༢༠༠༨ ལོའི་བོད་འབྲེལ་གནས་ཚུལ་ཆེན་པོ་བཅུ་ནི་ལོ་འདིར་བྱུང་བའི་བོད་དོན་སྐོར་གྱི་གནས་ཚུལ་ཁག་ལས་ཤུགས་
གཅིག ཕྱི་ཟླ་ ༢ ཚེས་ ༢༡ ཉིན་མདོ་སྨད་རེབ་གོང་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཆེན་ཉིན་སེར་སྐྱ་མི་མང་སྟོང་ཕྲག་འགའ་ལྷན་འཛོམས་ཀྱིས་རྒྱ་ནག་གི་གཉའ་གནོན་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང༌། རྒྱ་ནག་གིས་དམག་མི་འབོར་ཆེན་མངགས་གཏོང་བྱས་ཏེ་དྲག་གནོན་དང་བོད་མི་མང་པོ་འཇུ་བཟུང་བྱས།
གཉིས། ༧གོང་ས་མཆོག་གིས་དོལ་རྒྱལ་བསྟེན་གསོལ་བཀག་སྡོམ་ཐད་བཀའ་ཕེབས་པ་བཞིན། མང་མོས་འོས་འཕེན་བརྒྱུད་ཚུལ་ཤིང་འཕེན་རྒྱུར་གཏན་འཁེལ་ཏེ་གདན་ས་གསུམ་གཙོས་དགེ་ལུགས་པའི་དགོན་སྡེ་གྲ་ཚང་ཁག་བཅུ་བཞིའི་ནང་ཚུལ་ཤིང་དམར་སེར་གཉིས་ཕངས་ཤིང༌། དོལ་རྒྱལ་བ་དང་མཉམ་དུ་ཟང་ཟིང་མཉམ་སྤྱོད་མི་བྱེད་པའི་ཁས་ལེན་དམ་འབུལ་བྱས།
གསུམ། གསུམ་བཅུའི་དུས་དྲན་ཉིན་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ནས་མཉམ་འབྲེལ་གྱིས་བོད་དུ་ཞི་བའི་གོམ་བགྲོད་ཆེན་མོའི་ལས་འགུལ་སྤེལ་ཏེ་བཞུགས་སྒར་དྷ་ནས་དབུ་འཛུགས་བྱས་ཏེ་གོམ་བགྲོད་བྱས།
བཞི་བ། བོད་མིའི་སྒེར་ལངས་ཆེན་མོའི་གསུམ་བཅུའི་དུས་དྲན་ཉིན་ནས་བཟུང་བོད་ཆོལ་ཁ་གསུམ་གྱི་ཁྱོན་ཡོངས་ནས་གཞི་རྒྱ་ཆེ་བའི་ཞི་བའི་ལས་འགུལ་སྤེལ་མགོ་ཚུགས་པ་དང༌། རྒྱ་ནག་གིས་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་པར་བརྟེན་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་སྲིད་བློན་དང་གནད་ཡོད་མི་སྣ་དག་གིས་སྐྱོན་བརྗོད་བྱས།
ལྔ་བ། ཕྱི་ཟླ་བདུན་པ་དང་བཅུ་བ་སོ་སོར་བོད་རྒྱ་འབྲེལ་མོལ་སྔ་རྗེས་ཐེངས་གཉིས་བྱས་མཐར་མཇུག་འབྲས་ཅི་ཡང་མ་བྱུང་བར་གནས་སྐབས་འབྲེལ་མོལ་མཚམས་ཆད་པ།
དྲུག་པ། ཕྱི་ཟླ་ ༡༠ པའི་ཚེས་ ༡༡ དང་ ༡༢ ཉིན་གཉིས་རིང་སུད་སི་རུ་ཡུ་རོབ་བོད་མིའི་ཚོགས་ཆེན་འཚོགས་ཏེ་མ་འོངས་བོད་མིའི་ལས་དོན་ཐད་ཡུ་རོབ་བོད་རིགས་མི་མང་ནས་ལས་དོན་སྤེལ་ཕྱོགས་ཐད་གོ་བསྡུར་བྱས།
བདུན་པ། ཕྱི་ཟླ་ ༡༠ ནང་ལྷ་སའི་འདམ་གཞུང་རྫོང་དུ་ཚད་རིམ་ ༦་༨ ཅན་གྱི་ས་ཡོམ་བརྒྱབས་ཏེ་མི་ ༣༠ ལྷག་རྐྱེན་འདས་དང༌། ཁང་ཁྱིམ་ ༢༠༠ ལྷག་ལ་གནོད་སྐྱོན་ཐེབས། གཞན་ཡང་ལྷོ་ཁ་དང་ཆབ་མདོ། གཞིས་རྩེ་སོགས་སུ་གངས་སྐྱོན་ཕོགས་ཏེ་སྒོ་ཕྱུགས་ ༡༦༠༠༠ ཤི་བ་དང༌། མི་ ༣༠༠༠ ལྷག་དང་སྒོ་ཕྱུགས་ ༡༢༠༠༠༠༠ ལྷག་ལ་གངས་འཁྱག་ཐེབས་པ་བཅས་མི་རྒྱུ་གཉིས་ལ་གྱོང་གུད་ཚབས་ཆེན་ཕོགས།
བརྒྱད་པ། ཕྱི་ཟླ་ ༡༡ པའི་ཚེས་ ༡༧ ནས་ཚེས་ ༢༤ བར་འཛམ་གླིང་གི་ཡུལ་ཕྱོགས་འདྲ་མིན་ཁག་དུ་ཡོད་པའི་ས་གནས་བོད་རིགས་འཐུས་མི་ ༥༠༠ ལྷག་བཞུགས་སྒར་དྷ་སར་ཆེད་བཅར་གྱིས། བོད་མིའི་དམིགས་བསལ་ཚོགས་ཆེན་ཚོགས་ཏེ་མ་འོངས་བོད་ཀྱི་ལས་དོན་སྒྲུབ་ཕྱོགས་ཐད་བསམ་ཚུལ་བསྡུ་ལེན་གྱིས་གོ་བསྡུར་གནང་བ།
དགུ་བ། ཕྱི་ཟླ་ ༣ ཚེས་ ༢༤ ཉིན་རྒྱ་ནག་གི་ཨོ་རྩེད་ཀྱི་མེ་སྐྱོགས་བརྒྱུད་སྤྲོད་མགོ་བཙུགས་པ་ནས་བཟུང་བོད་དོན་རྒྱབ་སྐྱོར་བ་གཙོས་འཛམ་གླིང་ཡུལ་གྲུ་སོ་སོར་གནས་པའི་བོད་མི་མང་པོས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་བསྟུད་མར་སྤེལ་བར་བརྟེན་འཛམ་གླིང་མི་མང་གིས་སྔར་ལས་ལྷག་པར་བོད་དོན་ཐད་དོ་སྣང་བྱུང༌།
བཅུ་པ། ཕྱི་ཟླ་ ༦ ནང་ཁ་བརྡ་དྲ་ཚིགས་དང༌། ཕྱི་ཟླ་ ༧ ནང་བོད་ཀྱི་དུས་བབ་དྲ་ཚིགས། གཞན་ཡང་ཨེ་ཡ་རླུང་འཕྲིན་ཁང་གི་བོད་ཡིག་དྲ་ཚིགས་དང༌། བོད་ཀྱི་བང་ཆེན་དྲ་ཚིགས་བཅས་རྒྱལ་སྤྱིའི་ཚད་ལྡན་ཨང་སྒྲིག་གཅིག་གྱུར་བོད་ཡིག་ཡིག་གཟུགས་ལ་བསྒྱུར་ཏེ་བོད་ཕྱི་ནང་གཉིས་ཀྱི་བརྡ་འཕྲིན་ཡིག་གཟུགས་གཅིག་གྱུར་གྱིས་གཞིས་བྱེས་བོད་མིའི་འབྲེལ་ལམ་སྟབས་བདེ་ཡོང་བར་སྔར་མེད་ཀྱི་གོམ་པ་གསར་བ་སྤོས།
ད་རེས་ཐུགས་རྗེ་ཆེ་ཞུ་དགོས་བྱུང་སོང་། ཡིན་ནའང་། ཚང་མ་ལོས་བརྗེད་མི་རུང་བ་ནི་ག་དུས་ཀྱང་བོད་ཅེས་པའི་མིང་འདིའི་འོག་ཏུ་ཚང་མ་ལོས་ཁ་གསོ་ཡི་ཡོད་པ་ལས་གཞན་དུ་རེ་བ་མེད་པ་དེ་ཡིན།
དེ་ལས་གཞན་བསམ་ཚུལ་གཅིག་འདུག རྟག་པར་དོལ་རྒྱལ་ཞེས་ལབ་ཡོང་དུས་སུན་སྣང་ཡོང་གི་འདུག སྤྱིར་ནང་པ་ངོ་མ་ཞིག་ཡིན་ན། འཇིག་རྟེན་པའི་ལྷར་སྐྱབས་སུ་འགྲོ་གི་མེད་པ་དང་། གནས་ལུགས་ལ་འཇུག་ལྡོག་བྱེད་ཀྱིན་པ་པཱ་ལེ་བས་བཤད་མ་དགོས་ཀྱང་། དེང་སྐབས་ཚང་མ་ལོ་མགོ་འཐོམ་པའམ་མགོ་འཐོམ་ཁུལ་བྱས་པ་གང་ལྟར་ཡང་དེ་འདྲ་ཞིག་ཏུ་གྱུར་འདུག དེ་བས། བོད་མི་གཅིག་པ་ལ་དད་འདུན་གཉིས་ཀྱི་འོག་ནས་མཉམ་རུབ་བྱས་ན་ཡག་པོ་མེད་དམ།
འདི་དག་ནི་གལ་ཆེན་གྱི་གནས་ཚུལ་འགའ་ཞིག་ཏུ་སོང༌དབྱིན་ཡིག་སོགས་སྐད་རིགས་གཞན་དག་ཐོག་ཏུབསྒྱུར་ཏེ་དྲ་རྒྱ་གཞན་ཁག་ཏུ་འགོད་ཐབས་གནང་ན་དགེ་མཚན་ཆེ།