བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ཕྱི་ཟླ་ ༡༡ ཚེས་ ༢༧ ཉིན་གྱི་ཕྱི་དྲོ་ནས་ཕྱི་ཟླ་ ༡༢ ཚེས་ ༦ ཕྱི་དྲོ་བར་ལྡི་ལི་དང་སྦར་སིལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་རེད།
ཕྱི་ཚེས་ ༢༧ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༥ ཐོག་བཞུགས་སྒར་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང༌། ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་ལྡི་ལིར་ཕེབས་འབྱོར་གྱིས་ཕྱེད་ཡོལ་ཆུ་ཚོད་ ༣།༠ ཐོག་རྒྱ་གར་གཞུང་གི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ། ཕྱི་ཟླ་ ༡༡ ཚེས་ ༢༩ ནས་ཕྱི་ཟླ་ ༡༢ ཚེས་ ༡ པར་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་དུ་མཉམ་ཞུགས་གནང་རྒྱུ། ཕྱི་ཟླ་ ༡༢ ཚེས་ ༢ ཉིན་མཚན་མོའི་ཆུ་ཚོད་ ༠༣།༠༥ ཐོག་ལྡི་ལི་ནས་སྦར་སིལ་དུ་ཕེབས་ཐོན་གྱིས་ཆུ་ཚོད་ ༠༧།༥༠ སྦར་སིལ་དུ་ཕེབས་འབྱོར་གནང་རྒྱུ། ཕྱི་ཟླ་ ༡༢ ཚེས་ ༣ ནས་ཚེས་ ༤ བར་སྦར་སིལ་དུ་མཛད་འཆར་ཁག་གནང་རྒྱུ། ཟླ་ ༡༢ ཚེས་ ༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༠༥ ཐོག་སྦར་སིལ་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་ཕྱི་ཚེས་ ༦ ཉིན་ལྡི་ལི་ནས་ཕེབས་ཐོན་གྱིས་ཕྱེད་ཡོད་ཆུ་ཚོད་ ༤།༣༠ ཐོག་བཞུགས་སྒར་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག
རྒྱ་གར་གཞུང་གི་གནད་ཡོད་མི་སྣ་མ་རེད་ཁོ་རང་གི་གྲོགས་པོ་རྒན་པ་ཁ་ཤེས་རེད། ་་་་་་