མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ལོ་ལྔ་བཅུའི་བཙན་བྱོལ་དང་མཉམ་གནས།

བོད་ཀྱི་དུས་བབ།
༢༠༠༩/༠༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་སྐྱབས་བཅོལ་བར་རྒྱ་གར་གཞུང་དམངས་གཉིས་ཀྱི་ལྟ་སྐྱོང་རོགས་རམ་འོག མི་ལོ་ཧྲིལ་བོ་ལྔ་བཅུ་བསྐྱལ་བར་ཐུགས་རྗེ་ལེགས་གསོལ་དང་འབྲེལ། མ་འོངས་པར་བོད་མི་སྐྱབས་བཅོལ་བ་དང་རྒྱ་གར་ཡུལ་མིའི་བར་གྱི་ནང་སེམས་ཀྱི་མཛའ་བརྩེ་གོང་སྤེལ་ལ་ཤུགས་སྣོན་དང༌། སྤྱི་ཚོགས་གཉིས་མུ་མཐུད་མཉམ་གནས་མཉམ་ལས་ཀྱི་ཐབས་ལམ་གསར་བ་འཚོལ་རྒྱུ་ཡིན་ཟེར།

 

ཕྱི་ཚེས་ ༦ ཉིན་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་གོ་སྒྲིག་འོག མེག་གྷན་སོ་རི་ཡ་གསོལ་མགྲོན་ཁང་དུ། བོད་པ་དང་རྒྱ་གར་གནད་ཡོད་མི་སྣ་ཁག་ཅིག་འདུ་འཛོམས་ཀྱིས་མི་ལོ་ ༥༠ རིང་གི་བཙན་བྱོལ་དང༌། མི་ལོ་ ༥༠ རིང་གི་མཉམ་གནས། ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གོ་བསྡུར་གྱི་འདུ་འཛོམས་ཤིག་འཚོགས་ཡོད། འདུ་འཛོམས་དེའི་སྟེང་རྒྱ་གར་ཀཱང་ར་རྫོང་ས་གནས་སྐོར་སྲུང་སྤྱི་ཁྱབ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཧིན་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ། ངྷ་རམ་ས་ལ་གྲོང་སྡེ་ལས་ཁུངས་ཀྱི་ཚོགས་གཞོན། དེ་བཞིན་ཁྲིམས་རྩོད་པ་སོགས་ངྷ་རམ་ས་ལ་ཁུལ་གྱི་རྒྱ་གར་གྱི་གནད་ཡོད་མི་སྣ་དང༌། བོད་ཀྱི་གཞོན་ནུ་དང་བུད་མེད་གཙོས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་བཅས་མི་གྲངས་ ༢༥ ཙམ་འདུ་འཛོམས་ཐོག བོད་པ་དང་རྒྱ་གར་ཡུལ་མིའི་བར་མཐུན་ལམ་དང་མཛའ་བརྩེ་སྲ་བརྟན། མཉམ་གནས་མཉམ་སྒྲིལ་ཡར་རྒྱས་སུ་གཏོང་ཐབས་བཅས་ལ་བགྲོ་གླེང་གོ་བསྡུར་ཞིབ་ལྷུག་བྱས་སོང༌།

 

སྐབས་དེར་གསར་འགོད་པས་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་འགན་འཛིན་ཀརྨ་ལེགས་བཤད་ལགས་སུ། ཐེངས་འདིའི་བགྲོ་གླེང་སྐོར་བཅར་འདྲི་ཞུས་པར་ཁོང་གིས་ངོ་སྤྲོད་བྱས་དོན། སྤྱིར་སྔོན་མ་ནས་ང་ཚོས་ང་ཚོས་རྒྱ་གར་དང་བོད་པའི་སྤྱི་ཚོགས་ནང་ཟབ་སྦྱོང་མང་པོ་ཞིག་སྤྲོད་བཞིན་ཡོད། སྐྱབས་བཅོལ་བོད་མི་ཚོ་གང་ཞིག་ཏུ་བསྡད་ཡོད་ན། རྒྱལ་ཁབ་དེ་དང་ས་གནས་དེའི་ཡུལ་མི་དང་མཐུན་ལམ་བྱ་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། ཐེངས་འདིར་ང་ཚོའི་དམིགས་ཡུལ་ནི། རྒྱ་གར་དང་བོད་པའི་བར་མཐུན་ལམ་ཡར་རྒྱས་དང་མཉམ་སྒྲིལ་གྱི་ནུས་པ་ཤུགས་ཆེ་རུ་གཏོང་ཆེད་ཡིན། མཐོ་རིམ་སྤྱི་ཚོགས་ཀྱི་རྒྱ་གར་དང་བོད་པའི་བར་འབྲེལ་བ་ཡག་པོ་ཡོད་ཀྱང༌། དམའ་རིམ་སྤྱི་ཚོགས་ནང་དུས་རྒྱུན་གནས་ཚུལ་ཆུང་ཚགས་རེ་ཡོང་གིན་ཡོད་པ་རེད། ངྷ་རམ་ས་ལ་ནས་གནས་ཚུལ་ཐེངས་ཁ་ཤས་བྱུང་བ་རེད། དེ་དག་གནས་སྐབས་རིང་འགྲིག་ཐབས་བྱས་ཡོད་ཀྱང༌། མཐོ་རིམ་མི་སྣ་ནང་ཁུལ་འགྲིག་ཐབས་བྱས་པ་ཙམ་རེད། གནས་ཚུལ་བྱུང་ཡུལ་ཕྱོགས་གཉིས་ཀྱི་མི་སྣ་ངོ་ཐུག་སྟེ། ཕན་ཚུན་ལ་ཉན་བཤད་དང་དོགས་པ་རྣམ་རྟོག་གསལ་བཤད་བྱས་པ་དེ་འདྲ་ཉུང་ཉུང་རེད། དེར་བརྟེན། ང་ཚོས་དེ་འདྲའི་དཀའ་ངལ་སྐབས་ཕྱོགས་གཉིས་ངོ་ཐུག་སྟེ། སེམས་ཀྱི་མཛའ་བརྩེ་ཇི་ལྟར་བསྐྲུན་དགོས་པ་སོགས་ལ་བསམ་བློ་བཏང་སྟེ། ལོ་སྔོན་པར་ཟབ་སྦྱོང་ཐེངས་ ༢ ཙམ་སྤྲད་ཡོད།

 

ལྷག་པར་དུ་ད་ལོ་ང་ཚོ་བཙན་བྱོལ་བ་ཆགས་ཏེ་ལོ་ ༥༠ འགྲོ་བཞིན་ཡོད། རྒྱ་གར་མི་དམངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། ང་ཚོའི་ལྟེ་གནས་ཁང་གི་ངོས་ནས་ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ཕར་ཕྱོགས་ཚུར་ཕྱོགས་ཀྱི་ཐུགས་རྗེ་ཆེ་དེ་ཡང་ཚིག་ཙམ་མ་ཡིན་པར་དོན་དང་ལྡན་ཞིང་མ་འོངས་པར་ཕན་ཐོགས་པ། ནང་གི་མཛའ་བརྩེ་སྐྲུན་ཐུབ་པ་ཞིག་ཡོང་རྒྱུ་དེ་གལ་ཆེན་རེད། དེ་འདྲ་ཞིག་ཡོང་བར་གཞི་རྩ་ཞིག་བཟོ་དགོས་པ་རེད། དེ་འདྲའི་ལས་འགུལ་ནང་རྒྱ་གར་འཛུལ་ཞུགས་ཡོང་བར་ཐབས་ཤེས་གང་ཡོད་སོགས་ཀྱི་ཆེད་དུ་འདི་ལྟ་བུའི་བགྲོ་གླེང་གོ་བསྡུར་ཞིག་གྲ་སྒྲིག་བྱས་པ་ཡིན། ཐེངས་འདིར་རྒྱ་གར་ཉེན་རྟོག་ལས་ཁུངས་དང་གནད་ཡོད་སྡེ་ཚན་ཁ་ཤས་ཀྱི་མི་སྣ་འཛོམས་ཡོད། ང་ཚོའི་དམིགས་ཡུལ་ལྟར་དེ་རིང་གི་ཚོགས་འདུའི་ནང་ནས་ཕན་ཚུན་ལ་སྐད་ཆ་ལྷུག་པོ་དང་ལམ་སྟོན་ཡག་པོ་བྱུང་སོང༌། མ་འོངས་པར་ཡང་མཉམ་ལས་ཡོང་ཐབས་བཅས་ལ་འདོད་པ་ཁེངས་པ་ཞིག་བྱུང་སོང༌། ཞེས་གསུངས་སོང༌།

 

ཡང་རྒྱ་གར་ས་ཁང་གི་འཐུས་ཚབ་རྒྱ་གར་བ་ཞིག་ལ་ཐེངས་འདིའི་འདུ་འཛོམས་ཐད། དགོངས་ཚུལ་དང་བསམ་འཆར་གང་ཡོད་བཀའ་འདྲི་ཞུས་པར་ཁོང་གིས་བརྗོད་དོན། འདི་ལྟ་བུའི་བགྲོ་གླེང་གོ་བསྡུར་ཡང་ཡང་གོ་སྒྲིག་ཞུ་ཐུབ་ན་ཡག་པོ་འདུག་བསམ་པ་བྱུང་སོང༌། འོན་ཀྱང༌། ཚོགས་ཐོག་ལ་མི་སྣ་གལ་ཆེན་གཅིག་པུ་མ་ཡིན་པར་མི་དམངས་དཀྱུས་མ་མང་པོ་ཞིག་འཛུལ་ཞུགས་བྱས་ཏེ། ཕན་ཚུན་ཉན་བཤད་དང་བགྲོ་གླེང་གོ་བསྡུར་བྱ་ཐུབ་ན་ཡག་པོ་འདུག འོན་ཀྱང༌། ཐེངས་འདིའི་ཚོགས་ཐོག་ནས་བོད་རང་བཙན་སོགས་སྲིད་དོན་གྱི་སྐད་ཆ་མང་པོ་ཞིག་བྱུང་སོང༌། དེ་ཡག་པོ་མི་འདུག ཐེངས་འདིར་ང་ཚོ་དགོས་པ་ཅིའི་ཕྱིར་འཛོམས་པ་རེད་ཟེར་ན། བོད་པ་དང་རྒྱ་གར་གྱི་སྤྱི་ཚོགས་གཉིས་ནང་ཁུལ་མཐུན་སྒྲིལ་ཡོང་ཐབས་ལ་འཚོགས་པ་རེད། རྗེས་མ་དེ་འདྲ་མིན་པར་སྤྱི་ཚོགས་གཉིས་ཀྱི་མཐུན་ལམ་དང༌། མི་དམངས་དཀྱུས་མའི་བར་གྱི་མཛའ་བརྩེ་ཡར་རྒྱས་སུ་ཇི་ལྟར་གཏོང་དགོས་པ་སོགས་ལ་གོ་བསྡུར་བྱ་དགོས་པ་རེད་ཟེར།

 

ཡང་ཁོང་ལ་སྔོན་མ་བོད་པ་དང་རྒྱ་གར་བར་གནས་ཚུལ་ཕྲན་བུ་རེ་འབྱུང་གིན་ཡོད་པ་དེ་རྒྱུ་རྐྱེན་གང་ལ་ཐུག་ཡོད་པ་དང༌། མ་འོངས་པར་དེ་འདྲ་མི་ཡོང་ཆེད་ལས་ཀ་ག་རེ་བྱ་དགོས་མིན་སྐད་ཆ་དྲིས་པར་ཁོང་གིས། སྔོན་མ་རྩོད་རྙོག་ཕྲན་བུ་རེ་བྱུང་དོན་ནི། རྒྱ་གར་ནང་སྔོན་མ་ནས་གཞིས་ཆགས་ཡོད་པའི་བོད་པ་ཚོ་དང་རྒྱ་གར་བར་རྙོག་དྲ་མི་འདུག བོད་ནས་གསར་དུ་ཡོང་བ་ཚོ་དང་རྒྱ་གར་ཡུལ་མིའི་བར་རྙོག་དྲ་ཅུང་རེ་ཡོང་གིན་འདུག དེ་ནི་འདིར་ཡོད་པའི་བོད་པའི་སྤྱི་ཚོགས་ཀྱི་ངོས་ནས་གསར་དུ་འབྱོར་བ་ཚོར་ཡུལ་ཁྲིམས་དང་ས་ཁུལ་གྱི་འགྲོ་སྟངས་གསལ་བཤད་བྱེད་ཐུབ་ཀྱིན་ཡོད་པ་མ་རེད། འགྲོ་སྟངས་འདུག་སྟངས་ལམ་སྟོན་བྱ་མ་ཐུབ་པ་རེད། ཡུལ་ཁྲིམས་དང་ས་གནས་ཀྱི་ལུགས་སྲོལ་ཅུང་ཤེས་རྟོགས་བྱུང་ན། རྙོག་དྲ་ཆུང་དུ་འགྲོ་གི་རེད། ཅེས་བརྗོད་སོང༌།

 

འབྲེལ་ཡོད་གསར་འགྱུར།

བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

ཆུ་ཚོད་ ༦ སྔོན་ལ།
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

ཆུ་ཚོད་ ༦ སྔོན་ལ།
སྐབས་ ༢༠ པའི་ཨེ་ཤ་ཡའི་མཆོང་རྒྱུག་འཕེན་གསུམ་གྱི་འདེམས་སྒྲུག་འགྲན་ཚོགས་ཐོག་བོད་ཀྱི་རྒྱང་རྒྱུག་པ་ཚེ་རིང་མཚོ་མོ་ལགས་ཀྱིས་ཨང་དང་པོ་བླངས། དྲ་ལམ་གྱི་པར། ༢༠༢༦།༠༥།༢༥
Mobile App

བོད་ཀྱི་རྒྱང་རྒྱུག་རྩེད་འགྲན་པ་གཉིས་ཨེ་ཤ་ཡའི་རྩེད་འགྲན་ནང་ཚུད།

ཆུ་ཚོད་ ༩ སྔོན་ལ།
Front Slider

བོད་མི་དམངས་འཆིང་བྱེད་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད།

ཆུ་ཚོད་ ༩ སྔོན་ལ།
Front Slider

Long-life prayer offereing to His Holiness by two associations

ཆུ་ཚོད་ ༩ སྔོན་ལ།
ttt
Front Slider

བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༢༥ འཁོར།

ཆུ་ཚོད་ ༩ སྔོན་ལ།

མཆན། 8

  1. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    རྒྱ་གར་གཞུང་དམངས་གཉིས་ནི་བོད་བཙན་བྱོལ་ཚང་ལ་དམིགས་གསལ་གྱིས་བཀའ་དྲིན་ཆེན་པོ་ཆགས་ཡོད་པ་ནི། བོད་པ་བཙན་བྱོལ་བ་མགོ་ཐོག་ཚད་ཀྱིས་ཤེས་ན་དངོས་ནས་ཡག་པོ་རེད། འོན་ཀྱང་། གནས་ས་གནས་ཡུལ་ཁ་ཤས་ཀྱི་མི་མང་ཁ་ཤས་ཀྱི་སྤྱོད་ལམ་དང་ལྟ་སྟངས་ནི་སྔོན་མ་ལས་སྡུག་དུ་འགྲོ་བཞིན་པའི་རྒྱ་གར་རྡ་སའི་ཁོར་ཡུག་གི་ཕྱི་ཡོང་བ་ཀ་ཤི་མར་གྱི་ཚོང་བ་དང་ཡུལ་མི་ཁ་ཤས་ཀྱི་བྱེད་སྟངས་ཀྱིས་བོད་པ་ཚང་གི་མི་མང་བོ་ཞིག་གི་སེམས་ནང་དུ་མངར་སྐྱུར་ཁ་གསུམ་གྱི་གཏམ་རྒྱུད་རེ་ཟུང་ཡོད་ཀྱང་། དེ་དག་ནི་ངེད་ཅག་གི་བསམ་ཤེས་བྱས་དེ་སྡུག་བསྒོམ་རྒྱག་པ་ལས་གཞན་དེ་དག་རེ་ཟུང་གི་བྱ་སྤྱོད་ལས་བོད་མི་བཙན་བྱོལ་བ་དང་རྒྱ་གར་གཞུང་དམངས་གཉིས་ཀྱི་མཐུན་སྒྲིལ་ལ་གནོད་ཚབ་ཡོད་པས་སྐད་ཆ་དྲ་གྲོགས་སུས་ཀྱང་མ་བཤད་ཀྱང་ཡག་པོ་ཞིག་མཐོང་གི་འདུག

    Reply
  2. བསེ་རུ། says:
    ལོ་ 17 སྔོན།

    ཉམ་ང་བ་འདིར་བསམ་སྐབས་རྒྱ་གར་གཞུང་དམངས་གཉིས་བཀའ་དྲིན་དྲན་འོས་པ་ཡིན་ལ་ཐུགས་རྗེ་ཆེ་ཡང་ངེས་པར་དུ་ཞུ་དགོས་ཡིན།
    འཆམ་མཐུན་གྱི་སྤྱི་ཚོགས་དགོས་ན།
    རང་ཉིད་ནས་འགོ་བརྩམས་ཏེ་འགྲོ་མཁས་སྡོད་མཁས་དགོས་ལ།
    ཡུལ་ཆུ་བཏུང་ནས་ཡུལ་ཁྲིམས་འཁུར་དགོས་པ་དེ་ང་ཚོའི་ལས་འགན་ཡང་རེད།

    Reply
  3. བསེ་རུ། says:
    ལོ་ 17 སྔོན།

    རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་དགོས་དང་དགོས།
    ང་ཚོ་མི་ལོ་ཧྲིལ་པོ་ལྔ་བཅུ་ཙམ་འདི་ཕྱོགས་སུ།
    ས་སེན་མོ་གང་དང་ཆུ་ཐིགས་པ་གཅིག་ཙམ་ཡང་རང་ཉིད་ལ་མ་དབང་བའི་གནས་སྟངས་ཉ

    Reply
  4. ནམ་མཁའ་བསྟན་འཛིན། says:
    ལོ་ 17 སྔོན།

    སྐབས་འདིར་ཀརྨ་ལེགས་བཤད་ཀྱིས་བཤད་བཞིན་པའི་མཐོ་རིམ་སྤྱི་ཚོགས་ཟེར་བ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའམ་མི་སྒེར་བར་གོ་བ་མིན་ན་བཞུགས་ཁྲི་ཐོག་དང་འགྲོ་ཁྲེ་ཐོག་ཡིན་པའི་སྐུ་ངོ་རྒྱགས་པ་དེ་ཚོར་གོ་དགོས་བར་འདོད་མོད། སྤྱི་ཚོགས་གང་ཞིག་དུ་ཡང་འཁྲུག་འཛིང་གི་རྩོག་ཉོག་ཙག་ཙིག་ན་གཞོན་ཚོའི་བར་དུ་ཡོང་གི་ཡོད་མོད། སྐུ་ངོ་དེ་དག་གི་གཅེས་ཕྲུག་ཚོ་ཡར་འཚར་ལོངས་མ་བྱུང་གོང་སྔ་མོ་ནས་ཨ་རི་དང་ཡོ་རུབ་ཁག་ཏུ་བསྐྱལ་ཚར་སྟབས་འདིར་མྱོང་མཁན་ཚོ་བོད་ནས་གསར་དུ་འབྱོར་ཙམ་གྱི་ན་གཞོན་ཚོའི་གྲས་ཡིན་ལ། གཞུང་གིས་འདི་ལ་ཁ་ཡོད་ལག་ཡོད་ཀྱིས་བདག་པོ་ཞིག་རྒྱག་ན་རྒྱ་གར་གཞུང་ལ་ཞུས་ཏེ་དམག་སྒར་ཨང༢༢་བའི་བོད་དམག་སྟོང་ཕྲག་དུ་མ་དེ་པ་ཀི་སི་ཐན་དང་བྷང་ལ་རྡེ་ཞེའི་བར་གྱི་ས་མཚམས་སྲུང་བྱེད་གཅིག་བུ་མ་ཡིན་པར་དམག་མིའི་གནས་རིམ་དང་ཤེས་ཚད་ངེས་ཅན་ཡོད་པ་ཚོ་བོད་པ་འདུས་སྡོད་བྱེད་སའི་ས་ཁུལ་ཁག་ཏུ་ཉེན་རྟོགས་པའི་ནང་གཏོང་དགོས། འདིས་རྒྱ་གར་སྐད་མི་ཤེས་བའི་གསར་འབྱོར་བ་ཡིན་ནའང་ཁྲིམས་ལུགས་ཀྱི་མདུན་ནས་མི་ལ་དབྱེ་འབྱེད་མི་བྱེད་པའི་ཡིད་ཆེས་སྟེར་ཐུབ་ལ་སྤྱི་ཚོགས་ཡོངས་ཀྱི་དཀའ་ངལ་མི་ཉུང་བ་ཞིག་རང་འགུལ་གྱིས་སེལ་ཐུབ། གཉིས་བ་དེ་བདེ་དོན་ལས་ཁུངས་སུ་མདོ་དབུས་ཁམས་གསུམ་ནས་ཡོང་བའི་ལས་བྱེད་པ་མང་ཙམ་ཞིག་༼གསར་འབྱོར་བ་ཡིན་དགོས༽ངེས་བར་དུ་འཇོག་དགོས་ལ་བདེ་དོན་ལས་ཁུངས་ཀྱིས་ལོ་རེ་བཞིན་འཕར་བཞིན་པའི་རྒྱ་གར་བའི་ཁང་གླ་དང་གློག་རིན་ཆུ་རིན་སོགས་བསམ་བསམ་འདོད་འདོད་མ་ཡིན་པར་རྒྱ་གར་བའི་ཁྲིམས་དང་མཐུན་པ་བཟོ་རུ་འཇུག་དགོས། འདིར་དཔེ་མཚོན་ཞིག་དྲངས་ན་སྔོན་ཆད་ལྡི་ལི་བསམ་ཡས་གླིང་དུ་རྒྱ་དཔོན་དམ་སེང་༼ད་ལྟ་གྲོངས་ཟིན༽ཟེར་བ་ཞིག་ཡོད་པའི་སྐབས་རྒྱ་གར་ཉེན་རྟོགས་པས་རྒྱ་དཔོན་ཡིག་ཚང་དང་བདེ་དོན་གང་རུང་ལ་སྙན་གསེང་མ་ཞུས་བར་གང་བྱུང་གིས་བོད་པའི་ཁྱིམ་ཚང་ནང་བསྔོགས་བཤེར་དང་མི་འཛིན་བཟུང་བྱེད་མི་ཆོག་ལ། ཁང་བདག་ཚོས་ཁང་གླ་ཡང་རྒྱ་གར་གྱི་ཁྲིམས་ལྟར་ལོ་དུ་མའི་རྗེས་སུ་བརྒྱ་ཆར་བཀུག་ནས་ཁང་གླ་སྤར་བ་ལས་མི་མང་འདུ་འཛོམས་ཆེ་དུས་གང་བྱུང་གིས་ཁང་གླ་འཕར་ལྕོག་བྱེད་མི་ཆོག་པ་བཟོས་ཡོད། འདི་མི་གཅིག་ཁོ་ནའི་ནུས་བ་རེད། གསུམ་པ་གླ་འཁོར་ཁ་ལོ་བ་ཚོ་དང་ཉིན་རེའི་བཟའ་བཏུང་ཉོ་སའི་ཚོང་ཁང་ཁག་རེད། ཁོ་ཚོས་རྒྱ་གར་སྐད་མི་ཤེས་བར་ལྟོས་ནས་ལམ་སངས་མགོ་སྐོར་བཏང་མི་ཆོག་པར་རྩོད་ཉོག་ཅི་ཞིག་བྱུང་ན་ལམ་སངས་བདེ་དོན་ནམ་ཡང་ན་བོད་རིགས་ཉེན་རྟོགས་པ་འབོད་དུ་འཇུག་དགོས། འདིས་ད་བཟོད་རྒྱ་གར་བ་དང་བོད་པ། མི་སྒེར་བར་དང་སྤྱི་ཚོགས་ཡོངས། ཁྲིམས་ལུགས་ཀྱི་མདུན། གང་དུའང་ཚང་མར་འཆམ་མཐུན་གྱི་གཞི་མ་བསྐྲུན་ཐུབ།

    Reply
  5. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    ནོར་བཅོས། རྡ་ལམ་ས་ལ།

    Reply
  6. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    སྒང་གི་ཤེས་ཡོན་ཅུང་ཙམ་ཡོད་མཁན་ཚོས་སྐད་ཆ་ཅི་ཙམ་བཤད་ན་མ་བཤད་ན། གཙོ་བོ་གཞི་རིམ་མི་མང་དཀྱུས་མའི་ཁྲོད་དུ་ཕན་ཚུན་ལ་མཐུན་ལམ་དང་མཛའ་བརྩེ་ཡག་པོ་དགོས་རྒྱུ་ཧ་ཅང་ནས་གལ་ཆེ་གི། འདིའི་ཕྱོགས་ལ་མི་སྒེར་བ་ཚང་མས་ཉིན་རེ་ཉིན་རེའི་མི་ཚེ་སྐྱེལ་སྟངས་ཚུན་ལས་བསམ་བློ་གཏོང་དགོས་རྒྱུ་འདུག
    རྡ་ལས་ས་ལ་ལྟ་བུར་མཚོན་ན། དཀའ་ངལ་ཅུང་ཙམ་འཕྲད་ཡོང་བ་འདི་ཚོའི་རྐྱེན་རྩ་དངོས་གནས་དེ་བོད་ནས་གསར་དུ་འབྱོར་བ་ཚོའི་བརྡ་སྤྲོད་སྟངས་མ་ཤེས་བའི་དཀའ་ངལ་གྱི་ཐོག་ནས་མིན་པ་འདྲ། བོད་པ་ཚོང་ལས་ཙག་ཙིག་གཉེར་མཁན་ཚོའི་ངོས་ནས་ཏན་ཏན་བསམ་བློ་གཏོང་དགོས་རྒྱུ་མང་པོ་འདུག

    Reply
  7. ལྷ་ཆབ་སྦྱིན་པ། says:
    ལོ་ 17 སྔོན།

    རྒྱ་གར་ལ་ཐུགས་རྗེ་ཞུ་བ་ལ་སྔ་འགོར་གང་ཡང་ཡོད་པ་མ་རེད། གོང་ས་མཆོག་གིས་ཀྱང་རྒྱ་གར་ཐུགས་རྗེ་ཆེན་པོ་ཡིན་ཞེས་ཚར་ཁྲི་ཕྲག་མང་བོར་གསུང་ཡོད་པ་རེད། ནམ་ཡང་ང་ཚོས་རྒྱ་གར་གྱི་བཀའ་དྲིན་ཐུགས་རྗེ་བརྗེད་མི་ཉན། ཡིན་ནའང་ཚོགས་འདུ་འདིའི་ནང་ན་སྟོང་བཤད་རྒྱག་མཁན་མང་ཙམ་ཡོད་རབས་འདུག འདིའི་ཐད་ལ་དྲ་གྲོགས་རྣམས་ཀྱིས་དཔྱོད་གླེང་རེ་བྱས་ན་མི་འོས་པ་གང་ཡང་མི་འདུག་སྙམ།

    Reply
  8. མྱི་སྨྱོན། says:
    ལོ་ 17 སྔོན།

    རྒྱ་གར་ལ་ཐུགས་རྗེ་ཞུ་བ་སྔ་དྲག་སོང་། ད་དུང་བོད་ཀྱི་ཚོགས་བཅར་བ་ཚོར་འཚོགས་འདུ་གང་ཞིག་ལ་དགོས་པ་གང་ཞིག་གིས་འཛོམས་པ་ཤེས་ནས་སྐད་ཆ་བཤད་དགོས། དེ་ལྟ་མ་ཡིན་པར་ཡིན་མིན་གཉིས་ལ་རང་བཙན་དང་འཐབ་རྩོད་བཤད་ན་དགོས་དོན་ཡོད་པ་མ་རེད། སྐབས་འདིར་ཡང་སུ་ཞིག་གིས་བཤད་པ་མི་ཤེས་མོད ” ཐེངས་འདིའི་ཚོགས་ཐོག་ནས་བོད་རང་བཙན་སོགས་སྲིད་དོན་གྱི་སྐད་ཆ་མང་པོ་ཞིག་བྱུང་སོང༌། དེ་ཡག་པོ་མི་འདུག” སྐད་ཆ་འདི་བཤད་པ་ཡག་པོ་མ་རེད། ང་ཚོས་གཟབས་གཟབས་གནང་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese