མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུས་ཤར་ཨེ་ཤ་ཡའི་གཡུལ་སའི་གནས་སྟངས།

བོད་ཀྱི་དུས་བབ།
༢༠༠༩/༠༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

གྷ་ཛ་གྲོང་ཁྱེར་དང་ཨི་སི་རེལ་བར་གྱི་དམག་འཐབ་དེ་མུ་མཐུད་ནས་གནས་ཡོད་པ་དང༌།   ཉིན་ ༡༨ ཀྱི་དམག་འཐབ་འདིའི་རིང་ལ་གྷ་ཛ་གྲོང་ཁྱེར་རུ་པཱ་ལི་སི་ཐན་གྱི་མི་ ༩༧༠ ལྷག་བསད་ཡོད་པ་དང༌། དེའི་ཁྲོད་བྱིས་པ་ ༣༡༡ དང༌། སྨན་པ་ ༡༣ ། གསར་འགོད་པ་ ༤༠ བསད་ཡོད་འདུག

ཚེས་ ༡༣ ཉིན་ལི་པཱ་ནོ་ཡིས་སླར་ཡང་ཨི་སི་རེལ་གྱི་བྱང་ཕྱོགས་ས་ཁུལ་དུ་མེ་ཤུགས་འཕུར་མདའ་གསུམ་འཕངས་ཡོད་འདུག་ལ། འདི་ནི་ཉིན་ ༦ གི་རྗེས་ནས་སླར་ཡང་ལི་པཱ་ནོ་ནས་ཨི་སི་རེལ་གྱི་ས་ཁུལ་ལ་མེ་ཤུགས་འཕུར་མདའ་འཕེན་ཐེངས་གཉིས་པར་འཕངས་པ་དེ་ཡིན་ཡང་མི་སེར་ཤི་རྨས་གང་ཡང་བྱུང་མི་འདུག་ཅེས་ཨི་སི་རེལ་གྱི་ཉེན་རྟོག་པས་གསར་ལམ་ཁག་ལ་བརྗོད་ཡོད་འདུག ལི་པཱ་ནོ་ཡི་ཉེན་རྟོག་པས་བརྗོད་ན་མེ་ཤུགས་འཕུར་མདའ་དེ་དག་ནི་ལི་པཱ་ནོ་ཡི་གྲོང་ཁྱེར་ཧཱ་སི་བྷ་ཡ་ནས་བཏང་བ་རེད།  ད་ལྟའི་ཆར་ལི་པཱ་ནོ་ནས་ཨི་སི་རེལ་ལ་འཕངས་པའི་མེ་ཤུགས་འཕུར་མདའི་ཐད་ལ་མཚམས་འཇོག་དགོས་པ་སོགས་ཀྱི་གླེང་སློང་ཡོང་གི་མེད་དེ། རྒྱལ་སྤྱིའི་དོ་སྣང་བྱེད་ཡུལ་ནི་ཨི་སི་རེལ་དང་གྷ་ཛ་གྲོང་ཁྱེར་བར་གྱི་བདུན་ཕྲག་གསུམ་ལྷག་གི་འཐབ་འཛིང་དེ་ཡིན་པས་རེད། ༢༠༠༦ ལོར་ལི་པཱ་ནོ་ཡི་ཁ་ཆེ་ཚོགས་པ་ཧཱེ་ཛི་བྷོལ་གྱིས་ཨི་སི་རེལ་ལ་གཏོར་རྒོལ་བྱས་ཏེ་ཕན་ཚུན་བར་དྲག་པོའི་དམག་འཐབ་ཟླ་གཅིག་ལྷག་ལ་བྱུང་ཡོད་པ་དང་དམག་འཐབ་དེའི་ཁྲོད་ནས་མི་མང་ ༡༠༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་འདུག

ལི་པཱ་ནོ་ས་གནས་ནས་མེ་ཤུགས་འཕུར་མདའ་ཨི་སི་རེལ་གྱི་ས་ཁུལ་དུ་བཏང་བ་ནས་ལི་པཱ་ནོ་ཡི་ལྷོ་ཕྱོགས་ཁུལ་དུ་ཧཱེ་ཛི་བྷོལ་གྱིས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་ཡོད་འདུག་ལ། ལི་པཱ་ནོ་ཡི་གཞུང་གིས་ཀྱང་ཧཱེ་ཛི་བྷོལ་གྱིས་བཙན་བཟུང་བྱས་ཡོད་པའི་ས་ཁུལ་ཁག་ལ་དམ་དྲག་ཤུགས་ཆེན་བྱེད་ཀྱིན་ཡོད་འདུག   ལི་པཱ་ནོ་སྲིད་གཞུང་གི་ངོས་ནས་ཕར་རྒོལ་འདིར་ཁ་རྡུང་གཏོང་གི་ཡོད་འདུག་ལ། ད་དུང་ལི་པཱ་ནོ་སྲིད་གཞུང་གི་དམག་མི་བཏང་ནས་ལི་པཱ་ནོ་ནས་མེ་ཤུགས་འཕུར་མདའ་འཕངས་པའི་ཐད་རྟོག་ཞིབ་བྱེད་གིན་ཡོད་འདུག 

གྷ་ཛ་གྲོང་ཁྱེར་དང་ཨི་སི་རེལ་བར་གྱི་དམག་འཐབ་དེ་མུ་མཐུད་ནས་གནས་ཡོད་པ་དང༌།   ཉིན་ ༡༨ ཀྱི་དམག་འཐབ་འདིའི་རིང་ལ་གྷ་ཛ་གྲོང་ཁྱེར་རུ་པཱ་ལི་སི་ཐན་གྱི་མི་ ༩༧༠ ལྷག་བསད་ཡོད་པ་དང༌། དེའི་ཁྲོད་བྱིས་པ་ ༣༡༡ དང༌། སྨན་པ་ ༡༣ ། གསར་འགོད་པ་ ༤༠ བསང་ཡོད་འདུག

ད་ལྟའི་ཆར་གྷ་ཛ་གྲོང་ཁྱེར་གྱི་པཱ་ལི་སི་ཐན་གྱི་མི་སེར་ཚོས་སྡོད་གནས་བོར་བ་དང་ཆགས་ས་རྟེན་ས་མེད་པར་འགྱུར་གྱིན་ཡོད་པ་དང༌།  མི་གྲངས་ཁྲི་ ༢ དང་ ༨༠༠༠ ལྷག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གྲྭ་ཁག་ ༣༦ ནང་དུ་གནས་ཚང་གཡར་ཡོད་འདུག ཁྱིམ་བདག་ཞིག་གིས་བཤད་དོན། བྱིས་པ་ཚོ་སྐྲག་སྣང་གིས་དོར་མ་སོགས་ཀྱི་ནང་དུ་གཅིན་སྐྱག་ཚོད་འཛིན་བྱེད་མ་ཐུབ་པར་ཤོར་གྱིན་པ་སོགས་སྐྲག་སྣང་གིས་བླ་ཁྱེར་བ་དང་སྨྱོན་པ་ལྟ་བུར་གྱུར་འདུག་པས་ང་ཚོར་དགོས་པ་སེམས་ཀྱི་སྨན་པ་ཡིན་པ་དང༌།  གལ་ཏེ་སེམས་ཀྱི་སྨན་པར་མ་བརྟེན་ན་རྒྱུན་ལྡན་ལ་འགྱུར་ཐུབ་གི་མི་འདུག་ཅེས་བརྗོད་ཡོད་འདུག  ཉིན་ཤས་སྔོན་ནས་ཨི་སི་རེལ་གྱིས་ཉིན་རེར་ཆུ་ཚོད་གསུམ་ལ་ཕར་རྒོལ་མཚམས་འཇོག་གི་ཡོད་པས། མི་རྣམས་ཀྱིས་གོ་སྐབས་འདི་ལ་བརྟེན་ནས་ཕྱི་རུ་བཟའ་བཅའ་སོགས་ཉོ་རུ་འགྲོ་གི་ཡོད་ཀྱང༌།  བཟའ་བཅའ་ཉོ་ས་སོགས་སུ་མི་ཧ་ཅང་མང་པོ་གྲལ་སྒྲིག་ནས་དུས་ཚོད་རིང་པོ་འགོར་གྱིན་ཡོད་པས་མང་པོ་ཞིག་ལ་ཟ་མ་མ་རག་པར་ལག་སྟོང་ལ་ནང་དུ་ལོག་དགོས་ཀྱི་ཡོད་འདུག

ཚེས་ ༡༣ ཉིན་གྷ་ཛ་གྲོང་ཁྱེར་གྱི་བྱང་ཕྱོགས་ནས་འབར་རྫས་དང་མེ་ཤུགས་འཕུར་མདའ་ཨི་སི་རེལ་གྱི་ས་ཁུལ་ལ་འཕངས་པས་ཨི་སི་རེལ་གྱི་དམག་མི་ ༡ བསད་པ་དང༌ ༢ ལ་རྨས་ཕོག་ཡོད་པ་སོགས་ཁྱོན་བསྡོམས་ཉིན་ ༡༨ ཀྱི་དམག་འཐབ་འདིའི་ནང་དུ་ཨི་སི་རེལ་གྱི་དམག་མི་ ༡༠ ཚུད་པའི་མི་ ༡༣ བསད་ཡོད་འདུག ཨི་སི་རེལ་ཕྱོགས་ནས་གནས་ཚུལ་སྤེལ་བ་ལྟར་ན་ཚེས་ ༡༣ ཉིན་གཅིག་པུ་ལ་མེ་ཤུགས་འཕུར་མདའ་ ༡༨ འཕངས་ཡོད་ཀྱང་མི་ལ་གནོད་སྐྱོན་གང་ཡང་ཐེབས་མེད་པ་དང༌།  གྷ་ཛ་གྲོང་ཁྱེར་རུ་ཡོད་པའི་ཧཱ་མཱ་སི་ལ་ཨི་སི་རེལ་གྱིས་ཚུར་རྒོལ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་གི་ཡོད་འདུག

བདུན་ཕྲག་སྔོན་མའི་ནང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨི་སི་རེལ་དང་ཧཱ་མཱ་སི་ཕྱོགས་གཉིས་ནས་དམག་འཐབ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་དང་གྲོས་ཆོད་བཞག་ཀྱང་དམག་འཐབ་མུ་མཐུད་ནས་བྱེད་བཞིན་པ་དང༌། ཨི་སི་རེལ་གྱིས། ཧཱ་མཱ་སི་ཡིས་མེ་ཤུགས་འཕུར་མདའ་འཕེན་རྒྱུ་མཚམས་མ་བཞག་པའི་རྐྱེན་གྱིས་མི་སེར་མང་པོར་ཤི་རྨས་བྱུང་བ་དང་དཀའ་ངལ་འཕྲད་ཀྱིན་ཡོད་ཚུལ་རྗོད་ཡོད་འདུག 

ཚེས་ ༡༤ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཁེ་མོན་དངོས་སུ་ཨེ་ཇེབ་ཀྱི་སྲིད་འཛིན་དང་ཨ་རབ་མནའ་འབྲེལ་རྒྱལ་ཁབ་ཀྱི་སྲིད་བློན་གཙོས་པའི་མགོ་ཁྲིད་ཚོར་མཇལ་འཕྲད་གནང་སྟེ་དམག་འཐབ་འདི་མགྱོགས་མྱུར་མཚམས་འཇོག་བྱེད་པར་གྲོས་མོལ་དང༌། ཨི་སི་རེལ་དང་པཱ་ལི་སི་ཐན་གྱི་མགོ་ཁྲིད་ཚོ་ཞི་བའི་གྲོས་མོལ་ལ་ཞུགས་པར་འབད་བརྩོན་གནང་གི་ཡོད་འདུག་ལ། དེ་བཞིན་ཧཱ་མཱ་སི་ཡང་གྲོས་མོལ་འདིའི་ནང་ཆ་ཤས་ལེན་པར་གདན་འདྲེན་ཞུས་ཡོད་ཀྱང༌། ཨེ་ཇབ་ཀྱིས་ཧཱ་མཱ་སི་དང་ཨི་སི་རེལ་བར་དུ་ལངས་ནས་སྐད་ཆ་བཤད་ཀྱིན་ཡོད་པ་ལས་ཧཱ་མཱ་སི་ཚོགས་པས་གྲོས་མོལ་འདིའི་ནང་ཆ་ཤས་ལེན་གི་ཡོད་མི་འདུག

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༣ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༤ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༨ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese