མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཚོགས། རྒྱ་ནག འགྲོ་བ་མིའི་ཐོབ་ཐང༌།

བོད་ཀྱི་དུས་བབ།
༢༠༠༩/༠༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཕྱི་ཚེས་ ༩ ཉིན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ཉན་ཞིབ་བྱས་ཡོད་ལ། རྒྱལ་ཚོགས་ཀྱི་བགྲོ་གླེང་གཞན་དག་ལྟར། ད་རེབ་ཀྱང་གྲུབ་འབྲས་ཤིག་ཐོན་མདོག་གཏན་ནས་མེད། ཡིན་ཡང་པེ་ཅིན་གྱི་བྱ་སྤྱོད་ལས་འཕྲོས་པའི་སྤྱི་ཚོགས་ཀྱི་བགྲོ་གླེང་ནི་མེད་པ་ལས་དྲག་ལ། ཐ་ན་རྒྱ་ནག་མི་དམངས་ལ་ལྷག་འཕྲོས་ཀྱི་འཛམ་གླིང་འདིས་ཁོང་ཚོའི་མགོར་ཅི་ཞིག་འབྱུང་བཞིན་པའི་ཐད་སེམས་ཁུར་ཙམ་མཚོན་ནའང་འགྲིག དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ ༢༠ འཁོར་གྱིན་ཡོད་སྟབས་འདི་ལྟའི་ལས་དོན་ནི་དུས་ཐོག་ལ་འཁེལ་ཡོད་པ་རེད་ཅེས་ཨ་རིའི་མ་རྐང་ཁྲོམ་རའི་གསར་ཤོག་གིས་སྤེལ་ཡོད། བཀའ་ཁྲི་མཆོག་གིས། ཚོགས་ཆེན་འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཆོ་ག་ཕྱག་ལེན་ཙམ་ལས་ཅི་ཡང་མིན་པའི་དགོངས་ཚུལ་བཏོན་ཡོད།

གཟའ་ཟླ་བའི་ཉིན་གྱི་རྗེ་ནེ་ཝའི་ཚོགས་འདུ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་དག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་ལོ་རེའི་བསྐྱར་ཞིབ་བྱེད་པའི་སྒྲིག་གཞི་ལྟར་འཚོགས་ཡོད་ལ། འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་འཐུས་མིའི་རྒྱལ་ཁབ་ ༤༧ དང༌། ཟུར་ཉན་རྒྱལ་ཁབ་དག་གིས་དུས་ཚོད་གསུམ་གྱི་རིང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་བགྲོ་གླེང་བྱས་ཡོད་ལ། དེ་རྗེས་ལྷན་ཚོགས་ཀྱི་སྒྲིག་གཞི་ལྟར། རྒྱལ་ཁབ་གསུམ་གྱི་སྐུ་ཚབ་སྟེ། ནེ་ཇི་རི་ཡ་དང་རྒྱ་གར། ཁེ་ན་ཌ་བཅས་ཀྱིས་རྒྱབ་གཉེར་གྱི་ཡིག་ཆ་ཞིག་བདུན་ཕྲག་འདིའི་མཇུག་ཙམ་ལ་འབུལ་རྒྱུ་ཡིན་འདུག འོན་ཀྱང༌། འདིའི་མཇུག་འབྲས་སྣང་མེད་དུ་གཏོང་བའི་རང་དབང་རྒྱ་ནག་གི་ལག་ན་ཡོད་པ་རེད་ཅེས་གོང་གསལ་གསར་འགྱུར་བརྒྱུད་ལམ་གྱིས་སྤེལ་ཡོད།

ཕྱི་ཚེས་ ༦ ཉིན་ལོན་ཌོན་དུ་རྟེན་གཞི་བྱས་པའི་རྒྱལསྤྱིའི་ཉེས་ཡངས་ཚོགས་པས། རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་ཕུལ་བའི་བསྐྱར་ཞིབ་སྙན་ཐོའི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གི་གནས་ཚུལ་ཁག་ཅིག་ནག་སུབ་བཏང་འངུག་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད།

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བཤད་དོན། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྱབ་ཁོངས་རེ་ཟུང་ནས་ཡར་རྒྱས་བཏང་ཡོད་ཀྱང༌། བོད་ནང་གི་ད་ཡོད་ཀྱི་དཀའ་རྙོག་གི་གནས་སྟངས་དང༌། ཡུ་གར་མི་རིགས་ཀྱི་གནད་དོན། ཧཕ་ལུང་ཀོང་ཆོས་ཚོགས་ཀྱི་གནད་དོན་སོགས་གླེང་མི་འདུག ཅེས་དང༌།་ ཟླ་སྔོན་མའི་ཚེས་ ༡༨ ཉིན་ནས་སྤེལ་བའི་དགུན་དུས་ཀྱི་དྲག་རྡུང་གི་འོག་ནས་མི་ ༨༡ འཇུས་པ་དང་སྟོང་ཕྲག་འགའ་ཤས་ལ་དོན་མེད་འདྲི་བརྩད་བྱས་པའི་གནས་སྟངས་སོགས་བཀོད་ཡོད་པ་རེད།
ཕྱི་ཚེས་ ༦ ཉིན་འགྲོ་བ་མིའི་ལྟ་རྟོག་ཚོགས་པའི་ཨེ་ཤ་ཡའི་ཁྲིམས་དོན་འགན་འཛིན་སོ་ཧཕེ་ རི་ཆར་ཌི་སོན་གྱིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་ཕྱི་ཚེས་༩ ཉིན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་བསྐྱར་ཞིབ་བྱ་སྐབས་རྒྱ་ནག་གི་ཐོག་སྐད་ཆ་མ་བཤད་པར་མུ་མཐུད་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ལ་གཏོང་དུ་འཇུག་རུང་གི་མ་རེད། ཐེངས་འདིའི་བགྲོ་གླེང་སྐབས་བོད་ཀྱི་གནད་དོན་དང་ཞིན་ཅང་གི་གནད་དོན། གཞན་ཡང་སྨྲ་བརྗོད་རང་དབང་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་སྐོར་གླེང་སློང་ཚ་ནན་བྱ་དགོས་སྐོར་བརྗོད་ཡོད་པ་རེད།

རྒྱ་ནག་གིས་བཤད་དོན། ཁོང་ཚོས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་ལ་བརྩི་བཀུར་བྱེད་ཀྱིན་ཡོད་ལ། མི་སེར་རྣམས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར། ཁྲིམས་དོན་ཐོབ་ཐང་བཅས་ཡར་རྒྱས་བཏང་ཡོད་སྐོར་བཤད་ཡོད་པ་རེད།

གཟའ་ཟླ་བའི་ཉིན་གྱི་བགྲོ་གླེང་སྐབས་བོད་དོན་ལས་འཕྲོས་ཏེ་རྒྱ་ནག་མཉམ་དུ་རྣོ་ངར་གྱིས་ཐུག་མཁན་རྒྱལ་ཁབ་ནི་ཨོ་སི་ཊོ་ལི་ཡ་ཡིན་ལ། ཨོ་སི་ཊོ་ལི་ཡའི་བོད་དོན་ལྷན་ཚོགས་དེ་ཕྱི་ཚེས་ ༩ ཉིན་གྱི་ཉན་ཞིབ་སྟེང་ཞུགས་པར་འབད་བརྩོན་བྱས་རུང་རྒྱ་ནག་གིས་ངོ་རྒོལ་བྱས་པར་བརྟེན། ཨོ་སི་ཊོ་ལི་ཡའི་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཡོད་ལ། རྒྱ་ནག་གིས་ཕྱིར་ཨོ་སི་ཊོ་ལི་ཡས་བོད་དོན་ཐོག་བཤད་པའི་བསམ་ཚུལ་དེ་དག་ནི་ནད་མ་ཐེག་པ་དང་ཀུན་སློང་མ་དག་པའི་རིགས་རེད་ཅེས་སྐྱོན་བརྗོད་བྱས་ཡོད།

ཕྱི་ཚེས་ ༩ ཉིན་བོད་དོན་ལས་འཕྲོས་ཏེ་རྒྱ་ནག་གི་ཁ་གཏད་དུ་ལངས་མཁན་རྒྱལ་ཁབ་གཙོ་བོ་ནི་ཨོ་སི་ཊོ་ལི་ཡ་དང་ཁེ་ན་ཌ་གཉིས་ཡིན་འདུག དེ་བཞིན་ནུབ་ཕྱོགས་དང་ལ་ཊིན་ཨ་མེ་མི་ཁའི་རྒྱལ་ཁབ་འགས་ཀྱང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཡིད་མ་ཚིམས་པའི་རྣམ་འགྱུར་བསྟན་ཡོད་འདུག

བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཕྱི་ཚེས་ ༧ ཉིན་གསར་ལམ་དུ་གསུངས་དོན། རྒྱ་ནག་ལ་ཁྲིམས་ཀྱི་དབང་སྒྱུར་མེད་ལ། དྲང་བདེན་གྱི་ཁྲིམས་བཤེར་ཡང་མེད་སྟབས། བོད་མི་མང་པོ་ཞིག་ནི་ཁྲིམས་མེད་ལུགས་མེད་ཀྱི་སྒོ་ནས་ལོ་ཐག་རིང་བའི་བཙོན་འཇུགབྱས་ཡོད་པ་རེད། ང་ཚོའི་བོད་མི་རྣམས་ལ་རང་གི་གྱོད་དོན་ཞུ་གཏུགས་བྱེད་པའི་དབང་ཚད་ཡོད་པ་མ་རེད། ཐབས་སྐྱོ་བ་ཞིག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འདི་ཏད་གང་ཡང་སྒྲུབ་ཐུབ་ཡོད་པ་མ་རེད་ཅེས་དང༌། ༢༠༠༨ ལོའི་གསུམ་པའི་ཚེས་ ༡༠ ཉིན་ནས་བཟུང་བོད་ནང་གི་བོད་མི་རྣམས་ལ་དྲག་གནོན་ག་ཚོད་ཅིག་བྱེད་མཞིན་པ་འཛམ་གླིང་གིས་དངོས་སུ་མཐོང་ཡོད་པ་རེད། རྒྱལ་སྤྱིའི་དབུ་ཁྲིད་མང་པོ་ཞིག་གིས་བོད་མི་ཚོར་རྒྱབ་སྐྱོར་གྱི་སྐད་ཆ་བཤད་ཡོད་ཀྱང༌། རྒྱ་ནག་གཞུང་གིས་མུ་མཐུད་ནས་དྲག་གནོན་དང་སྡུག་སྦྱོང་བྱས་ཡོད་པ་རེད། རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་ནི་དཔེ་མཚོན་ཙམ་རེད། ༡༩༩༦ ལོ་ནས་བཟུང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་ལ་ངོས་ལེན་མ་བྱས་པར་གྲྭ་བཙུན་ ༡༡༠༠༠ ལྷག་དགོན་པ་ཁག་གི་སྒྲིག་ཁོངས་ནས་ཕྱིར་ཕུད་བཏང་ཡོད་པ་རེད་ཅེས་གསུངས།

བཀའ་ཁྲི་མཆོག་གིས་ཐེངས་འདིའི་རྗེ་ནེ་ཝའི་ཚོགས་ཆེན་གྱི་ཐད། འདས་པའོ་ལོ་ ༥༠ རིང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་འཛམ་གླིང་གི་མནར་གཅོད་སྡུག་སྦྱོང་རིགས་རྐང་གཅིག་གི་ཐོག་ལའང་སྐྱོན་བརྗོད་ཀྱིས་གྲུབ་འབྲས་ཐོན་པ་ཞིག་ཡོད་པ་མ་རེད། ཁོང་ཚོར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ལ་ཚོད་འཛིན་བྱེད་པའི་ནུས་པ་མེད་པ་འདི་སེམས་ལ་དྲན་ཚེ། ངས་ཤེས་ཚོད་ལ་ད་རེབ་ཀྱི་ཚོགས་འདུ་དེའང་ཆོ་ག་ཕྱག་ལེན་རིགས་ཤིག་མིན་འགྲོ་སྙམ། ཞེས་གསུངས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༡༡ སྔོན་ལ།
རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡུ་ཤཱ་(zhang youxia) དང་དབུས་དམག་དོན་མཉམ་འབྲེལ་སློབ་སྟོན་ཁང་གི་འགན་འཛིན་ལུའུ་ཀྲིན་ལི་(Liu Zhenli)གཉིས་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པ་རེད།
Mobile App

རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་མགོ་འཁྲིད་གཉིས་ལ་ཞིབ་བཤེར་བྱེད་ཀྱིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
Farmers in Tibet: In the first seven months of this year over 500,000 rural Tibetan labourers have been pushed into military-style training centres.AP
Mobile App

རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པའི་སྙན་ཐོ་བཏོན།

༢༠༢༦/༠༡/༢༣
རྒྱ་ནག་པེ་ཅིན་ནས་ཡིན་པའི་ཁྲིམས་རྩོད་པ་ཏུང་ཕུང་ལགས་ཀྱིས་བོད་ཀྱི་མཚོ་སྔོན་པོའི་འབྲོག་ཁུལ་ནས་གནས་ཚུལ་སྤེལ་བ། ཁོང་གི་བརྙན་ལམ་གྱི་པར།
Mobile App

འབྲོག་མང་བཙན་གྱིས་གནས་སྤོར་བཏང་བ་དང་གུན་གསབ་སྤྲོད་ཀྱི་མེད་པ་སོགས་ཀྱི་གནད་དོན་ལ་རོགས་རམ་བྱེད་ཀྱི་འདུག

༢༠༢༦/༠༡/༢༣
Mobile App

བལ་བཟའ་ཁྲི་བཙུན་བལ་ཡུལ་གྱི་ལོ་རྒྱུས་མི་སྣའི་ཁོངས་སུ་འཇུག་དགོས་པའི་རེ་སྐུལ་ཞུ་བཞིན་འདུག

༢༠༢༦/༠༡/༢༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགེ་འདུན་པ་ཞལ་གྲངས་ ༥༤ ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ནས་བླངས། ༢༠༢༦།༡།༢༢
༸གོང་ས་མཆོག གསར་འགྱུར།

དགེ་འདུན་པ་ཞལ་གྲངས་ ༥༤ ལ་དགེ་སློང་གི་སྡོམ་པ་བསྩལ། 

༢༠༢༦/༠༡/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese