མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ ༨༡ ཡིན་པའི་དཔལ་འབྱོར་ནོར་བུ་ལ་ལོ་ ༧ གྱི་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༠༨/༡༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་དགོང་ལོ་ ༨༡ ལ་ཕེབས་པའི་དཔལ་འབྱོར་ནོར་བུ་ལགས་ལ་ལོ་བདུན་གྱི་ཁྲིམས་ཐག་བཅད་ཡོད་ཅིང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་ཁོང་ཉིད་ཆ་རྐྱེན་ཅི་ཡང་མེད་པར་གློད་པའི་ཆེད་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ཟླ་ ༡༠ པའི་ཚེས་ ༣༡ ཉིན་བོད་ཀྱི་སྲོལ་རྒྱུན་དཔར་སྐྲུན་པ་དཔལ་འབྱོར་ནོར་བུ་ལགས་ལྷ་སར་ཡོད་པའི་ཁོང་གི་རང་ཁྱིམ་ནས་གསང་སྟབས་ཀྱིས་འཇུས་ཤིང་། རྒྱ་གཞུང་གིས་རྒན་དཔལ་འབྱོར་ནོར་བུ་ལགས་ཀྱིས་ལོ་འདིར་བོད་ཀྱི་རྒྱལ་དར་དང་དེ་བཞིན་ཁྲིམས་འགལ་གྱི་རྒྱུ་ཆ་དག་དཔར་སྐྲུན་བྱས་ཡོད་པའི་དོགས་གཞིའི་འོག་ཁོང་ཉིད་འཇུས་ཡོད་པ་དང་། ཁོང་ཉིད་བཀག་ཉར་གྱི་སྐབས་སུ་ཉེན་རྟོག་ལས་ཁུངས་ཀྱིས་དཔལ་འབྱོར་ནོར་བུ་ལགས་ཀྱི་གཉེན་ཉེ་ཚོར་ཁོང་ཉིད་ལ་ཁྲིམས་ཆད་བཏང་ཡོད་པ་ཕར་ཞོག ཁོང་བཀག་སྐྱིལ་བྱས་པའི་སྐོར་ཡང་ངོས་ལེན་བྱས་ཡོད་མི་འདུག ཁོང་ལ་ཕྱི་ཟླ་ ༡༡ པའི་ནང་གསང་སྟབས་ཀྱིས་གྱོད་བཤེར་དང་བཅས་ལོ་ ༧ གྱི་ཁྲིམས་ཏག་བཅད་རྗེས། དེའི་སྐོར་གྱི་ཡིག་ཆུང་ཞིག་ཁོང་གི་ནང་མི་ཚོར་སྤྲད་ཡོད་པ་རེད། འོན་ཀྱང་། ད་ཆར་ཁོང་ཉིད་ས་གནས་གང་ཞིག་ཏུ་བཀག་ཉར་བྱས་ཡོད་པའི་སྐོར་ཤེས་རྟོགས་ཐུབ་གི་མེད་པ་རེད།

འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་ཨེ་ཤ་ཡའི་ཁྲིམས་དོན་འགན་འཛིན་ སོ་ཧྥི་ རི་ཆར་ཌི་སོན་ ལགས་ཀྱིས་བརྗོད་དོན། རྒྱ་ནག་དམར་ཤོག་གཞུང་གི་ཆོག་མཆན་མེད་པའི་བོད་དང་འབྲེལ་བའི་རྒྱུ་ཆ་ཅི་ཡང་རུང་བའི་རིགས་ནི་ཁྲིམས་འགལ་གྱི་རིགས་རེད། སྲིད་གཞུང་ཞིག་གིས་བསམ་ཚུལ་དེ་འགོག་སྡོམ་བྱེད་འདོད་པ་ཙམ་གཞིར་བཞག་ནས་མི་སུ་ཡང་རྒྱལ་དར་དང་དཔེ་དེབ། པར་སོགས་དཔར་སྐྲུན་བྱས་པའི་རྐྱེན་གྱི་བཙོན་འཇུག་བྱེད་ཆོག་གི་མ་རེད། སྨྲ་བརྗོད་རང་དབང་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཞིག་ཏུ་འགྱུར་དོན་ཡང་འདི་རེད། ཅེས་བཤད་ཡོད་པ་རེད།

ཁོང་ཉིད་འཇུས་པའི་རྗེས་སུ་ཉེན་རྟོག་པས་ཁོང་གི་ཚོང་ཁང་སྒོ་བརྒྱབས་ཤིང་ཤོག་བུའི་སྒོ་ཐེལ་ཡང་བརྒྱབས་ཡོད་པ་རེད། དེ་བཞིན་ཁོང་གི་ལས་བྱེད་རྣམས་ཀྱང་ཡོང་མི་ཆོག་པ་བཟོས་ཡོད་འདུག

དཔལ་འབྱོར་ནོར་བུའི་ཁྲིམས་ཆད་དང་ནག་ཉེས་བཅས་སྤྱི་ཚོགས་སྟེང་ཡོངས་ཁྱབ་ཀྱིས་བསྒྲགས་ཡོད་མི་འདུག

ཁོང་ལ་ལོ་ ༧ གྱི་ཁྲིམས་ཐག་བཅད་པའི་ཐད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པས་ཁོང་ཉིད་ཆ་རྐྱེན་ཅི་ཡང་མེད་པར་གློད་ཆེད་དུ་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 7

  1. བོད་ཀྱི་བུ། says:
    ལོ་ 18 སྔོན།

    བོད་ ཤ་ཁྲག་རུས་གསུམ་ལགས། བོད་པ་རང་ངོས་ནས་ལག་ལེན་དངོས་སུ་ག་འདྲ་དགོས་སམ།

    Reply
  2. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 18 སྔོན།

    རེད། རྒྱལ་སྤྱིའི་སྟེང་གི་བཙོན་མའི་ཡ་མཐའ་དང་མ་མཐའ་བོད་ན་འདུག

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 18 སྔོན།

    དྲ་གྲོགས་རྣམ་པ་ཚོ། རང་ལ་མེད་ན་གླིང་ན་མེད་ཟེར་བས་བོད་ཀྱི་གཏམ་དཔེ་ཞིག་དྲན་གྱི་འདུག་གམ། བོད་རང་གི་མ་འཇོན་དུས་རྒྱལ་སྤྱིའི་མཉམ་སྤྲེལ་རྒྱལ་ཚོགས་ཟེར་བས་འཛམ་གླིང་གི་བདེན་དོན་ལ་འགན་ལེན་བྱེད་མཁན་ཞིག་ཡོད་པ་དེ་ནི་མིང་སྙན་པོ་ཞིག་ངེད་ཅག་གི་གོ་ཐུབ་པ་མ་གཏོགས། དེས་རྒྱ་ནག་སྲིད་གཞུང་ལ་གང་ཡང་བྱེད་མི་ཐུབ་ཁོ་ཐག་ཡིན། བོད་ཀྱི་ཆབ་སྲིད་བཙོན་པ་ཆུང་ཤོས་དང་རྒྱལ་སྤྱིའི་སྟེང་གི་ཉེས་མེད་བྱིས་པ་ཞིག་བཙོན་དུ་བཅུགས་པ་རྒྱ་ནག་སྲིད་མ་གཏོགས་རྒྱལ་ཁབ་གཞན་སུ་གང་གིས་ཀྱང་ད་ལྟའི་འཆར་བྱེད་མྱོང་མེད་ཀྱང་། དེ་ལྟར་བྱེད་དུས་སུ་ཡང་འཛམ་གླིང་མཉམ་སྤྲེལ་རྒྱལ་ཚོགས་ལ་སོགས་བདེན་དོན་གླེང་མཁན་ཡིན་ཟེར་མཁན་གྱི་ཚོགས་པ་ཚང་མས་རྣ་ལམ་དུ་འབྱོར་ཡོད་ཀྱང་། དུས་ད་ལྟ་བར་ལོ་ངོ་བཅུ་གསུམ་ཙམ་འགོར་ཡང་དེའི་ཤི་གསོན་ཙམ་ཡང་ངེད་ཅག་ལ་གནས་ཚུལ་འཁོ་སྤྲོད་བྱེད་ཐུབ་མཁན་ནི་བྱུང་ཡོད་པ་མ་རེད། ད་ལྟའམ་ཟླ་ངོ་གཅིག་གི་ཡར་སྔོན་འདི་ལ་ཡང་རྒྱལ་སྤྱིའི་སྟེང་གི་ཉེས་མེད་བཙོན་པ་ཆེ་ཤོས་དེ་ཡང་རྒྱ་ནག་སྲིད་གཞུང་གི་ལག་ལེན་བསྟར་ནས་ཁྲིམས་ཁང་དུ་བསྐྱལ་ཡོད་ཀྱང་། རྒྱལ་སྤྱིའི་སྟེང་གི་བདེན་དོན་གྱི་མིང་སྙན་མོ་ཡོད་མཁན་གྱི་གཞུང་སྒེར་གང་རུང་གི་ཚོགས་པ་གང་གིས་ཀྱང་། ངེད་ཅག་གི་སྡུག་བསྔལ་འདི་ལས་ཐར་བར་རོགས་རམ་ཁ་ལག་གཉིས་ཡོད་ཞིག་བྱེད་ཐུབ་རྒྱུར་རེ་བ་རྒྱབ་ཀྱང་སྟོང་བ་ཡིན། དེ་ལས་རང་རང་གི་ཕ་མ་དང་ཉེ་དུ་དེ་དག་གི་ལུས་སྲོག་ལ་བར་ཆད་མི་ཡོང་བས་ཐབས་ཤེས་སྣ་གཅིག་ལས་མེད་ཀྱང་། བོད་པ་རང་གི་ལག་ལེན་དངོས་སུ་བསྟར་བ་ཡིན་ན་དེ་ལས་འབྱུང་འགྱུར་ལ་ཡང་ཕན་ངེས་ཡིན་ལ། ད་ལྟའི་གནས་བབ་དེ་དག་གི་ངོ་བོ་ལ་འགྱུར་བ་ཡང་གཏོང་ཐུབ་ངེས་ཡིན། དེ་མིན་རྒྱལ་སྤྱིའི་སྟེང་གི་ཉེས་མེད་བཙོན་པ་ཆུང་ཤོས་དང་བཙོན་པ་ཆེ་ཤོས་བོད་དུ་བྱུང་སོང་ཟེར་ནས་སྡུག་སྐད་ག་ཚོད་བརྒྱབ་ཀྱང་རྒྱ་ནག་སྲིད་གཞུང་ལ་གང་ཡང་བྱེད་མི་ཐུབ། དེས་ན་ངེད་ཅག་གི་ནུས་ཤུགས་ཆུང་རུང་ཆིག་སྒྲིལ་དང་སྟོབས་ཤུགས་མཉམ་སྤྲེལ་གྱི་དམ་ཚིགས་མ་དོར་བར། ལམ་ཞིག་ཡོད་པ་ནས་དེའི་ནང་དུ་ཤར་བསྐྱོད་བྱེད་རྒྱུ་དེ་རེད།

    Reply
  4. དགྲ་འདུལ། says:
    ལོ་ 18 སྔོན།

    རྒྱལ་སྤྱིའི་ཁྲིམས་ཀྱི་ནང་དུ་བྱིས་པ་ཡིན་ན་རང་ལོ་ ༡༨ ལ་མ་ཟིན་བར་དུ་ཁྲིམས་ཐོག་གིི་ཉེས་པ་འགེལ་མི་ཆོག་པ་དང་། བཙོན་དུའང་འཇུག་ཆོག་གི་མེད་ཚུལ་འདུག འོ་ན། ལོ་རྒན་པ་ལ་འདི་ལྟའི་ཚད་ཅིག་ཡོད་མེད་ཤེས་མཁན་ཡོད་དམ།

    Reply
  5. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 18 སྔོན།

    ལོ་འགའི་ཡར་སྔོན་ལ་རྒྱ་ནག་གཞུང་གིས་པན་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༥ སྟེང་ནས་བཙན་འཁྲིད་བྱས་པ་ནས་བཟུང་འཛམ་གླིང་སྟེང་གི་ཆབ་སྲིད་བཙོན་པ་ལོ་ན་ཆུང་ཤོས་དེ་རྒྱ་ནག་ཏུ་ཡོད་པར་གྱུར་པ་རེད། ཟླ་གཅིག་ལྷག་གི་གོང་དུ་རང་ལོ་ ༨༡ ལ་ཕེབས་པའི་རྒན་དཔལ་འབྱོར་ནོར་བུ་ལགས་བཙོན་འཇུག་བྱས་པ་དེས། སླར་ཡང་འཛམ་གླིང་སྟེང་གི་ཆབ་སྲིད་བཙོན་པ་ལོ་ན་རྒན་ཤོས་དེ་རྒྱ་ནག་ཏུ་ཡོད་པར་གྱུར་བར་འདོད། རྒྱ་ནག་གི་འོག་གི་བོད་མི་ཚོ་འདི་ལྟའི་གནས་སྟངས་ཤིག་ཏུ་སླེབ་འདུག

    Reply
  6. འདྲེ་རིག་ལྡན། says:
    ལོ་ 18 སྔོན།

    “འགྲོ་བ་མིའི་ཐོབ་ཐང་ལྟ་ཞིག་ཚོགས་པའི་ཨེ་ཤ་ཡའི་ཁྲིམས་དོན་འགན་འཛིན་”
    ” འགལ་གྱི་རིགས་ཡིན་གི་རེད། ”

    Reply
  7. ཁྱུང་ལྡིང༌། says:
    ལོ་ 18 སྔོན།

    ད་གང་དྲག་རྒྱ་འདྲེ་འདི་ཚང་གི་ཁྲིམས་ལ་མི་རྒན་གཞོན་གྱི་དབྱེ་བ་ཞིག་རྩ་བ་ནས་མེད་པ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese