རབ་འབྱོར། ༼ཁ་བརྡ་དྲ་རྒྱ་ལས་བཤུས།༽
ང་ལ་རྒྱ་གར་གྱི་བཙན་བྱོལ་སྤྱི་ཚོགས་སུ་འཚར་ལོངས་བྱུང་ཞིང་སློབ་གྲྭར་འགྲིམས་པའི་གྲོགས་པོ་འགའ་རེ་ཡོད། ང་ཚོ་མཉམ་འཛོམས་རེ་བྱུང་སྐབས་སྤྱི་དོན་དང་སྒེར་དོན་སྣ་ཚོགས་ཀྱི་སྐོར་ལ་འཕྲོས་མོལ་བྱེད། ན་ནིང་ད་ལོ་གཉིས་ལ་ངས་ཁོང་ཚོར་ནགས་ཚང་ཞི་ལུའི་སྐྱིད་སྡུག་ཀྱང་ཉུང་མཐའ་ཡང་ཐེངས་གསུམ་བཞི་ཙམ་ལ་གླེང་མོལ་བྱས་ཡོད། ད་དུང་ཨ་མདོའི་གྲོགས་པོ་གཞན་པའི་ངག་ནས་ཀྱང་དེབ་འདིའི་སྐོར་ཁོང་ཚོས་ཐོས་ཡོད་ཀྱི་རེད་སྙམ། ཡིན་ན་ཡང་ཁོང་ཚོས་ང་ལ་རྩོམ་པ་པོ་དེ་རྒྱ་མིས་ཅིའི་ཕྱིར་འཛིན་བཟུང་མ་བྱས་རེད་ཟེར་བ་ལྟ་བུའི་དྲི་བ་རེ་ཟུང་དྲངས་པ་མ་གཏོགས། དེབ་དེ་གང་ནས་རག་གི་རེད། དེབ་དེ་གཡོར་རྒྱུ་ཨེ་ཡོད་ཟེར་བ་ལྟ་བུའི་ཀློག་འདོད་མངོནཔའི་་གཏམ་ཚིག་རེ་ཁོང་ཚོ་ལས་ཐོན་པ་ངས་དྲན་གྱི་མི་འདུག དེ་ངས་སྐྱོན་དུ་ཡང་མཐོང་གི་མེད། སྤྱིར་བཏང་ཁོང་ཚོའི་བོད་ཡིག་གི་ཀློག་རྩལ་ཞན་པ་དང་། ལྷག་པར་དེབ་འདི་ཨམ་སྐད་ཀྱིས་བྲིས་ཡོད་སྟབས་དེབ་འདི་ཀློག་འདོད་འཕེལ་གྱི་མ་རེད་བསམ་ཡོད།
ཡིན་ན་ཡང་ཡ་མཚར་བ་ཞིག་ལ། ཉེ་ཆར་ཁོང་ཚོ་ལས་གཅིག་གིས་ང་ལ་ནགས་ཚང་ཞི་ལུའི་སྐྱིད་སྡུག་གི་དེབ་དེ་བླུ་རྒྱུའམ་་གཡོར་རྒྱུ་ཡོད་མེད་ཀྱི་གཏམ་དྲིས་སོང་། ངས་ཁོང་ལ་དེབ་དེ་ཨམ་སྐད་དུ་བྲིས་ཡོད་སྟབས་ཁོང་ཚོས་ཀློག་ཁག་པོ་ཡོད་ཚུལ་བཤད་པར། ཁོང་གིས་གང་ལྟར་ཡང་དེབ་དེ་ཀློག་ཐབས་ཤིག་བྱེད་རྒྱུ་ཡིན་། རྒྱུ་མཚན་ནི་༧གོང་ས་མཆོག་ནས་ཀྱང་དེབ་དེ་ལ་མཉེས་པོ་གནང་གི་ཡོད་་ཚུལ་ཐོས་སོང་ཟེར། ༧གོང་ས་མཆོག་ནས་དེབ་འདི་ལ་ཐུགས་མཉེས་པོ་གནང་གི་ཡོད་མེད་ལ་ང་ཡ་མ་མཚར། ཡ་ མཚར་བ་ནི་ཁོང་ཚོས་དེབ་ཅིག་ཀློག་འདོད་མིན་ཡང་༧གོང་ས་མཆོག་ནས་དེབ་དེ་ལ་ཐུགས་ མཉེས་པོ་གནང་གི་ཡོད་མེད་དེ་ལ་འབྲེལ་ཆགས་ཡོད་པ་དེ་ལ་ང་ཧང་སངས་སོང་། འདིས་མཚོན་པ་ནི་བོད་ཡིག་གི་དེབ་ཧ་ཅང་ཀློག་འོས་ཆེན་པོ་ཞིག་ཡིན་ཀྱང་། ༧གོང་ས་མཆོག་ནས་དེབ་དེའི་སྐོར་ལ་ཅི་ཡང་མ་གསུངས་ན་ཁོང་ཚོས་དེབ་དེ་ལ་ཁ་ཡ་མི་བྱེད་པ་དེ་རེད། འདི་ནི་ཕྱོགས་གཅིག་ནས་༧གོང་ས་མཆོག་གི་གསུང་ལ་གུས་བརྩི་བྱེད་པའི་ཡ་རབས་ཀྱི་མཚོན་རྟགས་ཤིག་ཡིན་ན་ཡང་། ཕྱོགས་གཅིག་ནས་༧གོང་ས་མཆོག་ལ་སྒུག་ནས་སྡོད་པའི་གཤིས་ཀ་ཞིག་མངོན་ཡོད་པ་ལྟ་བུ་ཞིག་ཏུ་མཐོང་།
སྒེར་གྱི་དོན་ཆུང་འདི་གཞུང་གི་དོན་ཆེན་ལ་ཡང་རིགས་བསྒྲེ་ཐུབ་པ་འདྲ། འདས་ལོའིཟླ་བཅུ་བའི་ནང་ལ་༧གོང་ས་མཆོག་ནས་བུ་གསོ་ཁང་དུ་བཙན་བྱོལ་སྤྱི་ཚོགས་ཀྱི་ཤེས་རིག་ལ་འབྲས་བུ་ཆུང་བ་དང་། འདས་པའི་ལོ་ཉི་ཤུ་སུམ་ཅུ་ཙམ་ཞིག་འཕྲོ་བརླག་ཏུ་སོང་ཞེས་གསུངས་པ་དེ་རེད། ཤེས་རིག་གི་འབྲས་བུ་སྐྱོ་བོ་དེ་ཁ་རྩང་གློ་བུར་དུ་བྱུང་བ་ཞིག་མ་རེད། ལོ་ཉི་ཤུ་སུམ་ཅུའི་རིང་ལ་ལོ་རེ་རེ་དང་། ཟླ་བ་རེ་རེ། ཉིན་མ་རེ་རེ་ལ་འབྱུང་བཞིན་པ་དང་མཐོང་བཞིན་པ་ཞིག་རེད། ངས་ སྔོན་མ་ཞིག་ལ་བོད་ཀྱི་དུས་བབ་ཐོག་ལ་བཙན་བྱོལ་སྤྱི་ཚོགས་སུ་བོད་ཡིག་འབྲི་ ཀློག་མི་ཐུབ་པའི་མི་རབས་ཀྱི་འགོ་བཟུང་ནས་ལོ་མང་པོ་སོང་ཡོད་པ་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་ཕ་མས་རང་གི་བུ་ཕྲུག་དང་། དགེ་རྒན་གྱིས་རང་གི་སློབ་མ། འགོ་ཁྲིད་ཀྱིས་རང་འོག་གི་ལས་བྱེད་ནས་བོད་ཡིག་གི་འཕྲིན་ཡིག་མ་འབྱོར་བར་ཡུན་རིང་སོང་ཡོད་པའི་ཚོད་དཔག་བྱས་ཡོད། ཤེས་རིག་གནས་སྟངས་སྐྱོ་བོ་འདི་༧གོང་ས་མཆོག་ལས་བཀའ་བློན་དང་དྲུང་ཆེ། སྤྱི་འཐུས་རྣམས་ཀྱིས་མཐོང་གསལ་ལོས་ཡིན། ཡིན་ན་ཡང་ཉེ་ཆར་༧གོང་ས་མཆོག་གི་བཀའ་སློབ་མ་ཕེབས་བར་འདི་འདྲའི་སྐྱོན་ཞིག་མེད་པའི་ཁུལ་གྱིས་བསྡད་ཡོད་པ་རེད། དེ་ཡང་ཉིན་ཤས་དང་ཟླ་ཤས་ལ་བསྡད་པ་མིན་པར་ལོ་གྲངས་ཉི་ཤུ་སུམ་ཅུ་ཙམ་ལ་བསྡད་པ་རེད། ༧གོང་ས་མཆོག་གིས་ད་རེས་བཀའ་སློབ་དེ་ཕེབས་མེད་ན་ད་དུང་ལོ་གྲངས་ཅི་ཙམ་ལ་སྡོད་རྒྱུ་ཡིན་པ་སུས་ཤེས།
༧གོང་ས་མཆོག་གི་བཀའ་སློབ་ཕེབས་པ་ན་གཞི་ནས་ཤེས་རིག་གིས་དེའི་སྐོར་ལ་ཚོགས་འདུ་ཞིག་བསྐངས་གཏམ་ཞིག་བོད་ཀྱི་དུས་བབ་ལས་ཐོས། འདི་ཡང་བགྲོ་གླེང་ཙམ་སྟེ། བོད་ ཀྱི་ཆོས་དང་རིག་གཞུང་འཛམ་གླིང་ལ་དར་ཁྱབ་ཆེ་སྟབས་ཀྱིས་བོད་མི་ས་ཡ་དྲུག་གིས་ དགེ་རྒན་བྱས་ན་ཡང་ལྡང་གི་མ་རེད་ཟེར་བ་ལྟ་བུའི་་རང་སེམས་གསོ་བ་མ་གཏོགས་ཅི་ལ་ ཡང་མི་ཕན་པའི་བསམ་ཚུལ་རྫིག་པོ་རེ་བཤད་ཡོད་པ་མ་གཏོགས། ཤེས་རིག་གི་གནས་སྟངས་སྐྱོ་བོ་དེ་བསྒྱུར་བ་ལ་ལག་བསྟར་བྱེད་རུང་བའི་འཆར་གཞི་ཞིག་ལ་གྲོས་བསྡུར་བྱེད་པའི་ཚོགས་འདུ་ཞིག་མིན་པ་འདྲ་ལ། དེ་འདྲའི་ཚོགས་འདུ་ཚོགས་པའམ་འཚོགས་རྒྱུ་ཡིན་གཏམ་ཅི་ཡང་མ་ཐོས།
ཆུང་ས་ནས་མི་ཞིག་གིས་དེབ་ཅིག་ཀློག་རརིན་ཡོད་མེད་དང་། ཆེ་ས་ནས་མི་རབས་ཤིག་ལ་ཐོབ་པའི་ཤེས་རིག་གི་འབྲས་བུ་མ་ཐོབ་པ་ལ་དོ་སྣང་བྱེད་མིན་བཅས་ལ་༧གོང་ས་མཆོག་གི་བཀའ་ལ་སྒུག་ནས་འདུག་པ་དེ་བཙན་བྱོལ་བོད་མིའི་སྒེར་གཞུང་གཉིས་ཀའི་གཤིས་ཀའི་ཆ་ཤས་ཤིག་ཏུ་གྱུར་ཡོད་པ་ཡིན་ནམ།
༼ གོང་གི་མི་ཉག་སྐལ་བཟང་ལགས་ཀྱིས་དཔྱད་གཏམ་ལ་དོ་དམ་པས་བསྐྱར་སྒྲིག་བྱས།༽
བོད་ཀྱི་བརྡ་སྤྲོད་རིག་པ།
མི་ཉག་སྐལ་བཟང༌།
༡༼ བོད་ཀྱི་བརྡ་སྤྲོད་རིག་པའི་འཕེལ་འགྲིབ་སྤྱི་བཤད།
སློབ་དཔོན་ཐུ་མིའི་བཀྲིན་གྱིས་འཛུམ་ཟེར་ལས་ཕྱུངས་པའི་བོད་ཀྱི་བརྡ་སྤྲོད་རིག་པ་ནི་མི་རིགས་གཞན་གྱི་བརྡ་སྤྲོད་རིག་པ་རྣམས་དང་བསྡུར་ན་གཏིང་ཟབ་ལ་རྒྱ་ཆེ་ཞིང༌། ཁུངས་བཙན་པ་དང་ཧི་མ་ལའི་རི་རྒྱུད་ལས་ཀྱང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཧ་ཅང་རིང་བ་ཡོད་ཅིང༌། ལྷག་པར་དུ་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མགོ་བརྩམས་ཏེ་རྣམ་གླིང་པཎ་ཆེན་མ་བྱོན་པའི་དུས་ཡུན་དེའི་རིང་ལ་བོད་ཀྱི་བརྡ་སྤྲོད་མཁས་པ་མང་པོས་ཁུར་བླངས་ཏེ་སློབ་དཔོན་ཐུ་མིའི་དདདགོངས་པ་མ་འཁྱོར་ཞིང་འཁྲུལ་བ་མེད་པའི་སྒོ་ནས་སུམ་རྟགས་ཀྱི་འགྲེལ་པ་ཁག་བཅུ་བདུན་ཙམ་བརྩམས་པར་གནང་བ་དང༌། ཡིན་ན་ཡང༌། ལྡོག་ཏུ་མེད་པའི་དུས་རབས་ཀྱི་འཕོ་འགྱུར་དང་བརྡ་སྤྲོད་རིག་པའི་འཕེལ་འགྲིབ་དང་འགག་འཕྲང་སྣ་ཚོགས་ཀྱིས་ད་ལྟ་ང་ཚོའི་མིག་མདུན་ན་སྔ་འགྲེལ་རེ་གཉིས་ཙམ་ལས་མཐོང་རྒྱུ་དཀོན་པར་གྱུར་ཞིང་ཇི་འདྲའི་ཡིད་ཕངས་པ་ལ་ཨང༌། སླར་ཡང་༡༦༨༢ ལོར་རྣམ་གླིང་པཎ་ཆེན་གྱིས་སྣང་བྱེད་ནོར་བུ་བརྩམས་པ་དང༌། རིམ་བཞིན་དུས་རབས་བཅུ་གཉིས་ནང་བོད་ཀྱི་བརྡ་སྤྲོད་རིག་པ་སྨྲ་བའི་དབང་ཕྱུག་ཆེན་མོ་ཀརྨ་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བས་མུ་ཏིག་ཕྲེང་མཛེས་བརྩམས་པ་ནས་བཟུང་བོད་ཀྱི་བརྡ་སྤྲོད་རིག་པར་མཁས་པ་ཕྲེང་རབས་བརྒྱུད་པ་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་དང༌། བོད་གངས་ཅན་གྱི་ལྗོངས་ནི་བརྡ་སྤྲོད་རིག་པའི་ཕྱུག་ཅིང་བང་མཛོད་ལྟ་བུར་གྱུར་ཡོད། འོན་ཀྱང༌། སྐབས་མཚམས་ཤིག་ན་རྒྱ་དམར་ཀླ་ཀློའི་དཔུང་ཚོགས་ཀྱིས་བོད་མི་ཡོངས་རྫོགས་མིང་མེད་རྩ་མེད་དུ་གཏོང་བའི་འགོ་བརྩམས་པ་དང༌། བོད་ཀྱི་རིག་གནས་སྤྱི་དང་ཡང་སྒོས་བོད་ཀྱི་བརྡ་སྤྲོད་རིག་པར་གཏོར་སྐྱོན་ཚབས་ཆེན་བཏང་དང་གཏོང་བཞིན་པ་ཡིན། བོད་མི་རྣམས་གཞིས་བྱེས་གཉིས་སུ་ཁ་གྱེས་དགོས་བྱུང་ཞིང་རང་གི་ཕ་ས་དགྲ་བོའི་ལག་ཏུ་ཤོར་ནས་མི་ལོ་ལྔ་བཅུ་སོང་བའི་བརྒྱུད་རིམ་ནང་གཞིན་བཞུགས་བོད་རིགས་སྤུན་ཟླ་ཚོར་རང་དབང་གཏན་ནས་མེད་ཅིང༌། རྒྱ་གཞུང་གིས་གཉའ་གནོན་དང་གདུག་རྩུབ་ཀྱིས་མེ་མདའི་ཁ་འོག་ན་རྒྱ་སྐད་དང་རྒྱ་ཡིག་བཙན་གྱིས་སྦྱོང་དུ་བཅུག་པ་དང༌། བོད་ཀྱི་སྐད་ཡིག་མཁོ་སྤྱོད་ཀྱི་འཁོར་ཡུག་ཇེ་ཆུང་དང་ཇེ་ཞན་ནས་ཇེ་སྡུག་ཏུ་གཏོང་བཞིན་པའི་སྒང་ཡིན། བྱེས་བཞུགས་བོད་མི་ཚོར་རང་དབང་ཙམ་ཡོད་ཀྱང་རང་ས་ལག་མཐིལ་ཙམ་ཡང་མེད་པའི་རྐྱེན་གྱིས་གཞན་རྟེན་སྲིན་བུའི་ལྟ་བུའི་སྒོ་ནས་མངར་ལ་སྐྱུར་བའི་འཚོ་བ་སྣ་ཚོགས་ཀྱིས་མི་ཚེ་འདི་ལྟར་འབུད་རྒྱང་གཏོང་དགོས་པ་དང༌། བོད་སྐད་ནང་སྐད་རིགས་འདྲེས་མ་སྣ་ཚོགས་བསྲེས་ལྷད་ཀྱིས་དབྱིན་ཡིག་གི་བརྡ་སྤྲོད་རིག་པར་ལག་ཐོགས་རྒྱབ་རྟེན་བྱེད་བཞིན་པ་སོགས་ཀྱིས་བོད་ཀྱི་བརྡ་སྤྲོད་རིག་པ་ལྷུང་བཞིན་རྒུད་པ་ལས་སྐྱོབ་དགོས་པའི་དུས་ལ་བབ་ཡོད་པ་འདྲ།
༢༼ བྱེས་བཞུགས་བོད་ཀྱི་སུམ་རྟགས་མཁན་པོ་ཁག་ཅིག་ལ་རྒོལ་བ།
སྔོན་ཆད་ང་རང་གནས་མཆོག་རྡ་རམ་ས་ལའི་རི་གྲོང་དུ་རི་སྤྱང་བཞིན་འཁྱམས་ཉུལ་དུ་སྡོད་སྐབས་བྱེས་བཞུགས་བོད་ཀྱི་སུམ་རྟགས་མཁན་པོ་ཁག་ཅིག་གིས་ཚིག་ཕྲད་རང་དབང་ཅན་བདག་སྒྲའི་ཕྲད་སྦྱོར་ཚུལ་འགྲེལ་ཁུལ་གྱིས་པ་བ་ལས་འཕྲོས་ཏེ་རང་ཕྱོགས་ཁོ་ན་འཛིན་པའི་བསམ་ཚུལ་སྐྱུག་བྲོ་བ་དུ་མ་ཞིག་ཚགས་ཤོག་མང་པོར་བཀོད་ཡོད་པས་ཁོ་བོས་ཡང་སྐོར་བསྐྱར་སྐོར་གྱིས་ཐེངས་འགའ་ཤས་བཀླགས་མྱོང༌། སུམ་རྟགས་མཁན་པོ་ཚོས་རང་རང་གི་རྣམ་དཔྱོད་ཕྲ་མོ་དེ་ཁོ་ནར་རྒྱབ་རྟེན་གྱིས་རང་རང་གི་ཡུལ་སྐད་གཅེས་འཛིན་འཐེན་འཁྱེར་ཁོ་ནར་རྒྱབ་སྐྱོར་འགན་སྲུང་བྱས་པ་ཙམ་མ་གཏོགས་བོད་རིགས་སྤྱིའི་ལས་དབང་དང༌། བོད་ཀྱི་བརྡ་སྤྲོད་རིག་པ་ཞིབ་འཇུག་ལ་ཕན་པའི་བསམ་ཚུལ་ལི་མ་རེ་ཁོང་ཚོའི་ངག་ནས་ཅི་ཡང་བཞུས་མེད་པ་དང༌། སློབ་དཔོན་ཐུ་མིའི་དགོངས་པ་དང་འགལ་ཞིང་སུམ་རྟགས་ཀྱི་སྒྲིག་གཞི་ཡང་ཕངས་མེད་དུ་གཏོང་འདོད་པ་དང༌། བོད་ཀྱི་རིག་གནས་ལ་རྒྱུས་མངའ་ཙམ་ཡང་མི་འདུག་སྙམ་པའི་ཚོར་བ་ཞིག་ཀྱང་དུས་མཉམ་དུ་སྐྱེས་མྱོང་ བོད་ཀྱི་སྐད་ཡིག་ཉམས་པ་སོར་ཆུད་དང༌། མི་ཉམས་གོང་འཕེལ་དུ་གཏོང་བར་བོད་ཀྱི་བརྡ་སྤྲོད་རིག་གནས་ལ་བྱང་ཆ་ངེས་པར་དུ་དགོས་པ་དང༌། ཡུལ་སྐད་འཐེན་འཁྱེར་སོགས་ཀྱི་གཞན་དབང་དུ་མ་སོང་བ་ཞིག་དགོས་པ་ནི་བོད་ཀྱི་བརྡ་སྤྲོད་རིག་པའི་རྩ་བའི་གནད་ཀ་ཞིག་ཀྱང་ཡིན་ལ། ད་རེས་སླར་ཡང་གི་རང་བཙན་གླེང་ཞོར་དུ་བོད་ཀྱི་དུས་བབ་ཚང་གི་འབྲེལ་སྒྲའི་ཕྲད་གཏོང་སྐྱོན་གཏོང་གིན་ཡོད་མེད་ཀྱིས་ཟུར་ཟའི་བསམ་ཚུལ་མི་ཉུང་བ་ཞིག་དུས་བབ་ཚང་གི་དྲ་རྒྱའི་བརྒྱུད་ལམ་དང་འགྲོགས་ནས་བལྟ་ཀློག་བྱས་པ་ཡིན། རཀཿར་བཀྲས་མཐོང་རིག་རྣམ་དང་སྟག་སྨྱོན་མིང་ཅན་སོགས་ཀྱིས་དབྱིན་ཡིག་གི་བརྡ་སྤྲོད་ཤེས་རློམ་གྱིས་དབྱིན་སྐད་ཀྱི་ལམ་ནས་དཔེ་ཆུང་རེ་གཉིས་ཀྱིས་གསལ་བཤད་བྱེད་ཁུལ་བྱས་ཡོད་པ་ནི་ཞྭ་དཔེ་ལྷམ་ལ་བཀབ་པ་དང་མཚུངས་སོ།།
༣༼ རཀཿར་བཀྲས་མཐོང་གི་སུམ་རྟགས་ཐོ་རེ་མ།
ཁོ་བོས་རཀཿར་བཀྲས་མཐོང་གི་སུམ་རྟགས་ཐོ་རེ་མ་ཞིག་ལ་བལྟ་ཀློག་ཙམ་བྱས་པ་ཡིན། ཁོང་གིས་དབྱིན་ཡིག་བརྡ་སྤྲོད་པར་རྒྱབ་རྟེན་ནས་སྔོན་ཆད་བྱུང་མ་མྱོང་བའི་དངོས་པོ་བདག་གཞན་གྱི་འགྲེལ་པ་གསར་པ་གསར་རྐྱང་ཞིག་གསར་གཏོད་རང་བཞིན་གྱིས་བརྩམས་ཁུལ་བྱས་ཏེ། བྱེད་འབྲེལ་ལས་ཚིག་ཡིན་ན་དངོས་པོ་བདག་ཡིན་པ་དང༌། བྱེད་མེད་ལས་ཚིག་ཡིན་ན་དངོས་པོ་གཞན་ཡིན་ཅེས་ཁ་ཚོན་གཅོད་ཅིང་རལ་གྲི་གནམ་གཡུག་ཐེངས་ཤིག་གིས་ང་རང་ཁོང་ལ་གདེང་འཇོག་སྤྲོ་བའི་སེམས་པ་དེ་སྟོང་སོང༌། སུམ་རྟགས་མཁན་པོ་ཁོང་གིས་བྱེད་འབྲེལ་ལས་ཚིག་ཡིན་ན་དངོས་པོ་བདག་གཞན་གྱི་དབྱེ་བ་ཡོད་པ་ཁྱབ་པ་དང༌། བྱེད་མེད་ལས་ཚིག་ཡིན་ན་དངོས་པོ་བདག་གཞན་གྱི་དབྱེ་བ་མེད་པ་ཁྱབ་པའི་ཁྱབ་མཐའ་ཅན་དེ་ཡང་མཁན་པོ་ཁོང་གི་དྲན་པའི་ཡུལ་དུ་ཟུར་ཙམ་ཡང་འཆར་མེད་པ་དང༌། སྔོན་ཆད་འཕགས་བོད་ཀྱི་མཁས་པ་སུས་ཀྱང་བྱེད་མེད་ལས་ཚིག་ལ་བདག་གཞན་གྱི་དབྱེ་བ་ཡོད་ཅེས་པའི་བརྩམས་ཆོས་ཤིག་བོད་གངས་ཅན་གྱི་ལྗོངས་སུ་མ་གྲགས་ཤིང༌། བྱེད་མེད་ལས་ཚིག་ལ་དངོས་པོ་བདག་གཞན་གྱི་དབྱེ་བ་སྦྱོར་ཚུལ་མེད་པའི་ཕྱིར། མཁན་པོ་ཁོང་འ་ཆད་འུ་ཐུག་གིས་དབྱིན་ཡིག་གི་བརྡ་སྤྲོད་རིག་པར་ལག་ཐོགས་རྒྱབ་རྟེན་གྱིས་ཨ་ཁུ་སྟོན་པ་གཉིས་པ་ཞིག་འཁྲབ་སྟོན་ཙམ་བྱས་ཏེ་ཁ་ཁྲལ་མཇལ་བ་ཙམ་ལས་བོད་ཀྱི་བརྡ་སྤྲོད་ཞིབ་འཇུག་ལ་ཕན་ཐོགས་ཅི་ཡང་མ་བྱུང་པ་ཡིན།
༤༼ བོད་ཀྱི་བརྡ་སྤྲོད་ལ་རྨོངས་པའི་སྟག་སྨྱོན༌།
བོད་ཀྱི་དུས་བབ་ཚང་གི་ཟིན་བྲིས་སུ་སྨྱུག་མིང་དུ་སྟག་སྨྱོན་ཞེས་བཀོད་པ་ཁོང་ཡང་ཨ་རི་ཕོ་བྲང་དཀར་པོའི་གད་སྙིགས་བླུངས་སྣོད་ཀྱི་ཟུར་ཞིག་ན་གཉིད་དུ་འཐིབས་ནས་ཨ་སྒོར་ལྗང་ཁུ་དེ་ཁོ་ན་མ་གཏོགས་དམིགས་འདུན་དང་བསམ་གཞིག་ཀློང་ན་མེད་པའི་སྨྱོན་པ་ཞིག་ཡིན་པ་འདྲ། གལ་ཏེ་ཁང་སྨྱོན་པ་ཞིག་མིན་ན་ཡང་མཚན་མ་གཉིས་དང་ལྡན་པའི་ཕོ་མིན་མོ་མིན་གྱི་མ་ནིང་ཞིག་ཀྱང་ཡིན་ཤས་ཆེ། ཁོང་གིས་བརྩམས་ཆོས་གང་ཡང་རུང་བ་ཞིག་གི་ནང་དུ་འཇིག་རྟེན་ཡ་རབས་ཀྱི་གྲགས་པ་དང་རིང་དུ་བརྒལ་ཞིང༌། བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་ཚིག་སྦྱོར་གྱིས་དབུལ་ཞིང་ཕུངས་པས་འཁྲིག་ཚིག་དང་ཆགས་སྲེད་ཀྱིས་མི་འོས་པའི་ཚིག་སྦྱོར་ཤ་སྟག་དང་གུས་ཞབས་གྱིས་རྣམ་འགྱུར་ཙམ་ཡང་མེད་པར་རང་གིས་རང་ཉིད་དམར་རྗེན་དུ་བཏོན་པ་དང༌། རང་ཉིད་ལ་འཇོན་ཐང་དང་ཤ་ཞེན། ཕུགས་བསམ་དང་ལག་རྗེས་ཏིལ་འབྲུ་ཙམ་ཡང་མེད་པར་གཞན་སྐྱོན་ཤ་སྟག་འཚོལ་འདོད་པ་ནི་དཔེར་ན། གཞན་ལ་བལྟ་བའི་མིག་ཡོད་ཀྱང༌།། རང་ཉིད་བལྟ་ན་མེ་ལོང་དགོས།། ཞེས་པའི་ལེགས་བཤད་འདི་དྲན་པར་གྱིས་དང༌། ཁོང་གིས་འབྲེལ་སྒྲར་ཕྲད་ཅིག་གསར་དུ་སྣོན་འདོད་པས་གི་སྒྲའི་ཚབ་ལ་ཀི་སྒྲ་ཞིག་གསར་དུ་སྦྱོར་བ་དང༌། ཡང་ན་འབྲེལ་སྒྲའི་ཕྲད་གི་གཏོར་འདོད་པས་ཀི་སྒྲ་ཞིག་གསར་དུ་སྦྱོར་འདོད་པ་དེ་ཡིན། གི་སྒྲའི་ཚབ་ལ་ཀི་སྒྲ་སྦྱར་ཆོག་པ་དང༌། ཀི་སྒྲ་ཕྲད་དང་རྣམ་དབྱེ་ལ་འཇུག་པའི་བསྟན་བཅོས་ཤིག་ཨ་རིའི་ཕོ་བྲང་དཀར་པོ་ནང་ཡོད་ན་མ་གཏོགས་བོད་གངས་ཅན་གྱི་ལྗོངས་ན་མེད་པ་ཡིན། ཡང་ཁོང་གིས་གི་སྒྲ་དང་ཀི་སྒྲ་གཉིས་ལ་ཁྱེད་པར་ཆེན་པོ་མི་འདུག་སྙམ་ན་ཡང་བོད་ཀྱི་གསལ་བྱེད་སུམ་ཅུ་ཐམ་པ་རེ་རེའི་སྒྲ་གདངས་དྲག་ཞན་སོགས་ཀྱི་དབྱེ་བ་དང་གོ་རིམ་འདི་བྱང་བར་གྱིས་ཤིགགི་སྒྲ་རང་བཙན་ཡིན་དང་མིན།
༥༼ གི་སྒྲ་ལ་རང་བཙན་ཐོབ་ཡོད་མེད་ཀྱི་མཇུག་གཏམ།
གི་སྒྲའི་ཕྲད་ཡོད་ཚད་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ཡིན་མིན་ནི་རྣམ་དབྱེ་དྲུག་པ་འབྲེལ་སྒྲའི་གོ་དོན་སྔོན་དུ་རྟོགས་པ་དང༌། དེ་ཡང༌། ཡན་ལག་དང་ཡན་ལག་ཅན། ཆ་དང་ཆ་ཤས། རྟེན་དང་བརྟེན་པ་སོགས་ཀྱི་མིང་དོན་ཕན་ཚུན་འབྲེལ་བ་གཙོ་བོ་སྟོན་པའི་ཨི་ལྡན་གྱི་ཕྲད་ཅན་ཡིན་ན་རྩོད་མེད་ཀྱི་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ཡིན་ལ། གི་སྒྲ་ཡིན་པ་གང་ཞིག་ལ་རྣམ་དབྱེ་དྲུག་པའི་གོ་དོན་ཙམ་མི་ལྡན་པ་དང༌། རྗེས་འཇུག་གང་ལའང་མ་ལྟོས་པར་གི་སྒྲ་རང་བཙན་ཅན་འབུར་དུ་འཕྱུང་བ་རྣམས་ནི་འབྲེལ་བའི་སྒྲ་ཙམ་ཡང་མིན་པར་ཡུལ་སྐད་བྱེ་བྲག་པ་ཤ་སྟག་ཡིན། གི་སྒྲ་ནི་ཚིག་ཕྲད་གཞན་དབང་ཅན་རྗེས་འཇུག་ལ་ལྟོས་ཏེ་སྦྱོར་དགོས་པ་ལས་རྗེས་འཇུག་ལ་མ་ལྟོས་པར་ཚིག་ཕྲད་རང་དབང་ཅན་གང་ས་གང་དུའང་སྦྱོར་ཆོག་པ་ཞིག་ཀྱང་གཏན་ནས་མིན། དཔེར་ན། ང་ངོ་ཚ་གི ཁྱོད་ངོ་ཚ་གི ང་དགའ་གི ཁྱོད་དགའ་གི ཤེས་དགོས་གི སྙིང་བོ་ཆེ་གི དོན་འདི་ལྡན་གི ཁོང་འདིར་ཡོད་གི ཁོང་འདིར་མེད་གི ལྟ་བུ་རྣམས་ནི་སྐབས་འདིའི་རྩོད་གཞི་ཅན་གྱི་གི་རང་བཙན་ཅན་ས་སྟག་ཡིན་པ་དང༌། རྣམ་དབྱེ་དྲུག་པ་འབྲེལ་སྒྲའི་ཕྱོགས་ཙམ་མམ་ཁོངས་སུའང་མ་གཏོགས་པར་འབྲེལ་སྒྲ་མིན། ཀྱིན་དང་གྱིན། གིན་གསུམ་ནི་བཞིན་གྱི་སྒྲ་དང་མཚུངས་ཤིང་དུས་ལྟ་བ་ཁོ་ན་སྟོན་བྱེད་ཀྱི་ཕྲད་ཤ་སྟག་ཡིན་པ་དང༌། རྗེས་འཇུག་ལ་ངེས་པར་དུ་ལྟོས་ཏེ་འབྲི་དགོས་པ་ཡིན། བྱེད་ཀྱི་ཡོད། བྱེད་ཀྱི་རེད། བསམ་གྱི་ཡོད། བསམ་ཀྱི་འདུག ལྟ་བུ་རྣམས་ནི་འབྲེལ་སྒྲ་འཁྲུལ་མེད་ཡིན་པ་མ་ཟད་དུས་དང་དུས་ཀྱི་འབྲེལ་བ་གཙོ་བོ་སྟོན་པའི་འབྲེལ་སྒྲའི་ཕྲད་ཤ་སྟག་ཡིན། གྱིན་སྒྲའི་ཚབ་ལ་ཀྱིན་སྒྲ་དང༌། གིན་སྒྲའི་ཚབ་ལ་ཀིན་སྒྲ་སྦྱོར་མི་ཆོག་པ་ཅི་ཡིན་སྙམ་ན་ཡང༌། བོད་ཀྱི་བརྡ་སྤྲོད་རིག་པར་སྤྱི་དང་བྱེ་བྲག དངོས་བསྟན་དང་ཤུགས་བསྟན། དམིགས་བསལ་དང་དོན་ཐོབ། བརྗོད་བདེ་དང་བརྗོད་བདེ་མིན་པ། ཕོ་མོ་མ་ནིང༌། སྒྲ་གདངས་དྲག་ཞན་སོགས་ཀྱི་སྒོ་ནས་བཞག་ཡོད་པའི་གནད་འགག་འདི་དག་ཤེས་པར་བྱ་དགོས།གཞན་ཡང༌། དུས་རྟག་དུ་བོད་ཀྱི་དུས་བབ་ཚང་གི་དྲ་རྒྱའི་སྟེང་གི་ཟིན་བྲིས་པ་མང་པོ་ཞིག་གིས་ཕྲད་དང་རྣམ་དབྱེ་རང་བཙན་པ་མང་པོ་ཞིག་རང་རང་སོ་སོའི་འདོད་པ་ལྟར་ངག་ཐོག་གི་སྐད་ཆ་ཡོད་ཚད་དེ་མ་ཐག་ཡིག་ཐོག་ཏུ་འབྲི་སྲོལ་ཡོད་དང༌། སྐབས་རེ་ཁོང་ཚོའི་ཟིན་བྲིས་སུ་བཀོད་པ་རྣམས་ཀློག་མི་ཐུབ་པའི་དཀའ་ངལ་དང་དོན་གྱི་གོ་བ་ཅི་ཡང་རྙེད་རྒྱུ་མེད་པའི་དཀའ་ངལ་འཕར་མ་ཞིག་གིས་བོད་ཡིག་འབྲི་སྲོལ་ཁྱད་མཚར་པོ་མང་པོ་ཞིག་མཐོང་རྒྱུ་ཡོད་པ་དང༌། དེ་དག་ལ་དགེ་སྐྱོན་གྱིས་རྣག་ཐོག་གཙག་འཁེལ་གྱིས་བསམ་ཚུལ་དྭངས་མ་རེ་བརྗོད་དགོས་པ་ནི་བོད་ཀྱི་དུས་བབ་ཚང་དང་ང་ཚོ་ཐུན་མོང་གི་དུས་ལ་བབ་པའི་བསྒྲུབ་བྱའི་ལས་འགན་ཉག་ཅིག་ཏུ་བསམས།
མི་ཉག་སྐལ་བཟང་འབོད་པས་ཆེན་པོ་ཧོར་རམ་སོག་ཡུལ་གྱི་རྒྱལ་ས་ཨུ་ལཱན་པཱ་ཐར་ནས།
མི་ཉག་སྐལ་བཟང་ལགས་ཀྱི་ཆེད་རྩོམ་འདི་བཞིན་དབྱིན་ཡིག་ཐོག་འགྱུར་ཡོད་སྟབས།
ཁོང་ཉིད་ཀྱིས་ཨུ་ལན་པཱ་ཐར་ནས་སྐུ་ངལ་ལ་མ་འཛེམས་པར་འདི་ལྟར་ཆེད་རྩོམ་ཞིག་བྲིས་གནང་འདུག་པས་ནང་དོན་ཇི་ལྟར་ཡིན་མིན་ལ་མ་བལྟོས་པར་ཁོ་བོས་དཀའ་ངལ་འདི་སེལ་རོགས་ཞུས་པ་ཡིན།།
ཨ་རོག
མི་ཉག་སྐལ་བཟང་ལགས།
རྗེས་མ་ཁྱེད་ཀྱིས་ཧི་མ་ལའི་ཡིག་གཟུགས་བེད་སྤྱོད་གནང་ན་འདི་འདྲའི་དཀའ་ངལ་རིགས་ཅི་ཡང་འཕྲད་མི་སྲིད།
གལ་ཏེ་ཁྱེད་ལ་ཧི་གཟུགས་དགོས་ན་ཕབ་བཤུ་ཡང་བྱས་ཆོག་ཡིན་ལ།
མཛུབ་གནོན་ཡང་ཨ་ཁུ་སྨོན་ལམ་ལགས་ཀྱིས་བཀའ་དྲིན་ལས་རང་ཉིད་གང་བདེ་བ་ཡོད་པ་དེ་སྤྱོད་ཆོག་པའི་མཉེན་ཆས་ཆུང་ཆུང་ཞིག་ཡོད་པས་དེ་ཡང་ཁྱེད་ཀྱི་གློག་ཀླད་ནང་འཇུག་དགོས་པ་ཡིན།
གལ་ཏེ་དེ་དགོས་ན་ཁོ་བོས་ཁྱེད་ལ་ཕུལ་ཆོག་པ་ཞུ།
བསེ་རུ་ནས་
ཁྱེད་ཀྱི་དྲན་པའི་མེ་ལོང་དུ་ཡོད་པའི་ཁུ་སིམ་གྱི་གནས་ཡུལ་དེ་ནས།
བོད་ཀྱི་བརྡ་སྤྲོད་རིག་པ།
མི་ཉག་སྐལ་བཟང༌།
༡༼ བོད་ཀྱི་བརྡ་སྤྲོད་རིག་པའི་འཕེལ་འགྲིབ་སྤྱི་བཤད།
སློབ་དཔོན་ཐུ་མིའི་བཀྲིན་གྱིས་འཛུམ་ཟེར་ལས་ཕྱུངས་པའི་བོད་ཀྱི་བརྡ་སྤྲོད་རིག་པ་ནི་མི་རིགས་གཞན་གྱི་བརྡ་སྤྲོད་རིག་པ་རྣམས་དང་བསྡུར་ན་གཏིང་ཟབ་ལ་རྒྱ་ཆེ་ཞིང༌། ཁུངས་བཙན་པ་དང་ཧི་མ་ལའི་རི་རྒྱུད་ལས་ཀྱང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཧ་ཅང་རིང་བ་ཡོད་ཅིང༌། ལྷག་པར་དུ་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མགོ་བརྩམས་ཏེ་རྣམ་གླིང་པཎ་ཆེན་མ་བྱོན་པའི་དུས་ཡུན་དེའི་རིང་ལ་བོད་ཀྱི་བརྡ་སྤྲོད་མཁས་པ་མང་པོས་ཁུར་བླངས་ཏེ་སློབ་དཔོན་ཐུ་མིའི་དདདགོངས་པ་མ་འཁྱོར་ཞིང་འཁྲུལ་བ་མེད་པའི་སྒོ་ནས་སུམ་རྟགས་ཀྱི་འགྲེལ་པ་ཁག་བཅུ་བདུན་ཙམ་བརྩམས་པར་གནང་བ་དང༌། ཡིན་ན་ཡང༌། ལྡོག་ཏུ་མེད་པའི་དུས་རབས་ཀྱི་འཕོ་འགྱུར་དང་བརྡ་སྤྲོད་རིག་པའི་འཕེལ་འགྲིབ་དང་འགག་འཕྲང་སྣ་ཚོགས་ཀྱིས་ད་ལྟ་ང་ཚོའི་མིག་མདུན་ན་སྔ་འགྲེལ་རེ་གཉིས་ཙམ་ལས་མཐོང་རྒྱུ་དཀོན་པར་གྱུར་ཞིང་ཇི་འདྲའི་ཡིད་ཕངས་པ་ལ་ཨང༌། སླར་ཡང་༡༦༨༢ ལོར་རྣམ་གླིང་པཎ་ཆེན་གྱིས་སྣང་བྱེད་ནོར་བུ་བརྩམས་པ་དང༌། རིམ་བཞི%
སྤྱི་ཚོགས་ཀྱིས་ཀྱང་བསྐུལ་མི་ཐུབ་སྟབས།
རང་ཉིད་ཀྱི་ཤེས་ཡོན་དེ་རང་ཉིད་ཀྱི་མི་ཚེ་སྐྱེལ་ཐུབ་ཙམ་མ་གཏོགས་ཤེས་ཡོན་དེས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་འདི་དང་དེ་བསྒྲུབ་སྙམ་པའི་ཚོར་ཤུགས་དེ་ཉམས་ཟིན་པས་རེད་སྙམ།
ང་ཚོས་འདས་ཟིན་པའི་ཤེས་ཡོན་འཐུས་ཤོར་ཕྱིན་པ་དེ་ད་ལྟ་ལོ་ངོ་གཉིས་གསུམ་ནང་ཚ་ཚ་འུར་འུར་ངང་གྱོང་གུན་གསབ་ཐབས་བྱས་ན་དེ་འོང་ཐབས་མེད་པ་ཞིག་ཡིན་ལ་དེ་ངལ་བའི་རྒྱུས་ལས་མ་འདས།
ང་ཚོས་ད་ནས་བཟུང་ཆུང་བྱིས་པ་ཀ་ཁ་འབྲི་ཀློག་བྱེད་འགོ་ཚུགས་པ་ཚུན་ནས་ད་གཟོད་གཞི་ནས་སྔར་དང་མི་འདྲ་བར་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་གསོ་སྐྱོང་གིས་འབྱུང་འགྱུར་ལོ་བཅུ་བཅོ་ལྔའི་རྗེས་ལ་གཞི་ནས་༸གོང་ས་མཆོག་གི་བཀའ་སློབ་ཀྱི་དགོངས་དོན་རིགས་གཅིག་རྐང་འཛིན་སོགས་གང་མང་ཐོན་ཐུབ་ཐབས་ལ་འབད་དགོས་ཤིང་།
ད་ལྟའི་ཤེས་ཡོན་གྱི་སྡེ་ཁག་ནང་ཡོད་པའི་ཞིབ་འཇུག་པ་དང་།
སློབ་གྲྭ་ཁག་གི་ནང་ཡོད་པའི་དགེ་རྒན་སོགས་ལའང་རང་གཞུང་གིས་ངོས་ནས་ཞིབ་འཇུག་གིས་རང་རང་གི་ཤེས་ཚད་དང་སློབ་གཞི་སོགས་དང་འབྲེལ་ཡོད་ཁག་ལ་སྔར་ལས་ཚགས་ཚུད་དང་།དེ་དང་དེ་ཞིབ་འཇུག་གི་རྣམ་པའི་ཐོག་ནས་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གནང་ན།
ད་ཡོད་ཀྱི་ཤེས་ཡོན་ཅན་ཚོའི་ནང་ནས་ཆེད་ལས་རིགས་གཅིག་རྐང་འཛིན་མི་ཉུང་བ་ཞིག་ཡུན་རིང་གསོ་སྐྱོང་གནང་མི་དགོས་པར་ཐོན་ཐུབ་རྒྱུའི་ཆ་རྐྱེན་ཚང་བའི་མི་སྣ་མི་ཉུང་བ་ཞིག་རྙེད་ཐུབ་སྙམ།།
དགོངས་སེལ་ཞུ་རྒྱུར་དྲ་རྒྱ་ཡང་ཡང་ཆད་སྟབས།
འདིར་བརྗོད་གཞི་གཅིག་དུམ་མཚམས་ཁག་གསུམ་དུ་གྱེས་སོང།
གོང་གི་འཕྲོ།
སྤྱི་ཚོགས་ཀྱི་སློབ་གསོ་དང་ཁྱིམ་ཚང་གི་སློབ་གསོ།
སློབ་གྲའི་སློབ་གསོ་སོགས་ཀྱིས་མ་འདང་བ་དང་།སློབ་མ་རང་ཉིད་ཀྱང་དུས་རབས་ཀྱི་རླུང་བུའི་ཁྲོད་སེམས་ཤུགས་ཀྱི་མེ་སྟག་དེ་ཕར་གཡོ་ཚུར་གཡོའི་ངང་དུ་དུས་འདའ་བཞིན།མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་མནོ་བསམ་གཏོང་རྒྱུའི་ངར་ཤུགས་ཤིག་རང་ངོས་ནས་སླེབས་མི་ཐུབ་པ་མ་ཟད།
སྤྱི་ཚོགས་ཀྱིས་ཀྱ
ང་ཚོས་འདི་ལྟར་གཅིག་གིས་གཅིག་ལ་བསྐུལ།
བཅུ་ཡིས་བརྒྱ་ལ་བསྐུལ།
བརྒྱ་ཡིས་སྟོང་ལ་བསྐུལ་བ་དེ་ལས་སླ་མོ་ཞིག་ཡིན།
དེ་ལྟར་བསྐུལ་ན་ཕན་འབྲས་ཀྱི་ནུས་པ་ཞིག་ཐོན་སྲིད་ཀྱང་།
རང་རང་གི་སྟེང་དུ་མཛུབ་མོ་ནང་དུ་བཀུག་སྐབས་ཡ་གིའི་མཐོ་རིམ་མི་སྣ་ནས་མ་གིའི་དམའ་རིམ་མི་མང་དཀྱུས་མ་ཚུན་ཆད།
དེང་སྐབས་ཀྱི་གནས་བབ་འདིའི་ནང་རང་ཉིད་ཀྱིས་རང་ཉིད་སྐྱོབས་ཐུབ་ཙམ་ལས་མེད་པའི་ཚོར་སྣང་ཞིག་སྟེར་གྱིན་འདུག
ངས་འདི་ནས་ཕར་ཞིབ་འདང་ཞིག་དང་ལོ་རྒྱུས་ཀྱི་བཞིན་རས་ལ་ཕྱིར་བལྟས་ཤིག་བྱ་སྐབས།
བཙན་བྱོལ་དུ་གྱར་བའི་སྤྱི་ལོ་དྲུག་ཅུ་དང་བདུན་ཅུའི་བར་གྱི་ཤེས་ཡོན་ཅན་དང་།
དེང་སྐབས་ཀྱི་ཤེས་ཡོན་ཅན་གྱི་བར་ལ་སེམས་ཁམས་ཀྱི་བར་ཁྱད་ཆེན་པོ་ཞིག་ཡོད་པའི་དབང་གིས་ལོ་ངོ་དུ་མ་ཞིག་ཤེས་ཡོན་ལ་འཐུས་ཤོར་སོང་བ་ཞིག་ཚོར་གྱིན་འདུག
དེ་ལྟར་ཡིན་པའི་རྒྱུ་མཚན་ནི།
སྐབས་དེའི་ཤེས་ཡོན་ཅན་ཚོའི་སེམས་ནང་ངར་ཤུགས་དམིགས་བསལ་ཞིག་ཡོད་ལ།ཁོར་ཡུག་གི་གནོན་ཤུགས་ཀྱང་ཤུགས་ཆེ་ཞིག་ཡོད་སྟབས།
རང་རིགས་དང་རང་གི་རྒྱལ་ཁབ་ཀྱི་ཆེད་དུ་བྱ་གཞག་ཅིག་བསྒྲུབ་མ་ཐུབ་ན་བསམ་པའི་སེམས་ཤུགས་ཀྱི་མེ་ལྕེ་དེ་འབར་བཞིན་ཡོད།
འོན་ཀྱང་དེང་སྐབས་གཞོན་སྐྱེས་རྣམས་ལ་དཀའ་སྡུག་གི་འཁུར་པོ་དེ་ཙམ་མེད་ལ།
ཁོར་ཡུག་དང་སྤྱ
༼ དོ་དམ་པས་གོང་གི་དཔྱད་གཏམ་བསྐྱར་སྒྲིག་བྱས། ༽
ཚོགས་ཆེན་གྱི་སྔ་ཕྱིའིམྱོང་སྣང་གླེང་བ།
གོང་དཀར་ངག་རྣམ་གྱིས།
བཀའ་སྤྱི་གཉིས་ལ་གནང་བའི་ྋགོང་ས་མཆོག་གི་གསུང་འཕྲིན་དང་པོ་དེའི་ནང་གསུངས་པའི་དོན་སྙིང་ཙམ་ལ་བལྟས་ན་ནི་དམིགས་བསལ་ཚོགས་ཆེན་དེ་ཡང༌། གཙོ་བོ་འདི་ལོའི་བོད་ཀྱི་དོན་རྐྱེན་གྱི་འབྱུང་རྐྱེན་དང༌། རྒྱལ་སྤྱིའི་ནང་བོད་དོན་གྱི་གནས་བབ་ཇི་ལྟར་ཡིན་མིན་སོགས་ཀྱི་སྐོར་ལ་ཤོད་རྒྱུ་ཡིན་པའི་ཚོར་སྣང་དང་སྐབས་དེར་སྤྱི་འཐུས་ཚོགས་གཙོའི་ངོས་ནས་ཀྱང་དེ་ལྟར་ཡིན་པ་ལས། རྩ་དོན་གྱི་ལང་ཕྱོགས་ཐད་ལ་འོས་འཕེན་པ་ལྟ་བུའི་གནས་སྟངས་གཏན་ནས་མིན་པའི་གསལ་བསྒྲགས་གནང་ནའང༌། སྤྱི་ཚོགས་ཁྲོད་གནས་སྐབས་རིང་འུར་ཟིང་ཞིག་ལངས་ཏེ་ཚོགས་འདུའི་རེ་འདུན་ཡང་གཞན་ཞིག་ཡིན་པའི་བསམ་ཚོད་ཀྱིས་མི་མང་དག་ཅིག་གི་མགོ་བོ་འཐོམས། ཡིན་ནའང་བོད་ཁྱིམ་གྱི་དུས་དྲན་སྐབས་གནང་བའི་གསུང་བཤད་ལས་དམིགས་བསལ་ཚོགས་ཆེན་ནང་རྩ་དོན་གྱི་སྐོར་ལའང་གོ་སྡུར་བྱ་དགོས་རྒྱུའི་ནན་བཤད་གནང་སོང་བས། དེ་ནས་བཟུང་མི་དམངས་བྱིངས་ཀྱི་ཁྲོད་ཚོགས་ཆེན་གྱི་ངོ་བོ་ལ་ཡང་ལྟ་སྟངས་གཞན་ཞིག་ཆགས་པ་ནི་ཧོལ་རྒྱུགས་མིན་པར་གོ་རྟོགས་ཀྱི་རང་བཞིན་ཞིག་ཏུ་སེམས་ཆོག ཡང་སྙིང་ཚོགས་ཆེན་འདི་ནས་ཕྱིན་ཆད་ཀྱི་འཐབ་རྩོད་དེ་ཐབས་ལམ་ཅི་ཞིག་དང་དམིགས་ཡུལ་གང་འདྲ་ཞིག་སྒང་ལ་འགྲོ་རྒྱུའི་ཐག་གཅོད་ཡོང་མིན་གྱི་ཚོར་སྣང་གཏིང་ཟབ་དང༌། ྋརྒྱལ་བ་རིན་པོ་ཆེས་ད་ཆ་རྒྱ་ནག་མི་དམངས་ལ་ཡིད་ཆེས་བརླག་མེད་ཀྱང་རྒྱ་གཞུང་ལ་ཡིད་ཆེས་སྲབ་ཏུ་ཕྱིན་ཡོད་པའི་སྐོར་ནན་བརྗོད་གནང་བ་འདིས། དེ་སྔ་དང་མི་འདྲ་བར་ད་ཆ་དབུ་མའི་ལམ་ལ་ཡང་ཐབས་ཤེས་མེད་པའི་བསམ་ཚུལ་སོགས་ཀྱིས་སྤྱི་ཚོགས་ནང་གླེང་སློང་ཤུགས་ཆེན་པོ་ཞིག་ཆགས། ཡོངས་ཁྱབ་དང་སྤོབས་པ་སྐྱེ་འོས་པའི་འདུ་འཛོམས་འདི་ལྟ་བུ་ལྟ་བུས་རྒྱལ་སྤྱིའི་ནང་བོད་དོན་གྱི་གནས་ཚུལ་ཐད་ལ་གསོན་ཤུགས་གསར་པ་རེ་འགོག་ཏུ་མེད་པར་འཕེལ་བ་ནི་ཚོགས་འདུའི་གཟི་བརྗིད་ཅིག་ཏུ་མཐོང་ནའང༌། རྩ་དོན་གྱི་ལང་ཕྱོགས་དང་འབྲེལ་བའི་གནད་དོན་ཐད་རེ་ཞིག་ཚོགས་ཆེན་གྱི་འཇུག་སྡོམ་སྒུག་རྒྱུ་ལས་གང་ཡང་ལྷག་མ་སོང༌། འོན་ཏེ་ྋགོང་ས་མཆོག་གིས་རྒྱ་ནག་མི་དམངས་ལ་ཡིད་ཆེས་བརླག་མེད་པའི་བཀའ་མོལ་གསུངས་སྟངས་དེ་དང༌། སྤྱིར་བཏང་རྒྱའི་ཤེས་ཡོན་ཅན་དཔུང་ཁག་ཅིག་གིས་ང་ཚོར་བདེན་སྐྱོབ་དང་ལྷག་པར་འདི་ལོའི་དོན་རྐྱེན་འབྲེལ་བའི་ཐད་ཁོང་ཚོའི་ངོས་ནས་ཞུམ་པ་མེད་པའི་སྙིང་སྟོབས་ཤིག་བཅངས་བའི་གནས་ཚུལ་ལ་བརྟེན་ནས་དབུ་མའི་ལམ་ལ་ཕྱོགས་གཉིས་པ་ཞིག་ཡོད་པའི་ལྟ་ཚུལ་བྱུང༌། ཚོགས་ཆེན་ནས་དབུ་མའི་ལམ་ལ་སྤྱི་མོས་བྱུང་བ་ནི་སྔོན་ཐོན་གྱི་རྒྱལ་ཁ་ཞིག་ཡིན་པར་ཐེ་ཚོམ་མེད་ཀྱང༌། ད་རེས་ཀྱི་ཐག་གཅོད་འདིས་ང་ཚོར་གོ་རྟོགས་གསར་པ་ཞིག་ཐོབ་པ་ནི། ད་ནས་བཟུང་མི་དམངས་བྱིངས་ཀྱིས་ཁྲོད་ནས་ཀྱང་ལམ་ཕྱོགས་འདིའི་རྒྱབ་ལྗོངས་དང་ཁེ་ཕན་ཤེས་ཐབས་བྱ་དགོས་པ་དང༌། དམིགས་བསལ་ྋགོང་ས་མཆོག་གི་དགོངས་གཞི་གང་འདྲ་ཡིན་མིན་སོགས་ལ་དོ་སྣང་བྱ་དགོས་པ་དེ་རེད། ང་ཚོར་མུ་མཐུད་ཆོས་སྲིད་ཟུང་འབྲེལ་གྱི་གཞུང་ཞིག་དང༌། དེའི་དབུ་འཁྲིད་ཀྱང་ྋགོང་ས་མཆོག་ལྟ་བུ་ཞིག་དགོས་པའི་འདུན་པ་ཡོད་ན། ཐོག་མར་ཁོང་གི་ད་ལྟའི་རླབས་ཆེན་གྱི་དགོངས་པ་དག་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང༌། ལྷག་པར་ཤེས་ཡོན་གྱི་ལམ་སྟོན་དེ་ཚོ་སྙིང་བཅངས་བྱ་དགོས་པར་མཐོང༌། ཚོགས་འདུ་འདིས་ཡང་སྙིང་གྲུབ་འབྲས་ཅི་ཞིག་འཐོན་འདུག་ཟེར་ན། དང་པོ་དེ་འདིས་སྤྱི་ཚོགས་ནང་ཤེས་ཡོན་དང་ཆབ་སྲིད་ཀྱི་ངོ་བོའི་ཐོག་ནས་ཛ་དྲག་གི་རྣམ་པ་ཞིག་བསྐྲུན་ཐུབ་པ་དང༌། གཉིས་པ་དེ་ད་ཕན་དབུ་མའིལམ་གྱི་ཐོག་ནས་རང་སྐྱོང་གཙང་མའི་དགོས་འདུན་དང་འབད་བརྩོན་བྱས་པ་ཡང༌། ཏིང་གི་སྐད་ཆ་དུམ་བུ་དེ་ཁོ་ན་གཞི་རྩར་བཞག་ནས་བང་བསྒྲིགས་པའི་ལས་རིམ་ཞིག་མིན་པའི་ངེས་ཤེས་གསལ་པོ་དང༌། གསལ་བཤད་དེས་སླར་ཡང་དབུ་མའི་ལམ་གྱི་གོ་དོན་ལ་སློབ་སྦྱོང་བྱ་དགོས་པའི་སྐུལ་མ་བཏང་སོང་སྙམ། སྤྱིར་གྲོས་སྡུར་འདིའི་དགེ་མཚན་ནི་ྋགོང་ས་མཆོག་གི་བཀའ་སློབ་ལས་གསལ་བ་དང༌། དེའི་ནང་ནས་ཧ་ཅང་གལ་འགངས་ཅན་གྱི་གནས་ཚུལ་ཞིག་ནི་ད་ལྟ་ཕྱི་རྒྱལ་དུ་ཡོད་པའི་ཤེས་ཡོན་ཅན་དང༌། ཉམས་མྱོང་ཅན་ཚོས་ཛ་དྲག་ལ་རྒྱང་ལྟ་གཅིག་པུ་བྱས་ནས་མ་བསྡད་པར་ང་ཚོའི་མི་དམངས་ཀྱི་སྣེ་འཁྲིད་དགོས་ཀྱི་འདུག་མ་གཏོགས། མི་ཡུལ་ནས་མི་ཡུལ་དུ་རང་མགོ་གང་འཐོན་བྱེད་པར་འཚང་ཁ་རྒྱག་པ་འདིར་ཧ་ལས་རྒྱུ་གང་ཡང་མི་འདུག དཔེར་ན་ཉེ་བའི་ཆར་གཞུང་འབྲེལ་གསར་ཤོག་ཁག་ལས་ཐོན་པའི་གནས་ཚུལ་དེ་ཚོར་གཟིགས་དང༌། ལོ་གཉིས་ཀྱི་དུས་བཀག་ནང་ལོག་སྟེ་ཞབས་ཕྱི་ཞུ་རྒྱུའི་དམ་བཅའ་དེ་ཚོ་རྣ་རྒྱབ་ཀྱི་ལྷག་པར་བརྩིས་མི་འདུག་གམ། ལྷག་པར་ཕྱི་རྒྱལ་དུ་དགེ་རྒན་དང་ཤེས་ཡོན་གྱི་ལས་རིགས་ཁག་ནང་ཡོད་མཁན་ཚོས་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། འདི་ཕྱོགས་ཀྱི་སྐྱོན་ཆ་ཐེར་འདོན་དང་ཤེས་ཡོན་སློབ་འཁྲིད་ཀྱི་གནད་འགག་ཁ་སྐོང་བྱ་རྒྱུ་ཅི་ཞིག་ཡོད་མེད་ཀྱི་བསམ་ཚུལ་ཤོད་དགོས་ཀྱི་འདུག གང་ལྟར་ཤེས་ཡོན་སློབ་གསོའི་ཐད་ནས་འཐུས་ཤོར་ཆེན་པོ་ཞིག་ཤོར་བའི་མངོན་རྟགས་སུ། ཁ་སྔོན་བོད་ཁྱིམ་དུ་བཀའ་སློབ་ཅི་ཞིག་གནང་སོང་ངམ། རྣམ་པ་ཚོས་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་འདི་རིགས་ལ་དངོས་སུ་ཞུགས་རྒྱུའི་གྲབས་མེད་ཀྱང༌། སློབ་གསོའི་འཐུས་ཤོར་འདི་རིགས་ཤེས་བཞིན་སྣང་མེད་དུ་མི་འཇོག་པར་རང་དབང་གི་སྒོ་ནས་བསམ་ཚུལ་སྤེལ་དགོས་ཀྱི་འདུག་སྙམ། འདི་ནི་ཁྱོད་ཚོའི་ངོས་ནས་འོས་ཤིང་འཚམ་པའི་ལས་འགན་རླབས་པོ་ཞིག་ཀྱང་ཡིན། དེ་མིནྋགོང་ས་མཆོག་ཅེས་མིག་འཛུམ་འཛུམ་གྱིས་ཞལ་འཇལ་སྟོང་ཕྲག་ཞུས་ཀྱང་དོན་ལ་ཁོང་གི་ཐུགས་རེ་དེ་བོར་བ་རེད་དོ།།
མི་རིགས་ཤིག་གི་སྲོག་རྩར་གྱུར་པའི། །
མི་བུ་ན་གཞོན་དར་མའི་ཁྱུ་ཚོགས། །
མི་རིགས་རང་གི་སྐད་ཡིག་ཕྱོགས་ལ། །
མི་གསུང་བཞུགས་འདི་སྣང་བ་སྐྱོ་གི། །
བོད་ཕྱི་ནང་གཉིས་ཀར་རྒྱལ་བ་རིན་པོ་ཆེའི་གོ་ས་དེ་ཡ་མཚན་མཐོན་པོ་ཞིག་རེད། བོད་ཀྱི་ལོ་རྒྱུས་ཁྲོད་བོད་མི་ཚོའི་སེམས་ངོར་ད་ལྟའི་སྐུ་ཕྲེང་འདི་བཞིན་གྱི་དབང་ཤུགས་ཤིག་སླེབས་མྱོང་མེད་པ་འདྲ། དེང་སྐབས་སྔར་ལས་ཀྱང་ཤུགས་ཇེ་ཆེར་འགྲོ་གིན་པ་ལྟ་བུ་ཞིག་ཚོར་ཡོང་གི་འདུག ༢༠༠༧ ལོར་གཞིས་ལུས་བོད་མི་ཚོས་སྲམ་ལྤགས་དང་གཟིག་ལྤགས་མེར་སྲེག་པ་འདི་དཔེ་མཚོན་གཅིག་རེད། ལུང་པ་རེ་འགའ་ན་གཡུ་བྱུ་རུ་དང་གསེར་གྱི་ཚིག་ཁེབས་ཚུན་རྒྱལ་བ་རིན་པོ་ཆེའི་བཀའ་དང་སྦྱར་ནས་ཇེ་ཆུང་ཇེ་ཉུང་ལ་གཏོང་གི་ཡོད་རབས་འདུག ལོ་ངོ་བརྒྱ་ཕྲག་མང་པོའི་གོམས་སྲོལ་དང་འདུ་ཤེས་ཀྱང་རྒྱལ་བ་རིན་པོ་ཆེ་ཚང་གིས་བསྒྱུར་ཐུབ་ཀྱིན་ཡོད་པ་རེད། དེ་བཞིན་དུ། ཆོས་ལུགས་ཀྱི་ཕྱོགས་ནས་བཤད་ན། དོལ་རྒྱལ་གྱི་སྐོར་རེད། རང་རང་གི་མཆོད་བཤོམ་བཤིག་སྟེ་གསར་སྐུ་ས་ལ་བརྡབ་ནས་གཅོག་ཐུབ་ཀྱིན་ཡོད་པ་རེད། བོད་མིའི་དད་འདུན་ལའང་ཁ་ལོ་བསྒྱུར་རྒྱུ་འདུག་ལ། རྒྱལ་བ་རིན་པོ་ཆེ་མཆོག་གིས་བསྒྱུར་ཐུབ་པ་འདུག
རབ་འབྱོར་ལགས། ཐུགས་རྗེ་ཆེ། ཉེ་ལམ་གྲོགས་པོ་ཞིག་གིས་ང་ལ། བསྟན་འཛིན་ཚོ་སྟེ། རྒྱལ་བ་རིན་པོ་ཆེའི་མཚན་གྱི་ཐོག་མ་སོ་སོའི་མིང་གི་ཐོག་མར་སྦྱོར་མཁན་བཙན་བྱོལ་བའི་མི་རབས་གཉིས་ཀྱི་སྐོར་གླེང་སོང་། མི་རབས་འདི་གཉིས་ནི་ལོ་བཅུ་ཕྲག་རེ་ཟུང་ནས་བཟུང་དངོས་སུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་མ་རྐང་ལྟ་བུའི་མི་རབས་དང་། གཞུང་སྒེར་གྱི་སྒྲིག་འཛུགས་ཁག་མཐའ་དག་གི་གྲུབ་ཆ་གལ་ཆེན་དག་ལ་འགྱུར་གྱིན་ཡོད་འདུག ཡིན་ཡང་། དཀའ་ངལ་ཞིག་ཡོད་པ་ནི་སྐུ་ཉིད་ཀྱིས་གསུངས་པ་ལྟར། ལྷའི་བཀའ་ལུང་ལ་སྒུག་ནས་སྡོད་པའི་གཤིས་ཀ་འདི་དང་། བོད་ཡིག་ལ་བར་ཐག་ཇེ་རིང་དུ་འགྲོ་བཞིན་པ་འདི་རེད་ཟེར།