ཉེ་ཆར་སྤྱི་ཟླ་ ༡༢ ནང་བོད་ཨ་མདོ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རྫོང་ནས་ཡིན་པའི་ན་གཞོན་སྒྱུ་རྩལ་པ་སོག་ཕྲུག་ཤེས་རབ་ལགས་རྒྱ་གཞུང་གིས་འཛིན་བཟུང་བཀག་གཉར་བྱས་ཡོད་འདུག དེ་ནི་སོག་ཕྲུག་ཤེས་རབ་ལགས་ཀྱིས་སྒྲ་སྙན་རྡུང་ལེན་གྱི་འོད་སྡེར་ཞིག་འདོན་སྤེལ་བྱས་ཡོད་པ་དང༌། འོད་སྡེར་དེའི་ནང༌། ལྔ་བཅུ་ང་བརྒྱད་ལོ་དང་ཉིས་སྟོང་བརྒྱད་ལོ། ཞེས་པ་སོགས་བོད་མིའི་སྐྱིད་སྡུག་དང་འབྲེལ་བའི་དངོས་ཡོད་གནས་སྟངས་མང་པོ་ཞིག་གཞས་ཚིག་གི་ལམ་ནས་གསལ་སྟོན་བྱས་ཡོད་སྟབས། རྒྱ་གཞུང་གིས་སོག་ཕྲུག་ཤེས་རབ་ལགས་འཛིན་བཟུང་བཀག་ཉར་དང༌། འོད་སྡེར་རྣམས་འགྲེམས་སྤེལ་བྱེད་དུ་མ་བཅུག་པར་གཞུང་བསྡུ་བྱས་འདུག ཅེས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱང་སྲིང་བྱས་ཡོད།
ན་གཞོན་སྒྱུ་རྩལ་པ་དང་གཞས་པ་སོག་ཕྲུག་ཤེས་རབ་ལགས་ཀྱིས་ ༡༩༩༧ ཡས་མས་ནས་གླུ་དང་རྡུང་ལེན། བཞད་གར་དང་གཏམ་བརྗོད་སོགས་འཁྲབ་སྟོན་གང་མང་བྱས་ཡོད་པ་མ་ཟད། རྒྱ་ནག་གི་གཏམ་རྒྱུད་གྲགས་ཆེན། གྲུབ་ཐོབ་ཅཱི་ཀུང་ཟེར་བ་སོགས་འཁྲབ་སྟོན་བྱས་ཏེ། བོད་རིགས་རྒྱ་ཆེའི་གཟིགས་མཁན་དང་གསན་མཁན་རྣམ་པའི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་དང༌། ལྷག་པར་དུ་སྔར་ལོ་ ༢༠༠༨ ལོར་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་བྱས་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར། ཁ་སང་གི་གཏམ་རྒྱུད། ཅེས་པའི་འཁྲབ་གཞུང་ནང་གི་མི་སྣ་གཙོ་བོ་རྟ་རྡོ་ཞུ་བ་དེ་འཁྲབ་སྟོན་བྱས་ཏེ། སྒྱུ་རྩལ་གྱི་ཉམས་འགྱུར་དང་དངོས་ཡོད་འཚོ་བ་མཚོན་སྟངས་ཐད། གཟིགས་མཁན་ཡོངས་ཀྱི་བསྔགས་བརྗོད་དང་གདེང་འཇོག་ཚད་མཐོན་པོ་ཐོབ་ཡོད་འདུག ཐེངས་འདིའི་ཁོང་གི་སྒྲ་སྙན་རྡུང་ལེན་ཆེད་སྒྲིག་འོད་སྡེར་ནང་གི་སྤྱི་ལོ་ལྔ་བཅུ་ང་བརྒྱད་ལོ་དང་སྤྱི་ལོ་ཉིས་སྟོང་བརྒྱད་ལོ། ཅེས་པའི་གཞས་ཚིག་གཤམ་དུ་བཀོད་ཡོད།
སྤྱི་ལོ་ལྔ་བཅུ་ང་བརྒྱད་ལོ།།
དགྲ་ནག་པོ་བོད་ལ་ཐོན་པའི་ལོ།།
རྗེས་བླ་མ་བཙོན་ལ་བཟུང་བའི་ལོ།།
ལོ་གན་ལ་ང་ཚོ་འཇིགས་སྣང་ཆེ།།
འདི་སྤྱི་ལོ་ལྔ་བཅུ་ང་དགུ་ལོ།།
བོད་དཔའ་བོ་ཁྲག་ལ་སྦྱར་བའི་ལོ།།
བོད་ཉེས་མེད་བཙོན་ལ་བཟུང་བའི་ལོ།།
ལོ་གན་ལ་ང་ཚོ་འཇིགས་སྣང་ཆེ།།
སྤྱི་ལོ་ཉིས་སྟོང་བརྒྱད་ཀྱི་ལོ།།
བོད་ཉེས་མེད་གཅར་རྡུང་བྱས་པའི་ལོ།།
སའི་གོ་ལའི་འབངས་མི་བསད་པའི་ལོ།།
ལོ་གན་ལ་ང་ཚོ་འཇིགས་སྣང་ཆེ།།
གཞས་དེ་གཏོང་མཁན་རྨ་ལྷོ་སོག་རྫོང་ནས་ཡིན་པ་བཀྲ་ཤིས་དོན་གྲུབ་ཡིན་པ་ངས་ར་སྤྲོད་བྱུང་ཡོད། དེ་ཉེན་ཁ་འདུག། སོག་ཕྲུག་ཤེས་རབ་གྱིས་ཁ་སང་གི་གཏམ་རྒྱུད་གློག་བརྙན་འགྲུབ་ཚར་ཙམ་རེད། བོད་ཕྱི་ལ་གློག་བརྙན་འབྱོར་འདུག།
ཨ་རིག་དགེ་མཐོང་ལགས་ཀྱིས་བཤད་པ་བདེན་པ་རེད། གཞས༢༠༠༨ ༡༢ ༨ ཉིན་ངས་ཁེའུ་ཁེའུ་ཡཱོ་འཕྲིན་ལམ་བརྒྱུད་བོད་ནང་ནས་ཡར་བླངས་པ་ཡིན་ལ། གཞས་ཚིག་ཆ་ཚང་༢༠༠༨ ༡༢ ༡༠ཉིན་ཟིན་བྲིས་ནང་བཞག་ཡོད། གཞས་འཇོག་བྱེད་ཀྱི་ཅ་ལག་མེད་པས་འཇོག་མ་ཐུབ་ཐལ། དེ་དུས་འོད་སྡེར་ལ་བཏོན་མི་འདུག གློག་ཀླད་ནང་ཕར་སྐུར་ཚུར་སྐུར་བྱས་ནས་སྐད་གྲགས་ཆགས་བཞིན་པའི་སྐབས་རེད་ཅེས་འགྲེལ་བརྗོད་གནང་སོང་། ཡིན་ནའང་། ཚིག་རྩོམ་པ་པོ་སོག་ཕྲུག་ཤེས་རབ་ལགས་ཡིན་སྲིད་པ་རེད་ལ། ཁོང་གིས་རྗེས་སུ་བསྐྱར་དུ་བླངས་ནས་འོད་སྡེར་ལ་བཏོན་པའང་ཡིན་སྲིད་པ་རེད། དེའི་ཕྱིར་གསར་གྱུར་འདི་ནོར་བ་རེད་ཅེས་ཀྱང་ཁ་ཚོད་མི་ཆོད་པ་ཞིག་རེད། ཡིན་ནའང་ཞིབ་འཇུག་བྱ་རྒྱུ་གལ་ཆེན་པོ་རེད། ང་ཚོས་གུང་ཁྲན་ཏང་བཞིན་གསར་འགྱུར་རྫུན་མ་བཀོད་མི་ཉན་གི།
ང་ཚོ་གླེང་བཞིན་པ་དེ་ནི་གླུ་འདི་ལེན་མཁན་ཐོག་མ་སུ་ཡིན་མིན་དེ་མ་རེད། གླུ་འདི་ལ་བརྟེན་ནས་བཙོན་ཁང་དུ་འཚུད་ཡོད་པས་སོག་ཕྲུག་ཤེས་རབ་ལགས་ཀྱི་གནད་དོན་དེ་གླེང་བཞིན་ཡོད་པ་དང་། བོད་མི་དག་གིས་རང་གི་སྐད་ངག་ལ་བརྟེན་ནས་གླུ་ཞིག་བླངས་པ་དེ་ཡང་ནག་ཉེས་རུ་བརྩིས་དེ་རྒྱ་དམར་པོ་ཚང་གི་མིག་ནང་གི་ཚེར་མ་ཆགས་བཞིན་འདུག་ཟེར་ནས་སྡུག་སྐད་འདོན་བཞིན་པ་དེ་ལས་གླུ་ཚིག་སུས་བྲིས་མིན་དང་གླུ་གཞས་འདི་ཐོག་མ་ལེན་མཁན་སུ་ཡིན་རྩོད་ཀྱི་མེད་དོ། དེ་ནི་ཁོམ་སོང་བ་དེ་དག་གི་ལས་ཀ་ཞིག་ལས་དྲ་ཚིགས་འདིའི་དྲ་བ་དག་གི་གླེང་གཞི་རུ་མི་འདོད།
སྐུ་ཞབས་ལུང་རིགས་རྒྱལ་ལགས ། གསར་འགྱུར་འདི་གཅིག་བྱས་ན་ཁྱེད་ཚོ་ལ་གོ་ལོག་ཐེབས་ཡོད་པ་འདྲ །《གཞས་ཚིག་འདི་སྤྱི་ལོ་ལྔ་བཅུ་ང་བརྒྱད་ལོ།།
དགྲ་ནག་པོ་བོད་ལ་ཐོན་པའི་ལོ།།
རྗེས་བླ་མ་བཙོན་ལ་བཟུང་བའི་ལོ།།
ལོ་གན་ལ་ང་ཚོ་འཇིགས་སྣང་ཆེ།།
འདི་སྤྱི་ལོ་ལྔ་བཅུ་ང་དགུ་ལོ།།
བོད་དཔའ་བོ་ཁྲག་ལ་སྦྱར་བའི་ལོ།།
བོད་ཉེས་མེད་བཙོན་ལ་བཟུང་བའི་ལོ།།
ལོ་གན་ལ་ང་ཚོ་འཇིགས་སྣང་ཆེ།།
སྤྱི་ལོ་ཉིས་སྟོང་བརྒྱད་ཀྱི་ལོ།།
བོད་ཉེས་མེད་གཅར་རྡུང་བྱས་པའི་ལོ།།
སའི་གོ་ལའི་འབངས་མི་བསད་པའི་ལོ།།
ལོ་གན་ལ་ང་ཚོ་འཇིགས་སྣང་ཆེ།།སོག་ཕྲུག་བཀྲ་ཤིས་དོན་གྲུབ་ཟེར་བ་ཞིག་གིས་བླངས་ནས་སྐད་གྲགས་ལ་འགྲོ་འདུག་ཟེར ། ཁོས་བླངས་ཡོད་པ་ངས་གོ་མྱོང་། དང་བོ་ལེན་མཁན་ཡིན་མིན་ཕྲན་གྱིས་གསལ་བོ་མ་ཤེས ། དེས་ན་འདིའི་སྐོར་གཞན་ལ་དྲིས་ན་མ་གཏོགས་དགེ་ཁ་བོང་བུའི་འཁྱེར་ཉེན་འདུག སྙམ །
དམངས་གཙོ་དར་ཆུག་དང་ང་ཚོས་ལྟ་ཆོག་གི་རེད། ངས་མི་རིགས་ཀྱི་ཤ་རུས་པ་ལ་དུངས་ཤ་ཆེ་བའི་སྤུན་ཟླ་དག་གི་ཁྲོད་ནས་བློ་རིག་པ་རྣོ་ཞིང་ཐབས་བཀོད་པ་མང་བའི་ཁྲོད་ནས་རང་གི་མངོན་འདོད་ལྟར་ལས་ཀ་བྱེད་མཁན་དག་འདེམ་གི་ཡིན།
ཤི་གསོན་གཉིས་ཀྱི་བར་རོལ་ནས། བོད་པ་འདི་ཚང་གི་གླུ་བ་དང་གླུ་མ་ཚོའི་སྙིང་སྟོབས་ལ་ཡང་འདར་ཤ་རྒྱག་གི་འཇུག་བཞིན་ཡོད་པ་མ་ཡིན་ནམ། ང་ཚོས་བོད་དུ་ཁ་དཔེ་ཞིག་ཡོད་པ་ལྟར། མགོ་འབུར་འབུར་ཐམས་ཅད་དགྲ་ཡིན་ཟེར་བས་གཏམ་དཔེ་བཞིན་རྒྱ་ནག་སྲིད་གཞུང་ངན་པའི་བྱེད་ཐབས་འདི་འདྲ་ཞིག་བོད་ཀྱི་རིགས་ཞེན་སེམས་པ་རྨས་ཤིང་། རྨས་ཟིན་པའི་སེམས་པ་དེའི་རྨ་ཁ་སྐད་ངག་གི་གདངས་སུ་གྱེར་མཁན་གང་ན་སུ་ཡོད་པ་དེ་དག་གཅིག་གཅིག་གཉིས་གཉིས་བྱས་དེ་བཙོན་དུ་འཇུག་བཞིན་ཡོད་པ་དེའི་ནང་དུ། བོད་པ་ནང་རོལ་བ་ཡོད་པ་ཐག་གིས་ཆོད་པ་ཡིན། དེ་མིན་ན་རྒྱ་ནག་སྲིད་གཞུང་གི་དཔོན་ངན་ཆུང་ཆུང་སྲིད་གཞུང་ངན་པའི་རྒྱུགས་ཁྱི་དེ་དག་གི་རྣ་སྒོར་དེ་འདྲའི་ནང་དོན་གསལ་གསལ་དངས་དངས་ཤིག་ག་ལ་འབྱོར་སྲིད། དངོས་ནས་ཡིད་འཕངས་པ་ནི་རང་རིགས་རང་གི་བཙོང་མཁན་གྱི་བོད་རིགས་སྡར་མ་རེ་ཟུང་ཡོད་པ་དེ་དག་གི་བྱེད་སྟངས་ལ་སེམས་ནས་སྙིང་ན་བ་ཞིག་རེད། ཤུ་རེ་གོ བོད་པ་ཚང་ལ་གཅིག་བྱུང་ན་གཅིག གཉིས་བྱུང་ན་གཉིས། བསྡོད་དུ་མི་འཇུག་པ་འདི་ནི། རྒྱ་ནག་གི་སྲིད་ཇུས་བཟང་བོ་རུ་འབོད་པས་འཛམ་གླིང་གི་སྙན་གྲགས་ཆེ་ཞིང་རླབས་ཆེན་གྱི་དབུ་ཁྲིད་དག་གིས་མ་ཤེས་པ་ཡིན་ནི་མ་རེད། ད་ང་ཚོས་རང་གི་རང་སྐྱོབས་ཐབས་ཀྱི་སྲིད་ཇུས་མ་ནོར་བ་བྱེད་ཐུབ་ན་མ་རེད་དམ།
སོག་ཕྲུག་ལགས། ཤེས་རབ།
རྒྱུས་མེད་ན་ཟུག་གི་འཁུན་སྒྲ་རེ་རེ་ན།
སུ་ཞིག་གི་ལག་དམར་བཞིན།
ཉེས་མེད་དུ་རང་གི་ཤ་གསེང་རུས་གསེང་ནས་གཟེར་ནས་འོང་དུས།
ཁྱེད་རང་བོད་དུ་སྐྱེ་བ་ལ་ཡིད་སྐྱོ་བཞིན་འདུག་གམ།
དེ་འདྲ་ཡིན་མི་སྲིད།
ངེད་ཅག་གི་ཁྱེད་རང་གླེང་བཞིན་ཡོད་ལ།
ངེད་ཅག་གིས་ཁྱེད་རང་གི་སྙིང་སྟོབས་དང་།
ཞུམ་མེད་ཀྱི་སྤོབས་པ་གཟི་བརྗིད་ཀྱི་དྲན་ཐོར་འགོད་བཞིན་ཡོད།
ཨ་མའི་བུ། སོག་ཕྲུག་ཤེས་རབ།
བོད་ཀྱི་བུ། སོག་ཕྲུག་ཤེས་རབ།
བོད་ཀྱི་དབའ་རྒོད་ལགས། སོག་ཕྲུག་ཤེས་རབ།
དམྱལ་བ་ལྟ་བའི་བཙོན་ར་དེ་ནས།
ཁྱེད་རང་ལྟ་བའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོད་ཚད།
མྱུར་དུ་གློ་གྲོལ་ཐོབ་པར་སྨོན།
རྭ་ལོ་ལགས། བསད་བརྡུང་བཟུང་གསུམ་གྱི་གྲངས་ཐོ་ཞིག་དགོས་ན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚང་དང་བདེ་སྲུང་ལ་སོང་དང་རེག་ཐུབ་ཀྱི་འདུག་ལ། ད་དུང་ཕ་ཡུལ་དྲ་རྒྱ་ནས་ཀྱང་རེག་ཐུབ་ཀྱི་འདུག དེ་དག་ཏུ་ཡང་ཆ་ཚང་བ་ཞིག་དཀའ་ནའང་རགས་རིམ་ཙམ་རྙེད་ངེས།
ཐུགས་རྗེ་ཆེ། ངས་ནི་ལོ་ཐོ་དམིགས་བསལ་བ་ཞིག་སྒྲིག་ན་འདོད། ལོ་ཐོ་དེའི་སྟེང་དུ་ད་ལོ་བོད་མི་བཟུང་བ་དང་རྡུང་བ། བཀག་པ། བསད་པ་བཅས་ཀྱི་ཚེས་གྲངས་མ་ནོར་བར་འགོད་འདོད་པ་ཡིན།
རྭ་ལོ་ལགས།
བོད་མི་ག་ཚོད་བཟུང་བའི་གྲངས་ཐོ་ནི་ཕལ་ཆེར་ངའི་བསམ་པར།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་།
དགུ་བཅུ་གསུམ་ལས་འགུལ་ཚོགས་པ།
དེ་མིན་གསར་འགྱུར་བརྒྱད་ལམ་ཁག་གི་ཡིག་ཚང་ནས་རག་ངེས།
ང་ཚོའི་སེམས་ཁམས་སུ་ཇི་ཙམ་རྨ་ཁ་བཟོས་པ་དེ་ཙམ་གྱིས་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་བརྟན་བརླིང་ལ་གནོད་སྐྱོན་ཆེ་བ་ཡོང་ངེས།
ཉིས་སྟོང་བརྒྱད་ནས་བོད་མདོ་དབུས་ཁམས་གསུམ་གྱི་སྙིང་ཁམས་གས་གཏོར་བཏང་ཡང་།སེམས་ཀྱི་དམ་ཚིག་མདུད་པ་མི་ཤིགས་པའི་རྒྱ་རུ་བཏབ་ཟིན།
༢༠༠༩ ལོའི་རྗེས་ནས་མདོ་དབུས་ཁམས་གསུམ་དུ་བོད་མི་ག་ཚོད་བཟུང་བའི་གྲངས་ཐོ་ཞིག་ཡོད་དམ། སྐུ་མཁྱེན་ང་ལ་དགོས་མཁོ་ཆེན་པོ་ཞིག་འདུག
དངོས་གནས་ཡིད་ཕངས་པ་ཞིག་རེད། སོག་ཕྲུག་ཤེས་རབ་ཟེར་བའི་དཔལ་རྒོལ་ཁོང་ཡང་དེ་རིང་ནས་ང་ཚོའི་མིག་མདུན་ནས་ཡལ་བར་གྱུར་སོང༌། འདི་ལྟར་མགོ་འབུར་འབུར་ཐམས་ཅད་དགྲ་རུ་རྩིས་ནས་ང་ཚོའི་རླབས་ཆེན་གྱི་མི་སྣ་ཐམས་ལ་རྐང་ལྕགས་ལག་ལྕགས་བརྒྱབ་ནས་འདོམ་གང་གྲུ་བཞིའི་མུན་ཁང་ལ་བཅུག་ན་དངོས་གནས་སྙིང་ན་ཡི་འདུག ཡིན་ནའང་ང་ཚོས་ནམ་ཡང་ཁོ་དང་ཁོ་ལྟ་བུའི་དཔའ་རྒོལ་དག་བརྗེད་མི་ཉན།
སྙིང་གི་ན་ཟུག་འཇག་ཐབས་མེད་ན་ཡང་།།
སྙིང་ནད་བཅོས་པའི་སྨན་པ་སུ་ཞིག་ཡོད།།
སྙིང་གི་ན་ཚས་བཟིར་བའི་རང་རིགས་རྣམས།།
སྙིང་གཏམ་ཕན་ཚུན་གོ་ཡང་བྱ་ཐབས་བྲལ།།
ཨ་ཧ་བོ་་་་་་། བོད་པ་ཚང་། ད་ང་ཚོས་ཅི་ཞིག་བྱས་ན་དགའ་འམ། ངོ་མ་རྒྱ་དམར་ཚང་གིས་ང་ཚོ་འདུག་གི་མ་བཅུག་པ་རེད།