མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྕམ་ཁི་ལིན་ཊོན་གྱི་གཞུང་འབྲེལ་གཟིགས་སྐོར་ཐོག་མ།

བོད་ཀྱི་དུས་བབ།
༢༠༠༩/༠༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༡༥ ཉིན་ཨ་རིའི་རྒྱལ་དོན་དྲུང་ཆེ་ལྕམ་ཁི་ལིན་ཊོན་མཆོག་སྲིད་འཛིན་ཨོ་བྷ་མའི་རྒྱལ་དོན་སྐུ་ཚབ་མཐོ་ཤོས་ཀྱི་མཚན་ཐོག་ནས་ཨེ་ཤ་ཡའི་མངའ་ཁུལ་དུ་གཟིགས་སྐོར་ལ་ཕེབས་ཡོད་པ་རེད།

ཁོང་གི་བདུན་ཕྲག་གཅིག་རིང་གི་གཞུང་འབྲེལ་གཟིགས་སྐོར་དེ་ཉི་ཧོང་དང་ཨིན་ཌུ་ནེ་ཤི་ཡ། ལྷོ་ཀོ་རི་ཡ། རྒྱ་ནག་བཅས་ལ་ཕེབས་རྒྱུ་ཡིན་པ་དང་། ཝ་ཤིན་ཊོན་གྱིས་ད་སྐབས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ལས་གཞི་སྔོན་འགོག་དང་གོ་ལའི་དཔལ་འབྱོར་ཉམས་རྒུད་འདི་བརྟན་ལྷིང་ལ་བསྒྱུར་བར་འབད་བརྩོན་བྱེད་ཀྱི་ཡོད་སྟབས། ལྕམ་ཁི་ལིན་ཊོན་གྱིས་གནད་དོན་འདི་དག་གི་ཐད་བཀའ་མོལ་དང་གྲོས་མགོ་འཚོལ་གྱི་ཡིན་འདུག

ལྕམ་ཁི་ལིན་ཊོན་ཉི་ཧོང་ལ་འབྱོར་སྐབས་ཉི་ཧོང་ནང་ཡོད་པའི་ཨ་རིའི་དམག་མི་ ༨༠༠༠ ལྷག་ཉི་ཧོང་ནས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་གྷུམ་གླིང་ཕྲན་ནང་གནས་སྤོར་བྱེད་རྒྱུའི་གན་རྒྱ་ཞིག་ལ་མཚན་རྟགས་འགོད་རྒྱུ་ཡིན་པ་དང་། འདི་ནི་ཨ་རིའི་དམག་མི་རྣམས་ཀྱིས་ཉི་ཧོང་ནང་སུན་གཙེར་མི་ཡོང་བའི་ཆེད་དུ་ཡིན་ཚུལ་འདུག

ཨིན་ཌུ་ནེ་ཤི་ཡ་ནས་ཁོང་གིས་རྒྱལ་ཁབ་དེ་དང་དེའི་མནའ་འབྲེལ་རྒྱལ་ཁབ་ཁག་སྟེ། ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་རྣམས་དང་མཉམ་དུ་འབར་མ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཕྱོགས་ལ་མཉམ་འབྲེལ་གྱིས་ཤུགས་སྣོན་རྒྱག་རྒྱུར་སྐུལ་མ་དང་། ཤར་ཊི་མོར་གྱི་ཞི་བདེ་དང་བརྟན་ལྷིང་གི་ཐད་ཤུགས་སྣོན་རྒྱག་ཕྱོགས་ལ་བཀའ་མོལ་གནང་རྒྱུ་རེད།

རྒྱ་ནག་ནས་ཁོང་གིས་རྒྱུན་སྲོལ་གྱི་ཚོང་དོན་དང་དཔལ་འབྱོར་གྱི་འབྲེལ་བའི་ཕན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་གཞི་རྒྱ་ཆེ་བའི་མཛད་འཕྲིན་མགོ་རྩོམ་རྒྱུ་ཡིན་ཚུལ་འདུག་ལ། ཁོང་གིས། ཨ་རྒྱ་གཉིས་ཀྱི་འབྲེལ་བ་འདི་བཟང་ཕྱོགས་དང་མཉམ་ལས་ཀྱི་ངོ་བོར་འགྲོ་རྒྱུ་ནི་ཨེ་ཤ་ཡའི་ཁེ་ཕན་གཅིག་པུ་མིན་པར་འཛམ་གླིང་ཧྲིལ་བོའི་ཁེ་ཕན་ཡིན་པར་གསུངས་ཡོད།

ཕྱི་ཚེས་ ༡༣ ཉིན་ཁོང་གིས་གཏམ་བཤད་ཅིག་གི་སྐབས། ཁོང་ཉིད་ཨེ་ཤ་ཡའི་དབུ་ཁྲིད་དག་ལ་མཇལ་སྐབས་ཤུགས་ཆེན་པོ་དང་ནན་པོ་བྱས་ནས་སྐད་ཆ བཤད་གི་ཡིན་ཅེས་གསུངས་ཡོད་པ་རེད།

ཁོང་གིས། ཨ་རི་ཡིས་འཛམ་གླིང་གི་དཀའ་རྙོག་ཆེ་གྲས་ཏེ དཔལ་འབྱོར་ཉམས་རྒུད་ནས་འཇིགས་སྐུལ་རིང་ལུགས་པ་ནས་གོ་ལའི་ཚ་དྲོད་བར་གྱི་གནད་དོན་རིགས་ཐག་གཅོད་པའི་ནུས་ཚད་དེ་གང་འདྲ་ཞིག་ཏུ་འགྱུར་མིན་ནི་ཨེ་ཤ་ཡའི་ནང་ནས་ཐག་གཅོད་ག་ཚོད་ཅིག་ལེན་ཐུབ་མིན་ལ་ཐུག་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༡༠ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦

མཆན། 8

  1. kalsang says:
    ལོ་ 17 སྔོན།

    ཕལ་ཆེར་ཁྱོད་རྣམ་པ་གཉིས་ཀྱང་ཡར་ལྡན་རྒྱལ་ཁབ་ཁག་ན་འཚོ་བཞུགས་གནང་ཡོད་པ་འདྲ་བས། དེའི་དཔལ་འབྱོར་གྱི་གཟི་ཁར་རོལ་ནས་མི་འདུག་པར་སོ་སོའི་གནས་སའི་རྒྱལ་ཁབ་ཀྱི་ཉམས་མྱོང་གང་མང་ཞིག་དུས་བབ་སྟེང་དུ་འགོད་པར་གཟིགས་པ་མི་ཆུང་བར་མཁྱེན། ད་ལྟ་ང་ཚོ་ལས་དབང་གིས་གནས་སའི་རྒྱལ་ཁབ་མི་མཚུངས་ལ་སྤྱོད་པའི་སྐད་ཡིག་མི་འདྲ་ནའང་བོད་ཀྱི་རིགས་ཞེན་གཅིག་པར་བྱའོ། དེ་ནི་ཁྱོད་ཀྱིས་དངུལ་ལོ་བསམ་པ་མིན་ལ་ང་ཡིས་སྙན་གྲགས་བསམ་པ་ཡང་མིན། ད་དུང་ང་ཚོ་བོད་མི་དམངས་འཆི་མེད་པའི་མཚོན་རྟགས་ཤིག་ཡིན། བཀྲ་ཤིས། རྗེས་ལ་མཇལ་ཡོང་།

    Reply
  2. kalsang says:
    ལོ་ 17 སྔོན།

    གོང་ན་རྒྱལ་ཞེན་པ་སྐུ་ཞབས་ནམ་མཁའ་བསྟན་འཛིན་དང་སྐུ་ཞབས་འཁྱམས་པོ་རྣམ་གཉིས་ཀྱིས་རང་རང་གི་བལྟ་སྟངས་ལས་དྲངས་སྟེ། ངས་མཐོང་བའི་ལྕམ་ཁུ་ལུན་ཏོན་གིས་གཟིགས་སྐོར་དེའི་ནུས་པས་ཀྱང་འཛམ་གླིང་གོ་ལ་གཅིག་གྱུར་ལ་ཕན་གྱི་འདུག་ཞེས་པར་། གསར་འགྱུར་གཅིག་ཀློག་ཀྱང་བསམ་ཚུལ་གཉིས་ཞེས་བརྗོད་འདུག དངོས་ནས་རེད། གསར་འགྱུར་འདི་གོ་ལ་གཅིག་གྱུར་གྱི་ཐད་ནས་བལྟས་ན་ཇི་ལྟར་རྒྱལ་ཁབ་ཕན་ཚུན་བར་འབྲེལ་བ་ཟབ་ཏུ་སོང་ན་རྒྱ་ནག་རྒྱལ་ཁབ་ཀྱང་ཁེར་རྐྱང་གིས་འདུག་མི་ཐུབ་པས་རྒྱ་མི་དམངས་ཀྱི་དམངས་གཙོ་དང་མི་དམངས་ཀྱི་བསམ་བློའི་འགྱུར་ལྡོག་ལ་ཤུགས་རྐྱེན་ཐེབས་སྲིད་པ་བཞིན་དེ་ལ་བརྟེན་ནས་ང་ཚོའི་རེ་དོན་ཡང་འགྲུབ་པའི་རེ་བ་ཆེ། བྱེ་བྲག་གི་དོན་དང་དེའི་ནུས་པའི་ངོས་ནས་བལྟས་ཚེ་ཁྱོད་རྣམ་པ་གཉིས་ཀྱི་མཐོང་སྣང་བཞིན་རེད།

    Reply
  3. འཁྱམས་པོ། says:
    ལོ་ 17 སྔོན།

    འདིའི་ཕྱོགས་ནས་ ནམ་མཁའ་བསྟན་འཛིན་གྱི་བསམ་ཚུལ་ལ་ང་ཡང་མོས་མཐུན་ཡོད། རྒྱུ་མཚན་ནི་ངས་སྔོན་ཆད་ནས་བཤད་མྱོང་དེང་སྐབས་རྒྱལ་སྤྱི་ཞེས་རེ་བ་ཆེ་ཞིག་རྒྱག་ས་མེད། ཡོད་ཚད་ཀྱིས་ཁེ་ཕན་ཞིག་དོན་དུ་གཉེར་བཞིན་ཡོད་ལ་ལྷག་པར་ཕྱི་གླིང་ནུབ་ཡུལ་དུ་མི་ཐམས་ཅད་དངུལ་ལོར་གྱི་བྲན་གཡོག་རེད་ཆུ་ཚོད་སྐར་ཆ་རེའང་ཁོང་ཚོ་ལ་གལ་ཆེན་རེད། ད་དུང་ང་ཚོ་བོད་པ་དང་བོད་དོན་ནི་རྒྱལ་སྤྱིའི་སྟེང་གསར་བྱུང་ཚོང་རྫས་གལ་ཆེན་ཤིག་རེད། དཔེར་ན་་་ང་འདིར་སླེབས་ནས་རྒྱལ་ཁབ་འདིའི་ནང་བོད་སྐོར་གློག་བརྙན་གསུམ་གསར་དུ་ཐོན་སོང་དེ་ལས་གཅིག་ནི་བོད་ཀྱི་བླ་མའི་སྐྱེས་སྤྲུལ་སྐོར་དང་གཞན་གཉིས་ནི་མང་ཆེ་པ་རྒྱ་གར་དང་ལྭ་དྭགས་ལ་ཡུལ་སྐོར་དང་༧སྐུ་མདུན་ལ་མཇལ་ཁ་རེ་ཞུས་པ་ཙམ་ལས། ང་ཚོ་ལ་མཁོ་པས་བོད་ནང་གི་གནས་བབས་དངོས་དེ་གང་ཡང་ཐོན་ཐུབ་མི་འདུག ཡིན་ཡང་རྒྱལ་ཁབ་འདིའི་གློག་བརྙན་ཁང་ཆེ་ཤོས་འགའི་ནང་དུ་བདུན་ཕྲག་གཉིས་ཙམ་ལ་བསྡད་སོང་། དེར་མི་རེར་ཨ་སྒོར་15ནས20བར་རེད་་་་
    ངས་འདིའི་སྐོར་ལ་བསམ་ཚུལ་ཞིག་སྔོན་ནས་འབྲི་འདོད་མོད་ཆུ་ཚོད་་་་་་

    Reply
  4. kalsang says:
    ལོ་ 17 སྔོན།

    {དག་བཅོས}་་་་་་་་་་་་ཤེས་ཚད་སོགས་ཀྱིས་ཁྱད་པར་གྱིས་་་་་ཞེས་པའི་{ཀྱིས་}ནོར། {ཀྱི}ཡིན།

    Reply
  5. kalsang says:
    ལོ་ 17 སྔོན།

    སྐུ་ཞབས་ནམ་མཁའ་བསྟན་འཛིན་ལགས། ང་གཉིས་ཀྱི་བལྟ་བའི་རིགས་པས་འདེད་སྟངས་ཀྱི་ཟུར་ངོས་འདྲ་ཡི་མི་འདུག གནད་དོན་ཞིག་ལ་དཔྱད་པའི་ཚེ་དམིགས་ཡུལ་དང་དཔྱད་སྟངས། ཤེས་ཚད་སོགས་ཀྱིས་ཁྱད་པར་གྱིས་བསམ་བློ་མི་འདྲ་བ་འབྱུང་སྲིད་ཀྱི་རེད། ད་རེབ་ང་ལ་དུས་ཚོད་མེད་པས་མང་ཙམ་མི་འབྲི་རྗེས་ལ་མཇལ་ཡོང་།

    Reply
  6. ནམ་མཁའ་བསྟན་འཛིན། says:
    ལོ་ 17 སྔོན།

    བསམ་ཚུལ་འདི་ཉིན་ཤས་སྔོན་ནས་བདག་གི་ཟིན་བྲིས་སུ་བཀོད་ཟིན་མོད་གོང་གི་མཆན་འགོད་པ་སྐལ་བཟང་ལགས་དང་ངེད་གཉིས་ཀྱིས་གསར་འགྱུར་གཅིག་ཀློག་ཀྱང་བསམ་ཚུལ་གཉིས་འདུག་པར་མཐོང་བས་འདིར་བསྐྱར་འགོད་ཅིག་བྱས་བ་ཡིན་པས་དགོངས་འཇགས་ཞུ།

    ཨ་རིའི་རྒྱལ་དོན་དྲུང་ཆེ་ཞིག་གིས་ཆེ་ཐོག་མའི་ཕྱི་བསྐྱོད་ཀྱི་མཛད་འཕྲིན་ཤར་ཨེ་ཤ་ཡ་ནས་མགོ་བཙུགས་པ་ནི་འདས་བའི་ལོ་ངོ་བཞི་བཅུ་ལྷག་གི་རིང་ཐེངས་དང་པོ་ཡིན་སྟབས། འདི་ལ་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྲིད་དོན་མཉམ་ཞིབ་པ་དག་གིས་ཚོད་དཔག་དང་རེ་བ་སྣ་ཚོགས་ཞིག་བྱེད་བཞིན་ཡོད་པ་དཔེར་ན། ཕྱུག་བདག་ཚོས་ཚོང་གི་འབྲེལ་ལམ་དང་། དབུལ་བོ་ཚོས་དངུལ་གྱི་རོགས་སྐྱོར། གསར་འགོད་པས་སྨྲ་བརྗོད་རང་དབང་དང་གཉོམ་ཆུང་ཚོས་འགྲོ་བ་མིའི་ཐོབ་ཐང་སོགས་རང་ཉིད་ཀྱི་བདེ་སྡུག་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་བཞིན་ཡོད་ནའང་། ཕྱོགས་བསྐྱོད་འདི་ལ་ཉིན་གཉིས་ལས་མེད་པའི་ཁ་སང་རེ་གཟའ་པ་སངས་ཉིན་གྱི་དགོང་མོ་བྷི་བྷི་སུའི་གསར་འགོད་པ་ཁེམ་གྷ་ཐ་སི་ཡི་བཅར་འདྲི་ཞིག་གི་ལན་དུ་དྲུང་ཆེ་མཆོག་གིས། བདུན་ཕྲག་གཅིག་རིང་གི་ཕྱོགས་བསྐྱོད་འདིའི་ལས་དོན་གཙོ་བོ་ཁག་ནི་བྱང་ཀོ་རུ་ཡའི་རྡུལ་ཕྲན་མཚོན་ཆ་བཟོ་བསྐྲུན་དང་། འཛམ་གླིང་སྤྱིའི་དཔལ་འབྱོར་ཉམས་ཆགས། སའི་གོ་ལའི་ཚ་དྲོད་འཕར་བའི་གནད་དོན་གསུམ་ཡིན་ཟེར་ལ། ཨེ་ཤ་ཡར་འགྲོ་བའི་བརྡ་རྟགས་འདིས་ཨ་མེ་རི་ཀས་ནུབ་རྒྱ་མཚོ་ཆེན་པོའི་ཕ་རོལ་གྱི་སྟོབས་ཤུགས་ཞིག་ངོམ་པ་མ་ཡིན་པར། འདི་ནིཨ་རིའི་་ཕྱི་གསལ་ནང་གསལ་གྱི་སྟོབས་ཤུགས་དེ་མངོན་ཕྱིར་ཡིན། ཨ་མེ་རི་ཀའི་བདེ་འཇགས་ཀྱི་ཁེ་ཕན་དང་རྒྱལ་ཁབ་འདིའི་ཆེ་མཐོང་དང་རིན་ཐང་ལ་སྲུང་སྐྱོབ་བྱེད་ཕྱིར་ང་ཚོས་ཕན་ཚུན་མཉམ་འབྲེལ་གྱི་གོ་སྐབས་ཞིག་འཚོལ་བཞིན་ཡོད་ལ། ལ་ལས་རྒྱ་ནག་ནི་དགྲ་ཁ་གཏད་གཅོག་ས་ཞིག་ཏུ་མཐོང་གིན་ཡོད་ནའང་། ཨ་མེ་རི་ཀས་རྒྱ་ནག་དང་བཟོ་ལས་མཉམ་འབྲེལ་བྱེད་པར་དགའ་བསུ་ཞུ་བཞིན་ཡོད། སའི་གོ་ལའི་དྲོད་ཚད་འཕར་བ་དང་གློག་ཤུགས་མཁོ་འདོན་གྱི་གནད་དོན་འདི་ནི་པེ་ཅིན་གཞུང་དང་འབྲེལ་ལམ་ཡར་རྒྱས་སུ་གཏོང་བའི་གོ་སྐབས་ཞིག་ཡིན་ཅེས་ལན་བཏབས་འདུག སྤྱིར་མི་སུ་ཞིག་ཡིན་ཀྱང་རང་ཉིད་ཀྱི་ཁེ་ཕན་གཙོ་བོར་མི་འཛིན་མཁན་སུ་ཡོད་མོད། ཨ་རི་གཙོས་བའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དཔོན་པོ་ཚོ་རྒྱ་ནག་ལ་ཉོ་འཚོང་མཁོ་སྒྲུབ་བྱེད་དུ་འགྲོ་སྐབས་བོད་དོན་འདི་པེ་ཅིན་ལ་སྐད་བསྐུར་ཅིག་འཇོག་འཇོག་བྱེད་རྒྱུ་མི་འདུག སྐབས་རེར་ཕྱི་རྒྱལ་གྱི་ཚོང་པ་འདི་ཚོས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་འདི་རྒྱ་ནག་ནས་ཐོན་བསྐྱེད་བྱས་བའི་དངོས་ཟོག་གི་རིན་གོང་གཏམ་བྱེད་ལྟ་བུ་ཞིག་བྱེད་ཀྱིན་འདུག

    Reply
  7. kalsang says:
    ལོ་ 17 སྔོན།

    གོང་མཐུད༞༞༞ཨ་རིའི་རྒྱལ་སྤྱི་རིང་ལུགས་པས་གོ་ལ་གཅིག་གྱུར་ལ་ཞབས་འདེགས་མི་དམན་པ་འཇོག་པ་འདི་བོད་དོན་ལ་ཧ་ཅང་ཕན།

    Reply
  8. kalsang says:
    ལོ་ 17 སྔོན།

    ཆོས་ཉིད་དབང་གིས་སྟོབས་ཤུགས་ནི་ག་དུས་ཀྱང་དབང་འཛིན་པ་རེད། ཡིན་ཡང་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese