགས་སྲིད། རྒྱ་ནག་དང་ནུབ་ཕྱོགས་བར་དུ་ཕལ་ཆེར་གོམ་པ་རེ་རེའི་ཐོག་ནས་དུས་ཚོད་ཀྱི་གོ་ནོར་ཐེབས་ཡོད། རྒྱ་ནག་བཙན་རྒྱལ་རྒྱལ་ཁབ་རུལ་སུངས་ཀྱི་དུས་རབས་ནི་ནུབ་ཕྱོགས་རྒྱལ་ཁབ་ཆེས་སྟོབས་ཤུགས་བསྐྱེད་པའི་དུས་སྐབས་ཡིན། ནུབ་ཕྱོགས་མི་སེར་སྤེལ་མཁན་གྱིས་ཁྲིམས་མཐུན་རང་བཞིན་གྱི་གོ་དབང་ཐོབ་ཆེད་ནུས་པ་ལྡན་པའི་དབང་བསྒྱུར་ཐབས་ལམ་ལ་བརྟེན་གྱི་ཡོད། རྒྱ་ནག་བཙན་རྒྱལ་རྒྱལ་ཁབ་ཀྱི་དུས་ཡུན་རིང་ཡང༌། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་རྟེན་འབུལ་ཙམ་གྱིས་རང་ཉིད་ཀྱི་འདོད་བློ་ཁེངས་ཏེ། བྱབྱརྒྱལ་ཕྲན་སོ་སོས་བྱབྱརང་དགར་གྱི་སྟོབས་ཤུགས་སྦྲེལ་བར་རྒྱ་ཡན་བཏང་ཡོད། ནུབ་ཕྱོགས་རྒྱལ་ཁབ་དང་ཐུག་སྐབས་རྒྱ་ནག་གིས་བྱབྱརྟེན་འབུལ་མ་ལག་བྱབྱནི་རང་སྣང་ཚིམ་བྱེད་ཀྱི་གཏམ་འདོད་ཙམ་ཞིག་ལས། རང་ཉིད་ཀྱི་མངའ་ཁོངས་སྲུང་སྐྱོབ་བྱེད་དགོས་ན། ངེས་པར་དུ་རང་ཉིད་ཀྱི་བདག་དབང་མ་ལག་དང་མཐུན་པའི་ནུས་པ་དང་ལྡན་པའི་དབང་སྒྱུར་གྱི་ཐབས་ལམ་སྤྱོད་དགོས་པ་རྟོགས་ཡོད་ཀྱང༌། རྒྱལ་ཁོངས་སུ་བྱུང་བའི་རྫོགས་རྒྱུ་མེད་པའི་ཆག་འཇིག་དང་དམག་འཁྲུག་གིས་དེ་ལྟ་བུའི་འཕེལ་རིམ་ལ་བཀག་འགོག་བྱས་ཡོད། འཛམ་གླིང་ཀུན་ཏུ་མི་སེར་སྤེལ་བའི་དུས་རབས་ཀྱི་མཇུག་རྫོགས་ཏེ། མི་རིགས་རང་བཙན་གྱི་རྒྱལ་ཁབ་གསར་བ་འཛུགས་རྒྱུ་དེ་གཙོ་བོ་ཆགས་ཏེ། ནུབ་ཕྱོགས་རྒྱལ་ཁབ་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་མི་སེར་སྤེལ་ཡུལ་ས་ཁུལ་ནས་ཕྱིར་འཐེན་བྱེད་སྐབས། རྒྱ་ནག་གིས་སྔར་བྱུང་མ་མྱོང་བའི་དྲག་སྟོབས་ཀྱིས་བོད་ལ་དཔུང་བསྐྱོད་བྱས་པས། ཏཱ་ལའི་བླ་མས་བོད་མི་ཁྲི་ཕྲག་ཁ་ཤས་ཁྲིད་དེ་རྒྱལ་ཁབ་གཞན་ལ་བཙན་བྱོལ་དུ་ཕེབས་དགོས་པའི་གནས་ཚུལ་བྱུང་ཡོད། ཕྱིས་སུ། དམངས་གཙོ་དང་ཆོས་དད་རང་མོས། སྣ་མང་རིག་གཞུང་བཅས་ནུབ་ཕྱོགས་སུ་དཔལ་ཡོན་སྔོན་ཐོན་གྱི་གཞི་རྩར་གྱུར་ཡོད་པའི་སྐབས་སུ། རྒྱ་ནག་གིས་བོད་དུ་དགོན་སྡེ་གཏོར་བཅོམ་དང༌། ཆོས་ལུགས་རྩ་འགོག་གི་རིག་གནས་གསར་བརྗེ་སྤེལ་ཡོད་པ་རེད། དེང་སང༌། འགྲོ་བ་མིའི་ཐོབ་ཐང་དེ་བདག་དབང་ལས་རྩ་ཆེར་འཛིན་པའི་ལྟ་བ་ནུབ་ཕྱོགས་འཛམ་གླིང་གི་ཡོངས་ཁྱབ་ཀྱི་རིན་ཐང་ཞིག་ཏུ་གྱུར་ཡོད་པའི་སྐབས་སུ། རྒྱ་ནག་གིས་སྔར་བཞིན་བདག་དབང་བླ་ན་མེད་པར་བརྩིས་ཏེ། དེའི་ཆེད་དུ་འཛེམ་བག་མེད་པར་འགྲོ་བ་མིའི་ཐོབ་ཐང་ལ་གནོད་འཚེ་བྱེད་ཀྱིན་ཡོད།
རྒྱུས་ལོན་བྱེད་དཀའ་བ་ཞིག་མིན་ཏེ། ཐོག་མར་དུས་ཚོད་ཀྱི་གོ་ནོར་འདི་རིགས་ཀྱིས་གོམ་པ་རེ་རེ་སྤོ་སྐབས་སུ་དུས་རབས་ཀྱི་འཕེལ་ཕྱོགས་དང་གོ་ལྡོག་སྟེ་འགྲོ་བཞིན་པའི་རྒྱ་ནག་ལ། བོད་ཀྱི་གནད་དོན་ཆེད་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སྐྱོན་བརྗོད་བྱེད་བཞིན་ཡོད། ཡིན་ནའང་རྒྱ་ནག་པས་ད་དུང་ཁོ་ཚོར་ཕྱིར་དྲི་བ་འགོད་ཆོག ཅིའི་ཕྱིར་དུས་ཚོད་ཀྱི་ཚད་གཞི་དེ་ནུབ་ཕྱོགས་ཀྱིས་གཏན་འབེབས་བྱེད་དགོས་ཡོད་པ་དང༌། ནུབ་ཕྱོགས་ཀྱི་ལྟ་བའི་རིན་ཐང་གཙོར་བཟུང་གིས་རྒྱ་ནག་གི་གོ་ནོར་ཐག་གཅོད་བྱེད་དགོས་དོན་གང་ཡིན་ནམ་ཞེས། རྒྱ་དམར་གྱིས་དབང་སྒྱུར་བ་ནས་བརྩིས་ཀྱང༌། ད་བར་དུ་རྒྱ་ནག་གིས་ནུས་པ་དང་ལྡན་པའི་སྒོ་ནས་བོད་ལ་དབང་སྒྱུར་བྱས་ཏེ་དུས་རབས་ཕྱེད་ཀ་ཙམ་སོང་ཡོད་ལ། དེ་རིང་གི་ཧཕ་རན་སི་དང༌། དབྱིན་ཇི། ཁ་ན་ཊ། སི་པན་སོགས་སུའང་མི་རིགས་ཀྱི་གནད་དོན་ལྷག་ཡོད་ན། རྒྱ་ནག་གཅིག་པུའི་སྟེང་དུ་བོད་ཀྱི་གནད་དོན་ཆེད་སྐྱོན་བརྗོད་བྱེད་དོན་གང་ཡིན་པའི་དྲི་བ་སླེབས་ཀྱིན་ཡོད།
དྲི་བ་འདི་དག་ནུབ་ཕྱོགས་དང་རྒྱ་ནག་གི་ཕྱོགས་མི་འདྲ་བ་གཞན་ཞིག་དང་འབྲེལ་བ་ཆགས་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་དམངས་གཙོའི་རྣམ་པའི་སྟེང་ནས་བཙན་རྒྱལ་སྐབས་ཀྱི་ཤུལ་ལྷག་རྣམས་ཁྲིམས་མཐུན་གྱིས་རྒྱུན་འཛིན་བྱེད་དུ་བཅུག་ཡོད་ལ། དཔེར་ན་ཁུ་ཞི་ཅཱ་གླིང་ཕྲན་གྱི་བརྒྱ་ཆའི་༨༠ ཡན་གྱི་ཡུལ་མིས་ཧཕ་རན་སིའི་ནང་དུ་སྡོད་རྒྱུའི་ཐག་གཅོད་བྱས་ཡོད་ལ། ཐག་གཅོད་དེ་ནི་ཧཕ་རན་སིའི་ཡུལ་མི་རང་ཉིད་ཀྱིས་ཁུ་ཞི་ཅཱ་གླིང་ཕྲན་སོར་བཞག་བྱེད་འདོད་ཀྱི་བསྡུར་ཚད་ལས་བརྒྱ་ཆ་༢༠ མཐོ་བ་ཡོད།༼ཧཕ་རན་སའི་ཡུལ་མི་མང་བོ་ཞིག་གིས་ཁུ་ཞི་ཅཱ་ནི་ཁུར་ལྕི་མོ་ཞིག་ཡིན་སྟབས། དེ་ལས་རང་བཙན་བྱེད་བཅུག་ན་བཟང་བའི་ལྟ་ཚུལ་ཡང་བཅངས་ཡོད།༽ དབྱིན་ཇིས་དེ་སྔ་ཨེ་ཨར་ལན་བྱང་མ་རང་ཐག་རང་གཅོད་ཀྱིས་འགྲོ་སྡོད་ཅི་བྱེད་ཆོག་པར་བརྗོད་སྐབས། མཐར་ཨེ་ཨར་ལན་བྱང་མའི་ཡུལ་མི་མང་ཆེ་བས་དབྱིན་ཇིའི་རྒྱལ་ཁོངས་སུ་སྡོད་རྒྱུའི་གདམ་ག་བྱས་ཡོད། སི་པན་གྱི་པཱ་སི་ཁེ་དང་ཁ་ན་ཊའི་ཀུའུ་པའེ་ཁུ་གཉིས་ཀྱིས་མང་མོས་ཀྱིས་རང་ཐག་རང་གཅོད་བྱས་པ་བརྒྱུད་རང་བཙན་ཁས་ལེན་བྱས་མེད། དེར་བརྟེན། ས་ཁུལ་དེ་དག་གི་མི་རིགས་ཀྱི་གནད་དོན་ནི་མི་ཉུང་ཤས་ཤིག་གི་རང་བཙན་གྱི་བྱ་སྤྱོད་སྤེལ་པ་ཁོ་ན་ཡིན། འོན་ཀྱང་བོད་ཀྱི་ཐོག་ལ་འདི་འདྲ་བརྗོད་མི་རུང༌། གང་ཡིན་ཟེར་ན་རྒྱ་ནག་གིས་དུས་ནམ་ཡང་བོད་མི་དམངས་ལ་དེ་འདྲ་བའི་གདམ་གའི་གོ་སྐབས་སྤྲད་མེད།
དེ་རིང༌། མི་སེར་སྤེལ་པའི་རིང་ལུགས་དང་རིང་དུ་བྲལ་ཡོད་པའི་ནུབ་ཕྱོགས་སྤྱི་ཚོགས་སུ་རང་དབང་དང༌། འགྲོ་བ་མིའི་ཐོབ་ཐང༌། མི་སེར་སྤེལ་པར་ངོ་རྒོལ་བྱེད་རྒྱུ་དེ་སྤྱི་ཚོགས་ཀྱི་ཐུན་མོང་གི་བསམ་ཚུལ་ཆགས་ཤིང༌། དམངས་གཙོའི་ལམ་ལུགས་དེས་ནུབ་ཕྱོགས་ཀྱི་མང་ཚོགས་ལ་རྒྱ་ནག་གི་གོང་ན་ཡོད་པའི་མཆོག་འཛིན་གྱི་སྣང་བ་ཞིག་སྐྱེས་ཡོད། སྤྱིར་བཏང་གི་ནུབ་ཕྱོགས་པ་ཞིག་ལ་མཚོན་ན། ཆབ་སྲིད་པ་དང་ཡང་ན་ཚོང་གཉེར་བ་ལྟ་བུར་རྒྱ་ནག་གི་ཁེ་ཕན་དང་ཆབ་སྲིད་ཀྱིས་ཚོད་འཛིན་བྱེད་ཐབས་མེད་སྟབས། ཁོང་ཚོས་རྒྱུན་ལྡན་གྱི་འཚོ་བ་དང་རྒྱང་ཐག་རིང་བའི་བོད་ཀྱི་གནད་དོན་ཐད་དབྱེ་ཐག་གཅོད་སྐབས། ལྟ་བའི་རིན་ཐང་གི་ཚོད་འཛིན་བྱེད་ཀྱིན་ཡོད་སྟབས། བོད་འདི་ཉིད་ཁོང་ཚོའི་མིག་ནང་དུ་དེ་སྔ་ནས་རྒྱ་ནག་གིས་བཙན་བཟུང་བྱས་ཡོད་པའི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན། བཽད་ཀྱི་གནད་དོན་དེས་ཕལ་ཆེར་ནུབ་ཕྱོགས་པ་དང་རྒྱ་ནག་གི་རིན་ཐང་གི་མི་མཐུན་ས་ཚང་མ་ཕྱོགས་བསྡུར་བྱེད་ཐུབ་ཀྱི་ཡོད། དེར་བརྟེན། ལུགས་དང་མཐུན་པའི་སྒོ་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་པའི་དམིགས་འབེན་ཆེས་ཡག་ཤོས་དེ་ཆགས་ཡོད། རྒྱ་ནག་པས་དེ་ལ་རྒྱུས་ལོན་བྱེད་ཐབས་མེད་པ་དང་ཁོང་ཁྲོ་ཅི་འདྲ་ཡོད་རུང༌། རྒྱ་ནག་གི་མ་འོངས་པར་ངེས་པར་དུ་གདོང་གཏུག་བྱེད་དགོས་པའི་དངོས་ཡོད་གནས་ཚུལ་ཞིག་ཆགས་ཡོད་པ་རེད།
དེའི་ཐད་ལ་ནུབ་ཕྱོགས་གསར་ལམ་ཁག་གིས་ནུས་པ་ཆེན་པོ་ཐོན་ཡོད། ཕྱོགས་གཅིག་ནས་ཚོང་ར་ཅན་གྱི་གསར་འགྱུར་བརྒྱུད་ལམ་གྱིས་བོད་ཀྱི་གནད་དོན་ཐད་ངེས་པར་དུ་མང་ཚོགས་ཀྱི་བསམ་འདུན་གྱི་རྗེས་འབྲངས་ཏེ་ཕྱོགས་གཅིག་ཏུ་འགྱེལ་བ་དེར་ཡ་མཚན་བྱེད་དགོས་གང་ཡང་མེད། ཕྱོགས་གཞན་ཞིག་ནས་མང་ཚོགས་དང་གསར་འགྱུར་བརྒྱུད་ལམ་ཚད་མཐོ་ས་ནས་གཅིག་མཐུན་གྱིས་ཕན་ཚུན་ནུས་པ་ཐོན་རེས་བྱེད་སྐབས། ཐལ་དྲགས་པར་ཕྱོགས་པའི་ངོ་བོ་ཞིག་འབྱུང་སྲིད་པ་དང༌། ངས་དེར་བྱབྱཐང་ཆེན་གྱི་ནུས་པ་བྱབྱཞེས་འབོད་ཀྱི་ཡོད། དཔེར་ན་གྷི་རིས་སི་རྒྱལ་ཕྲན་གྱིས་ཐང་ཆེན་ཐོག་དམངས་གཙོ་བྱེད་སྐབས། འགྲན་བསྡུར་བྱེད་མཁན་གྱིས་མང་ཚོགས་ཀྱི་དགའ་སྣང་ཚད་མེད་སྐུལ་སློང་བྱེད་ཐུབ་ཡོད་པའི་རྣམ་པ་དེ་རྒྱལ་ཁར་བགྲངས་པ་ཇི་བཞིན། མང་ཚོགས་ཀྱིས་ལག་པ་བརྡབས་པ་དང་མི་འདོད་པའི་སྐད་འབོད་བྱེད་ཐབས་ཀྱིས་རྒྱབ་སྐྱོར་རམ་ཡང་ན་ངོ་རྒོལ་གྱི་རྣམ་འགྱུར་སྟོན་གྱི་ཡོད། དེང་སང་གི་མང་ཚོགས་རྣམས་གསར་འགྱུར་བརྒྱུད་ལམ་དང་དེང་རབས་བརྡ་འཕྲིན་ལག་རྩལ་གྱིས་ཕན་ཚུན་བར་སྦྲེལ་ཏེ་ཚད་མེད་པའི་སྒོ་ནས་མུ་མཐུད་དུ་རྒྱ་བསྐྱེད་བྱེད་ཐུབ་པའི་ཐང་ཆེན་ཞིག་བཟོས་པ་དང་ཡོངས་སུ་མཚུངས། གསར་འགྱུར་བརྒྱུད་ལམ་དང་མང་ཚོགས་ཀྱིས་ཕན་ཚུན་སྐུལ་མ་བཏང་སྟེ། གནའ་བོའི་ཐང་ཆེན་ལས་ཀྱང་ཆེ་བའི་མང་ཚོགས་ཀྱི་ནུས་པ་བཏོན་ནས་བསམ་ཚུལ་མྱུར་དུ་སྤྱི་ཚོགས་ཡོངས་སུ་ཁྱབ་འགོས་བྱེད་ཐུབ།
གཞི་རྒྱ་ཆེ་བའི་མང་ཚོགས་ཀྱིས་ཕན་ཚུན་བར་ལ་བསམ་ཚུལ་བརྗེ་རེས་ལྷུག་པོར་བྱེད་མི་ཐུབ་ལ། གཏིང་ཟབ་པོའི་སྒོ་ནས་བསམ་བློའང་གཏོང་མི་ཐུབ། ཁོ་ཚོས་ཐ་སྙད་ལས་སླ་བ་རེར་བརྟེན་ནས་ཐུན་མོང་གི་ལྟ་ཚུལ་ཞིག་གྲུབ་སྟེ། མཇུག་བསྡོམས་གསལ་བོར་བཟོས་ཏེ་ཡིན་མིན་ཚིག་ཐག་གཅོད་ཀྱི་ཡོད། བོད་རང་བཙན་ལ་ནུབ་ཕྱོགས་སུ་ཐོག་མ་ནས་དམངས་སེམས་ཀྱི་རྒྱབ་སྐྱོར་ཆེན་པོ་ཡོད། ཐེངས་འདིའི་བོད་ཀྱི་དོན་རྐྱེན་ཁྲོད་དུ་གྲུབ་པའི་རྒྱ་ནག་དང་ནུབ་ཕྱོགས་སྒར་ཁ་ལྟ་བུའི་ཕན་ཚུན་ཁ་གཏད་ལངས་པ་དང༌། རྒྱ་ནག་གི་མང་ཚོགས་ཀྱིས་ནུབ་ཕྱོགས་ལ་རྒོལ་པའི་རྣམ་འགྱུར་འཛིན་སྟངས་དང་ནུབ་ཕྱོགས་གསར་འགྱུར་བརྒྱུད་ལམ་ཐོག་ཕྱོགས་ཡོངས་ནས་རྒོལ་བ་དེས་སྔར་ལས་ལྷག་པར་ནུབ་ཕྱོགས་སྤྱི་ཚོགས་ཀྱི་བོད་ཀྱི་གནད་དོན་ཐོག་གི་བྱབྱཐང་ཆེན་གྱི་ནུས་པར་བྱབྱཤུགས་སྣོན་བརྒྱབ་ཡོད། ཚོང་རའི་དཔལ་འབྱོར་འགྲན་རྩོད་ཀྱིས་ནུབ་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་གྱིས་མང་ཚོགས་ཀྱི་དོ་སྣང་བྱེད་ཡུལ་ལ་ནན་མོར་ལྟ་དགོས་པའི་སྐུལ་མ་བཏང་ཡོད། དེའི་སྟབས་ཀྱིས་དེང་ཕྱིན་ཆད་དུས་ནམ་ཡང་བོད་དེ་གཙོ་བོར་བཟུང་སྟེ། དེ་དང་འབྲེལ་བ་ཡོད་པའི་དོན་དག་ཆེ་ཕྲ་ཆུང་གསུམ་འཛིན་ཐུབ་པའི་འབད་བརྩོན་བྱེད་ངེས་ཡིན་ལ། ལྷག་པར་དུ་བོད་མིའི་ངོ་རྒོལ་དང་རྒྱ་ནག་གི་དྲག་གནོན། དེས་མི་ཚད་གཉའ་གནོན་དང་ཁྲག་བཞུར་བ་ཐམས་ཅད་རྒྱ་བསྐྱེད་དེ་ནུབ་ཕྱོགས་ཀྱི་མང་ཚོགས་མདུན་བཤམས་ངེས་ཡིན། འབྲས་བུ་དེས་ཕྱིར་འཁོར་ནས་བྱབྱཐང་ཆེན་གྱི་ནུས་པར་བྱབྱསྟོབས་ཤུགས་སྦྱིན་ཏེ། ནུབ་ཕྱོགས་དམངས་སེམས་ཀྱིས་སྔར་ལྷག་གིས་བོད་རང་བཙན་རྩོད་ལེན་ལ་རྒྱབ་སྐྱོར་བྱེད་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན། ད་ལྟའི་འཛམ་གླིང་ཐོག་མི་རིགས་ཀྱི་གནད་དོན་ཚང་མའི་ཁྲོད་དུ། ནུབ་ཕྱོགས་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་ཆེ་ཤོས་དེ་བོད་པ་ཆགས་ཡོད་ལ། བོད་ཀྱི་རང་དབང་དེ་ནུབ་ཕྱོགས་སྤྱི་ཚོགས་ཀྱི་ཆབ་སྲིད་ཡང་དག་ཅིག་ཆགས་ཡོད་པའི་དུས་མཚུངས་སུ་སྟོབས་ཤུགས་སྣ་ཚོགས་ཀྱྀས་འཕྲོག་རྩོད་དང་བེད་སྤྱོད་བྱེད་པའི་བཙན་ས་ལྟ་བུར་གྱུར་ཡོད་ཅེས་ཀྱང་བརྗོད་ཆོག
༣། ནུབ་ཕྱོགས་སྲིད་གཞུང་གི་བསམ་གཞིགས།
གལ་སྲིད་རྒྱ་ནག་དང་ཁ་གཏད་ལངས་མཁན་ནི་ནུབ་ཕྱོགས་ཀྱི་མང་ཚོགས་དང་གསར་འགྱུར་བརྒྱུད་ལམ་ཁོ་ན་ཙམ་ཡིན་ན། དབང་ཤུགས་ཁོ་ནར་དོ་སྣང་བྱེད་འདོད་ཀྱི་རྒྱ་ནག་སྲིད་གཞུང་གིས་སྐད་ཅོར་ལྟ་བུར་རྩིས་ནས་སྣང་མེད་བྱེད་ཆོག འོན་ཀྱང་རྒྱ་ནག་སྲིད་གཞུང་གི་དོ་སྣང་བྱེད་ཡུལ་ནུབ་ཕྱོགས་ཀྱི་དབང་འཛིན་པ་ནི་མང་ཚོགས་ཀྱི་འོས་ཤོག་ལ་བརྟེན་ནས་ད་གཟོད་གོ་གནས་ཐོག་སླེབས་ཐུབ་ཀྱིན་ཡོད་སྟབས། ཁོང་ཚོར་འོས་ཤོག་ཐོབ་དགོས་ན། ཐོག་མར་མི་དམངས་ཚོར་འདོད་པ་གང་ཡོད་དང་བསྟུན་དགོས་ཆགས་ཡོད། དེ་བས་མཐར་དམངས་ཁྲོད་ཀྱི་བྱབྱཐང་ཆེན་ནུས་པའི་བྱབྱདབང་དུ་འགྲོ་རྒྱུ་ཡིན། འདི་ནི་ནུབ་ཕྱོགས་དམངས་གཙོའི་ལམ་ལུགས་ཀྱི་གཞི་རྩའི་རྣམ་པ་ཞིག་ཡིན་ལ། ངོ་བོའི་ཐོག་ནས་འགྱུར་བ་གཏོང་ཐབས་མེད། ནུབ་ཕྱོགས་དང་གདོང་ཐུག་སྐབས། རྒྱལ་ནག་སྲིད་གཞུང་གིས་མང་ཚོགས་ཀྱི་རྣམ་འགྱུར་འཛིན་སྟངས་འགྱུར་བ་གཏོང་དགོས་ཞེས་རེ་བ་འདོན་ཐབས་མེད་ལ། གསར་འགྱུར་བརྒྱུད་ལམ་གྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་ཞེས་ཀྱང་བརྗོད་ཐབས་མེད། དེ་འདྲ་བྱས་ན་ཞེན་ལོག་དང་ཁ་གཏད། འཕྱ་སྨོད་ལས་གཞན་ཐོབ་རྒྱུ་མེད། རྒྱ་ནག་སྲིད་གཞུང་གིས་སྒྲུབ་ཐུབ་པ་ནི་ཚོང་ཕྱོགས་ཀྱི་ཁེ་ཕན་གྱིས་ནུབ་ཕྱོགས་སྲིད་གཞུང་ལ་བསླུ་འབྲིད་དང་ཡང་ན་འཇིགས་སྣང་ཙམ་བསྐུལ་ཏེ། ཆབ་སྲིད་པ་ཚོར་རྒྱ་ནག་གི་ལངས་ཕྱོགས་དང་ལེན་བྱེད་པར་གནོན་ཤུགས་སྤྲད་རྒྱུ་དེ་རེད། ཡིན་ནའང་ནུབ་ཕྱོགས་ཀྱི་ཆབ་སྲིད་པ་ཚོས་དུས་ཐུང་ནང་རྒྱ་ནག་ལ་བསྟུན་ཤེས་བྱེད་སྲིད་ཀྱང༌། འོན་ཀྱང་རྒྱ་ནག་སྲིད་གཞུང་བཞིན་དུ་རང་གི་མང་ཚོགས་དང་གསར་འགྱུར་བརྒྱུད་ལམ་ཁག་ལ་ཚད་བཀག་བྱེད་ཐབས་མེད། དེ་ལས་ལྡོག་སྟེ། ཁོང་ཚོ་མཐར་ཐུག་རང་གི་རྒྱལ་ཁབ་ཀྱི་མང་ཚོགས་དང་གསར་འགྱུར་བརྒྱུད་ལམ་གྱིས་ཐག་གཅོད་བྱེད་རྒྱུ་ཡིན་སྟབས། དུས་ནམ་ཞིག་གོ་སྐབས་བྱུང་ན། བོད་རང་བཙན་ལ་རྒྱབ་སྐྱོར་གྱི་ཕྱོགས་སུ་འཚང་ཁ་ཤིགཤིག་གིས་ལངས་ངེས་ཡིན།
དེ་རིང་སྲིད་གཞུང་སུས་ཀྱང་བོད་རང་བཙན་ཁས་ལེན་བྱས་མེད་རུང༌། ཡིན་ནའང་སྲིད་གཞུང་གི་རྣམ་འགྱུར་འཛིན་སྟངས་དུས་ནམ་ཡང་འགྱུར་བ་གཏོང་ཆོག་ཆོག་ཡིན། དམངས་ཁྲོད་ཀྱི་བྱབྱཐང་ཆེན་ནུས་པས་བྱབྱསྐུལ་སྤེལ་བྱེད་རྒྱུ་ནི་དེའི་ནང་གི་རྒྱུ་རྐྱེན་གཅིག་རེད། ནུབ་ཕྱོགས་སྲིད་གཞུང་གི་བོད་རང་བཙན་ལ་ད་དུང་བསམ་གཞིགས་གཞན་ཞིག་ཀྱང་ཡོད། དྲུག་བཞིའི་སྐབས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་རྒྱ་ནག་ལ་མཉམ་འབྲེལ་གྱིས་བཀག་སྡོམ་ཞིག་བྱས་ཡོད་རུང༌། ཡིན་ནའང་དེ་ནི་རྒྱ་ནག་སྲིད་གཞུང་ཁོ་ནར་དམིགས་ཡོད་པ་ཙམ་ལས། རྒྱ་ནག་མང་ཚོགས་ཀྱིས་དམངས་གཙོའི་བརྩོན་ལེན་ཐད་ལ་རེ་བ་བཅངས་ཡོད། དེ་རྗེས་ར་ཤི་ཡ་དང་ཤར་ཡོ་རོབ་ཀྱི་འཕོ་འགྱུར་དེས་ནུབ་ཕྱོགས་ལ་ཡིད་ཆེས་དང་བཟོད་སྒོམ་སྤྲད་ཡོད། ཏིང་ཞའོ་ཕིང་གིས་རྒྱ་ནག་གི་དཔལ་འབྱོར་མ་རྩ་རིང་ལུགས་ཀྱི་ལམ་ཁར་སྐུལ་འདེད་བྱས་ཡོད་པ་དེས། ནུབ་ཕྱོགས་པས་སྔར་བས་ཀྱང་རྒྱ་ནག་གི་དཔལ་འབྱོར་ལ་འགྱུར་བ་འགྲོ་བ་དང་ཆབས་ཅིག་ཆབ་སྲིད་ལ་འགྱུར་བ་འགྲོ་རྒྱུ་ཡིན་པར་ཡིད་ཆེས་བྱས་ཡོད། འོན་ཀྱང་ཐེངས་འདིའི་བོད་ཀྱི་དོན་རྐྱེན་གྱིས་རེ་བ་དེའི་རིགས་ནི་བསམ་པའི་འཕྲུལ་སྣང་ཙམ་ཡིན་པ་དངོས་ར་འཕྲོད་ཡོད། རྒྱ་ནག་མ་རྩ་རིང་ལུགས་ཀྱི་འཕེལ་རིམ་དང་མཉམ་དུ་ནུབ་ཕྱོགས་ཀྱི་དཔུང་ཚོགས་སུ་འདྲེས་མེད་པས། དེ་ལས་ལྡོག་སྟེ་དཔལ་འབྱོར་གོང་འཕེལ་སོང་བ་དང་ཆབས་ཅིག འཇིགས་སྐུལ་རང་བཞིན་སྔར་བས་ཆེར་ཆགས་ཡོད། རྒྱ་ནག་སྲིད་གཞུང་གིས་ཏིང་ཞོ་ཕིང་གི་བྱབྱཉམས་དམའ་མོའི་སྒོ་ནས་རང་སྟོབས་སྤེལ་ཐབས་བྱབྱམར་གཡུགས་ཏེ། ཤུགས་ཆེན་པོས་རང་སྟོབས་ངོམ་པ་དང༌། ངར་ཞིང་མཁྲེགས་པོ། མང་ཚོགས་བཀོལ་འདོམས་ཀྱི་ཕྱོགས་ཕྱིར་མངོན་ཐབས་བྱས་ཡོད། ཉུང་མཐར་ནུབ་ཕྱོགས་པའི་མིག་ནང་དུ་རྒྱ་ནག་གི་མང་ཚོགས་དེ་དམངས་གཙོའི་སྟོབས་ཤུགས་ཤིག་ཆགས་མེད་པར་མ་ཟད། དེ་ལས་ལྡོག་སྟེ། སྒེར་གཅོད་སྲིད་གཞུང་དང་མཉམ་འབྲེལ་བྱས་ཡོད། ནང་ཁུལ་ནས་མི་རིགས་ཉམ་ཆུང་ལ་གཉའ་གནོན་དང༌། ཕྱི་ཕྱོགས་སུ་དམངས་གཙོའི་སྤྱི་ཚོགས་ལ་དགྲར་འཛིན་བྱས་ཡོད། འདི་འདྲའི་རྒྱ་ནག་ནི་མགོ་ནས་མཇུག་བར་ཧཕ་ཤི་སི་བཙན་རྒྱལ་གྱི་རྣམ་པ་གསར་བ་ཞིག་རེད། བྱ་སྤྱོད་དེས་ནུབ་ཕྱོགས་ཀྱི་ཆབ་སྲིད་པར་དངངས་སྐྲག་བཟོས་ཏེ། མ་འོངས་པར་གལ་སྲིད་རྒྱ་ནག་མུ་མཐུད་དེ་འདི་བཞིན་གོང་འཕེལ་འགྲོ་བཅུག་ཚེ། ཉིན་ཞིག་འཛམ་གླིང་གི་ཞི་བདེ་ལའང་འཇིགས་སྣང་བཟོས་མི་ཡོང་ངམ་སྙམ་པའི་དོགས་སློང་བྱེད་ཀྱིན་ཡོད།
དམངས་གཙོ་དང་རང་དབང༌། ཞི་བདེ་སོགས་ཀྱི་ཕྱི་ཚུལ་འོག ནུབ་ཕྱོགས་ཀྱིས་རྒྱ་ནག་ལ་མི་དགའ་བ་དེ་རང་ཉིད་ཀྱི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཆགས་ཡོད། དཔེར་ན། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དམའ་མོ་དང་ཁོར་ཡུག་ལ་གནོད་སྐྱོན་གྱི་རིན་ཐང་གིས་རྒྱལ་སྤྱིའི་མ་རྩ་ནང་འདྲེན་བྱས་ཏཻ། རིན་གོང་ཆུང་བའི་ཐོན་རྫས་མང་པོ་བཟོས་ནས་རྒྱལ་སྤྱིའི་ཚོང་རར་རྡབ་གསིག་བཏང་ཡོད་པ་དང༌། ནུབ་ཕྱོགས་རྒྱལ་ཁབ་ཀྱི་ལོ་ངོ་བརྒྱ་ཕྲག་རིང་དཀའ་ལས་བརྒྱབ་སྟེ་གྲུབ་ཡོད་པའི་ངལ་རྩོལ་བ་དང་མ་རྩ་ཅན་དབར་གྱི་འབྲེལ་བ་དང་ཕན་བདེའི་ལམ་ལུགས། ཚོང་རའི་སྒྲིག་གཞི་ལ་གནོད་སྐྱོན་བཏང་ཡོད། རྒྱ་ནག་གི་དཔལ་འབྱོར་གྱིས་ཐོན་ཁུངས་ཧམ་འཐུང་ཚད་མེད་བྱས་པ་དེས་གོ་ལ་ཧྲིལ་པོའི་སྐྱེ་དངོས་ལ་ཉེན་ཁ་འཕྲད་བཞིན་པ་དེར་མུ་གེའི་ཐོག་ལ་ཟླ་ལྷག་གི་ནུས་པ་ཐོན་ཡོད། རྒྱ་ནག་གིས་ཉིན་བཞིན་འཁྲུག་པོའི་སྒོ་ནས་ཐོན་ཁུངས་རྩོད་འཕྲོག་གི་གྲས་ལ་ཞུགས་ཏེ། གོ་ལ་ཧྲིལ་པོའི་ཕྱོགས་གང་ས་ནས་ནུབ་ཕྱོགས་དང་འགྲན་རྩོད་བྱས་པ་དེས། ཐོན་ཁུངས་རྣམས་ཟད་མཐར་སླེབས་ཤིང༌། རིན་གོང་འཕར་ཤུགས་ཆེ་རུ་འགྲོ་བཅུག་ཡོད། གཞན་ཡང་དེ་ལས་གཏིང་ཟབ་པ་ཞིག་ནི། ཅོག་ཙེའི་ཐོག་ལ་མི་འཇོག་ཀྱང་ཧ་ཅང་གལ་ཆེན་པོས་སེམས་ཁྲལ་ཞིག་ཡོད་པ་ནི། གལ་སྲིད་རྒྱ་ནག་ནུབ་ཕྱོགས་དང་ཧ་ལམ་འདྲ་མཚུངས་ཀྱི་འཛད་སྤྱོད་ཆུ་ཚད་ལ་སླེབས་ན། སྐྱེ་དངོས་རྫོགས་ལ་ཉེ་བའི་འཛམ་གླིང་འདིར་གང་འདྲ་ཞིག་ཆགས་ཡོང་ངམ། ནུབ་ཕྱོགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱིས་རང་གི་རྒྱལ་ཁབ་ཀྱི་འཛད་སྤྱོད་དམའ་རུ་བཏང་སྟེ་རྫོགས་ལ་ཉེ་བའི་སྐྱེ་དངོས་རྣམས་སྐྱོབ་ཐབས་མེད་སྟབས། རྒྱལ་ཁབ་གཞན་དང་ལྷག་པར་དུ་རྒྱ་ནག་ལྟ་བུའི་མི་འབོར་མང་པོ་ཡོད་པའི་རྒྱལ་ཁབ་ཀྱི་འཛད་སྤྱོད་འཕར་ཚད་ཐད་ཚད་བཀག་བྱེད་དགོས་ཆགས་ཡོད། འདིའི་ནང་དུ་མངོན་གསལ་དོད་པོའི་བཙན་དབང་རིང་ལུགས་དང་འགྲོ་བ་མིའི་ཐོབ་ཐང་འདྲ་མཉམ་མིན་པ་ཚུད་ཡོད་ལ། ནུབ་ཕྱོགས་སྲིད་གཞུང་གིས་རྒྱ་ནག་ཐད་སྲིད་ཇུས་གཏན་འབེབས་བྱེད་སྐབས་ཀྱི་མི་མངོན་པའི་གཞི་འཛིན་ས་ཞིག་ཏུ་འགྱུར་མི་སྲིད་ཅེས་བརྗོད་ག་ལ་ནུས།
གོང་གསལ་ཅོག་ཙེ་ཐོག་དང་ཅོག་ཙེ་འོག་གི་བསམ་གཞིགས་ཆེད་དུ། རྒྱ་ནག་གི་ནུས་ཤུགས་ཇེ་ཞན་དུ་གཏོང་ཐབས་དང་རྒྱ་ནག་གི་བསྟུད་མར་འགྲོ་བཞིན་པའི་འཕེལ་རྒྱས་ཚད་བཀག་བྱེད་རྒྱུ་དེ་ཉིན་ཞིག་ནུབ་ཕྱོགས་རྒྱལ་ཁབ་ཐུན་མོང་གི་བསམ་ཚུལ་ཆགས་སྲིད། དམིགས་ཡུལ་འདི་འགྲུབ་པ་ལ། རྒྱ་ནག་གི་ལྷུ་ལག་གཏོར་དགོས། ལྷུ་ལག་གཏོར་རྗེས་སུ་ནང་ཁུལ་འཁྲུག་རྩོད་དང་ཕན་ཚུན་ཚོད་འཛིན་གྱི་ནང་ལྷུང་སྟེ་ཕྱིར་འཐེན་བྱེད་མི་ཐུབ་པ་བཟོ་རྒྱུ་ཡིན་ལ། རྒྱ་ནག་གི་ཡར་རྒྱས་ཆེན་པོར་མཁོ་བའི་ཐོན་ཁུངས་དང་བར་སྣང་ཡང་ཤོར་རྒྱུ་རེད། འདི་ནི་ཐབ་ནང་ནས་མེ་ཕྱིར་འཐེན་པ་ལྟ་བུའི་རྩ་བ་ནས་གནད་དོན་ཐག་གཅོད་བྱེད་ཐབས་ཤིག་རེད། གལ་སྲིད་མིང་དོན་མཐུན་པའི་ཁ་གཡར་ས་ཞིག་རྙེད་ཚེ། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་དགའ་མགུའི་ངང་ངོས་ལེན་བྱེད་འདོད་པའི་ཐུན་མོང་གི་བཀོད་སྒྲིག་ཅིག་ཆགས་སྲིད། འོན་ཀྱང་ཁ་གཡར་ས་གང་འདྲ་ཞིག་ཡིན་རུང་བཙན་རྒྱལ་རིང་ལུགས་དང་མི་སེར་སྤེལ་བའི་རིང་ལུགས་ལ་ངོ་རྒོལ་བྱེད་པའི་མིང་ཐོག་ནས་བོད་ཀྱི་རང་བཙན་ལ་སྔར་ལས་ལྷག་པའི་མིང་དོན་ཚང་བའི་སྐུལ་འདེད་ཅིག་ཏུ་འགྱུར་རྒྱུ་མ་རེད་དམ། བོད་རང་བཙན་གྱིས་གཅིག་རྗེས་གཉིས་མཐུད་ཀྱིས་ཤིན་ཅང་དང༌། ཐ་ན་རྒྱ་ནག་གི་མི་རིགས་ས་ཁུལ་དེ་ལས་མང་བ་རང་བཙན་དུ་སྣེ་འཁྲིད་བྱེད་ངེས་ཡིན། ཤེས་དགོས་པ་ཤིག་ལ་བོད་དང་ཤིན་ཅང་ས་ཁུལ་ཁོ་ན་ཤོར་བ་ཙམ་གྱིས་ཀྱང་རྒྱ་ནག་གི་མངའ་ཁོངས་ཀྱི་བརྒྱ་ཆའི་༤༠ ས་ཁྱོན་ཤོར་གྱི་ཡོད་པ་དང༌། དེས་རྒྱ་ནག་སྔར་ལས་ཐག་རིང་བའི་ཡོ་རོབ་དང་ཨེ་ཤ་ཡའི་སྐམ་སའི་ཟུར་ཞིག་ཏུ་འཇོག་ངེས་ཡིན། རྒྱ་ནག་གི་ལྷུ་ལག་གཏོར་ཐབས་འདིའི་རིགས་ལ་སྐྱོན་བརྗོད་བྱེད་མི་སྲིད་པར་མ་ཟད། ད་དུང་བཅིངས་འགྲོལ་གཏོང་མཁན་གྱི་གཟེངས་རྟགས་ཞྭ་མོ་ཡང་འབུལ་རྒྱུ་རེད། དེར་བརྟེན་མིག་སྔར་བལྟས་བ་ཙམ་གྱིས་སེམས་ཆུང་བྱས་ཏེ་རྒྱ་ནག་ལ་ཐད་ཀར་ཕོག་ཐུག་གཏོང་གི་མེད་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྲིད་གཞུང་རྣམས་ལ། གལ་སྲིད་ལོ་རྒྱུས་འཕེལ་རིམ་ལ་མཐའ་མའི་ཆ་རྐྱེན་ཞིག་བསྐྲུན་ཐུབ་ཚེ། རྒྱ་ནག་ནང་འཁྲུག་ནང་ལྷུང་བ་ཡིན་ན། དུས་ཚོད་ཐུང་ཐུང་ཞིག་གི་ནང་བོད་རང་བཙན་ལ་རྒྱབ་སྐྱོར་གྱི་ལམ་ཁའི་ཐོག་འགྱུར་བ་ཐེབས་ངེས་ཡིན།
༤། རྒྱ་ནག་ནང་འཁྲུག་ཏུ་ལྷུང་རྒྱུ་དེ་ལས་གཡོལ་ཐབས་མེད།
འོ་ན། དེ་རིང་བལྟས་པ་ཙམ་གྱིས་སྟོབས་ཆེན་དང༌། འབྱོར་ཤུགས་མུ་མཐུད་གོང་ནས་གོང་དུ་འཕེལ་བཞིན་པའི་རྒྱ་ནག་འདི་ཉིན་ཞིག་ནང་འཁྲུག་ནང་ལྷུང་སྲིད་དམ་ཞེ་ན། མིག་སྔར་རྒྱ་ནག་གི་གནས་བབ་ལ་གདེང་འཇོག་བྱེད་སྟངས་ཤིག་ནི། འདི་འདྲ་བའི་གནས་བབ་བཟང་བོ་ཞིག་དེ་སྔ་མཐོང་མྱོང་མེད་ལ། འདི་འདྲ་བའི་ཐབས་སྡུག་ཅིག་ཀྱང་དེ་སྔ་མཐོང་མྱོང་མེད་པར་བརྗོད། ཡིན་ནའང་མི་མང་ཆེ་བས་མཐོང་ཡོད་པ་ནི་སྔར་བྱུང་མྱོང་མེད་པའི་རྒྱ་ནག་གི་བཟང་ཕྱོགས་ཙམ་མ་གཏོགས། སྔར་བྱུང་མ་མྱོང་བའི་ངན་ཕྱོགས་རྣམས་མཐོང་ལམ་དུ་ཚུད་མེད། འོན་ཀྱང་བཟང་ངན་གཉིས་ཀྱི་བར་ན་སྐུད་པ་ལྟ་བུའི་ཁྱད་པར་ཕྲ་མོ་ཙམ་ལས་མེད། གཅིག་བྱས་ན་མི་རྣམས་ལ་ཚོར་སྣང་ཅི་ཡང་མེད་པའི་སྐབས་ཤིག་ཏུ། སྔར་བྱུང་མྱོང་མེད་པའི་ངན་གྱི་ཕྱོགས་རྣམས་གློ་བུར་ཆུ་ངོས་སུ་ཐོན་ཏེ། བྱ་ལོང་བྱེད་ལོང་མེད་པའི་སྐབས་སུ་ཆག་སྒོ་ཆེན་པོ་བཟོ་རྒྱུ་རེད། ཐེངས་འདིའི་བོད་ཀྱི་དོན་རྐྱེན་བྱུང་བ་དེའི་རྒྱུ་རྐྱེན་ཞིག་ནི་སྔར་བྱུང་མྱོང་མེད་པའི་བྱབྱབཟང་བྱབྱཕྱོགས་དེ་ལས་བྱུང་བ་རེད་ཅེས་ཀྱང་བརྗོད་ཆོག
དོན་དངོས་ཐོག དེང་སང་རྒྱ་ནག་གི་བཟང་ཕྱོགས་དེ་ནི། མཐིལ་བརྟོལ་ནས་བཤད་ན་དཔལ་འབྱོར་གོང་འཕེལ་གྱི་ཚད་མགྱོགས་པ་ཁོ་ན་ཙམ་རེད། གོང་འཕེལ་གྱི་ཚད་མགྱོགས་པོ་འདི་རིགས་ཀྱི་སྐྱིན་ཚབ་ཏུ་མ་འོངས་པའི་དུས་སུ་ལྡབ་འགྱུར་གྱིས་ལོན་འཇལ་དགོས་པ་སྨོས་མེད་ཀྱང༌། རྒྱུན་ཤེས་ཐོག་ནས་ཀྱང་འཛམ་གླིང་གི་དཔལ་འབྱོར་གང་འདྲ་ཞིག་ཡིན་ཡང༌། གོང་ནས་གོང་དུ་འཕེལ་བའི་མགྱོགས་ཚད་ལ་འགྱུར་བ་མེད་པ་ཞིག་ག་ལ་ཡིན། རྒྱ་ནག་གི་དཔལ་འབྱོར་ཁྲོད་དུ་མི་མངོན་པའི་རྐྱེན་ངན་མང་པོ་ཞིག་ཡིབ་ཡོད་པ་དང༌། དཀའ་སྡུག་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་ཡོད། སྔ་ཕྱི་མ་གཏོགས་ཉེན་ཚབས་ཆེན་པོ་ཞིག་དུས་བཀག་མ་བྱས་ཀྱང་ངང་གིས་སླེབས་ངེས་ཡིན། སྐབས་དེར་སླེབས་དུས། མ་གཞི་ནས་དཔལ་འབྱོར་གོང་འཕེལ་མགྱོགས་ཚད་ཀྱིས་བཀབ་ཡོད་པའི་སྤྱི་ཚོགས་དང་ཆབ་སྲིད་ཕྱོགས་གཉིས་ཀྱི་ཉེན་ཁ་བསྟུད་མར་ཡོང་རྒྱུ་ཡིན། ཉེན་ཁ་དེ་གསུམ་ཕྱོགས་གཅིག་ཏུ་སྦྲེལ་ཚེ། སྲིད་དབང་འཐོར་ཞིག་ཏུ་འགྲོ་རྒྱུ་དང༌། འཛིན་སྐྱོང་བྱེད་མཁན་མེད་པའི་མགོ་མེད་ལུས་མེད་ཀྱི་གནས་སྟངས་དང་སྤྱི་ཚོགས་ཟིང་འཁྲུག་སོགས་རབས་དང་རིམ་པའི་མཇུག་འབྲས་སྣ་ཚོགས་ཤིག་འབྱུང་རྒྱུ་ཡིན།
མིག་སྔར། རྒྱ་ནག་གི་སྲིད་དབང་ལ་འགྲན་སློང་བྱེད་མཁན་གྱི་སྟོབས་ཤུགས་མཐོང་རྒྱུ་མེད་པའི་རྐྱེན་གྱིས། མི་རྣམས་ཀྱིས་རྒྱ་ནག་གིས་འདི་བཞིན་མུ་མཐུད་དུ་དབང་སྒྱུར་བྱེད་རྒྱུ་ཡིན་པར་འདོད་ཡོད། ཡིན་ནའང་འཕོ་འགྱུར་ཆེན་པོ་ཞིག་ནི་ངེས་པར་དུ་སྟོབས་ཤུགས་ཆེན་པོ་ཞིག་དང་དོན་རྐྱེན་ཆེན་པོ་ཞིག་ནས་ཐོན་དགོས་པའི་ངེས་པ་མེད། ཕྲ་མོ་ཙམ་གྱི་གསོག་ཉར་ལས་ཀྱང་གཅིག་མཚུངས་ཀྱི་རྩ་འཐོར་དུ་འགྲོ་བའི་ནུས་པ་ཐོན་ཐུབ། འདི་ལྟ་བུའི་ཞིབ་འཇུག་ཞིག་ནང༌། བྱེ་མ་རྡོག་རེ་རེ་བཞིན་ཟག་ཏུ་བཅུག་ན་རིམ་གྱིས་བྱེ་ཕུང་ཞིག་འགྲུུབ་རྒྱུ་ཡིན་པ་དང༌། དུས་མཉམ་དུ་བྱེ་མ་རྡོག་རེ་རེས་བྱེ་མ་ག་ཚོད་ཅིག་འགུལ་སྐྱོད་བྱེད་ཐུབ་ཀྱི་ཡོད་མེད་ཞིབ་ཚགས་པོས་རྩིས་ཤིག་བརྒྱབ་ན། ཐོག་མའི་དུས་སུ་མར་ཟགས་པའི་བྱེ་མ་རྡོག་གཅིག་གིས་བྱེ་ཕུང་ཁྱོན་ཡོངས་ལ་ཤུགས་རྐྱེན་ཆུང་ཆུང་ཞིག་མ་གཏོགས་ཐེབས་ཀྱི་མེད། ཡིན་ནའང་བྱེ་ཕུང་གི་མཐོ་ཚད་ཀྱི་ཚད་ངེས་ཅན་ཞིག་ལ་སླེབས་ན་མར་ཟགས་པའི་བྱེ་མ་རྡོག་ཆུང་ངུ་གཅིག་གི་ནུས་ཤུགས་ཀྱིས་ཀྱང་བྱེ་ཕུང་ཡོངས་རྫོགས་མར་ཞིག་ཐུབ་པའི་ནུས་པ་འདོན་ཐུབ། འདི་ལྟ་བུའི་རིགས་ལ་མི་རྣམས་ཀྱིས་ནམ་རྒྱུན་ཏུ་འཐོར་བཤིག་ཅེས་རྗོད་ཀྱིན་ཡོད།
ནུབ་ཕྱོགས་ཀྱི་ཁ་དཔེ་ཞིག་ཏུ། རྟའི་རྨིག་ལྕགས་ཆད་ནས་རྟ་ས་ལ་འགྱེལ། དམག་དཔོན་རྨས་ཏེ་དམག་འཁྲུག་ཤོར་ཅིང་རྒྱལ་ཁབ་བསྣུབས་པར་བརྗོད། རྒྱལ་ཁབ་དེ་རྟའི་རྨིག་ལྕགས་ཆད་པ་ཙམ་གྱིས་བསྣུབས་པ་མིན་ཡང༌། བྱེ་ཕུང་རིགས་པའི་གཞུང་ལུགས་ཀྱིས་འགྲེལ་བརྗོད་བྱས་ན། རྒྱལ་ཁབ་དེའི་ནང་ཁུལ་གྱི་ཉེན་ཁ་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་པ་དང༌། རྟའི་རྨིག་ལྕགས་ཆད་པ་དེ་ནི་རྒྱལ་ཁབ་བསྣུབ་བྱེད་ཀྱི་ཆེས་མཇུག་ཏུ་ཟགས་ཡོད་པའི་བྱེ་མ་རྡོག་གཅིག་གིས་ཐོན་ཡོད་པའི་ནུས་པ་ཇི་བཞིན་དུ། རྒྱ་ནག་ཀྱང་བྱེ་ཕུང་དེ་དང་གཅིག་མཚུངས་རེད། འགྱུར་བ་སྣ་ཚོགས་དང་ཤུགས་རྐྱེན་འདྲ་མིན་རྒྱུན་ཆད་མེད་པར་སྒང་ལ་ཟགས་གསོག་པའི་མཐའ་མར། ཚད་ལས་བརྒལ་ཏེ་བྱེ་ཕུང་འཐོར་ཞིག་ཏུ་འགྲོ་ངེས་ཡིན། རྟའི་རྨིག་ལྕགས་ཙམ་ཡང་༼བརྟན་ལྷིང་མིན་པའི་རྒྱུ་རྐྱེན་༽དུ་གྱུར་སྐབས། སྒེར་གཅོད་སྲིད་དབང་གིས་བཀག་སྡོམ་ཇི་འདྲའི་ནན་མོ་བྱས་ཀྱང༌། འཐོར་ཞིག་ཏུ་འགྲོ་རྒྱུར་སྔོན་འགོག་བྱེད་ཐབས་མེད། གང་ཡིན་ཟེར་ན་རྟའི་རྨིག་ལྕགས་རེ་རེའི་ཐད་ལ་སྲུང་དམག་གཏོང་ཐབས་མེད་པས་རེད།
རྒྱ་ནག་གི་མིག་སྔར་ཆབ་སྲིད་བསྒྱུར་བཅོས་དང་ལེན་མི་བྱེད་པ་དང༌། རྒྱུན་ཆད་མེད་པར་འགལ་ཟླ་ཕུང་གསོག་གི་ལམ་ཆེན་དུ་མུ་མཐུད་དུ་བསྐྱོད་ན། སྔ་ཕྱི་མ་གཏོགས་རྒྱ་ནག་ཕྱོགས་ཡོངས་སུ་གླློ་བུར་གྱི་ཉེན་ཁ་འབྱུང་ངེས་ཡིན། སྒེར་གཅོད་སྲིད་དབང་གི་ཁྱད་ཆོས་ཀྱི་རིགས་ཤིག་ནི་སྔོན་དཔག་བྱེད་དཀའ་བ་དེ་ཡིན། གོ་རིམ་མེད་ལ། གནས་ཚུལ་ལའང་རྒྱུས་ལོན་ཞན་པའི་རྐྱེན་གྱིས། འཕོ་འགྱུར་དེ་དག་ནི་ནམ་འབྱུང་མི་ཤེས་པའི་གློ་བུར་བ་ཞིག་རེད། མི་ག་ཚོད་ཅིག་གིས་སྟོབས་ལྡན་ར་ཤི་ཡ་བཙན་པོའི་རྒྱལ་ཁབ་རྩ་འཐོར་འགྲོ་རྒྱུར་སྔོན་དཔག་བྱེད་ཐུབ་ཡོད་དམ། ཡིན་ནའང་རྒྱལ་ཁབ་དེ་མཚན་གཅིག་གི་དུས་ཡུན་ཁྲོད་ཕྱོགས་སོ་སོར་འཐོར་ཞིག་ཏུ་སོང་ཡོད། བཙན་གནོན་གྱིས་རྩ་འཐོར་དུ་འགྲོ་བའི་དུས་ཡུན་ཅུང་ཙམ་ཕྱིར་འགྱངས་བྱེད་ཐུབ་ཅིང༌། རྒྱུན་ཆད་མེད་པར་བྱེ་ཕུང་མཐའ་སྐོར་ལ་མུ་མཐུད་དུ་བྱེ་མ་རྣམས་ཚད་མེད་ཕུང་གསོག་བྱེད་ཐབས་མེད་པ་ཇི་བཞིན། མཐའ་མཇུག་གི་རྩ་འཐོར་འགྲོ་རྒྱུ་ལས་ལྡོག་ཐབས་མེད། ག་ཚོད་མཐོ་ན་དེ་ཚོད་དུ་བཤིག་ཤུགས་ཆེ། ཉམས་མྱོང་ལས་ཤེས་ཐུབ་པ་ཞིག་ལ། མ་ལག་ཆེན་པོར་རང་ཉིད་སྲུང་སྐྱོབ་ཀྱི་ནུས་པ་ཧ་ཅང་ཆེན་པོ་ཡོད་རུང༌། གལ་སྲིད་འཐོར་ཞིག་ཏུ་སོང་ན་རྩྭ་ཕུང་མེ་ལྕེས་བསྲེགས་པ་དང་ཡོངས་སུ་མཚུངས།
དངོས་གནས་དྲང་གནས་ཀྱི་བརྟན་ལྷིང་སྤྱི་ཚོགས་ལ་སྙོམས་སྒྲིག་གི་ལམ་སྲོལ་མང་པོ་ལྡན་དགོས། སྲིད་དབང་མ་གཏོགས། གཞན་ད་དུང་ཀུན་སྤྱོད་དང་མི་ཆོས། ཁྲིམས་སྐྱོང༌། འཐུས་སྒོ་ཚང་བའི་ཚོང་ར། རྒྱལ་ཁབ་ཅན་དུ་གྱུར་ཡོད་པའྀ་དམག་དཔུང༌། ཆོས་ལུགས་ཚོགས་པ། དམངས་ཁྲོད་ཀྱི་སྤྱི་ཚོགས། ཆབ་སྲིད་ཚོགས་པ་འདྲ་མིན་ཡང་ཡོད་དགོས། འདི་ལྟ་བུའི་སྣ་མང་མཉམ་གནས་ཀྱི་ལམ་སྲོལ་རིགས་སྤྱི་ཚོགས་ཤིག་དུས་ཡུན་རིང་པོའི་བརྟན་ལྷིང་རྒྱུན་འཁྱོངས་བྱེད་སྐབས་མེད་དུ་མི་རུང་བ་ཞིག་ཡིན། ཆབ་སྲིད་ཚོགས་པ་མང་པོའི་ལམ་ལུགས་ཁྲོད། སྲིད་འཛིན་ཚོགས་པ་ཤོར་བའི་རྗེས་སུ། ཁ་གཏད་ཚོགས་པས་ལམ་སང་དེའི་ཚབ་བྱས་ཏེ། དབང་ཆ་བརྗེ་ལེན་ཁྲོད་ཀྱི་བར་སྟོང་ལས་འབྱུང་སྲིད་པའི་སྤྱི་ཚོགས་ཁྲིམས་མེད་ལུགས་མེད་ཆགས་རྒྱུར་སྔོན་འགོག་བྱེད་ཐུབ། འོན་ཀྱང་དུས་འགྱུར་མང་པོའི་དུས་སྐབས་ལ་སླེབས་པའི་ད་ལྟའི་རྒྱ་ནག་ལ་འཛིན་སྐྱོང་མ་ལག་དང་ཉེན་རྟོག་པའི་ནུས་པར་བརྟེན་ཏེ་ཚོགས་པ་གཅིག་གི་སྲིད་དབང་སྙོམ་སྒྲིག་བྱེད་རྒྱུ་ཙམ་ལས། གཞན་གྱི་སྙོམ་སྒྲིག་གི་རྒྱུ་རྐྱེན་ཚང་མ་སྲིད་དབང་གིས་ཁྱུར་མིད་བཏང་ཡོད། སྲིད་དབང་གི་རྒྱབ་བརྟེན་ཆགས་པའམ་ཡང་ན་ཕྱོགས་འགལ་སྟོབས་ཤུགས་ལ་བརྩིས་ནས་འགོ་འབུར་མ་ཐག་རྩ་མེད་གཏོང་གིན་ཡོད། ཡང་མིན་ན་བཙན་གནོན་ཚད་མེད་འོག་འཚར་ལོངས་བྱེད་ཐབས་མེད་པ་ཆགས་ཡོད། དེའི་སྟབས་ཀྱིས་ཐམས་ཅད་ཀྱིས་སྤྱི་ཡོངས་ཆ་ནས་སྙོམ་སྒྲིག་གི་འགན་ཁུར་ཐུབ་མེད། སྤྱི་ཚོགས་འདི་འདྲ་ཞིག་ལ་ཕྱོགས་གཅིག་ནས་ཧ་ལམ་འགྲན་སློང་མེད་པར་ཧ་ལས་པའི་བརྟན་ལྷིང་ཡིན་པ་ལྟ་བུར་མཐོང་ཡང༌། ཕྱོགས་གཞན་ཞིག་ནས་ཉེན་ཁ་ཆེན་པོའི་ཐོག་གནས་ཡོད། གལ་སྲིད་སྲིད་དབང་ཉིན་ཞིག་འཐོར་ཞིག་ཏུ་སོང་ན། རྒྱ་ནག་ཡོངས་ལ་སྙོམ་སྒྲིག་གི་བར་སྟོང་ཞིག་བྱུང་སྟེ། དེར་བརྟེན་ནང་འཁྲུག་ནང་ལྷུང་རྒྱུ་ཡིན། དུས་ཡུན་རིང་བོའི་ནང་སྤྱི་ཚོགས་ཀྱི་སྒྲིག་གཞི་སླར་གསོ་བྱེད་དཀའ།
བསམ་བློ་བཏང་བ་ཙམ་གྱིས་ཤེས་ཐུབ་པ་ནི། ཉིན་དེ་འདྲ་ཞིག་སླེབས་པའི་སྐབས་སུ། མིག་སྔར་དྲག་ཤུགས་ལ་བརྟེན་ཏེ་བཙན་གནོན་བྱས་ཡོད་པའི་མི་རིགས་ཀྱི་འགལ་ཟླ་གླློ་བུར་འབྱུང་ངེས། མི་རིགས་རང་བཙན་གྱི་ལས་འགུལ་ཡང་རླུང་འཚུབ་ལ་བརྟེན་ཏེ་སྤྲིན་ཕུང་བཞིན་འཁྲིགས་ངེས་ཡིན། དེ་བཞིན་དུ་སྒེར་གཅོད་རྒྱ་ནག་གི་བཙན་གནོན་གྱི་ནུས་བའང་ནང་འཁྲུག་བྱུང་བ་དང་ཆབས་ཅིག་རྩ་འཐོར་དུ་འགྲོ་རྒྱུའམ་ཡང་ན་ནང་འཁྲུག་ཁྲོད་ནས་ཉམ་དམས་སུ་འགྲོ་ངེས་ཡིན། གཅིག་གྱུར་ཆེན་པོའི་ལྟ་བ་རྒྱུན་འཁྱོངས་བྱེད་བཞིན་པའི་རྒྱ་ནག་དམངས་གཙོ་དོན་གཉེར་བ་ཚོས་རྗོད་བཞིན་པའི་མ་འོངས་རྒྱ་ནག་གི་དམངས་གཙོ་སྲིད་གཞུང་གིས་སྔར་བཞིན་བོད་རང་བཙན་མོས་མཐུན་བྱེད་ངེས་མིན་ཟེར་བ་དེའང་ཁ་སྟོང་ནང་གི་ཚིག་སྟོང་ཞིག་ཆགས་ངེས་ཡིན། གང་ཡིན་ཟེར་ན་ནང་འཁྲུག་ནང་ལྷུང་ཡོད་པའྀ་རྒྱ་ནག་ལ་དམངས་གཙོ་སྲིད་གཞུང་ཞིག་གང་ནས་ཡོང༌། སྤྱི་ཚོགས་ཀྱི་སྙོམ་སྒྲིག་མ་ལག་དང་བཅས་པ་རྩ་གཏོར་བྱས་ཟིན་པའི་སྤྱི་ཚོགས་ཤིག་ནས་དམངས་གཙོའི་སྲིད་གཞུང་ཞིག་ཇི་ལྟར་འབྱུང༌། སྐབས་དེར་རྒྱ་དམར་གྱིས་རྒྱ་ནག་པ་ཚང་མ་མཉམ་གཅིག་ཏུ་བསྡམས་ཏེ་གཏའ་མར་བཙན་ཉར་ཤི་ན་མཉམ་ཤི་བྱས་པའི་མཇུག་འབྲས་མཐོང་ཐུབ། གལ་སྲིད་རྒྱ་དམར་ལ་རྒྱ་ནག་སྟངས་འཛིན་བྱེད་པའི་ནུས་པ་ཤོར་ན། དེར་བརྟེན་ནས་བོད་སྟངས་འཛིན་བྱེད་པའི་ནུས་པའང་ཤོར་ངེས་ཡིན། སྐབས་དེར་སླེབས་ན། རྒྱ་ནག་ལ་བོད་སྟངས་འཛིན་བྱེད་ཐུབ་པའི་སྟོབས་ཤུགས་གཞན་ཅི་ཡང་ཡོད་པ་མ་རེད།
༥། བོད་ནས་འབྱུང་བའི་མཐའ་མའི་འཐབ་འཛིང༌།
ཏཱ་ལའི་བླ་མས་བོད་རང་བཙན་དོར་བ་དེ་ནི་དངོས་ཡོད་ཀྱི་གནས་སྟངས་ལ་གཟིགས་ཏེ་བློས་བཏང་གནང་བ་ཞིག་ཡིན་པ་ཀུན་གྱིས་ཤེས་གསལ་རེད། གལ་སྲིད་ཉིན་ཞིག་བོད་རང་བཙན་དངོས་སུ་ལེན་ཐུབ་ན་ཁོང་གིས་དངོས་གནས་ཁས་ལེན་བྱེད་མི་སྲིད་དམ། རྒྱ་དམར་གྱི་སྲིད་འཛིན་པས་ཁོང་གིས་རང་བཙན་དོར་བའི་གོ་སྐབས་བཟུང་སྟེ། གང་མགྱོགས་དོན་དངོས་ཁྲིམས་མཐུན་དུ་མ་འགྱུར་བར། སྣང་མེད་ངང་བཞག་པ་དེ་ནི་ཅི་འདྲའི་བླུན་རྟགས་ཞིག་རེད། རྒྱ་དམར་གྱི་ཆབ་སྲིད་སློབ་སྟོན་པར་མཚོན་ན། རྒྱ་དམར་རྩ་འཐོར་འགྲོ་རྒྱུའི་མདུན་ལྗོངས་དེ་ནི་བསམ་གཞིགས་བྱེད་སྐབས་ཀྱི་འཛེམ་བྱ་ཆེན་པོ་ཆགས་ཡོད། དེའི་སྟབས་ཀྱིས་ལྟ་འདོད་མེད་པར་མིག་བཙུམ་ནས་བསྡད་དེ། ཏཱ་ལའི་བླ་མ་ནི་བོད་ཀྱི་གནད་དོན་ཐག་གཅོད་བྱེད་ཀྱི་ལྡེ་མིག་ལྟ་བུས་བོད་ཀྱི་གནད་དོན་གྱི་སྒོ་མོ་ཕྱེ་ཐུབ་པར་མ་ཟད། བོད་ཀྱི་གནད་དོན་གྱི་སྒོ་མོ་རྒྱག་ཀྱང་ཐུབ་པར་བསམ་གཞིགས་བྱེད་ཀྱི་མེད། གལ་སྲིད་ཉིན་ཞིག་རྒྱ་ནག་ནང་འཁྲུག་ནང་ལྷུང་སྟེ། བོད་ཀྱི་གནད་དོན་ལ་བཟང་ཕྱོགས་ནས་འགྱུར་བ་བྱུང་མེད་པ་ཡིན་ན། ཏཱ་ལའི་བླ་མས་གནས་ལུགས་རྒྱུ་མཚན་གང་གི་ཆ་ནས་ཀྱང་ཡང་བསྐྱར་བོད་རང་བཙན་རྩོད་ལེན་བྱེད་རྒྱུ་འབོད་སྐུལ་བྱེད་རྒྱུ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཡང་བྱེད་ངེས་ཡིན། ཁོང་གིས་བོད་རང་བཙན་དོར་བའི་ཁས་ལེན་ལ་རྒྱ་ནག་གིས་ཡ་ལན་མ་བྱས་ན། ཁོང་གིས་འགྱུར་བ་འདི་ལ་མི་སུ་ཞིག་གིས་དམ་འགལ་ཞེས་སྐྱོན་བརྗོད་བྱེད་ནུས། སྐབས་དེར་ཏཱ་ལའི་བླ་མའི་བོད་མི་ཚོར་ཡོད་པའི་འབོད་སྐུལ་ནུས་ཤུགས་དང༌། ནུབ་ཕྱོགས་སྤྱི་ཚོགས་ཁྲོད་ཡོད་པའི་མཚན་སྙན་ནུས་སྟོབས་ཀྱིས། བོད་རང་བཙན་ཐད་འགྲན་ཟླ་བྲལ་བའི་ནུས་པ་ཞིག་ཐོན་ངེས་ཡིན། ཁོང་མི་གཅིག་གི་དབང་ཐང་གིས་དམག་མི་ས་ཡ་ལྷག་གི་ནུས་པ་ཐོན་ངེས་ཡིན།
རྒྱ་ནག་དང་ནུབ་ཕྱོགས་ཀྱི་ཐ་དད་ཅིང་མཐུན་ཐབས་མེད་པའི་ཆབ་སྲིད་ཀྱི་ལམ་ལུགས་དེ་གཉིས་གོ་ལ་ཧྲིལ་བོར་གྱུར་བའི་དུས་སྐབས་སུ་བསྣོལ་ཡོད་པ་དེས། རྩ་བའི་ཐོག་ནས་ཕན་ཚུན་བར་རྒྱང་ཐག་རིང་ནས་རིང་དུ་འགྲོ་ངེས་ཡིན། རིན་ཐང་འཛིན་སྟངས་དང་ཁེ་ཕན་ཕྱོགས་གཉིས་ནས་བྱུང་བའི་འགལ་ཟླ་དེས། ཕྱོགས་གཉིས་ཀྱིས་མཐའ་མའི་འཐབ་འཛིང་དེར་གཡོལ་ཐབས་མེད། གཞི་རྒྱ་ཆེ་བའི་འཛམ་གླིང་གི་དམངས་གཙོའི་དུས་རླབས་ཆེན་པོའི་ཁྲོད་དུ། ཕམ་ཁ་འཁུར་མཁན་དེ་རྒྱ་ནག་ཆགས་རྒྱུ་ཡིན་པ་ཁོ་ཐག་རེད་ལ། བོད་དེ་གོ་ལ་ཧྲིལ་པོའི་སྒེར་གཅོད་སྲིད་དབང་གི་མཐའ་མའི་རྒྱལ་ཁབ་ཆེན་པོ་དེའི་ཁ་གནོན་ཆགས་རྒྱུ་ཡིན། འགྲོ་བ་མིའི་ཐོབ་ཐང་དེ་བདག་དབང་ལས་ཆེ་བར་འཛིན་པའི་ལྟ་བ་དེ་ནི། རྒྱ་ནག་གཏོར་བྱེད་ཀྱི་ནུབ་ཕྱོགས་པའི་སྟ་གྲི་ལྟ་བུ་རེད་ལ། བོད་ལ་མཚོན་ན། འཐབ་འཛིང་དེ་བྱེད་སའི་གཡུལ་ས་ཆགས་ཡོད། ད་ལྟ་སུ་ཞིག་གིས་ཀྱང་ཞིབ་ཕྲའི་བརྒྱུད་རིམ་སྔོན་དཔག་བྱེད་དཀའ། དེ་ལ་ལོ་རྒྱུས་ཀྱི་རྒྱུ་རྐྱེན་མང་བོ་ཞིག་གིས་ཤུགས་རྐྱེན་ཐེབས་ངེས་ཡིན། འོན་ཀྱང༌། འདིར་རྗོད་བཞིན་པའི་འཐབ་འཛིང་དེར་ཐད་ཀར་དུ་དམག་དཔུང་གཉིས་ཁ་གཏད་དུ་ལངས་དགོས་མེད་ཀྱང་སྲིད། དཔལ་འབྱོར་དང་ཕྱི་འབྲེལ་གྱི་ཁྱབ་ཁོངས་ནས་དབྱེ་འབྱེད་གསལ་བོར་མཐོང་ཐུབ། རྒྱ་ནག་གི་སྒོ་མོ་ལོ་བཅུ་ཕྲག་སྔོན་དུ་ཕྱེ་ཚར་ཡོད་ལ། དངོས་ཕན་རིང་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གྱིས་ཕྱིའི་མ་དངུལ་དང་ལག་རྩལ། ཚོང་རྭ་བཅས་ལ་ཚད་མེད་བརྩོན་ལེན་བྱས་ཡོད་པ་དེས། ཚད་ངེས་ཅན་ཞིག་གི་ཐོག་ནས་རྒྱ་ནག་གི་དཔལ་འབྱོར་གྱི་སྲོག་རྩ་ནུབ་ཕྱོགས་ཀྱི་ལག་ལ་སྤྲད་ཡོད། གནས་སྟངས་དེས་རྒྱ་ནག་ལ་ཤི་གསོན་བར་གྱི་ཉེན་ཁ་འཕྲད་པའི་སྐབས་སུ། ནུབ་ཕྱོགས་ཀྱི་བཀོད་སྒྲིག་དང་ལེན་བྱེད་རྒྱུ་ལས། གདམ་ག་གཞན་དཀོན་པོ་ཡིན།
འདི་ནས་དཔེ་ཁོ་ནའི་སྒོ་ནས་ཚོད་དཔག་བྱེད་རྒྱུ་ཡིན། དཔེར་ན་རྒྱ་ནག་གི་ནང་འཁྲུག་དང་དཔལ་འབྱོར་གྱི་ཉེན་ཚབས་གཉིས་དུས་མཉམ་དུ་ཡོང་བའི་དབང་དུ་བཏང་ན། རྒྱ་ནག་གི་དཔལ་འབྱོར་འཛམ་གླིང་དང་མཉམ་དུ་འདྲེས་ཡོད་པའི་དབང་གིས། དཔལ་འབྱོར་གྱི་དཀའ་ངལ་ལས་ཐར་ཐབས་སུ། འཛམ་གླིང་གི་དཔལ་འབྱོར་བདག་འཛིན་བྱས་ཡོད་པའི་ནུབ་ཕྱོགས་རྒྱབ་ཁབ་ཀྱི་རྒྱབ་སྐྱོར་ལ་བསྟུན་དགོས། སྐབས་དེར་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་གལ་སྲིད་བོད་རང་བཙན་ཁས་ལེན་བྱེད་དགོས་པ་དེ་ཆ་རྐྱེན་དུ་བརྩིས་ཏེ་དཔལ་འབྱོར་ཕྱོགས་ཀྱི་རོགས་སྐྱོར་དང་བརྗེ་བོ་རྒྱག་དགོས་པའི་རེ་བ་བཏོན་ན། རྩ་འཐོར་དུ་འགྲོ་ཉེན་དེ་དང་རང་ཉིད་ཆག་འཇིག་དེ་ལས་སྐྱོབ་ཐབས་བྱེད་བཞིན་པའི་རྒྱ་ནག་སྲིད་གཞུང་གལ་སྲིད་སྐབས་དེར་ད་དུང་སྲིད་གཞུང་ཡོད་ཚེ་འདོད་པ་ག་ཚོད་མེད་ཀྱང༌། ཁས་ལེན་མི་བྱེད་རང་བྱེད་དུ་ཆགས་སྲིད། དེ་མིན་འབྱུང་སྲིད་པའི་གནས་ཚུལ་གཞན་ཞིག་ནི། སྐབས་དེར་རྒྱ་ནག་མི་སེར་རྒྱལ་ཁབ་བཙུགས་མ་ཐག་པའི་ཁ་བྲལ་བའི་གནས་སྟངས་ལྟ་བུར་ཆགས་སྲིད། ཕྱོགས་གཅིག་ནས་བོད་རང་བཙན་གྱི་ལས་འགུལ་ལ་བཙན་གནོན་བྱེད་རྒྱུར་བསམ་ཞིབ་བྱེད་ལོང་མེད་ལ་བྱེད་པའི་ནུས་པའང་མེད། ཕྱོགས་གཞན་ཞིག་ནས་རྒྱ་ནག་བདག་ཏུ་འཛིན་འདོད་ཡོད་པའི་སྟོབས་ཤུགས་ཁག་གིས་ནུབ་ཕྱོགས་རྒྱལ་ཁབ་ནས་རང་ཉིད་ལ་ཁས་ལེན་ཐོབ་ཆེད་དུ་སྔ་གཞུག་རྩོད་རྒྱུ་ཡིན་ལ། དེ་འདྲ་བྱས་ན་ད་གཟོད་རྒྱལ་སྤྱིའི་ཐོག་ཏུ་ཁྲིམས་མཐུན་གྱི་སྒོ་ནས་རྒྱ་ནག་གི་ཚབ་བྱེད་ཐུབ་པར་མ་ཟད། ད་དུང་ནུབ་ཕྱོགས་ནས་དཔལ་འབྱོར་གྱི་རོགས་སྐྱོར་ཡང་འཐོབ་རྒྱུ་ཡིན། ནུབ་ཕྱོགས་ཀྱིས་སྟོབས་ཤུགས་འདྲ་མིན་བར་གྱི་འགྲན་རྩོད་ཁྲོད་ནས་སྟབས་བསྟུན་སྒོས་ཕྱོགས་གང་གིས་བོད་རང་བཙན་གྱི་ཡིག་ཆར་ཁས་ལེན་མཚན་རྟགས་བཀོད་ན། ཕྱོགས་དེ་ལ་ཁས་ལེན་དང་རྒྱབ་སྐྱོར་བྱས་ཚེ། དེ་སྔ་སོག་པོའི་རང་བཙན་ལ་ར་ཤི་ཡ་གཅིག་པུས་མ་གཏོགས་རྒྱབ་སྐྱོར་ཐོབ་མེད་ཀྱང༌། གོ་མིང་ཏང་སྲིད་གཞུང་དང་གུང་ཁྲན་ཏང་སྲིད་གཞུང་གཉིས་གང་གིས་ཀྱང་ངོ་རྒོལ་བྱེད་ཐབས་ཟད་དེ་ཁས་ལེན་མི་བྱེད་རང་བྱེད་དུ་ཆགས་ཡོད། མ་འོངས་པར་རྒྱ་ནག་གིས་ཁ་གཏད་བྱེད་ས་དེ་ནི་མཉམ་དུ་འབྲེལ་ཡོད་པའི་ནུབ་ཕྱོགས་སྟོབས་ལྡན་རྒྱལ་ཁབ་ཚང་མ་རེད། དེ་ལ་ཇི་ལྟར་གདོང་ལེན་བྱེད། དུས་རྒྱུན་དུ་གཅིག་གྱུར་གྱི་སྐད་གསངས་གང་མཐོར་སྒྲོག་བཞིན་པའི་སྟོབས་ཤུགས་ཁག་གིས་རྒྱ་ནག་བདག་འཛིན་བྱེད་ཐབས་སུ། སྙན་ཞིང་འཇེབས་པའི་གནས་ལུགས་རྒྱུ་མཚན་མང་བོར་བརྗོད་དེ་དཔེར་ན་མང་ཚོགས་དུང་ཕྱུར་མང་པོའི་སྲོག་སྐྱོབ་པའི་ཆེད་དུ་ཡིན་ཚུལ་སོགས་བོད་རང་བཙན་ལ་མོས་མཐུན་ཡོད་པའི་ཡིག་ཆ་ཁས་ལེན་དང་མཚན་རྟགས་འགོད་རྒྱུ་འཕྲོག་རྩོད་ཀྱང་བྱེད་སྲིད་པ་ཞིག་རེད། འདི་འདྲའི་གནས་ཚུལ་རྒྱ་ནག་མི་སེར་རྒྱལ་ཁབ་སྐབས་སུ་ཐེངས་མང་བྱུང་མྱོང་ཡོད། རྒྱ་དམར་གྱིས་དུས་རྒྱུན་དུ་ལེ་ཉིན་གྱིས་བྱབྱགསར་བྱུང་སྲིད་དབང་ལ་དབུགས་གཏོང་བའི་གོ་སྐབས་འཚོལ་དགོས་བྱབྱཔར་ཁ་གཡར་ནས་པོ་ལའེ་སི་ཐའེ་ཆིངས་ཡིག་བཞག་པ་དེར་བསྟོད་བསྔགས་ཆེན་པོ་བྱས་ཡོད། ཡིན་ནའང་ཆིངས་ཡིག་དེས་ར་ཤི་ཡའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ས་ཡ་ལྷག་གི་མངའ་ཁོངས་དང་གསབ་དངུལ་མ་ཁེ་དུང་ཕྱུར་༦༠ འཇར་མན་རྒྱལ་ཁབ་ལ་སྤྲད་དགོས་བྱུང་ཡོད། དེ་རྒྱ་ནག་གིས་བོད་ཤོར་བ་དང་ཧ་ལམ་གཅིག་མཚུངས་ཡིན། འདི་འདྲ་བའི་དངོས་ཕན་རིང་ལུགས་ཀྱི་བྱེད་སྟངས་དེ་ནི་ཚད་ངེས་ཅན་ཞིག་གི་ཐོག་རྒྱ་དམར་གྱི་རང་གཤིས་སུ་གྲུབ་ཡོད།
རྒྱ་ནག་གི་མང་ཚོགས་རྣམས་དེ་བས་ཀྱང་དངོས་དོན་གཉེར་མཁན་ཞིག་ཡིན། ཐེངས་འདིའི་བོད་ཀྱི་དོན་རྐྱེན་སྐབས་ནུབ་ཕྱོགས་ལ་འགྲན་རྒོལ་བྱེད་མཁན་ནི་གྲོང་ཁྱེར་དུ་སྡོད་མཁན་དང༌། དྲ་རྒྱ་བེད་སྤྱོད་བྱེད་མཁས་པ། གསར་འགྱུར་བརྒྱུད་ལམ་དང་ཐག་ཉེ་བ། རྒྱ་ནག་གི་ད་ལྟའི་གནས་བབ་ཀྱི་ཁྲོད་ནས་ཁེ་ཕན་ཐོབ་མཁན་ཁོ་ན་ཙམ་ཡིན། དེ་ཚོའི་སྐད་ཤུགས་ཆེར་བཏང་ཡོད་ཀྱང༌། རྒྱ་ནག་གི་སྤྱིའི་མི་གྲངས་དང་བསྡུར་ན་དེ་ཚོའི་མི་གྲངས་ཤིན་ཏུ་ནས་ཉུང་ཉུང་རེད། རྒྱ་ནག་གི་མང་ཚོགས་སྤྱིར་བཏང་བ་གཞི་རིམ་མང་ཚོགས་དང༌། བཟོ་བ། ཞིང་བ། ཞིང་པ་ཞོར་ལས་པ། གོང་རིམ་ལ་གྱོད་གཏུག་བྱེད་མཁན་སོགས་ལ་མཚོན་ན། རང་ཉིད་ཀྱི་ཁེ་ཕན་དང་ཐད་ཀར་དུ་འབྲེལ་བ་ཆགས་ཡོད་པའི་དྲང་བདེན་དང༌། འགྲོ་བ་མིའི་ཐོབ་ཐང༌། རང་དབང༌། དམངས་གཙོ་སོགས་བོད་སུ་ལ་དབང་མིན་ལས་གལ་ཆེར་ཆགས་ཡོད། མི་འདྲ་ས་ཞིག་ནི་ཁོང་ཚོར་སྐད་ཆ་བཤད་པའི་བརྒྱུད་ལམ་མེད་ལ། གསར་འགྱུར་བརྒྱུད་ལམ་ཁག་གིས་ཀྱང་དོ་སྣང་བྱེད་ཀྱིན་མེད། སྒེར་གཅོད་བཙན་གནོན་འོག་ཏུ་ངོ་རྒོལ་གྱི་ནུས་པ་ཤིན་ཏུ་ནས་ཞན་པོ་རེད། འོན་ཀྱང༌། རྒྱ་ནག་ཏུ་ཐོག་མར་བྱབྱཨོ་ལིམ་པིཀ་རྩེད་འགྲན་མི་དགོས། འགྲོ་བ་མིའི་ཐོབ་ཐང་དགོས་བྱབྱཞེས་སྐད་འབོད་རྒྱག་མཁན་ནི་ཧུ་ལུང་ཅང་གི་ས་ཞིང་ཤོར་བའི་ཞིང་བ་ཞིག་རེད། དེ་མ་ཐག་བཙན་གནོན་བྱས་ཡོད་རུང༌། དེ་ནི་རྒྱ་ནག་ལ་ལྟ་ཞིབ་བྱེད་པའི་ཕྱོགས་ངོ་མ་དེ་རེད་ཅེས་དྲན་སྐུལ་བྱེད་ཐུབ་ངེས་ཡིན། གལ་སྲིད་རྒྱ་ནག་སྤྱི་ཡོངས་ཉེན་ཁའི་ནང་ཚུད་ན། མི་རེ་རེའི་འཚོ་ཐབས་འཇིགས་སྐུལ་བྱེད་ཀྱི་ཡོད་སྟབས། སྐད་ཅོར་ཆེ་བའི་མི་རིགས་རིང་ལུགས་དེ་འཕྲལ་དུ་འཇམ་ཐང་ངེར་འགྲོ་ངེས་ཡིན། སྔོན་མ་ཧུ་ནན་གྱི་ལྟོག་སྐོམ་མྱོང་མཁན་གྱི་མང་ཚོགས་ཀྱིས་འབྲུ་རིགས་འཁྱེར་ཡོང་མཁན་འཇར་པན་བཙན་འཛུལ་པར་དགའ་བསུ་ཞུས་ཡོད་པ་ཇི་བཞིན། ཁོ་ཚོ་དང་ཁ་ཐག་རིང་བའི་བོད་ཀྱི་འགྲོ་འདུག་དེ་གནད་དོན་དུ་འགྱུར་མི་སྲིད། ཁོ་ཚོར་མཚོན་ན་གལ་ཆེ་ཤོས་ནི་གང་མགྱོགས་ཀྱིས་རང་ཉིད་དང་ཐད་ཀར་འབྲེལ་བ་ཆགས་ཡོད་པའི་དཀའ་ངལ་ལས་ཐར་ཐབས་དེ་རེད། དེའི་སྟབས་ཀྱིས། མ་འོངས་པའི་རྒྱ་ནག་ལ་འཕྲད་པའི་ཉེན་ཁ་ག་ཚོད་ཆེ་ན་དེས་ཚོད་ཀྱིས་བོད་རང་བཙན་ལ་མོས་མཐུན་བྱེད་རྒྱུ་ཡིན་ལ། དེ་ཚོད་ཀྱིས་བོད་རང་བཙན་ངོ་རྒོལ་བྱེད་ཤུགས་ཀྱང་ཆུང་དུ་འགྲོ་རྒྱུ་ཡིན།
གལ་སྲིད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁས་ལེན་ཡོད་པའི་རྒྱ་ནག་སྲིད་གཞུང་གིས་བོད་རང་བཙན་ཡིན་པའི་ཆིངས་ཡིག་བཞག་ཚེ། དེ་ལ་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་འགན་སྲུང་གི་ནུས་པ་ལྡན་ཡོད་སྟབས། མ་འོངས་པར་སྲིད་གཞུང་བརྗེ་སྤོར་བྱས་ཀྱང༌། བསྐྱར་དུ་བོད་བཙན་འཛིན་བྱེད་འདོད་ཡོད་པའི་དབང་དུ་བཏང་རུང༌། སྐབས་དེའི་རྒྱ་ནག་ལ་རྒྱལ་སྤྱིའི་སྒྲིག་གཞི་ཁག་དང་ནུབ་ཕྱོགས་དཔུང་ཚོགས་སྤྱི་ཡོངས་ལ་ཁ་གཏད་གཅོག་ཐུབ་པའི་ནུས་པ་ཡོད་ན་མ་གཏོགས། དེ་མིན་རེ་བ་ཡོད་པ་མ་རེད། དེང་དུས་འཛམ་གླིང་གི་ས་ཁུལ་ཁག་ཏུ་ཡང་ནས་བསྐྱར་དུ་རྒྱལ་སྤྱིའི་ལྟ་སྐུལ་བདག་སྐྱོང་གི་རྣམ་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐེ་གཏོགས་དང༌། ཞི་བདེ་སྲུང་སྐྱོབ་དམག་དཔུང་བཅའ་སྡོད། བར་བཅད་ས་ཁུལ་དབྱེ་འབྱེད། རྒྱལ་སྤྱིའི་རོགས་རམ་སོགས་ཀྱིས་བརྟན་བརླིང་ངང་བོད་རང་བཙན་གྱི་བདེ་འཇགས་འགན་སྲུང་བྱེད་རྒྱུ་རེད། བོད་རང་བཙན་རྒྱལ་ཁབ་ཅིག་གི་ངོ་བོའི་ཐོག་ནས་ལོ་ཁ་ཤས་ལ་རྒྱུན་འཁྱོངས་བྱེད་ཐུབ་ཚེ། སྒྱུར་ཐབས་མེད་པའི་དོན་དངོས་ཆགས་ཏེ། ནམ་ཡང་རྒྱུན་གནས་བྱེད་ཐུབ་ཀྱི་རེད།
ལམ་ཡིག་འདི་མཚམས་འདི་ནས་མཇུག་བསྡུས་ཡོད། ཁ་ཕྱིར་འཁོར་ཏེ་རྒྱང་ལྟ་ཞིག་བྱས་ན། གསལ་བོ་མཐོང་ཐུབ་པ་ཞིག་ནི། ཉིན་གཅིག་རྒྱ་ནག་གིས་བོད་ཤོར་བ་ཡིན་ན། རྒྱུ་མཚན་ནི་དམངས་གཙོ་མ་ཡིན་ཞིང་སྒེར་གཅོད་རང་ཉིད་ཀྱིས་ཐད་ནས་ཤོར་བ་རེད། རྒྱ་ནག་གི་སྒེར་གཅོད་སྲིད་དབང་དེ་རྒྱ་ནག་གཅིག་གྱུར་གྱི་ཁག་ཐག་ཏུ་འདོད་པའི་བྱབྱརྒྱལ་གཅེས་པ་བྱབྱཁ་ཤས་ཀྱིས། གཅིག་གྱུར་ལས་ཁ་བྲལ་མི་དགོས་པར་བརྗོད་ཀྱིན་ཡོད་ཀྱང༌། ལམ་ཡིག་འདིས་མི་རྣམས་ཀྱི་མིག་མདུན་དུ་བཀྲམ་ཡོད་པ་ནི་དེ་ལས་ལྡོག་པའི་མཇུག་བསྡོམས་ཤིག ཁ་བྲལ་དུ་གཏོང་མཁན་ནི་སྒེར་གཅོད་པ་རང་ཉིད་ཡིན་པའི་གསལ་བཤད་དེ་ཡིན།
ཕྱི་ལོ་༢༠༠༨ ལོར། པེ་ཅིང་ནས།
བསྒྱུར་རྩོམ་འདི་ལ་རྩོམ་པ་པོས་བོད་བསྒྱུར་མོས་མཐུན་ཐོབ་ཡོད་བཞིན། གཞན་ལ་བཀོལ་སྤྱོད་བྱེད་ན་ངེས་པར་དུ་བོད་ཀྱི་ཡིག་སྒྱུར་ཁང་གི་ཆོག་མཆན་ཐོབ་དགོས་ཡོད།
ལམ་ཡིག་ཞེས་བ་འདི་འབྲི་བའི་དམིགས་ཡུལ་ནི་བོད་རྒྱ་ཁོངས་ནས་ཁ་མི་འབྲལ་བའི་ཆེད་དུ་བྲིས་པ་ཞིག་རེད། རྒྱ་ནག་མང་གཙོ་ལ་ཆགས་པའི་ཆེད་དུ་བྲིས་པ་ཞིག་རེད། སྤྱི་ཚོགས་རིག་པའི་ལམ་ནས་ཆབ་སྲིད་བྱ་འགུལ་གང་ཞིག་འབྱུང་ངེས་ཀྱི་ཚོད་དཔག་བྱས་བ་ཞིག་རེད། འོན་ཀྱང་ཀློག་པ་པོས་ཐུགས་མཉམ་འཇོག་དགོས་པ་ནི་རྩོམ་དེའི་རིགས་འདེད་འདྲ་ཆགས་པོ་ལ་མི་གཡེང་བར་དངོས་ཡོད་བོད་སྤྱི་ཚོགས་ཀྱི་གནས་བབས་དང་། གནད་དོན་དེའི་ཁ་གཏད་ཀྱི་ནུས་ཤུགས་འབྱུང་ཡུལ་གྱི་ཕྱོགས་ལ་བསམ་བློ་མང་ཙམ་གཏོང་རོགས།
རེད་ཁོ་ནི་མི་རིགས་ཀྱི་ལ་རྒྱ་ཅན་ཞིག་རེད་མ་ཟད་རྒྱ་མི་ཤེས་ཡོན་པ་ཞིག་ཀྱང་རེད་གལ་སྲིད་རྒྱ་ནག་གི་འགོ་འཁྲིད་ཚོའི་གྲའི་སུ་ཁོ་ལྟ་པའི་མི་བཅུ་ཡོད་རྒྱུ་ན་ང་ཚོས་བོད་དོན་ཤོད་རྒྱུ་དེ་ལས་སླ་པོ་ཡིན་པ་འདྲ་འོན་ཀྱང་བོད་རང་བཙན་ཞེས་པ་དེ་བརླག་འགྲོ་རྒྱུ་ནི་ཐག་གིས་ཆོད།
བདག་གི་བསམ་ཚུལ་ནི། ཁོང་གིས་རྩོམ་ནང་མོའོ་ཙེ་ཏུང་དང་ཏེང་ཞོའི་པན་གཉིས་ཀྱི་སྐབས་དང་དེང་སང་མགོ་ཁྲིད་ཚོས་བྱེད་སྟངས་མི་འདྲ་ཟེར་བ་འདི་ལ་ང་ཚོས་ངོས་ནས་བསམ་བློ་གཏོང་དགོས།
ཀུན་ཐར་བོད་བསྒྱུར་ཞུས་པར་བཀའ་དྲིན་ཆེ། རྒྱ་ནག་གི་ཆབ་སྲིད་པ་ཁོང་གི་བསམ་ཚུལ་འདི་ལ་བསམ་བློ་གཏོང་དགོས་ས་མང་པོ་འདུག མི་མཐུད་ནས་ཤེས་ཡོན་པ་འདི་ལྟ་བུའི་མཁས་པ་མང་པོ་ཞིག་གིས་བོད་དོན་བསྐོར་བརྗོད་ན་ང་ཚོ་བསམ་བློ་ཡར་ཐོན་་དང་རྣམ་པ་གསར་བ་ཞིག་ཐོན་ཤེས་ཆེ།
བོད་རང་བཙན་ཤོར་ནས་ལོ་ངོ་ཆིག་སྟོང་ལྷག་འདས་སོང་། ཡིན་ན་ཡང་ས་ཁུལ་རེ་ཟུང་དུ་དཔོན་པོ་མགོ་བོ་གནམ་ལ་མ་སྙོབ་རྐང་བ་ས་ལ་མ་ཐུག་པ་འགས་རང་གི་ནུས་ཚོད་ཀྱིས་བྲན་གཡོག་ཚོར་བཤུ་བཞོག་བྱེད་བཞིན་བསྡད་པ་རེད། དེ་ཙམ་ཞིག་གིས་བོད་རང་བཙན་ཞེས་པའི་མིང་ཚིག་རླབས་ཆེན་འདི་འབྲི་ཐུབ་ཀྱི་མ་རེད། ལོ་རྒྱུས་བཤད་དུས་ལོ་རྒྱུས་དེབ་ཐེར་ཚོ་བཀླགས་རྗེས་སྐད་ཆ་བཤད་ན་ལེགས། བོད་པ་རང་གིས་བྲིས་པའི་དེབ་ཐེར་གང་དུ་བོད་རང་བཙན་ཡིན་ལུགས་བྲིས་འདུག བོད་ཀྱི་ལོ་རྒྱུས་སྔ་ཤོས་རྗེ་བཙུན་གྲགས་པ་རྒྱལ་མཚན་ནས་ཕྱི་ཤོས་ཧོར་གཙང་འཇིགས་མེད་བར་གྱི་སུས་བོད་རང་བཙན་ཡིན་ལུགས་བྲིས་འདུག གལ་སྲིད་ད་ཐེངས་ཧོར་འཇིགས་ཀྱིས་མདོ་སྨད་ལོ་རྒྱུས་སུ་མདོ་སྨད་རང་བཙན་ཡིན་ལུགས་ཀྱི་འཁྱོག་བཤད་ཅིག་བྱས་ཡོད་པ་ངས་དེ་ལ་ངོ་རྒོལ་བྱེད་རྒྱུ་ཡིན། གལ་སྲིད་མདོ་སྨད་རང་བཙན་ཡིན་ན་སུས་ལོ་རྒྱུས་ནག་པོ་བཟོ་ཐུབ་ཀྱི་རེད་དེ། རང་བཙན་མ་ཡིན་བཞིན་དུ་རང་བཙན་རེད་བརྗོད་ན་དེ་ལོ་རྒྱུས་ལ་འཁྱོག་བཤད་བྱས་པ་ཞིག་མིན་ན་གང་ཡིན། བོད་རང་བཙན་དགོས་དང་མི་དགོས་དེ་བོད་མི་དམངས་ཀྱིས་ཐག་གཅོད་དགོས་པ་ཞིག་རེད་མ་གཏོགས་རྒྱལ་བ་རིན་པོ་ཆེ་དང་བཀའ་ཤག སྤྱི་འཐུས་ལྷན་ཁང་སོགས་བོད་ཀྱི་ཆེས་མཐོའི་མི་སྒེར་དང་ཚོགས་སྡེ་སུ་གཅིག་གིས་སྒེར་གཅོད་བྱས་ན་ནམ་ཡང་འགྲིག་ཐབས་མེད།
མ་གཞི་ནས་བོད་རང་བཙན་ཡིན་པ་དངོས་ཡོད་ཀྱི་གནས་ཚུལ་རེད། འདི་ལ་དོགས་པ་བྱེད་དགོས་ས་གང་ཡང་ཡོད་པ་མ་རེད། འོན་ཀྱང་བོད་རང་བཙན་ལོན་མིན་དང་དགོས་མིན་ལ་རག་ལས་ཡོད་པ་རེད།
ར྄ྩོམ་ས྄ྒྲིག་པ་ལགས། བོད་པས་བྲིས་པའི་བོད་རང་བཙན་གྱི་ལམ་ཡག་པོ་ཞིག་འདོན་གནང་རོགས།