རྒྱ་ནག་གིས་ད་སྐབས་བོད་ནང་གི་ས་ཁུལ་གཙོ་བོ་བཞི་ལ་དམ་དྲག་བྱེད་ཀྱིན་ཡོད་ལ། དེ་དག་ནི་ལྷ་ས་དང་། བླ་བྲང་། རེབ་གོང་། ལི་ཐང་བཅས་རེད་ཟེར།
ནེའུ་ཡོག་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་གསར་དང་གསུམ་བཅུའི་དུས་དྲན་ཐེངས་ ༥༠ པ་དེ་ཐོན་ལ་ཉེ་བའི་ཁ་མཚམས་སུ་བོད་ཁུལ་ཡོངས་ལ་དམ་དྲག་བྱས་ཡོད་པ་དང་། ལྷག་པར་དུ་དམག་མི་འཕར་སྣོན་གྱིས་དམ་དྲག་ཤུགས་ཆེར་བྱེད་ས་ནི་བོད་ཀྱི་རྒྱལ་ས་ལྷ་ས་དང་། མདོ་སྨད་ཀྱི་བླ་བྲང་དང་རེབ་གོང་། ཁམས་ཀྱི་ལི་ཐང་བཅས་ས་ཁུལ་བཞི་ཡིན་པར་བཤད་ཡོད་པ་རེད།
ཚེ་རིང་སྐྱིད་ཀྱིས་ཟེར་བ་འདི་རང་རེད།
China Adds to Security Forces in Tibet Amid Calls for a Boycott – NYTimes.com འདི་པར་བཤུས་བརྒྱབ་ནས་གཟིགས་རོགས། དགོངས་དག་གོང་གི་དྲ་བྱང་དེ་ཡོང་གི་མི་འདུག
ཀློག་མཁན་ལགས། འདི་ནི་ནེའུ་ཡོག་དུས་བབ་ཀྱིས་སྤེལ་བའི་བོད་ཀྱི་གནས་ཚུལ་རེད། ང་རང་གིས་བསམ་ན་གོང་གི་གསར་འགྱུར་ཐུང་ཐུང་དེའི་ནང་ནས་བསྟན་དོན་གསར་འགྱུར་ནི་ནེའུ་ཡོག་དུས་བབ་ཀྱིས་འདི་ལྟར་བཤད་འདུག་ཟེར་བ་འདི་ཡིན་ཕར་སྣང་།
སྤྱིར་བོད་ས་ཡོངས་རྫོགས་ཀྱི་གནས་སྟངས་ཛ་དྲག་རེད། བོད་མི་ཚང་མས་ཕལ་ཆེར་ཧ་གོ་རྒྱུ་རེད།
ཨ་མདོ་རྔ་ལ་ལྷག་པ་རེད་དམ་ཡང་ན་ཁྱེད་ཅག་གི་མ་གོ་བ་ཡིན