མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒྲུབ་ཆེན་དང་བརྟན་བཞུགས་བསྟར་འབུལ།

བོད་ཀྱི་དུས་བབ།
༢༠༠༩/༠༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དབལ་ཕུར་ཞི་ཁྲོ་སྨན་གསུམ་གྱི་སྒྲུབ་ཆེན་དང༌། ༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།

སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རང་རེ་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་  ༥༠ ཙམ་ཕྱིན་པའི་རིང་བོད་གངས་ཅན་པའི་རིས་སུ་མ་ཆད་པའི་ཆོས་སྡེ་ཁག་སོ་སོས་ཐོས་བསམ་འཆད་ཉན་གྱི་བཤད་སྲོལ་དང༌། སྒོམ་སྒྲུབ་ཉམས་ལེན་གྱི་སྒྲུབ་སྲོལ་རྣམས་མི་ཉམས་རྒྱུད་འཛིན་རྒྱ་ཆེར་གནང་བཞིན་ཡོད་པའི་ཁོངས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཕྱི་ཟླ་ ༡ ཚེས་ ༢༧ ནས་ཕྱི་ཟླ་ ༢ ཚེས་ ༡༠ བར་ཡི་དམ་དབལ་ཕུར་ཞི་ཁྲོ་སྨན་གསུམ་གྱི་སྒྲུབ་བ་ཆེན་མོའི་བསྙེན་སྒྲུབ་ལས་གསུམ་དང༌། སྦྱོར་དངོས་རྗེས་གསུམ་གྱི་ཕྱག་རྒྱུན་དང༌། ལམ་སྲོལ་མཐར་ཕྱིན་པ་གནང་སྟེ་དཔོན་གསས་བླ་མ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གིས་ཕྱི་རྒྱུད་རྣམ་དག་པདྨ་ཀློང་ཡངས་དང༌། ཡི་དམ་དབལ་ཕུར་འབྲུག་གསས་ཆེམས་པའི་དབང་བཞི། བདུད་རྩི་འོད་ཟེར་འབར་བའི་སྨན་དབང་དང༌། ཚེ་དབང༌། ལེགས་ཉེས་བླང་དོར་གྱི་བཀའ་སློབ་བཅས་བསྩལ་གནང་མཛད་ཡོད་པ་རེད། དེ་སྔོན་བོད་གངས་ཅན་ཞིང་དུ་བསྟན་པ་ཡར་དར་སྐབས་གཡུང་དྲུང་བོན་གྱི་གདན་ས་གོང་མ་བཀྲ་ཤིས་སྨན་རིའི་གླིང་དུ་ཡི་དམ་ཁྲོ་བོ་གཙོ་མཆོག་མཁའ་འགྱིང་གི་སྨན་སྒྲུབ་འོད་ཟེར་འཁྱིལ་བའི་སྒྲུབ་བ་ཆེན་མོ་ཚོགས་སྲོལ་དང༌། གདན་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་དུ་ཡི་དམ་དབལ་ཕུར་འབྲུག་གསས་ཆེམས་པའི་སྨན་སྒྲུབ་འོད་ཟེར་འབར་བའི་སྒྲུབ་བ་ཆེན་མོ་རེ་ཁྲི་འཛིན་མཁན་རབས་སོ་སོར་ཐེངས་རེ་ཚུགས་སྲོལ་ཡོད་པ་ལྟར་ཁྲི་འཛིན་སོ་གསུམ་པ་མཆོག་གིས་སྨན་སྒྲུབ་འོད་ཟེར་འཁྱིལ་བའི་སྒྲུབ་བ་དེ་ཉིད་ཕྱི་ལོ་ ༡༩༨༨ ལོར་བཙུགས་གནང་མཛད་ཡོད་པ་དང༌། སྨན་སྒྲུབ་འོད་ཟེར་འབར་བའི་སྒྲུབ་བ་འདི་ཉིད་ད་ལོ་སླར་གསོ་གནང་ཡོད་པ་རེད། ད་སྐབས་ཆེས་སྙིགས་ཀྱི་དུས་འདིར་འགྲོ་རྣམས་དུས་མིན་འབྱུང་འཁྲུག་སྣ་ཚོགས་ཀྱིས་མནར་བ་རྣམས་ལ་སྨན་ཕྱིར་དང༌། དད་ལྡན་སྐྱེ་འགྲོ་ཡོངས་ཀྱི་སྤྱི་མཐུན་གྱི་བསོད་ནམས་གོང་དུ་འཕེལ་ཞིང་སྔར་སྲོལ་བཟང་པོ་རྣམས་ཕྱི་རབས་བསྟན་པའི་མཛེས་རྒྱན་དུ་བསྐྲུན་ཕྱིར་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང༌། ༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་ཟུང་གིས་མཐོང་བ་རྒྱུད་པའི་ཕྱག་སྲོལ་ཇི་བཞིན་དམར་ཁྲིད་གནང་ནས་སྨན་རིའི་མཁན་རབས་རིམ་བྱོན་གྱི་སྒྲུབ་ཆེན་ཀུན་ལས་མཐུན་རྐྱེན་འཛོམས་ཤོས་དང་གྲ་འགྲིག་ཤོག་ཤིག་ཆགས་ཡོད་པ་རེད། སྨན་སྒྲུབ་འོད་ཟེར་འབར་བའི་སྨན་སྐོར་གཏང་རག་དང༌། བཀྲ་ཤིས་ཆེན་མོའི་སྐབས་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་མཐོང་བ་རྒྱུད་པའི་ཕྱག་ལེན་འདི་དག་དང༌། བོན་མདོ་སྔགས་སེམས་གསུམ་གྱི་དབང་ལུང་མན་ངག་དང་བཅས་པའི་རྒྱུད་རིམ་རྣམས་གཞོན་སྐྱེས་ཚོས་མ་འོངས་པར་བོད་གངས་ཅན་ཞིང་དུ་ཁྱབ་སྤེལ་ཐུབ་པ་དགོས་རྒྱུ་དང༌། ལྷག་ཏུ་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གིས་ཡང་ནས་ཡང་དུ་ནན་གསུང་གནང་དོན་ལྟར་བོད་གངས་ཅན་པའི་མི་རབས་གསར་པ་རྣམས་ཀྱིས་རིགས་གཅིག་རྐང་འཛིན་མཐར་ཕྱིན་པ་གནང་སྟེ་བོད་པ་ཡིན་པའི་གོ་ཆོད་པ་བྱ་དགོས་སྐོར། ང་ཚོ་སྐྱབས་བཅོལ་བ་རྣམས་སོ་སོའི་སྡོད་གནས་ནས་གོམ་པ་བཅུ་ཕྲག་ཁ་ཤས་ལས་སྤོ་མ་དགོས་པ་སྐད་ཡིག་དང་ཡུལ་གོམས་གཤིས་ལུགས་གང་ཡང་མི་མཐུན་ཞིང་ས་ཆ་སྦར་མཐིལ་ཙམ་ཡང་མེད་པའི་མི་ཡུལ་ཤིག་ཏུ་གནས་ཡོད་པ་འདི་ཉིད་ངོས་ཟིན་པའི་ཐོག་ཡུལ་མི་དང་མཐུན་ལམ་སྔར་ལྷག་དང་བཀའ་དྲིན་རྗེས་དྲན་གནང་དགོས་པ་སོགས་ཀྱི་བཀའ་སློབ་བསྩལ་གནང་མཛད།  སྐབས་དེ་དང་བསྟུན་ནས་བོན་སྒོ་རྩོམ་སྒྲིག་ཚོགས་པས་པར་བསྐྲུན་གནང་བའི་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བརྒྱད་ཅུའི་དགུང་སྟོན་ལ་ཕུལ་བའི་ཤིས་རྩོམ་བདམས་བསྒྲིགས་༼དཔོན་གསས་མཆོད་པའི་གཤེན་དབྱངས་༽ཞེས་པའི་དཔེ་དེབ་སྟོད་སྨད་བར་གསུམ་ཅན་ཞིག་དབུ་འབྱེད་གནང་བ་མ་ཟད། ༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ཞབས་པད་བསྐལ་བརྒྱར་བརྟན་ཅིང་གསང་གསུམ་མཛད་པའི་འཕྲིན་ལས་མི་འགྱུར་གཡུང་དྲུང་གི་ངོ་བོར་གནས་པའི་ཕྱིར། བོད་གཞིས་བྱེས་གཉིས་ཀྱི་གཡུང་དྲུང་བོན་གྱི་ལྷ་སྡེ་མི་སྡེ་ཡོངས་ནས་ཤེས་རབ་སྨྲ་བའི་སེང་གེའི་ཚེ་སྒྲུབ་གཡུང་དྲུང་ཚེ་དཔག་མེད་ཀྱི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་འབུལ་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༢༠ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 1

  1. ལྷ་་སྤྱན་གསུམ་པ says:
    ལོ་ 17 སྔོན།

    ང་རང་ནང་པ་ཞིག་ཡིན་ན་ཡང་གྲུབ་མཐའ་ཕྱོགས་འཐེན་གྱི་གྲིབ་མ་ནག་པོས་དུལ་ཙམ་ཡང་གོས་མེད། གྲུབ་མཐའ་ཕྱོགས་འཐེན་ནི་མི་རིགས་དང་ཆོས་ལུགས་ཀྱི་ཕམ་ཁ་ཆེན་པོ་ཞིག་ཡིན་པ་འདས་བའི་ལོ་རྒྱུས་ཀྱིས་གསལ་བོ་བཟོས་ཡོད། དེའི་དབང་གིས་ནམ་ཡང་ངས་དེའི་ཕྱོགས་ནས་ཞབས་འདྲེན་ཅུང་ཙམ་གྱང་མི་ཞུ་བའི་དམ་བཙའ་ཡོད། འདིར་བརྗོད་བྱ་གཙོ་བོ་ནི་བོན་གྲོགས་ཡོང་ལ་རྟེན་འབྲེལ་ཞུ་བ་ཡིན

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese